This page has been proofread.
ངེས་ལུས་ལ་རྩ་དག་དང་། །དེ་ཡི་ཆས་ཕྱེད་དབུས་མའི་དབུས། །མཚན་དང་དཔེ་བྱད་ཏིང་འཛིན་དང་། །གོ་རིམས་སོམོ་སོའི་རྣམ་འགྲེལ་ལོ། །བཤད་ཐབས་མཐའ་དྲུག་མཚན་ཉིད་དེ། །དེ་ཡང་དྲང་དོན་ངེས་དོན་ནོ། །དོན་བསྡུས་རྒྱུད་གསུམ་དག་ཏུ་ནི། །སྤྱི་རུ་བསྡུས་དང་སོ་ སོའི་དང་། །དངོས་དང་ཕལ་པའི་ཡུལ་དུ་སྟེ། །ཡན་ལག་དེ་དང་དེར་ཤེས་བྱ། །དམ་པའི་དྲིན་གྱིས་ངེས་གསལ་བའི། །དམ་པའི་ལམ་འདིས་སེམས་ཅན་ལ། །མི་ཡི་སྐྱེ་བ་འདི་ཉིད་ཀྱིས། །བྱང་ཆུབ་མྱུར་ཐོབ་ངེས་པར་ཤོག །དཔལ་དུས་ཀྱི་འཁོར་ལོའི་སྡོམ་ཚིག་པཎྜི་ཏ་ཆེན་པོ་ཨ་བྷྱཱ་ ཀ་རས་མཛད་པ་རྫོགས་སོ།། །།པཎྜི་ཏ་ཇོ་བོ་རི་པ་དང་། སྒྲ་སྒྱུར་གྱི་ལོ་ཙཱ་བ་ཁེའུ་བགད་འཁོར་ལོ་གྲགས་ཀྱིས་བསྒྱུར་བའོ།།