Jump to content

སྙན་བརྒྱུད་ཁྲིད་ཆེན་བཅུ་གསུམ་གྱི་སྐོར། པོད་དགུ་བ།

From Wikisource

[ 1 ]

ཏ༽ ༄༅༔ ༔རྫོགས་པ་ཆེན་པོ་ཡང་ཏིག་ནག་པོ་གསེར་གྱི་འབྲུ་གཅིག་པའི་ལོ་རྒྱུས་བཞུགས་སོ༔ ༔
[ 2 ]
༄༅༔ ༔རྒྱ་གར་སྐད་དུ༔ སརྦ་དྷརྨ༔ བོད་སྐད་དུ༔ ཆོས་ཉིད་དགོངས་པ་རང་གྲོལ་གྱི་ཐོག་མར་སྔོན་འགྲོ་སྟོན་པར་བྱེད་

ལ༔ རྒྱུད་ལས༔ གསང་ཆེན་ངེས་པའི་བཀའ་འདི་ལ༔ ལོ་རྒྱུས་དོན་གྱིས་མ་བཤད་ན༔ ཡིད་མི་ཆེས་པའི་སྐྱོན་དུ་འགྱུར༔ ཅེས་ གསུངས་པས༔ ཐོག་མར་བླ་མ་བརྒྱུད་པའི་ལོ་རྒྱུས་ནི༔ དུར་ཁྲོད་ཆེན་པོ་བསིལ་བའི་ཚལ་དུ་ཨུ་རྒྱན་བདག་བསམ་གཏན་ལ་གནས་ཙ་ན༔

ནམ་སྲོད་ལ་བབ་པའི་དུས་སུ་དཔལ་ཀུན་ཏུ་བཟང་པོ་བྱོན་ནས༔ ཨུ་རྒྱན་བདག་ལ་འདི་སྐད་ཅེས་གསུངས་སོ༔ རིགས་ཀྱི་བུ་ཆོས་ཉིད་
[ 3 ]
༄༅༔ ༔ཟབ་མོའི་དོན་ལ་གནས་པར་འདོད་ན་འདི་ལ་ལྟོས་ཤིག་གསུངས་ནས་གསེར་གྱི་གའུ་སེན་གང་ཙམ་ཅིག་རང་བབས་

སུ་གཏད་པས༔ དེ་ཕྱེས་པས་ཆོས་ཉིད་རང་གྲོལ་གྱི་སྐོར་མ་ལུས་པ་སྣང་ངོ་༔ ནམ་གུང་ལ་བབ་པའི་དུས་སུ་དཔལ་རྡོ་རྗེ་འཆང་ཆེན་ དངོས་སུ་བྱོན་ནས༔ རིགས་ཀྱི་བུ་བསམ་གཏན་ལ་གནས་པར་འདོད་ན་འདི་ལ་ལྟོས་ཤིག་གསུངས་ནས་ཤེལ་གྱི་གའུ་མཛུབ་གང་བ་ཅིག་

རང་བབས་སུ་བྱུང་བས་དེ་ཕྱེས་པས་དགོངས་པ་རང་གྲོལ་གྱི་སྐོར་མ་ལུས་པ་སྣང་ངོ་༔ ཡང་གསོལ་བ་བཏབ་པས། ནམ་ཐོ་རང་ལ་
[ 4 ]
བབ་པའི་ཚེ་དཔལ་རྡོ་རྗེ་སེམས་དཔའ་བྱོན་ཏེ༔ དངུལ་གྱི་གའུ་འོད་ཁ་དོག་དཀྲིས་པ་གཅིག་བྱུང་ནས་རིགས་ཀྱི་བུ་ཆོས་ཉིད་གཞི་ལ་གནས་པར་འདོད་ན་འདི་ལ་

ལྟོས་ཤིག་གསུངས་ནས༔ དེ་ཕྱེས་པས་ཞི་ཁྲོ་ཡོངས་རྫོགས་ཀྱི་སྐོར་མ་ལུས་པར་སྣང་ངོ་༔ ཡང་གསོལ་བ་བཏབ་པས༔ ནམ་ལངས་ཁར་དཔལ་ཀུན་ཏུ་བཟང་ པོ་རྒྱལ་བ་རིགས་ལྔས་བསྐོར་བ་མངོན་སུམ་དུ་བྱོན་ནས་ཆོས་ཉིད་རང་གྲོལ་ལ་གནས་པར་འདོད་ན་འདི་ལ་ལྟོས་ཤིག་གསུངས་ནས་རིན་པོ་ཆེ་སྣ་ཚོགས་ལས་གྲུབ་པའི་ གའུ་རང་བབས་སུ་གཏད་དོ༔ དེ་ཕྱེས་པས་དོན་རང་གསལ་གྱི་སྐོར་མ་ལུས་པ་སྣང་ངོ་༔ དེ་ལྟར་དུ་ད་ལྟ་སྟོན་པའི་ཆོས་འདི་རྣམས་རྩ་བའི་གནད་ཚིག་ཆེན་པོ་ཡིན་ པས་ཁྱད་པར་འཕགས༔ ཀུན་ཏུ་བཟང་པོའི་ཐུགས་ཀྱི་བཅུད་ཕྱུང་པ་ཡིན༔ རྡོ་རྗེ་སེམས་དཔའི་གསང་མཛོད་ཕུག༔ དགའ་རབ་རྡོ་རྗེའི་ཐུགས་ཀྱི་ནོར་བུ༔ ཨུ་

རྒྱན་པདྨ་འབྱུང་གནས་ཀྱི་ཐུགས་ཀྱི་བཅུད་ཕྱུང་པ༔ ཡེ་ཤེས་ཀྱི་མཁའ་འགྲོ་མ་རྣམས་ཀྱི་སྙིང་ཁྲག༔ ལོཙྪ་བ་རྣམས་ཀྱི་སྒྲ་སྐད་ཀྱི་རྣམ་དབྱེ་བྱས་པ་མིན་པ༔ ༔
[ 5 ]
༄༅། ༔ཆོས་འདི་རྒྱ་གར་བས་ཐོབ་ན་རྒྱ་གར་བ་འཚེངས༔ རྒྱ་ནག་པས་ཐོབ་ན་རྒྱ་ནག་པ་འཚེངས༔ བོད་ཀྱིས་ཐོབ་ན་བོད་འཚེངས༔ ཆོས་འདི་ལས་

ངན་ངག་པའི་ཁྲུས་ཆུ༔ སྡིག་སྒྲིབ་བཞར་བའི་སྤུ་གྲི༔ ཐར་ལམ་ཁྲིད་པའི་ལམ་མཁན༔ བར་དོ་བསྒྲོད་པའི་སྐྱེལ་མ༔ ཞིང་ཁམས་ལྟ་བའི་མེ་ལོང་༔ སུས་ཐོབ་ འཚེངས་པའི་ནོར་བུ་ཡིན་པས་ཆོས་འདི་ལ་ཁྱད་པར་དུ་འཕགས་པ་བཅུའོ༔ ཆོས་གཞན་ལ་སངས་རྒྱས་ཀྱི་ཞིང་ཁམས་ལ་སྨོན་ལམ་བཏབ་དགོས་པ་ཡིན༔ འདི་ལ་ད་ ལྟ་མངོན་སུམ་དུ་མཇལ་བས་ཁྱད་པར་འཕགས༔ ཆོས་གཞན་ལ་དབང་བསྐུར་ནས་ལྷ་ཡིད་སྨོན་བྱེད་པ་ཡིན༔ འདི་ལ་ཡི་དམ་གྱི་ལྷས་མངོན་སུམ་དུ་དབང་བསྐུར་ བས་ཁྱད་པར་དུ་འཕགས༔ ཆོས་གཞན་གོམས་འདྲིས་ལ་རེ་དགོས་པ་ཡིན༔ འདི་ལ་ལྟ་བ་མངོན་སུམ་དུ་འགྱུར་བས་ཁྱད་པར་དུ་འཕགས༔ ལྷ་གཞན་ཡིད་སྨོན་

བྱེད་པ་ཡིན༔ འདིར་སངས་རྒྱས་མངོན་སུམ་དུ་འབྱོན་པས་ཁྱད་པར་དུ་འཕགས༔ གཞན་རང་ལུས་རྒྱལ་བའི་དཀྱིལ་འཁོར་ཡིན་ཟེར་སྨོན༔ འདིར་རང་ལུས་
[ 6 ]
ལྷའི་དཀྱིལ་འཁོར་དུ་མངོན་སུམ་དུ་གསལ་བས་ཁྱད་པར་དུ་འཕགས༔ གཞན་ལྷ་བསྒོམས་པ་ཡིན༔ འདི་ལ་མངོན་སུམ་དུ་བྱོན་པས་ཁྱད་པར་དུ་འཕགས༔

གཞན་དུག་ལྔ་ཡེ་ཤེས་ལྔ་ཟེར་ནས་ངོ་མི་ཤེས༔ འདིར་ཡེ་ཤེས་ལྔ་མངོན་སུམ་དུ་མཐོང་བས་ཁྱད་པར་དུ་འཕགས༔ གཞན་བར་དོ་ཡོད་ཟེར་ནས་བསྡིག་པར་བྱེད༔ འདིར་བར་དོ་ད་ལྟ་མཐོང་བས་ཁྱད་པར་དུ་འཕགས༔ གཞན་ལོ་ཟླར་བསྒོམས་དགོས༔ འདིར་ཞག་བདུན་ལ་ངོ་འཕྲོད་པས་ཁྱད་པར་དུ་འཕགས༔ གཞན་ལ་ ལ་ཉིན་མཚན་གྱི་སྣང་བ་ཡོད༔ འདིར་འོད་གསལ་གྱི་ཞིང་ཁམས་ཉིན་མཚན་མེད་པར་མཐོང་བས་ཁྱད་པར་དུ་འཕགས༔ གཞན་ལ་ཤ་ཁྲག་གི་ལུས་སུ་རིག༔ འདིར་འོད་ལུས་སུ་མཐོང་བས་ཁྱད་པར་དུ་འཕགས༔ ཡོན་ཏན་བསམ་གྱིས་མི་ཁྱབ་པོ་༔ ཆོས་འདི་ཕས་ཐོབ་ན་བུ་ལ་སྙིང་གཏམ་བཤད་པར་རིགས་སོ༔ བུ་

ཡིས་ཐོས་ན་མ་ལ་སྙིང་གཏམ་བཤད་པར་རིགས་སོ༔ མ་ཡིས་ཐོབ་ན་སེམས་ཅན་ཐམས་ཅད་ལ་སྙིང་གཏམ་བཤད་པར་རིགས་སོ༔ ཆོས་འདི་སྐལ་ལྡན་ལས་
[ 7 ]
༄༅༔ ༔འཕྲོ་ཅན་གྱི་འཆང་རྒྱུ་ཡིན༔ སྐལ་མེད་ཚེ་ལོག་ལྟ་ཕྱི་ཐལ་གྱི་དབང་དུ་ཐལ་ལོ༔ མི་ལུས་སྟོང་ལོག་བྱེད་པ་རྣམས༔ རང་གིས་རང་ལ་

བསམ་མནོ་ཐོང་༔ གུ་རུ་རིན་པོ་ཆེས་ཆོས་འདི་ལ་རྣམ་པ་གསུམ་དུ་ཕྱེས་ཏེ༔ ཐེག་པའི་མཐར་ཐུག་ཟབ་དྲགས་པས་སུ་ལའང་མ་བསྟན་ནོ༔ བསྐལ་པ་ དུས་ཀྱི་སྙིགས་མ་ལ༔ ཚེ་ལ་ལོང་མེད་ལེ་ལོ་དང་བཏང་སྙོམས་ལ་ལུས་པའི་སེམས་ཅན་ལ་དགོངས་པའོ༔ ༔བོད་དུ་ལོ་གསུམ་གསང་ནས་མངའ་བདག་ཡབ་སྲས་ལ་ གནང་བའོ༔ ༔གཉིས་པ་སངས་རྒྱས་བླ་མའི་རིམ་པ་ནི༔ ཉེ་རྒྱུད་ནི༔ ཆོས་སྐུ་ཀུན་ཏུ་བཟང་པོ༔ རྡོ་རྗེ་འཆང་༔ རྡོ་རྗེ་སེམས་དཔའ༔ ཨུ་རྒྱན་པདྨ་༔ ཡེ་ཤེས་མཚོ་རྒྱལ༔ འགྲོ་མགོན་དུང་མཚོ་རས་པ༔ སངས་རྒྱས་དྲང་སྲོང་༔ བདེ་ཆེན་རས་པ༔ རྣམ་གྲོལ་བཟང་པོ༔ རྒྱ་ལ་རས་པ༔ རྒྱལ་མཚན་འོད་

ཟེར༔ སངས་རྒྱས་བརྩོན་འགྲུས༔ རྒྱལ་མཚན་ཡེ་ཤེས༔ སངས་རྒྱས་རྒྱལ་མཚན༔ དགེ་འདུན་རིན་ཆེན༔ དགེ་འདུན་རྒྱལ་མཚན༔ རིན་ཆེན་རྡོ་རྗེ༔
[ 8 ]
འགྲོ་མགོན་ངག་དབང་གྲགས་པ༔ བློ་གྲོས་བཟང་པོ༔ གར་དབང་པདྨ་རྒྱལ་མཚན༔ དྷརྨ་མངྒ༔ ༔རིང་རྒྱུད་ནི༔ ཀུན་ཏུ་བཟང་པོ༔ རྡོ་རྗེ་

འཆང་༔ རྡོ་རྗེ་སེམས་དཔའ༔ དགའ་རབ་རྡོ་རྗེ༔ འཇམ་དཔལ་བཤེས་གཉེན༔ ཤྲཱི་སིདྷ༔ ཨུ་རྒྱན་ཡབ་ཡུམ༔ བྷི་མ་ལ་མི་ཏྲ༔ བཻ་རོ་ཙ་ན༔ མེ་ ལོང་རྡོ་རྗེ༔ ཧ་རི་རྡོ་རྗེ༔ སངས་རྒྱས་རྡོ་རྗེ༔ སྐལ་བཟང་རྡོ་རྗེ༔ རྒྱལ་མཚན་རྒྱལ་པོ༔ སངས་རྒྱས་བརྩོན་འགྲུས༔ རྒྱལ་མཚན་ཡེ་ཤེས༔ དགེ་འདུན་ རིན་ཆེན༔ དགེ་འདུན་རྒྱལ་མཚན༔ རིན་ཆེན་རྡོ་རྗེ༔ འགྲོ་མགོན་ངག་དབང་གྲགས་པ༔ ལྷ་རྗེ་བློ་གྲོས་བཟང་པོ༔ གར་དབང་པདྨ་རྒྱལ་མཚན༔ དྷརྨ་ མངྒ༔ ༔གསུམ་པ་བསྟན་པ་ཆོས་ཀྱི་དཀར་ཆག་ནི༔ རྫོགས་པ་ཆེན་པོ་ཡང་ཏིག་ནག་པོའི་འགྱུར་ལ་བཅོ་ལྔ་སྟེ༔ ཡང་ཏིག་ནག་པོ་

གསེར་གྱི་འབྲུ་གཅིག་དང་༔ འཇམ་དཔལ་ཡང་ཏིག་གི་རྒྱུད་དང་༔ ལྟ་བ་ཟང་ཐལ་ཆེན་པོའི་རྒྱུད་དང་༔ དགོངས་པ་སྲོག་གི་སྤུ་གྲི་དང་༔ སྲོག་གི་འཁོར་
[ 9 ]
༄༅༔ ༔ལོའི་རྒྱུད་དང་༔ སྣང་བྱེད་སུ་ཏྲའི་རྒྱུད་དང་༔ ཀུན་ཏུ་བཟང་པོ་སྲོག་གི་ཐིག་པ་དང་༔ འབྲས་བུ་ཡེ་གྲོལ་ཆེན་པོའི་རྒྱུད་དང་༔ སྲོག་གི་

མཁྱེན་པ་ཐུགས་ཀྱི་སྲོག་དང་༔ རིག་པ་སྲོག་གི་འཁོར་ལོའི་རྒྱུད་དང་༔ རིག་པ་རང་བྱུང་གདལ་བ་སྲོག་གི་མཁྱེན་པ་དང་༔ ཀུན་ཏུ་བཟང་པོ་སྲོག་ལེན་དང་༔ རྡོ་རྗེ་ སེམས་དཔའ་སྲོག་གི་ཡོངས་སྙིང་དང་༔ ཡེ་ཤེས་འཁོར་ལོའི་རྒྱུད་དང་༔ ཐིག་ལེ་ཉག་ཅིག་གི་དགོངས་པའོ༔ དེ་རྣམས་ཡང་ཏིག་ནག་པོའི་འགྱུར་ལུགས་སོ༔ ༔ རྫོགས་པ་ཆེན་པོ་སྤྱི་ཏིའི་འགྱུར་ནི༔ འཇམ་དཔལ་ནམ་མཁའ་དང་མཉམ་པའི་རྒྱུད༔ ནམ་མཁའ་ཆེན་པོའི་རྒྱུད་དང་༔ སྤྱི་རྒྱུད་ཆེན་པོ་ལ་སོགས་ཏེ་རྒྱུད་སྡེ་མང་

པོ་བོད་དུ་འགྱུར་རོ༔ ས་མ་ཡཱ༔ རྒྱ་རྒྱ་རྒྱ༔ ༔
[ 10 ]
 
[ 11 ]
༄༅། །རྫོགས་པ་ཆེན་པོ་ཡང་ཏི་ནག་པོ་གསེར་གྱི་འབྲུ་གཅིག་པའི་སྔོན་འགྲོ་ཁྲིད་རིམ་གྱི་ངག་འདོན་ཉུང་ངུ་གུད་དུ་ཕྱུང་བ་བཞུགས་སོ།།
[ 12 ]
༄༅། །{དྲིན་ཆེན་བླ་མའི་ཞབས་ལ་ཕྱག་འཚལ་ནས། འདིར་གང་ཞིག་འཁོར་བ་ལས་ཡིད་དབྱུང་ཞིང་བླ་མེད་བྱང་ཆུབ་བསྒྲུབ་པར་

འདོད་པའི་གང་ཟག་ལམ་འདིར་ཞུགས་པ་རྣམས། སྔོན་འགྲོའི་ཆོས་སྤྱོད་ངག་འདོན་འདི་རྣམས་དོན་ཡིད་ལ་བསམ་ཞིང་ཚིགས་ཁ་ཏོན་དུ་ཐུན་བཞིའི་རྣལ་ འབྱོར་ལ་འཇུག་པར་བྱའོ། །དེ་ཡང་དང་པོ་བློ་ཆོས་སུ་གཞོལ་བ་བློ་ལྡོག་རྣམས་བཞིའི་ཁྲིད་ཀྱི་ངག་འདོན་ལ་བཞི་སྟེ། ཐོགས་མར་དལ་འབྱོར་རྙེད་དཀའ་

ཡི་ངག་འདོན་ནི།} ཀྱཻ་མ་ད་ལྟ་མི་ཉིད་ཐོབ་དུས་འདིར། །ད་རེས་སྙིང་ནས་ལྷ་ཆོས་མ་བསྒྲུབ་ན། །དེ་ནས་བདེ་
[ 13 ]
༄༅། །འགྲོའི་སྒྲ་ཡང་མི་ཐོས་པས། །དེ་བས་མྱུར་དུ་དགེ་ལ་བཙོན་པར་བྱ། །{གཉིས་པ་མི་རྟགས་བསྒོམས་པའི་ངག་འདོན་

ནི༑} ཚེ་ལ་ལོང་མེད་ནམ་འཆི་ཆ་མེད་ཕྱིར། །ཚེ་འདིའི་བྱ་བ་རྒྱབ་ཏུ་མ་བསྐྱུར་ན། །ཚེ་ཟད་དུས་སུ་ཅིས་ཀྱང་ཕན་མེད་པས། །ཚེ་ གཅིག་ལུས་ཅིག་བསྒྲུབ་ལ་བཙོན་པར་བྱ། །{གསུམ་པ་འཁོར་བའི་ཉེས་དམིགས་བསྒོམས་པའི་ངག་འདོན་ནི།} དུག་གསུམ་ཉོན་མོང་འཁྲུལ་

པའི་ལས་དབང་གིས། །ཁམས་གསུམ་འཁོར་བའི་གནས་སུ་འཁྱམས་ཙ་ན། །སྲིད་གསུམ་སྡུག་བསྔལ་མི་བཟད་བཟོད་
[ 14 ]
དཀའ་བས། །སྒོ་གསུམ་བཙོན་པས་ཐར་པ་བསྒྲུབ་པར་བྱ། །{བཞི་པ་ལས་འབྲས་ཤན་འབྱེད་ངག་འདོན་ནི།} ལས་ཀྱི་རྒྱུ་འབྲས་བསླུ་བ་མེད་པའི་ཕྱིར། །ལས་དཀར་དགེ་སྤྱད་མཐོ་རིས་བདེ་

བ་ཐོབ། །ལས་ངན་བསགས་པས་ངན་འགྲོའི་གནས་སུ་ལྟུང་། །ལས་འབྲས་སྤང་བླང་ཤན་འབྱེད་དུས་ལ་བབས། །འཁོར་བར་འཁོར་བའི་ལས་ལ་སྙིང་པོ་མེད། །ངེས་འབྱུང་ ངེས་ཤེས་བསྐྱེད་པའི་དུས་ལ་བབས། །ཀྱེ་མ་ཀྱེ་ཧུད་རྒྱལ་བ་ཐུགས་རྗེ་ཅན། །བདག་སོགས་བདག་གཞན་ཐུགས་རྗེས་སྐྱབས་སྐྱབས་དུ་གསོལ། །{དེ་ནས་ཆོས་ལམ་དུ་འགྲོ་བར་བྱེད་པའི་ངག་འདོན་ལ་ ལྔ་སྟེ། དང་པོ་བསླུ་མེད་སྐྱབས་འགྲོའི་ངག་འདོན་ལ་གཉིས་ཏེ། དང་པོ་སྐྱབས་ཡུལ་གསལ་གདབ་པ་འདི་ཉིད་དོ། །}མདུན་གྱི་ནམ་མཁར་པདྨ་ཉི་ཟླའི་སྟེང་། །བདེ་གཤེགས་ཀུན་འདུས་རྡོ་རྗེ་འཆང་ཆེན་ལ། ། ཕྱོགས་བཅུའི་སངས་རྒྱས་ཆོས་ཚོགས་དགེ་འདུན་སོགས། །སྐྱབས་གནས་རྩ་གསུམ་ཚོགས་ཀྱི་བསྐོར་བར་གསལ། །{ཀྱེ་གཉིས་པ་ངག་འདོན་འདི་ལྟར་གང་སྐབས་སུ།} ཀྱེ་ཧོ་ ཐོགས་

མེད་དུས་ནས་ཐ་མ་ད་ལྟའི་བར། །མཐའ་མེད་འགྲོ་བ་དྲིན་ཆེན་ཕ་མ་སྟེ། །བླ་མེད་བྱང་ཆུབ་སྙིང་པོར་མཆིས་ཀྱི་བར། །བསླུ་མེད་དཀོན་མཆོག་རྣམས་ལ་སྐྱབས་སུ་མཆི། །
[ 15 ]
༄༅། །{ཅི་མང་གང་སྐབས་བརྗོད་ལ་རྗེས་སུ་སྐྱབས་ཡུལ་རང་ལ་བསྟིམས། བུམ་ཅན་རླུང་བཟུང་ལ་རྗེས་སུ་མཉམས་པར་བཞག །གཉིས་པ་སེམས་བསྐྱེད་ངག་འདོན་ལ་འོང་གཉིས་ཏེ། ཐོག་མར་ཚོགས་

བསགས་ཡན་ལག་བཅུ་པ་ནི།} ཧྲི་ རྩ་གསུམ་སྐྱབས་གནས་སྤྱན་འདྲེན་གནས་འདིར་བཞུགས། །སྒོ་གསུམ་གུས་པས་ཕྱག་འཚལ་མཆོད་པ་འབུལ། །སྒྲིབ་གསུམ་ཉེས་བྱས་མ་ ལུས་མཐོལ་ཞིང་བཤགས། །དུས་གསུམ་དགེ་ལ་བརྩོན་པ་རྗེས་ཡི་རང་། །ཐེགས་གསུམ་ཆོས་ཀྱི་འཁོར་ལོ་བསྐོར་བར་བསྐུལ། །སྐུ་གསུམ་སྟོན་པ་མྱ་ངན་མི་འདའ་བཞུགས། ། འཁོར་གསུམ་ཡང་དག་རབ་དཀར་དགེ་ལ་བསྔོ། །ཁམས་གསུམ་འགྲོ་ཀུན་སངས་རྒྱས་ཐོབ་པར་ཤོག །{གཉིས་པ་སེམས་བསྐྱེད་དངོས་ཀྱིས་ངག་འདོན་ནི།} བདག་ཉིད་དུས་འདི་ནས་ནི་ བཟུང་ནས་སུ། །བདག་གཅིག་མ་ཡིན་འགྲོ་ཀུན་དོན་གྱི་ཕྱིར། །བདག་གཞན་རྗེ་ཕོད་སྙིང་རྗེ་བྱང་ཆུབ་སེམས། །བདག་གིས་སྒོ་གསུམ་དངས་བས་བསྐྱེད་པར་བགྱི། །

{ཚིགས་དོན་མཐུན་པར་བསྒོམས་ལ་སྤྲོས་མེད་བཞག །གསུམ་པ་ཚོགས་བསགས་མཎྜལ་ངག་འདོན་ནི།} ཧཱུྃ་ ཕྱི་རོལ་རི་རབ་གླིང་བཞི་གླིང་ཕྲན་བརྒྱད། །གསེར་རི་རོལ་མཚོ་ཉི་ཟླ་འདོད་ཡོན་ཚོགས། །
[ 16 ]
བདག་ལུས་ཕུང་ཁམས་སྐྱེ་མཆེད་དབང་པོ་ལྔ། །རང་སེམས་གདོད་ནས་རྣམ་དག་གཉུག་མ་འདི། །སྐུ་གསུམ་ཞིང་དུ་དད་པས་འབུལ་བར་བགྱིས། །འགྲོ་ཀུན་ཚོགས་རྫོགས་དོན་གཉིས་ལྷུན་གྲུབ་ཤོག །

{དངོས་འབྱོར་ཡིད་སྤྲུལ་འབུལ། རྗེས་རང་བབ་བཞགས། བཞི་པ་སྒྲིབ་སྦྱང་ངག་འདོན་དམིགས་པ་ནི།} རང་གི་སྤྱི་བོར་པདྨ་ཉི་ཟླའི་སྟེང་། །ཧཱུྃ་ལས་འོད་འཕྲོས་བསྐུལ་དོན་གཉིས་བྱས་པས། །རྡོར་སེམས་དཀར་གསལ་ ཞལ་གཅིག་ཕྱག་གཉིས་པ། །གཡས་པས་རྡོ་རྗེ་གཡོན་པས་དྲིལ་བུ་འཛིན། །ཞབས་གཉིས་ཕྱེད་དཀྱིལ་ལོངས་སྐུའི་རྒྱན་རྣམས་རྫོགས། །ཐུགས་ཀར་ཟླ་སྟེང་ཧཱུྃ་ལས་ཡིག་བརྒྱས་བསྐོར། ། སྔགས་ཕྲེང་དང་བཅས་གནས་གསུམ་ཡི་གེ་ལས། །འོད་འཕྲོས་རང་བཞིན་གནས་ནས་ཡེ་ཤེས་བསྟིམས། །ཨོཾ་བཛྲ་ས་ཏྭ་ས་མ་ཡཱ༔ {ཅེས་ཡི་གེ་བརྒྱ་པ་གང་སྐབས་བཟླས། རྗེས་སུ་དངོས་འབྱོར་ཡིད་སྤྲུལ་མཆོད་ འབུལ་འདི་ལྟར་བསྟོད།} ཧཱུྃ་དུས་གསུམ་སངས་རྒྱས་མ་ལུས་ཐམས་ཅད་ཀྱི། །ཐུགས་ཀྱིས་རྣམ་འཕྲུལ་བཅོམ་ལྡན་རྡོ་རྗེ་སེམས། །སྡིག་སྒྲིབ་སྦྱང་མཛད་ཐུགས་རྗེའི་ཆུ་རྒྱུན་ཅན། །འགྲོ་ཀུན་སྡིག་

བསྔལ་སེལ་མཛད་ཁྱེད་ཕྱག་འཚལ། །རྡོར་སེམས་སྐུ་དང་ཡིག་འབྲུའི་ཚོགས་རྣམས་ལ། །འོད་ཟེར་བདུད་རྩིའི་ཆུ་རྒྱུན་ཞབས་གཡས་ཀྱིས། །ཐེ་བོང་ནས་ནི་རང་གི་
[ 17 ]
༄༅། །སྤྱི་བོར་བབས། །སྒོ་གསུམ་སྒྲིབ་དག་ཤེལ་སྒོང་ལྟ་བུར་གྱུར། །སླར་ཡང་རྡོར་སེམས་འོད་ཞུ་རང་ལ་ཐིམ། །བདལ་ཁྱབ་ཀ་དག་ལྷུན་འབྱམས་ངང་དུ་

བཞག །{ལྔ་པ་བླ་མའི་རྣལ་འབྱོར་ངག་འདོན་ནི། འདི་ལའང་གཉིས་ཏེ། དང་པོ་བསྒོམས་པ་ནི།} རང་ཉིད་རྡོ་རྗེ་སེམས་དཔའ་གསལ་བ་ཡི། །མདུན་གྱི་ནམ་མཁར་ཉི་ཟླ་པདྨའི་སྟེང་། །འཇའ་ འོད་སྣ་ལྔའི་གུར་ཁང་འཁྲིགས་པའི་ཀློང་། །རྒྱལ་བ་ཀུན་འདུས་གུ་རུ་པདྨ་འབྱུང་། །དེའི་སྤྱི་བོར་རིགས་བདག་རྡོ་རྗེ་སེམས། །དེའི་སྤྱི་བོར་དྲུག་པ་རྡོ་རྗེ་འཆང་། །དེ་ཡི་སྤྱི་ བོར་ཆོས་སྐུ་ཀུན་ཏུ་བཟང་། །དེ་དག་པད་ཟླའི་གདན་ལ་བཞུགས་པར་གསལ། །འཁོར་དུ་མདུན་ནས་གཡས་བསྐོར་ཚུལ་གྱིས་ནི། །ཡེ་ཤེས་མཚོ་རྒྱལ་རྩ་བའི་བླ་མའི་ བར༑ །བརྒྱུད་པའི་བླ་མས་བསྐོར་ནས་བཞུགས་པར་གསལ། །{གཉིས་པ་གསོལ་འདེབས་ལ་གཉིས་ཏེ། རྒྱས་པར་གཞན་དུ་གསལ་ཞིང་། བསྡུས་པ་དོན་རྒྱུད་བརྒྱུད་གསོལ་འདེབས་ནི་འདིའོ། །}ཨོཾ་ཨཱ་ཧཱུྃ། མ་བཅོས་

ཁྱབ་བདལ་བརྡལ་ཁྱབ་ཀུན་དུ་བཟང་། །མ་འགགས་རང་སྣང་སྣང་སྟོང་རྡོ་རྗེ་འཆང་། །མ་རིག་གཉིས་འཛིན་འཛིན་བྲལ་རྡོ་རྗེ་སེམས། །མ་སྤང་རང་གྲོལ་གྲོལ་བར་གསོལ་བ་
[ 18 ]
འདེབས༑ །རང་སྣང་རང་རིགས་པདྨ་འབྱུང་གནས་དང་། །རང་ཤར་རང་གྲོལ་ཡུམ་ཆེན་མཚོ་རྒྱལ་མ། །རང་བྱུང་རང་གསལ་འགྲོ་མགོན་དུང་མཚོ་རས། །རང་བབས་རང་རྩལ་

ངང་ནས་གསོལ་བ་༝ ཡེ་ནས་སྟོང་ཉིད་སྤྲོས་བྲལ་སངས་རྒྱས་མཚན། །ཡེ་ཤེས་རང་སྣང་ལྷུན་རྫོགས་བདེ་ཆེན་རས། །ཡེ་སྟོང་བཟུང་འཛིན་རང་ཞིག་ཟང་ཐལ་རྗེ། །ཡེ་ གྲོལ་གནས་ལུགས་ངང་ནས་གསོལ་བ་༝ སྐྱེ་མེད་ཀློང་ཡང་རྣམ་གྲོལ་བཟང་པོ་དང་། །འགགས་མེད་ཀློང་ཡང་རྒྱ་ལ་རས་པ་རྗེ། །འཛིན་མེད་ཀློང་ཡང་རྒྱལ་མཚན་འོད་ཟེར་ དཔལ༑ །བྱར་མེད་ཀློང་ཡང་ངང་ནས་གསོལ་བ་༝ སྟོང་ཉིད་མཐའ་བྲལ་སངས་རྒྱས་བརྩོན་འགྲུས་རྗེ། །ཆོས་ཉིད་སྤྲོས་བྲལ་རྒྱལ་མཚན་ཡེ་ཤེས་ཞབས། །སེམས་ཉིད་ བློ་བྲལ་སངས་རྒྱས་རྒྱལ་མཚན་ལ། །དེ་ཉིད་འཛིན་བྲལ་ངང་ནས་གསོལ་བ་༝ སྣང་སྟོང་གཉིས་མེད་དགེ་འདུན་རིན་ཆེན་རྗེ། །གསལ་སྟོང་དབྱེར་མེད་འགེ་འདུན་རྒྱལ་

མཚན་དཔལ། །རིགས་སྟོང་བརྗོད་མེད་རིན་ཆེན་རྡོ་རྗེ་ལ། །བདེ་སྟོང་ཞན་མེད་ངང་ནས་གསོལ་བ་༝ ཆོས་ཀུན་ཁྱབ་བདལ་མཉམས་མེད་ངག་དབང་རྗེ། །ཆོས་
[ 19 ]
༄༅། །དབྱིངས་དམིགས་མེད་མཁས་མཆོག་བློ་གྲོས་བཟང་། །ཆོས་ཉིད་དོན་སྟོན་དྲིན་ཆེན་པདྨའི་མཚན། །ཆོས་སྐུ་རང་གསལ་ངང་ནས་གསོལ་བ་༝ སྣང་

སྟོང་ཡུལ་འདས་དྲིན་ཆེན་བླ་མའི་སྐུ། །གྲག་སྟོང་བརྗོད་འདས་དྲིན་ཆེན་བླ་མའི་གསུང་། །གསལ་སྟོང་བློ་འདས་དྲིན་ཆེན་བླ་མའི་ཐུགས། །དྲན་སྟོང་མྱང་འདས་ངང་ནས་ གསོལ་བ་༝ རང་སྣང་རྣམ་དག་བདེར་གཤེགས་ཞི་བའི་ལྷ། །རྩལ་སྣང་འགགས་མེད་ཡེ་ཤེས་ཁྲོ་བོའི་སྐུ། །གཉིས་སྣང་འཛིན་བྲལ་མཁའ་འགྲོ་ཆོས་སྐྱོང་ལ། །རྐྱེན་ སྣང་རང་གྲོལ་ངང་ནས་གསོལ་བ་༝ དེ་ལྟར་ཡང་གསང་ཡང་ཏིག་རྒྱུད་པ་རྣམས། །དེ་དག་ཀུན་ཀྱང་ཀུན་བྱེད་རྒྱལ་པོར་བྱུང་། །དེ་བཞིན་རང་ལ་རང་བཞིན་ཅིག་པར་ གནས༑ །དེ་ཉིད་དྲན་ཤེས་དྲན་པས་གསོལ་བ་འདེབས། །འོད་གསལ་ཡེ་ནས་རང་ལ་གནས་པ་ལ། །འོད་ཟེར་སྒྲོན་མ་བཞི་ལ་བརྟན་ནས་འབྱུང་། །འོད་སྐུ་གམ་

འདྲིས་རྟེན་ལ་ཕབས་ནས་ཀྱང་། །འོད་ལུས་ཚེ་འདིར་འགྲུབ་པར་བྱིན་གྱི་རློབས། །{སླར་ཡང་གདུང་ཡུལ་ཚུལ་དུ་འདི་ལྟར་འབོད།} བདག་གཞན་མ་གྱུར་ནམ་མཁའ་དང་མཉམ་
[ 20 ]
པའི་སེམས་ཅན་ཐམས་ཅད་རྣམས། །བླ་མ་སངས་རྒྱས་རིན་ཆེན་ལ་གསོལ་བ་འདེབས་སོ། །ཡཱཻ་ཡཱཻ་བླ་མའོ། །དུས་གསུམ་སངས་རྒྱས་ཀུན་གྱི་ངོ་བོ། །སྡེ་གསུམ་

ཐེགས་པ་རིམ་དགུ་ཆོས་མཛོད། །ཁམས་གསུམ་འགྲོ་བའི་ཚོགས་ཞིང་དམ་པ། །མཆོག་གསུམ་ཀུན་འདུས་བླ་མ་མཁྱེན་ནོ། །ཡཱཻ་ཡཱཻ་བླ་མའོ། །བླ་མ་ཀུན་འདུས་ བྱིན་བརླབས་དཔག་མེད། །ཡི་དམ་ཀུན་འདུས་དངོས་གྲུབ་འབད་མེད། །མཁའ་འགྲོ་ཀུན་འདུས་ཕྲིན་ལས་ཐོགས་མེད། །རྩ་གསུམ་ཀུན་འདུས་བླ་མ་མཁྱེན་ནོ། ། ཡཱཻ་ཡཱཻ་བླ་མའོ། །ངོ་བོ་སྐྱེ་མེད་བླ་མ་ཆོས་སྐུ། །རང་བཞིན་འགགས་མེད་བླ་མ་ལོངས་སྐུ། །ཐུགས་རྗེ་ཕྱོགས་མེད་བླ་མ་སྤྲུལ་སྐུ། །སྐུ་གསུམ་དབྱེར་མེད་བླ་མ་ མཁྱེན་ནོ། །ཡཱཻ་ཡཱཻ་བླ་མའོ། །བཀའ་རྒྱུད་བླ་མ་དམ་པའི་རྒྱལ་ཚབ། །མདོ་རྒྱུད་ལུང་རིག་དུ་མའི་གཏེར་མཛོད། །བསྙེན་རྒྱུད་གང་ཟག་ཟབ་མོའི་མཛོད་འཛིན། །

བསྒྲུབ་རྒྱུད་བསྟན་འཛིན་དམ་པ་མཁྱེན་ནོ། །ཡཱཻ་ཡཱཻ་བླ་མའོ། །མ་གྱུར་འགྲོ་བའི་སྐྱབས་མགོན་བླ་མ། །མ་རིག་སྒྲིབ་བྲལ་རྣལ་འབྱོར་དབང་ཕྱུག །མ་སྤང་རང་གྲོལ་
[ 21 ]
རྟོག་ལྡན་རྒྱལ་པོ། །མ་བཅོས་ཁྱབ་བདལ་བླ་མ་མཁྱེན་ནོ། །ཡཱཻ་ཡཱཻ་བླ་མའོ། །འགྲོ་བློའི་རེ་བསྐང་ནོར་བུ་རིན་ཆེན། །འགྲོ་ཀུན་ཐར་ལམ་འདྲེན་པའི་

དེད་དཔོན། །འགྲོ་བའི་ནད་སེལ་སྨན་པའི་རྒྱལ་པོ། །འགྲོ་མགོན་མཚུངས་མེད་བླ་མ་མཁྱེན་ནོ། །ཡཱཻ་ཡཱཻ་བླ་མའོ། །མཁྱེན་པའི་ཡེ་ཤེས་མཁའ་འདྲའི་ཀློང་ལས། ། བརྩེ་བའི་ཐུགས་རྗེ་སྤྲིན་ཚོགས་དཔག་མེད། །མཛད་པའི་ཕྲིན་ལས་ཆོས་ཆར་བཟང་པོས། །གདུལ་བྱའི་རྒྱུད་བརླན་བླ་མ་མཁྱེན་ནོ། །ཡཱཻ་ཡཱཻ་བླ་མའོ། །དུས་གསུམ་ སངས་རྒྱས་ཐམས་ཅད་ཀྱིས་ཕྲིན་ལས་ཅིག་ཏུ་བསྡུས་པའི་བདག་ཉིད་དཔལ་ལྡན་བླ་མ་དམ་པ་ཁྱེད་རྣམས་ལ་མཁྱེན་བརྩེ་མཛད་ཕྲིན་བསམ་གྱིས་མི་ཁྱབ་པ་མངའ་བ་ལགས་ པས༑ བདག་སོགས་མ་གྱུར་ནམ་མཁའ་དང་མཉམ་པའི་སེམས་ཅན་ཐམས་ཅད་རྣམས་ཐུགས་རྗེས་བརྩེ་བ་ཆེན་པོས་དུས་ད་ལྟ་ཉིད་དུ་བཟུང་དུ་གསོལ། {ཞེས་ཕུར་

ཚུགས་སུ་གསོལ་བ་བཏབ་པ་འདི་ཅི་མང་དུ་བཟླས་སོ། །}བླ་མའི་སྐུ་གསུང་ཐུགས་ལ་གསོལ་བ་འདེབས། །ལུས་ངག་ཡིད་གསུམ་བྱིན་གྱི་བརླབས་དུ་གསོལ། །སྒོ་གསུམ་སྒྲིབ་པ་
[ 22 ]
མ་ལུས་ཀུན་དག་ནས། །དབང་བཞི་བསྐུར་ཞིང་རྒྱུད་བཞི་སྨིན་པར་མཛོད། །{ཅེས་པས་གསོལ་གདབ་སྤྱི་བོའི་བླ་མ་རྣམས། རིམ་གྱི་འོད་ཞུ་གུ་རུ་པདྨར་ཐིམ།} གུ་རུའི་སྐུ་གསུང་ཐུགས་ལ་

ཐུགས་རྗེའི་འོད་ཟེར་དཀར་དམར་མཐིང་གསུམ་འབྲུ་གསུམ་ཚུལ། དཔག་མེད་བྱུང་བས་རང་གིས་གནས་སུ་ཐིམ། སྒོ་གསུམ་སྒྲིབ་དག་དབང་བཞི་ཐོབ་པར་བསམ། {དབང་བཞི་བླང་བ་ནི།} གུ་རུའི་སྤྱི་བོ་ནས་སྐུ་ཡི་ངོ་བོ་ཨཱོཾ་འོད་སྣང་དཀར་པོ་དང་བཅས་པ་བྱུང་ནས་རང་གི་སྤྱི་གཙུགས་དུ་ཐིམ། དེས་ཕྱི་བུམ་པའི་དབང་ཐོབ། ལུས་ཀྱི་སྒྲིབ་པ་ དག །ལམ་བསྐྱེད་པའི་རིམ་པ་ལ་དབང་། འབྲས་བུ་སྤྲུལ་སྐུའི་བག་ཆགས་དང་ས་བོན་རྒྱུད་ལ་བཞག །{ངག་ཏུ།} ཨཱོཾ་ཨཱོཾ་ཨཱོཾ། {ཞེས་ཉེར་གཅིག་འམ་གང་སྐབས་བཟླས་སོ། །}གུ་རུའི་ མགྲིན་པ་ནས་གསུང་གིས་ངོ་བོ་ཨཱཿའོད་སྣང་དམར་པོ་དང་བཅས་པ་བྱུང་ནས། རང་གིས་མགྲིན་པར་ཐིམ། ངག་གིས་སྒྲིབ་པ་དག་ལམ་བཟླས་བརྗོད་བྱས་པ་ལ་དབང་།

འབྲས་བུ་ལོངས་སྐུའི་བག་ཆགས་དང་ས་བོན་རྒྱུད་ལ་བཞག །ཨཱ་ཨཱ་ཨཱ། {ཞེས་གང་སྐབས་བརྗོད།} གུ་རུའི་ཐུགས་ཀ་ནས་ཐུགས་གིས་ངོ་བོ་ཧཱུྃ་འོད་སྣང་སྔོན་པོ་དང་བཅས་
[ 23 ]
༄༅། །པ་བྱུང་ནས། རང་གི་ཐུགས་ཀར་ཐིམ་ཤེས་རབ་ཡེ་ཤེས་ཀྱི་དབང་ཐོབ་ཡིད་ཀྱི་སྒྲིབ་པ་དག །ལམ་གཏུམ་མོ་བསྒོམས་པ་ལ་དབང་། འབྲས་བུ་ཆོས་སྐུའི་

བག་ཆགས་དང་ས་བོན་རྒྱུད་ལ་བཞག ཧཱུྃ་ཧཱུྃ་ཧཱུྃ། {ཞེས་གང་སྐབས་བརྗོད།} ཡང་གུ་རུའི་གནས་གསུམ་ནས་སྐུ་གསུང་ཐུགས་ཀྱིས་ངོ་བོ་འོད་ཟེར་དཀར་དམར་མཐིང་གསུམ་བྱུང་ནས། རང་གི་ལུས་ངག་ཡིད་གསུམ་ལ་ཕོག་རང་རིག་པ་རྩལ་གྱི་དབང་ཐོབ་སྒོ་གསུམ་གྱི་སྒྲིབ་པ་དག །ལམ་སྣང་སྟོང་ཕྱག་རྒྱ་ཆེན་པོ་དང་། རིག་སྟོང་རྫོགས་པ་ཆེན་པོ་བསྒོམས་པ་ ལ་དབང་། འབྲས་བུ་ངོ་བོ་ཉིད་ཀྱི་སྐུ་ཐོབ་པའི་བག་ཆགས་དང་ས་བོན་རྒྱུད་ལ་བཞག །ཨོཾ་ཨཱཿཧཱུྃ། {ཞེས་ཉེར་གཅིག་འམ་གང་སྐབས་བརྗོད།} སླར་ཡང་གུ་རུ་འོད་ཞུ་རང་ལ་ཐིམ། །མཐའ་བྲལ་ སྟོང་གསལ་འཛིན་མེད་ཨེ་མ་ཧོ། །{བུམ་ཅན་རླུང་བཟུང་དེ་རྗེས་སྤྲོས་མེད་བཞག །དེ་ནས་བསྔོ་བ་དང་སྨོན་ལམ་ནི།} རྣམ་མཁྱེན་རྒྱལ་བ་སྲས་བཅས་དགོངས་སུ་གསོལ། །རྣམ་པ་ཀུན་དུ་བདག་གིས་སྒོ་

གསུམ་གྱི། །རྣམ་དཀར་དགེ་བའི་ལས་རྣམས་ཅི་བསགས་པ། །རྣམ་མང་འགྲོ་བའི་སེམས་ཅན་ཐམས་ཅད་ཀུན། །རྣམ་གྲོལ་འབྲས་བུ་སངས་རྒྱས་ཐོབས་ཕྱིར་བསྔོ། །
[ 24 ]
རྣམ་དག་གདོད་མའི་ས་ལ་ཕྱིན་པར་ཤོག །ཞེས་སོགས་གཞན་ཡང་ཐེགས་ཆེན་གྱི་བསྔོ་བ་དང་སྨོན་ལམ་གྱིས་རྒྱ་ཆེར་གདབ་བོ། དགེའོ། །བཀྲ་ཤིས། །རྫོགས་སོ། །མངྒ་ལཾ།། བྷ་ཝནྟུ།། །།
[ 25 ]
 
[ 26 ]
༁ྃ༔ ༔{ཡང་ཏིའི་བླ་བརྒྱུད་ནི༔} ན་མོ་གུ་རུ༔ ཀུན་ཏུ་བཟང་པོ་རྡོ་རྗེ་འཆང་ཆེན་དང་། །རྡོ་རྗེ་སེམས་དཔའ་གུ་རུ་པདྨ་འབྱུང་། །ཡེ་ཤེས་མཚོ་རྒྱལ་འགྲོ་མགོན་དུང་མཚོ་རས། །

སངས་རྒྱས་དྲང་སྲོང་བདེ་ཆེན་རས་པ་དང་། །རྣམས་གྲོལ་བཟང་པོ་རྒྱ་ལ་རས་པ་དང་། །རྒྱལ་མཚན་འོད་ཟེར་སངས་རྒྱས་བརྩོན་འགྲུས་དང་། །རྒྱལ་མཚན་ཡེ་ཤེས་སངས་རྒྱལ་ མཚན་དང་། །དགེ་འདུན་རིན་ཆེན་དགེ་འདུན་རྒྱལ་མཚན་དང་། །རིན་ཆེན་རྡོ་རྗེ་ངག་དབང་དྲགས་པ་དང་། །བློ་གྲོས་བཟང་པོ་པདྨ་རྒྱལ་མཚན་དང་། །ནམ་མཁའ་རྒྱལ་མཚན་ ཀློང་ཆེན་རབ་གསལ་སྙིང་། །བཀྲ་ཤིས་འོད་ཟེར་ཆོས་ཉིད་རྒྱ་མཚོ་དང་། །དབང་བཞི་བསྐུར་བཞི་བླ་མར་གསོལ་བ་འདེབས། །སྣང་སྲིད་འཁོར་འདས་རང་རིགས་བྱང་ཆུབ་སེམས། །

སྐྱེ་མེད་ཆོས་སྐུ་རྟོགས་པར་བྱིན་གྱིས་བརློབས། །འགགས་མེད་འོད་གསལ་འཆར་བར་བྱིན་གྱིས་བརློབས། །ཡོང་ཏིག་ཟབ་ལམ་ཐོབ་པར་བྱིན་གྱིས་བརློབས།། །།
[ 27 ]
༁ྃ༁ྃཧཱུྃ༔ ༔ རྫོགས་པ་ཆེན་པོ་ཡང་ཏིག་ནག་པོ་གསེར་གྱི་འབྲུ་གཅིག་པའི་གནད་ཀྱི་གདམས་པ་རྒྱུད་ཀྱི་སྙིང་པོ་བཞུགས་སོ༔ ༔
[ 28 ]
༁ྃ༁ྃཧཱུྃ༔ ༔ () ༔རྒྱ་གར་སྐད་དུ༔ གྷུ་ཧྱ་ཏནྟྲ་སིདྡྷི༔ བོད་སྐད་དུ༔ བཅོམ་ལྡན་འདས་སྐུ་གསུམ་གྱི་སྟོན་པ་

འོད་མི་འགྱུར་བ་ལ་ཕྱག་འཚལ་ལོ༔ ༔ () དེ་ཡང་དུར་ཁྲོད་བརྒྱད་ཀྱི་ནང་ནས་དུར་ཁྲོད་བསིལ་བའི་ཚལ་ཞེས་བྱ་བ་དེར་ ཨུ་རྒྱན་བདག་བསམ་གཏན་ལ་གནས་ཙ་ན༔ ནམ་སྲོད་ལ་དཔལ་ཀུན་ཏུ་བཟང་པོ་བྱོན་ནས༔ རིགས་ཀྱི་བུ་དོན་གྱི་གནས་ལུགས་ལ་གནས་

པར་འདོད་ན་ཡི་གེ་འདི་ལ་ལྟོས་ཤིག་གསུང་ནས་བཻ་ཌཱུརྱ་ཞུན་མས་བྲིས་པའི་གླེགས་བམ་གཅིག་རང་བབས་སུ་གཏད་དོ༔ བྱོན་ཚུལ་གྱི་ལེའུ་
[ 29 ]
༄༅༔ ༔སྟེ་དང་པོའོ༔ ༔དེ་ནས་ཨུ་རྒྱན་པདྨ་ཡིས༔ ཀུན་བཟང་ཉིད་ལ་ཡང་ཞུས་པ༔ འདི་ཡི་བསྒྲུབ་ལུགས་ཇི་

ལྟ་བུ༔ མོས་པའི་བུ་ལ་གསུང་དུ་གསོལ༔ ཀུན་བཟང་ཉིད་ཀྱི་བཀའ་སྩལ་པ༔ འདི་ལྟ་བུ་ཡི་བསྒྲུབ་སྐོར་ནི༔ དབེན་ཤིང་དངས་པའི་ གནས་སུ་ནི༔ རི་བོ་གཏན་ལ་ཕེབ་པར་བྱ༔ མཚན་ཉིད་ལྡན་པའི་བླ་མ་ཡིས༔ དབང་བཞིས་རྒྱུད་ནི་སྨིན་བྱས་ནས༔ ཆོས་དང་

མཐུན་པའི་གྲོགས་དང་འགྲོགས༔ གནས་དང་མཐུན་པའི་འབེན་པ་བཙལ༔ རྫས་གནས་བསྟན་པའི་ལེའུ་སྟེ་གཉིས་པའོ༔ ༔དེ་
[ 30 ]
ནས་ཨུ་རྒྱན་པདྨ་ཡིས༔ ཀུན་བཟང་ཉིད་ལ་ཡང་ཞུས་པ༔ འདི་ལྟ་བུ་ཡི་གདམས་པ་གང་༔ བསྒྲུབ་པའི་མན་ངག་བསྟན་དུ་གསོལ༔ ཀུན་བཟང་ཉིད་ཀྱིས་བཀའ་

རྩལ་པ༔ འདི་ཉིད་བསྒྲུབ་པའི་དམིགས་པ་ནི༔ དོན་གྱི་གནས་ལུགས་མཉམ་བཞག་ཅིང་༔ གཉིས་པ་དམིགས་པའི་རིམ་པ་ནི༔ ཡེ་ཤེས་མིག་གཅིག་དྲི་མ་ མེད༔ གསུམ་པ་སྙིང་ནང་རྟོགས་པ་བློ་ལས་འདས༔ བཞི་པ་གསུམ་རིག་གཙང་མ་དག་པ་སྟེ༔ ལྔ་པ་སྤོབས་པ་ཕྲོལ་མ་ལྟ་བུའོ༔ དྲུག་པ་སྐྱེ་མཆེད་བཟློག་པར་ བྱ༔ འདི་རྣམས་རང་གནས་ས་ཟིན་ཡིན༔ () ལྷ་གནས་རྒྱ་མཚོ་དུང་ཁང་གི༔ དཀྱིལ་ཡར་ཐང་དུ་མིག་ལྟ་ཞིང་༔ ཞི་བ་སྙིང་གི་ཙིཏྟ་ཡི༔ དྲང་ སྲོང་ལ་ལ་ནི་ལྟ་བར་བྱ༔ དམིགས་པ་བསྟན་པའི་ལེའུ་སྟེ་གསུམ་པའོ༔ () དེ་ནས་ཨུ་རྒྱན་པདྨ་ཡིས༔ ཀུན་བཟང་ཉིད་ལ་ཡང་ཞུས་པ༔

དེ་ལྟར་དམིགས་པ་བསྒོམས་པའི་རྗེས༔ རྟགས་ཀྱི་རིམ་པ་ཇི་ལྟ་བུ༔ མོས་པའི་འཁོར་ལ་བསྟན་དུ་གསོལ༔ ཀུན་བཟང་ཉིད་ཀྱིས་བཀའ་སྩལ་པ༔ ༔
[ 31 ]
༄༅༔ ༔རྟགས་ཀྱི་རིམ་པ་བསྟན་པ་ནི༔ ཡེ་ཤེས་མིག་གཅིག་དུས་སུ་ནི༔ དུ་བའི་རྣམ་པ་ལྟ་བུ་དང་༔ སྨིག་རྒྱུའི་རྣམ་པ་ལྟ་བུ་དང་༔ སེམས་ལ་

རྣམ་རྟོག་འཚུབ་པ་ནི༔ ལས་རླུང་ཚང་ཚོལ་བ་ཡི་རྟགས༔ མེ་ལྕེའི་རྣམ་པ་ལྟ་བུ་དང་༔ སྲིན་བུ་མེ་ཁྱེར་ལྟ་བུ་དང་༔ སྤྲིན་གྱི་རྣམ་པ་ལྟ་བུ་དང་༔ མེ་སྟག་འཕྲོ་ བའི་རྣམ་པ་དང་༔ རིག་པ་གནས་ཚུལ་རྩང་བདར་རྣམས༔ ངེས་པར་མ་ཆོད་རྟགས་ཡིན་ནོ༔ སྐུ་ཡི་རྣམ་པ་གསལ་བ་ལ༔ བརྟག་ན་ཡལ་ནས་འགྲོ་བ་ནི༔ རིག་ པ་སྲང་དུ་མ་ཆུད་རྟགས༔ སྐུ་ཡི་ཆ་ལུགས་གསལ་བ་ལ༔ རྒྱན་ཆ་གང་ཡང་མེད་པ་ནི༔ རྣམ་རྟོག་རང་ས་མ་ཟིན་རྟགས༔ ཞི་བའི་རྣམ་པ་གསལ་བ་ལ༔ བརྟག་ ན་ཁྲོ་བོར་འགྱུར་བ་ནི༔ གཞི་ཡི་གནས་ལུགས་མ་རིག་རྟགས༔ () རི་བོ་རྣམ་པ་ལྟ་བུ་ལ༔ ལུས་མེད་མགོ་བོ་སྒྲིགས་འདྲ་ནི༔ སྣང་བ་བཅུད་དུ་མ་

སྨིན་རྟགས༔ མིག་གཅིག་མིན་པ་ཅི་ཡང་མེད༔ རྣམ་རྟོག་རྩང་བདར་མ་ཆོད་རྟགས༔ ལུས་ཕྱེད་མང་སྒྲིགས་རྣམ་པ་ནི༔ ཉམས་མྱོང་ཤན་མ་ཕྱེད་པའི་
[ 32 ]
རྟགས༔ རྟགས་ཀྱི་ལེའུ་སྟེ་བཞི་པའོ༔ ()ཨུ་རྒྱན་པདྨས་ཡང་ཞུས་པ༔ བཀའ་ཡི་བཟློག་བསྒྱུར་ཇི་ལྟར་བགྱི༔ མོས་པའི་འཁོར་ལ་བསྟན་དུ་གསོལ༔

ཀུན་བཟང་ཉིད་ཀྱིས་བཀའ་སྩལ་པ༔ ཉོན་ཅིག་ཨུ་རྒྱན་པདྨ་འབྱུང་༔ བཀའ་ཡི་བཟློག་བསྒྱུར་འདི་ལྟར་གྱིས༔ གཞི་ལ་ཞི་བ་མེད་གྱུར་ཅིང་༔ ཁྲོ་མེད་རྒྱན་དང་ ཆ་ལུགས་མེད༔ སྤོབ་ཆོག་ལས་མཐའ་འདི་ལྟར་གྱིས༔ རི་བོ་བརྟེན་བརྟན་ཅིང་རྒྱ་མཚོ་གཏམ༔ དེས་ཀྱང་གང་ཡང་མེད་པ་ན༔ ཕུབ་འདྲ་ཆ་ལང་བརྡབ་པའི་ཚུལ༔ དེ་ལྟར་ཉམས་སུ་བླངས་པ་ཡིས༔ སྣང་བ་ཐམས་ཅད་ཞིང་ཁམས་སུ༔ འོང་འགྱུར་འདི་ལ་ཐེ་ཚོམ་མེད༔ ལས་མཐའ་སྣ་ཚོགས་བསྟན་པའི་ལེའུ་སྟེ་ལྔ་པའོ༔ ༔ དེ་ནས་ཨུ་རྒྱན་པདྨ་ཡིས༔ ཀུན་བཟང་ཉིད་ལ་ཡང་ཞུས་པ༔ གདམས་པའི་མཐར་ཐུག་ཡང་དག་འདི༔ གཏེར་ཁ་གང་དུ་སྡམས་པའི་གནས༔ མཚན་ཉིད་

ལྡན་པས་གསུང་དུ་གསོལ༔ ཀུན་བཟང་ཉིད་ཀྱིས་བཀའ་སྩལ་པ༔ མཆོད་རྟེན་སྤུངས་པའི་རི་བོ་ལ༔ དགྲམ་དུ་རུ་སྦལ་ནག་པོའི་དབྱིབས༔ བྲག་རི་རུ་
[ 33 ]
༄༅༔ ༔སྦལ་ཁ་སྦུབས་འདྲ༔ དེ་ཡི་ནང་དུ་གཏེར་དུ་སྡོམས༔ ལས་ཅན་ཅིག་ལ་སྨོན་ལམ་ཐོབ༔ ཅེས་རྒྱུད་གཏད་པའི་ལེའུ་དྲུག་པའོ༔ དེ་ནས་

ཨུ་རྒྱན་པདྨ་ལ་སོགས་པའི་རིག་འཛིན་ཐམས་ཅད་རྗེས་སུ་ཡི་རང་སྟེ་དཔལ་བདེ་བ་ཆེན་པོས་གསུངས་པ་ལ་མངོན་པར་བསྟོད་དོ༔ གནད་གྱི་གདམས་པ་རྒྱུད་ཀྱི་སྙིང་པོ་

འདི༔ མ་འོངས་ལས་འཕྲོ་ཅན་དང་འཕྲད་པར་ཤོག༔ ས་མ་ཡཱ༔ གྷུཧྱ༔ སྐུ་རྒྱ༔ གསུང་རྒྱ༔ ཐུགས་རྒྱ༔ གཏད་རྒྱའོ༔ ༔
[ 34 ]
 
[ 35 ]
༄༅༅། །རྫོགས་པ་ཆེན་པོ་ཡང་ཏིག་ནག་པོ་གསེར་གྱི་འབྲུ་གཅིག་པའི་ཤོག་དྲིལ་སྐོར་གསུམ་ལས་ཤོག་དྲིལ་དང་པོ་བཞུགས་སོ།། །།
[ 36 ]
༄༅༅༔ ༔ཨེ་མ་ཧོ༔ གདོད་ནས་མ་བཅོས་ཆོས་ཀྱི་སྐུ༔ རང་བྱུང་ལྷུན་གྲུབ་འོད་ལྔའི་ཀློང་༔ སྣ་ཚོགས་རོལ་པས་འཁོར་བ་

འདྲེན༔ གནོད་མའི་མགོན་པོ་དེ་ལ་འདུད༔ འཇིག་རྟེན་གསུམ་པོ་གོམ་གཅིག་བསྒྲོད༔ འཇམ་པའི་དབྱངས་ལ་ཕྱག་འཚལ་ལོ༔ མུན་ པར་འོད་གསལ་འཆར་བའི་གནད༔ མངོན་པར་རྫོགས་པར་འཚང་རྒྱའི་གནད༔ གདམ་ངག་རྒྱ་མཚོའི་གནད་ཁྲིད་བྲི༔ སྔགས་ཀྱི་

སྒོར་ཞུགས་སྐྱེས་བུ་དེ༔ དབང་གིས་སྨིན་པར་བྱས་ནས་སུ༔ སྔོན་འགྲོའི་ཆོས་རྣམས་རྫོགས་ནས་ནི༔ ཐོག་མར་བྱུང་གནས་འགྲོ་
[ 37 ]
༄༅༅༔ ༔གསུམ་བརྩལ༔ མུན་ཁང་ལེགས་པའི་ནང་དུ་ནི༔ ནང་ཚང་ཅན་གྱི་གདན་སྟིངས་སུ༔ བྱང་ཆུབ་མཆོག་ཏུ་སེམས་

བསྐྱེད་ནས༔ རྡོ་རྗེ་སྐྱིལ་དཀྲུང་བཅས་ནས་ནི༔ རང་ཉིད་རྡོ་རྗེ་སེམས་དཔར་བསྐྱེད༔ སྤྱི་བོར་བླ་མའི་རྣལ་འབྱོར་བསྒོམ༔ མིག་རྩེར་སྣ་ རྩེ་སེམས་རྩེ་གསུམ༔ གཅིག་ཏུ་དྲིལ་ནས་གསོལ་བ་བཏབ༔ ལུས་ནི་རྣམ་སྣང་ཆོས་བདུན་བྱ༔ མིག་ནི་རྡོ་རྗེ་གཙུགས་གཏོར་ཞེས༔ ༔

སོར་ནི་ཉི་ཤུའི་ཚད་ཙམ་དུ༔ སྨིན་མཚམས་དག་ཏུ་བལྟ་བར་བྱ༔ ཡང་ཡེང་མེད་པར་མ་ཡེངས་བཞག༔ དེས་སེམས་ཟིན་པ་དང་རྟགས་
[ 38 ]
རྣམས་འབྱུང་ཞིང་༔ ཉམས་སྣང་འབྱུང་སྟེ༔ རྒྱུད་ལས་ཀྱང་༔ ནམ་མཁའ་ལས་བྱུང་རང་བྱུང་བ༔ ཤེས་རབ་ཡེ་ཤེས་མེ་བོ་ཆེ༔ འོད་ཆེན་རྣམ་པར་སྣང་བར་བྱེད༔

ཡེ་ཤེས་སྣང་བ་ལམ་མེ་བ༔ འགྲོ་བའི་མར་མེ་ཡེ་ཤེས་སྒྲོན༔ གཟི་བརྗིད་ཆེན་པོ་འོད་གསལ་བ༔ སྔགས་མཆོག་སྔགས་བདག་རིགས་སྔགས་རྒྱལ༔ གསང་སྔགས་ རྒྱལ་པོ་དོན་ཆེན་བྱེད༔ ཞེས་གསུངས་སོ༔ དེ་ཡང་དཔལ་ཀུན་ཏུ་བཟང་པོ་ཉིད་ཀྱིས་བཀའ་ལས༔ འདི་བསྒྲུབས་པའི་དང་པོ་ཁྲེགས་ཆོད་གནས་ལུགས་ཀྱི༔ སྟེང་ དུ་མཉམ་བཞག་གཉུག་ཡུན་བསྲིང་༔ ཅེས་སོ༔ གཉིས་པ་དམིགས་པའི་རིམ་པ་ནི༔ ཡེ་ཤེས་མིག་གཅིག་དྲི་མ་མེད༔ ཅེས་པས༔ རང་གི་ཀླད་པ་དུང་ཁང་གི་ གཞལ་ཡས་འདི་ཕྱི་ནས་ལྟས་ན་ནང་གསལ་བ༔ ནང་ནས་བལྟས་ན་ཕྱི་གསལ་བ༔ སྣང་ལ་རང་བཞིན་མ་གྲུབ་པ་འོད་ལྔའི་ཁང་བུ་གཅིག་ཏུ་བསམ༔ སྨིན་མཚམས་

ཀྱི་དཔྲལ་བར་ཡེ་ཤེས་ཁྲོ་བོའི་སྤྱན་འདྲ་བ་ཟླུམ་པོ་མཐིང་ཁ་ཡེ་ཤེས་ཀྱི་འོད་ལྔའི་བསྐོར་བ་དུང་ཁང་དུ་ཧྲིག་གེ་གཟིགས་པར་བསམ༔ གཉིས་པ༔ གཉིས་སྣང་རྟོག་
[ 39 ]
༄༅༔ ༔པ་བློ་ལས་འདས༔ ཅེས་པས༔ རང་གི་མིག་གཉིས་ཁྲོ་བོའི་སྤྱན་ཟླུམ་ཁྲ་ཁྱིལ་ལེ་བ་གཉིས་སུ་བསམ༔ དེའི་ཐད་ཀའི་ལྟག་པའི་བདུད་སྒོ་གཉིས་

སུ༔ གཡས་གཡོན་དུ་རྒྱ་སྐར་ཕྱེ་བ་ལྟ་བུ་བུག་པ་གཉིས་ཟང་ཐལ་དུ་ཡོད་པར་བསམ་མོ༔ གསུམ་པ༔ གསུམ་རིག་གཙང་མ་དག་པ་སྟེ༔ ཅེས་པས༔ སྨིན་མཚམས་ ཀྱི་དཔྲལ་བའི་མིག་གཅིག༔ དེའི་ཐད་སོ་ལྟག་པར་བུག་པ་གཅིག་ཟང་ཐལ་ཡོད་པར་བསམ༔ བཞི་པ༔ སྤོབ་པ་ཁྲོལ་མ་ལྟ་བུ་སྟེ༔ ཅེས་པས༔ རང་གི་དཔྲལ་ བའི་སྤྱན་གསུམ་ལ་ཡང་ཕྱེད་བཟློག་ནང་དུ་གཟིགས་པར་བསམ༔ ཕན་ཚུན་དྲུག་པོ་གཅིག་ལ་གཅིག་འབྲེལ་དུ་འཕྲད་པར་བསམ༔ སྐབས་སུ་དུང་ཁང་གི་དབུས་སུ་ ཁྲུག་ཁྲུག་ཐུག་པས་འཇའ་དང་འོད་སྐུ་དང་ཞིང་ཁམས་ལམ་མེར་ཐམས་ཅད་ཀྱི་ལུས་ཕྱི་ནང་ཐམས་ཅད་མེར་རེ་རེ་གང་བར་བསམ༔ ལྔ་པ༔ ཙིཏྟའི་དྲང་སྲོང་ལྟ་བར་

བྱ༔ ཞེས་པས། རང་གི་སྙིང་མཆོང་གུར་སྨུག་པོ་ཤེལ་གྱི་ཁ་བད་ཅན་སྒོ་ཕྱེ་བ་ལྟ་བུའི་དཀྱིལ་དུ་མིག་གཅིག་ཡར་ལ་གཟིགས་པར་བསམ༔ དེ་ཡང་དཔྲལ་བ་དང་
[ 40 ]
ལྟག་ཁུང་གི་མིག་གསུམ་གསུམ་དང་དྲུག་པོ་མར་བཟློག་ནས་ཙིཏྟའི་རྩེ་མོའི་ཡེ་ཤེས་ཀྱི་སྤྱན་ལ་གཟིགས་པར་བསམ༔ སྙིང་དབུས་མིག་ཀྱང་དུང་ཁང་གི་དྲུག་པོ་ལ་

ལྟའོ༔ དྲུག་པ༔ ཕུབ་འདྲ་ཆ་ལང་གདབ་པའི་ཚུལ༔ ཅེས་པ༔ རང་གི་ཐོད་པ་དེ་དུང་གི་གཞལ་ཡས་ཁང་ཁ་སྦུབ་པ་ལྟ་བུའི་དཀྱིལ་ནས་ཡེ་ཤེས་ཀྱི་སྤྱན་དཀར་པོ་ གཟི་བརྗིད་དང་ལྡན་པ་གཅིག་མར་གཟིགས༔ ཙིཏྟའི་སྤྱན་ཡར་གཟིགས༔ སྐབས་སུ་སྟེང་འོག་དམིགས་པ་རྣམས་རྗེ་རེས་བྱའོ༔ བདུན་པ༔ དྲང་སྲོང་ཙོག་པུ་འདུག་ པ་སྟེ༔ ཅེས་པས༔ སྤྱན་བཟློག་ལ་དར་གཅིག་དམིགས་མེད་དུ་བཞག་གོ༔ དེ་ཡང་ནམ་གནས་ཀྱི་བར་ལ་བཅོས་སླད་མེད་པར་ཡེང་པ་སྐད་ཅིག་མེད་པར་ཀ་དག་ཆེན་ པོའི་ངང་ལ་ཡུན་རིང་དུ་བཞག་གོ༔ ས་མ་ཡཱ༔ རྒྱ་རྒྱ་རྒྱ༔ ཟབ་རྒྱ༔ སྦས་རྒྱ༔ ༈ ༔ {སྙན་རྒྱུད་གསང་བ༔ རྫོགས་པ་ཆེན་པོ་ཡང་ཏིག་ནག་པོ་གསེར་གྱི་འབྲུ་

གཅིག་པ་ལས༔ ཤོག་དྲིལ་བར་མ་བཞུགས་སོ༔ ༔}སྐྱབས་འགྲོ་སེམས་བསྐྱེད་མོས་གུས་གནད་དུ་བསྣུན་པ་སྤྱི་དང་མཚུངས༔ བསམ་གཏན་གྱི་ཁང་བུ་གྲུ་བཞི་པ་འདོམ་གང་
[ 41 ]
༄༅༔ ༔ངམ༔ འདག་བཅར་ལ་འཇུག་པའི་ཚེ༔ སྔགས་ཀྱིས་བཅད༔ གུ་གུལ་བདུག༔ ནང་དུ་བཞུགས་ལ་བཞུགས་སྟངས་རི་བོ་བརྟེན་བརྟན་ཅིང་རྒྱ་མཚོ་

གཏུམ་མོ༔ དམིགས་པ་ནི༔ ཡེ་ཤེས་མིག་གཅིག་གི་དུས་སུ༔ དཔྲལ་བའི་བུག་པའི་ནང་དུ་ཐིག་ལེ་དམར་ལ་དྭང་བ་སྲན་རྡོག་ཙམ་གཅིག་ལ་དམིགས་པ་གཏད༔ གཉིས་སྣང་རྟོགས་པ་བློ་ལ་འདས་པའི་དུས་སུ་ཙིཏྟ་ཤ་ཡི་སྒྲོན་མ་འོད་ཕུང་གི་ནང་དུ་ཞི་བ་བཞི་བཅུ་རྩ་གཉིས་གསལ་གདབས་ཅིང་དམིགས་པ་གཏད་པས༔ སྙིང་ནས་མིག་ཏུ་རྩ་ དར་དཀར་གྱི་སྐུད་པ་ལྟ་བུ་འབྲེལ་ནས་ཡོད་པས༔ ཙིཏྟའི་དྲང་སྲོང་རྩའི་ལམ་ལ་མར་ཤར་ནས༔ མིག་ལ་ཐོན་ནས་རང་གི་རང་གསལ་བ་ཡིན་ནོ༔ ༔གསུམ་རིག་རྩང་མའི་ དུས་སུ༔ ཀླད་པ་དུང་ཁང་གི་གཞལ་ཡས་ཁང་དུ་ཁྲག་འཐུང་ལྔ་བཅུ་རྩ་བརྒྱད་ཀྱི་ལྷ་ཚོགས་ལ་ཤེས་པ་གཏད༔ སྤོབ་པ་ཁྲུལ་མང་ལྟ་བུའི་དུས་སུ༔ ལུས་ཕུང་ཁམས་སྐྱེ་

མཆེད་ཐམས་ཅད་ཚག་མིག་ལྟ་བུ་ལ༔ རྩ་ཁམས་ཐམས་ཅད་དཔའ་བོ་མཁའ་འགྲོའི་ཚོགས་ཏིལ་གྱི་གང་བུ་ཁ་བྱེ་བ་ལྟ་བུ་བསྒོམས་པ་ཡིན་ནོ༔ ༔སྐབས་སུ་རྒྱ་མཚོ་ཨར་ལ་གཏད༔
[ 42 ]
ཙིཏྟ་དྲང་སྲོང་ལྟ་བར་བྱ༔ སྐབས་སུ་གནས་བཞི་མ་འཁྲབ་པར༔ ཟླུམ་པ་ཉིད་ནི་ཐམས་ཅད་གང་༔ ཕུབ་འདྲ་ཆ་ལོང་གདབ་པའི་ཚུལ༔ སྣང་བ་ཐམས་ཅད་ཞིང་ཁམས་སུ༔

འོངས་གྱུར་འདི་ལ་ཐེ་ཚོམ་མེད༔ ༔ཡང་དང་པོ་ནི༔ སྤྱན་ཁྲ་ཧྲིག་གེ་བ་གཅིག་མིག་དང་རྒྱབ་སྤྲོད་བྱས་ནས་ཕར་ཀླད་པར་ལྟ་བར་སྒོམ༔ གཉིས་པ་ནི༔ རྣ་ལྟག་གཡས་ སྤྱན་ཁྲ་ཧྲིག་གེ་བ་གཅིག་ནང་དུ་ལྟས་པའོ༔ གསུམ་པ་ནི༔ རྣ་ལྟག་གཡོན་ནས་སྤྱན་ཁྲ་ཧྲིག་གེ་བ་གཅིག་ནང་ནས་ལྟས་པའོ༔ བཞི་པ་ནི༔ ལྟག་པ་ནས་སྤྱན་གཅིག་ ཚུར་ལ་ལྟས་པའོ༔ ལྔ་པ་ནི༔ སྤྱི་བོ་ནས་སྤྱན་ཁྲ་ཧྲིག་གེ་བ་གཅིག་མར་ལྟས་པའོ༔ དྲུག་པ་ནི༔ སྙིང་ནང་རྟོག་པ་བློ་ལས་འདས༔ སྙིང་ནང་ནས་འོད་ཟེར་གཅིག་ཡར་སྤྱི་ གཙུག་ཏུ་ཟུག༔ འོད་ཟེར་དེ་དཔྲལ་བ་ནས་ཕར་ལྟག་པར་ཟུག༔ རྣ་ལྟག་གཡས་ནས་གཡོན་དུ་འོད་ཟེར་ཟུག༔ འོད་ཟེར་བ་ཐག་བརྒྱང་བ་འདྲ་བས་དུང་ཁང་དུ་བསྐོར་ཕོར་རིས་

སུ་ཕར་ལྟ་ཚུར་ལྟ་མར་ལྟ་བྱས་ནས་ཡོད་པའོ༔ བདུན་པ་ནི༔ ཕུབ་འདྲ་ཆ་ལོང་གདབ་པའི་ཚུལ༔ སྣང་བ་ཐམས་ཅད་ཞིང་ཁམས་སུ༔ འོད་འགྱུར་འདི་ལ་ཐེ་ཚོམ་མེད༔
[ 43 ]
༄༅༔ ༔ཅེས་པས༔ ལུས་ཕྱི་ནང་སྤྱན་གྱིས་གང་བ་དེ་རྣམས་ལས་འོད་ཟེར་དཀར་པོ་ཕུབ་འདྲ་བ་ཆ་ལང་རྡེབ་པའི་ཚུལ་དུ་མང་པོ་འཕྲོས་ཡར་འཕྲོས་མར་འཕྲོས་

ཕར་འཕྲོས་ཚུར་འཕྲོས་པ་བསྒོམ་པས༔ སྣང་བ་ཐམས་ཅད་ཞིང་ཁམས་སུ་འཆར་བར་ངེས་སོ༔ ཅེས་པ་དེ་ཡང་སྤོབ་པ་ཁྲོལ་མ་ལྟ་བུ་ཅེས་པ་དེའང་༔ ལུས་ཕྱི་ནང་སྤྱི་ བོ་ནས་རྐང་པའི་མཐིལ་རྣ་བའི་ཚུན་ཆད་ཡེ་ཤེས་ཀྱི་སྤྱན་ཁྲ་ཟིམ་ཟིམ་པ་འོད་ལྔའི་རང་བཞིན་སྤྱན་གྱི་ལུས་ཕྱི་ནང་ཐམས་ཅད་ཡར་ལྟ་མར་ལྟ་ཕར་ལྟ་ཚུར་ལྟ་ལ༔ འོད་ཟེར་བ་ཐག་ གིས་རྒྱ་བྲེས་པ་ལྟ་བུ་ལུས་ཐམས་ཅད་དྲ་བའམ་ཁྲོལ་མ་ལྟ་བུ་སྤྱན་གྱིས་གང་བར་བསྒོམ་མོ༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ གྷུཧྱ༔ མངྒ་ལྃ༔ ༈ ༔ {སྙན་རྒྱུད་གསང་བ༔} རྫོགས་པ་ཆེན་པོ་ཡང་ཏིག་ནག་པོ་གསེར་གྱི་འབྲུ་གཅིག་པ་ལས༔ སྔོན་འགྲོ་སྤྱི་དང་མཚུངས༔ ཡང་ལྷ་གནས་ཀླད་པ་དུང་ཁང་འཁོར་ལོའི་དཀྱིལ་དུ་ཐིག་ལེ་དཀར་པོ་ཨོཾ་གྱི་འོད་ལྔ་

བསྐོར་བ་ལ་ཤེས་པ་གཏད་དོ༔ ༔དུང་ཁང་འཁོར་ལོའི་ཐིག་ལེ་ལ་ལྟ་ཞིང་ཐིག་ལེ་དཀར་དམར་འོད་ལྔས་བསྐོར་བ་ལ་ཤེས་པ་གཏད་དོ༔ སྨིན་མཚམས་ཀྱི་མཛོད་སྤུ་ཡང་ཐིག་
[ 44 ]
ལེ་འོད་སྣ་ལྔས་བསྐོར་བ་ལ་ཤེས་པ་གཏད་དོ༔ ལྟག་པའི་བདུད་སྒོ་ཡང་ཐིག་ལ་འོད་ལྔ་བསྐོར་བ་ལས་ཤེས་པ་གཏད་དོ༔ ཡིད་བཞིན་གྱི་ནོར་བུ་ལ་ཡང་ཐིག་ལེ་འོད་ལྔས་བསྐོར་བ་ལ་

ཤེས་པ་གཏད་དོ༔ ཡང་རང་གི་སྙིང་པདྨ་དཀར་པོ་འདབ་མ་བརྒྱད་པའི་ལྟེ་བ་ལ་ཐིག་ལེ་མཐིང་ཀ་ཡེ་ཤེས་ཀྱི་འོད་ལྔས་བསྐོར་བ་ལ་དམིགས་པ་གཏད༔ སྙིང་མཆོང་གུར་སྨུག་པོའི་ དབུས་སུ་ཉི་ཟླ་པདྨའི་གདན་ལ་སངས་རྒྱས་སྣང་བ་མཐའ་ཡས་སྐུ་མདོག་དམར་པོ་ཞལ་གཅིག་ཕྱག་གཉིས་པ༔ ཕྱག་གཉིས་མཉམ་བཞག་སྟེང་དུ་ལྷུང་བཟེད་བསྣམས་པ༔ སྐུ་ཕྱི་ནང་ཟང་ཐལ་གྱི་འོད་ཀྱི་ཕུང་པོ་ཆེན་པོ་ལམ་མེ་འབར་བ་ལ་ཤེས་པ་གཏད་དོ༔ ༔དེ་ལྟར་སྤྱན་དང་འོད་རྗེ་རེས་བྱེད་ཅིང་བསྒོམ༔ བླ་མ་ལས་ཀྱང་མིག་སྐོར་རྣམས་དུས་ གཅིག་ལ་མི་བསྟན་ཅིང་སློབ་བུའི་ཉམས་རྟགས་ཐོན་ནས་སྣ་རེ་སྣ་རེ་བསྣན་པ་ནི་མན་ངག་གོ༔ ༔ཤོག་དྲིལ་གསུམ་པོ་འདི་ནི་འགྲོ་དོན་ནུས་པའི་བླ་མ་སློབ་བུ་མ་གཏོགས་ཁྲིད་

ཕྲག་དྲུག་གཞན་རྣམས་ལ་ཤིན་ཏུ་གསང་༔ ཤོག་དྲིལ་གསུམ་པོ་འདི་ནི་རྫོགས་པ་ཆེན་པོའི་འབུམ་ཕྲག་དྲུག་ཅུ་རྩ་བཞིའི་ཡང་སྙིང་གསེར་ཞུན་མ་ལྟ་བུ་སྲོག་ཐིག་དངས་མ་
[ 45 ]
༄༅༔ ༔ཡིན་པས་ཤིན་ཏུ་གསང་བ་སྤྱོད་ན༔ འདི་ནི་བཀའ་རྒྱ་ཤིན་ཏུ་དམ་པ་གལ་ཆེའོ༔ དཔལ་སྔགས་ཀྱི་སྲུངས་མ་ཨེ་ཀ་ཛ་ཏི་ལ་གཏད་དོ༔ ཐུབ་པར་

སྲུངས་ཤིག་ས་མ་ཡཱ༔ རྒྱ་རྒྱ་རྒྱ༔ སྐུ་རྒྱ༔ གསུང་རྒྱ༔ ཐུགས་རྒྱ༔ ཟབ་རྒྱ༔ གསང་རྒྱ༔ སྦས་རྒྱ༔ བཀའ་རྒྱ༔ དམ་རྒྱ༔ གཏད་རྒྱ༔ རྒྱ་དགུ་བཏབ་པོ་ས་མ་ ཡཱ༔ རྒྱ་རྒྱ་རྒྱ༔ ཁྠཾ༔ ཞག་བདུན་གྱིས་སངས་རྒྱས་འགྲུབ་པའི་ཟབ་ཆོས་འདི་ལ་བསྙེན་རྒྱུད་ཞལ་གྱི་ཤོག་དྲིལ་གཅིག་གི་ཆོག་མོད་ཀྱང་༔ མི་འདྲ་བའི་ཆ་གསུམ་བྱུང་བ་འདི༔ གང་ཟག་དང་རྟུལ་འགའ་ཞིག་ལ་རྟགས་མ་ཤར་ན་སྤོ་ཆོག་དང་བོག་འདོན་གྱི་ཆེད་དུ་ཡང་ཡིན༔ ཕལ་ཆེ་བ་ནི་འདི་ལྟ་བུའི་ཆོས་ཟབ་མོ་དམ་མེད་སྣོད་མིན་ལྡན་པ་ལ་ཤོར་ན་མི་ རུངས་པས༔ མན་ངག་གབ་དཀྲུག་ཏུ་མཛད་པ་ཡིན་པས༔ བླ་མ་ལ་མ་བརྟེན་པར་བསྙེན་རྒྱུད་ཀྱི་ཤོག་དྲིལ་ངོས་ནས་དོན་སྟོན་པ་མེད་དོ༔ ཁྲིད་ཀྱི་སྐབས་སུ་སྔགས་བསྲུངས་

མ་ལ་གཏོར་ཚོགས་བཏང་ངོ་༔ ཞེས་དུང་མཚོ་རས་པས་གསུངས་སོ༔ ཨྠྀི༔ དགེའོ༔ ༔ ༔ ༔
[ 46 ]
 
[ 47 ]
༄༅༅། །ཡང་ཏིའི་སྙན་རྒྱུད་ཡི་གེ་མེད་པའོ། །སཱ་མཱ་ཡཱ་གྷུ་ཧྱ།། །།
[ 48 ]
༄༅༅། །གཅིག་པ། རང་གི་དཔྲལ་བར་ཡེ་ཤེས་ཀྱི་སྤྱན་ཁྲ་སྒར་རེ་བ་ཕྱི་ནང་མེད་པར་ཟང་ཐལ་ལེ་བ་ཡོད་པ་ཞིག་སྒོམ། གཉིས་

པ༑ ལྟག་པའི་བདུད་སྒོར་ཡེ་ཤེས་ཀྱི་སྤྱན་གཅིག་ཚུར་ནང་དུ་གཟིགས་པར་སྒོམ། གསུམ་པ། རྣ་ལྟག་གཡས་ངོས་ནས་ཡེ་ཤེས་ཀྱི་ སྤྱན་གཅིག་ཚུར་ནང་དུ་གཟིགས་པར་སྒོམ། བཞི་པ། རྣ་ལྟག་གཡོན་ངོས་ནས་ཡེ་ཤེས་ཀྱི་སྤྱན་གཅིག་ཚུར་ནང་དུ་གཟིགས་པར་སྒོམ། ལྔ་

པ༑ དུང་ཁང་སྤྱི་བོའི་གཙུག་ཏུ་ཡེ་ཤེས་ཀྱི་སྤྱན་གཅིག་མར་ལ་གཟིགས་པར་བསྒོམ། དྲུག་པ། རང་གི་ཙིཏྟའི་རྩེ་མོ་ནས་པདྨ་དཀར་པོ་
[ 49 ]
༄༅༅། །འདབ་མ་བརྒྱད་པ་ཁ་གྱེས་པའི་སྟེང་དུ་ཡེ་ཤེས་ཀྱི་སྤྱན་གཅིག་ཟང་ཐལ་ལེ་བ་གཅིག་ཡར་སྤྱི་གཙུག་གི་སྤྱན་ལ་གཟིགས་

པར་བསྒོམ། སྤྱི་བོའི་སྤྱན་གྱི་མར་ཙིཏྟའི་སྤྱན་ལ་གཟིགས་པར་བསྒོམ། བདུན་པ། རང་གི་སྙིང་མཆོང་གུར་སྨུག་པོའི་དབུས་པདྨའི་ གདན་ལ། སངས་རྒྱས་འོད་དཔག་མེད་སྐུ་མདོག་པདྨ་ར་གའི་མདོག་ལྟ་བུ་ཆོས་གོས་དང་ཤམས་ཐབས་གསོལ། སྤྱན་ཁྲ་ཧྲིག་གེ་ཞལ་

འཛུམ་མུ་ལེ་ཙིཏྟའི་དབུས་ནས་རྩ་དབུ་མའི་རྒྱུད་ལ་ཡར་སྤྱི་བོའི་སྤྱན་ལ་གཟིགས་པར་བསྒོམ། སྤོབ་པ་ཁྲོལ་མང་ལྟ་བུ་ནི། རང་གི་ལུས་
[ 50 ]
མགོ་མཇུག་མེད་པར་སྤྱན་གྱི་གང་ནས་བར་མཚམས་མེད་པར་ཁྲ་ཧྲིག་ཧྲིག་ཁྲ་ཟིམ་ཟིམ་པར་སྒོམ། ཡེ་ཤེས་མིག་གཅིག་དྲི་མ་མེད། ཡིད་རྣམ་པར་མི་རྟོག་པའི་མདུན་

གྱི་རང་གི་སྣ་རྩེའི་ཐད། སོར་ཉི་ཤུ་ཙམ་དུ་གཏད་ནས། མ་ཡེངས་པར་བཞག་གོ །དེ་སེམས་ཟིམ་པ་དང་རྟགས་རྣམས་འཆར་ཞིང་ཉམས་སྣང་འབྱུང་སྟེ། རྒྱུད་ལས། ནམ་མཁའ་ལས་བྱུང་རང་བྱུང་བ། །ཤེས་རབ་ཡེ་ཤེས་མེ་འོ་ཆེ། །འོད་ཆེན་རྣམ་པར་སྣང་བར་བྱེད། །ཡེ་ཤེས་སྣང་བ་ལམ་མེ་བ། །འགྲོ་བའི་མར་མེ་ཡེ་ཤེས་སྒྲོན། །གཟི་ བརྗིད་ཆེན་པོ་འོད་གསལ་བ། །སྔགས་མཆོག་མངའ་བདག་རིགས་སྔགས་རྒྱལ། །གསང་སྔགས་རྒྱལ་པོ་དོན་ཆེན་བྱེད། །ཅེས་གསུངས་པས། དེ་ཡང་ཀུན་བཟང་ཉིད་ ཀྱི་བཀའ་སྩལ་པ། འདི་སྒྲུབ་པའི་དམིགས་པ་ནི། དང་པོ་གནས་ལུགས་སྟོང་དུ་སྤྱིར་བཞག་ཅིང་གཉུག་བསྲིང་། རང་གི་ཀླད་པ་དུང་ཁང་གི་གཞལ་ཡས་ཁང་འདི་ཕྱི་

བལྟས་ན་ནང་གསལ་བ། ནང་བལྟས་ན་ཕྱི་གསལ་བ། སྣང་ལ་རང་བཞིན་མ་གྲུབ་པ་འོད་ལྔའི་ཁང་པ་གཅིག་པའི་པྲལ་བར་ཁྲོ་བོའི་སྤྱན་ཟླུམ་མཐིང་ག་ཡེ་ཤེས་ཀྱི་
[ 51 ]
༄༅། །འོད་ལྔའི་བསྐོར་བ་ཞིག་དུང་ཁང་ནང་དུ་ཧྲིག་གེ་གཟིགས་པ་ཞིག་ཏུ་སྒོམ། གཉིས་པ། རང་གི་མིག་གཉིས་དེ་ཁྲོ་བོའི་སྤྱན་ཟླུམ་དཀྱིལ་ལེ་བ་ཞིག་ཏུ་

བསམ༑ དེའི་ཐད་ཀ་ལྟག་པའི་བདུད་སྒོ་གཡས་གཡོན་གཉིས་སུ་རྒྱ་སྐར་ཁ་ཕྱེས་པ་ལྟ་བུའི་བུག་པ་ཟང་ཐལ་དུ་ཡོད་པར་བསམ། གསུམ་པ། དཔྲལ་བའི་སྤྱན་གྱི་ཐད་ སོར་བུག་པ་ཟང་ཐལ་ཞིག་བསམ། བཞི་པ། རང་གི་སྤྱན་གསུམ་དཔྲལ་བའི་སྤྱན་གསུམ་ཕྱིར་བཟློག་ནས་ནང་དུ་གཟིགས། ལྟག་པའི་བུག་པ་གསུམ་ཡང་ཚུར་དུང་ཁང་ ནང་དུ་གཟིགས་པར། ཕན་ཚུན་དྲུག་པོ་གཅིག་ལ་གཅིག་འབྲེལ་དུ་འཕྲད་པར་བསམ། སྐབས་སུ་དུང་ཁང་གི་དབུས་སུ་ཁྲུག་ཁྲུག་པས་ཐམས་ཅད་ཀྱང་འཇའ་དང་འོད་དང་ སྐུ་ཐམས་ཅད་ཀྱི་ཞིང་ཁམས་རང་གི་ལུས་ཐམས་ཅད་མེར་རེ་རེ་གང་བར་བསམ། ལྔ་པ། རང་གི་སྙིང་མཆོང་གུར་སྨུག་པོ་ཤེལ་གྱི་ཁ་བད་ཅན་སྒོ་ཕྱེས་པ་ལྟ་བུའི་དཀྱིལ་དུ་

སྤྱན་གཅིག་ཡར་གཟིགས་པར་སྒོམ། དེ་ཡང་དཔྲལ་བ་དང་ལྟག་ཁུང་གི་སྤྱན་གསུམ་གསུམ་དྲུག་པོ། མར་བཟློག་ནས་ཙིཏྟའི་སྤྱན་ལ་གཟིགས་པར་སྒོམ། སྙིང་དབུས་ཀྱི་
[ 52 ]
སྤྱན་ཀྱང་དུང་ཁང་དུ་དྲུག་པོ་ལ་ཡར་བལྟའོ། །དྲུག་པ། རང་གི་ཐོད་པ་དེ་དུང་གི་གཞོང་པ་ཁ་སྦུབ་པ་ལྟ་བུའི་དཀྱིལ་དུ་ཡེ་ཤེས་ཀྱི་སྤྱན་དཀར་པོ་གཟི་བརྗིད་དང་ལྡན་པ་མར་གཟིགས།

ཙིཏྟའི་སྤྱན་ཡར་གཟིགས་པར་བསམ། སྐབས་སུ་སྟེང་འོག་གི་དམིགས་པ་རྣམས་རྗེ་རེས་བྱའོ། །བདུན་པ། དམིགས་མེད་ངང་ལ་བཞག་གོ །དེ་ཡང་ནམ་གནས་ཀྱི་ཚེ་ བཅོས་བསླད་མེད་པར་གཡེངས་པ་སྐད་ཅིག་ཀྱང་མེད་པར་ཀ་དག་ཆེན་པོའི་ངང་ལ་བཞག་གོ །ལྷ་གནས་རྒྱ་མཚོ་དུང་ཁང་ནས་དཀྱིལ་ཡར་ཐད་དུ་དམིགས་པ་གཏད། ཀླད་པ་ དུང་ཁང་འཁོར་ལོའི་དབུས་སུ་ཐིག་ལེ་དཀར་པོས་བསྐོར་བ་ཡེ་ཤེས་ཀྱི་འོད་འཚེར་བ་དེ་ལ་དམིགས་པ་གཏད་དོ། །རི་རྟེན་ཅིང་རྒྱ་མཚོ་བཟློག་པར་བྱའོ། །སྙིང་མཆོང་གུར་སྨུག་ པོ་དར་དམར་གུར་ཕུབ་པ་ལྟ་བུའི་དབུས་སུ་ཐིག་ལེ་མཐིང་ག་ཡེ་ཤེས་ཀྱི་འོད་ལྔའི་འོད་ཀྱི་དྲ་བས་བསྐོར་བ་ཞིག་བསམ། དུང་ཁང་འཁོར་ལོའི་ཐིག་ལེ་བལྟ་ཞིང་ཐིག་ལེ་དཀར་

དམར་འོད་ལྔའི་བསྐོར་བའི་དབུས་དམིགས་པ་གཏད་དོ། །རྒྱ་མཚོ་འདྲ་༝ དཔྲལ་བའི་མཛོད་སྤུའི་ཐིག་ལེ་མཐིང་ག་འོད་ལྔའི་བསྐོར་བ་ཞིག་བསམ། ལྟག་པའི་བདུད་སྒོ་
[ 53 ]
༄༅། །སྒོ་ལ་ཐིག་ལེ་འོད་ལྔའི་བསྐོར་བ་གསུམ་ལ་དམིགས་པ་གཏད་དོ། །ཡིད་བཞིན་ནོར་བུ་ལས། ཐིག་ལེ་འོད་ལྔའི་བསྐོར་བ་ལ་རིག་པ་མ་ཡེངས་པར་གཏད་

དོ༑ །དམིགས་པ་ཟབ་མོ་འདི་ཡང་གལ་ཆེའོ། །ཞེས་དང་། ཡང་ཏིའི་རྒྱུད་ལས། དམིགས་པ་དག་ལ་བརྟེན་ནས་ནི། །དམིགས་པ་མེད་པར་རང་སར་གྲོལ། །ཞེས་གསུངས། རབ་ཚེ་འདིར་གྲོལ། འབྲིང་བར་དོར་ལོངས་སྤྱོད་རྫོགས་སྐུར་གྲོལ། ཐ་མ་ཡང་ཕྱི་མ་འཇའ་ལུས་སྤྲུལ་སྐུ་ཐོབ། ཅེས་གསུངས། {ཡང་ཏིའི་སྙན་རྒྱུད་ཡི་གེ་མེད་པ་འདི། བླ་མའི་ཐུགས་སུ་ གབ༑ བུདྡྷ་དྷྭ་ཛས་ཡི་གེར་བཀོད། བླ་མ་ཡི་དམ་ཆོས་སྐྱོང་རྣམས་ལ་བཟོད་པར་གསོལ། བདུད་མགོན་སྤུ་གྲིའི་བཀའ་འདི་བསྲུངས་། བུདྡྷ་དྷྭ་ཛ་སངྒྷཱ་རཏྣ་ལ། དེས་སངྒྷཱ་དྷྭ་ཛ། དེས་རྩང་པ་ཕན་ཚུན་བཟང་པོའོ། །

ཨྠྀི། །མངྒ་ལམ།། །།}
[ 54 ]
 
[ 55 ]
ཏ༽ ༄༅༔ ༔རྫོགས་པ་ཆེན་པོ་ཡང་ཏིག་ནག་པོ་གསེར་གྱི་འབྲུ་གཅིག་པའི་སྔོན་འགྲོའི་ཁྲིད་ཀྱི་རིམ་པ་བཞུགས་སོ༔ ༔
[ 56 ]
༄༅༔ ༔རྫོགས་ཆེན་སྙན་རྒྱུད་སྟོན་པར་བྱེད་པ་ལ༔ སྔོན་འགྲོ་དངོས་གཞི་རྗེས་གསུམ་ལས༔ དང་པོ་ལ་གཉིས༔

ཐུན་མོང་དང་ཐུན་མོང་མ་ཡིན་པའོ༔ དང་པོ་ནི་སྐྱབས་འགྲོ་སེམས་བསྐྱེད་ཡིག་བརྒྱ་མཎྜལ་བླ་མའི་རྣལ་འབྱོར་རྣམས་གཞན་དང་ མཚུངས༔ ཁྱད་པར་གྱི་སྔོན་འགྲོ་ཐུན་མོང་མ་ཡིན་པ་ལ་གསུམ་སྟེ༔ ལུས་སྦྱང་བ༔ ངག་སྦྱང་བ༔ སེམས་སྦྱང་བའོ༔

དེ་ཡང་ཆོས་འདི་ནི་ཤིན་ཏུ་ཟབ་ཅིང་གཉན་པས་ཁྲིད་དྲལ་དེར་འཚོགས་པའི་ཁྲིད་ཕྲུག་མ་གཏོགས་གཞན་ལ་ཟུར་ཙམ་ཡང་མི་བསྟན་
[ 57 ]
༄༅༔ ༔ཞིང་གསང་བ་ནི་བཀའ་རྒྱ་དམ་པའོ༔ ཁྲིད་ཕྲུག་དེ་རྣམས་ཀྱང་དབང་གིས་སྨིན་པར་བྱས་ལ་དང་པོ་ལུས་སྦྱང་

བ་ནི༔ དབེན་པའི་གནས་སུ་སྟན་བདེ་བ་ལ་འདུག་ལ༔ རྐང་མཐིལ་གཉིས་སྤྲད༔ ལག་པ་སྤྱི་བོར་ཐལ་མོ་སྦྱར་ལ་རང་གིས་ ལུས་འདི་རྡོ་རྗེ་དཀར་པོ་རྩེ་གསུམ་པ་ཡེ་ཤེས་ཀྱི་མེ་རབ་ཏུ་འབར་བ༔ མེ་ལྕེའི་རྩེ་མོ་ལས་རྡོ་རྗེ་དཀར་པོ་ནས་འབྲས་ཙམ་ཕྱོགས་བཅུར་

འཕྲོས་པས་བར་དུ་གཅོད་པའི་བགེགས་ཐམས་ཅད་ཚར་བཅད༔ རྡོ་རྗེ་དེ་དག་སླར་འདུས་རང་ལུས་རྡོ་རྗེ་ལ་ཐིམ་པར་བསྒོམས༔ དེ་
[ 58 ]
ལ་མ་ཡེངས་པར་རྩེ་གཅིག་དྲིལ་ལ་ཐུན་གཅིག་བསྒོམས༔ དེ་བཞིན་དུ་རྡོ་རྗེ་སྔོན་པོ་སེར་པོ་དམར་པོ་ལྗང་ཁུ་མཐིང་ཀ་རྣམས་ལ་ཡང་གོང་ལྟར་ཐུན་རེ་བསྒོམས་ཤིང་འོད་

ཟེར་སྤྲོ་བསྡུ་ཤེས་པར་བྱས་ལ་ཞག་གསུམ་གཟིར་དུ་བཅུག༔ དེ་ནི་ལུས་ཀྱི་སྒྲིབ་སྦྱོང་ཐུན་མོང་མ་ཡིན་པའོ༔ ༔གཉིས་པ་ངག་སྦྱང་བ་ལ༔ རྒྱས་གདབ་པ་དང་༔ རྩལ་སྦྱང་བ༔ གཉན་བརྩལ་བ༔ ལམ་དུ་ཞུགས་པ་བཞི་ཡོད་པ་ལས༔ ཞག་རེ་རེ་བྱ་སྟེ༔ ཐོག་མར་རྒྱས་གདབ་པ་ནི༔ ངག་ཏུ་ཧཱུཾ་རིང་པོ་བརྗོད་པས་རང་ གི་སྣ་བུག་གཡས་ནས་ཧཱུཾ་མཐིང་ནག་ཡེ་ཤེས་ཀྱི་མེ་འབར་བ་གཅིག་འཕྲོས་གཉིས་འཕྲོས་གྲངས་མེད་འཕྲོས་པས་རང་གི་ཁང་ཁྱིམ་ཐམས་ཅད་གང་༔ དེར་མ་ཤོང་ཡུལ་ ཁམས་ཐམས་ཅད་གང་༔ དེ་བཞིན་དུ་ཕྱོགས་བཅུ་ནམ་མཁའི་ཁམས་ཐམས་ཅད་གང་༔ ནམ་མཁས་གར་ཁྱབ་ཧཱུྃ་གིས་མེ་རེ་རེ་གང་བར་བསམས་ཤིང་༔ ཧཱུཾ་

རིང་པོ་ན་ར་ར་ཅི་ནུས་བསྒྲང་སྟེ་དེ་ནི་ཕྱི་སྣང་བ་ལ་རྒྱས་གདབ་པའོ༔ ༔ལྟེ་བ་ མགྲིན་པ་ གསང་གནས་ རྐང་མཐིལ་ སྤྱི་གཙུག་མན་ཆད་རྩ་ཆེན་རྩ་ཆུང་བ་
[ 59 ]
༄༅༔ ༔སྤུའི་རྩེ་མོ་ཚུན་ཆད་ཧཱུྃ་གིས་མེ་རེ་རེ་གང་བར་བསམས་ཤིང་ཧཱུྃ་ཐུང་ངུ་འབུད་ཅིང་འདོན་ནོ༔ དེ་ནི་ནང་ཕུང་པོ་ལ་རྒྱས་གདབ་པའོ༔ དེ་ལྟར་ཕྱི་སྣང་

བ་ལ་རྒྱས་ཐེབ་པས་སྣང་སྲིད་ཐམས་ཅད་ཆོས་སྐུར་འཆར་བའི་དགོས་པ་ཡོད་དོ༔ ༔ནང་ཕུང་པོ་ལ་རྒྱས་ཐེབས་པས་ཕུང་ཁམས་སྐྱེ་མཆེད་ཐམས་ཅད་སྐུ་དང་ཐིག་ལེའི་ རང་བཞིན་དུ་འཆར་བའི་དགོས་པ་ཡོད་དོ༔ ༔གཉིས་པ་རྩལ་སྦྱང་བ་ནི༔ ངག་ཏུ་ཧཱུཾ་དྲག་པོ་བརྗོད་པས་རང་གི་སྣ་བུག་གཡོན་ནས་ཧཱུཾ་ནག་པོ་ཡེ་ཤེས་ཀྱི་མེ་འབར་བ་ཅིག་ མདའ་འཕངས་པ་ལྟར་འུར་སྒྲ་དང་བཅས་ཏལ་གྱི་སོང་བས་རང་གི་ཉེ་སྐོར་དུ་ཡོད་པའི་ཤིང་དང་རྡོ་དང་༔ བྲག་ལ་སོགས་པ་དངོས་པོ་སྲ་ཤིང་འཐས་པ་ཐམས་ཅད་ལ་ཟང་ ཐལ་འཇུར་བར་བསམ༔ དེ་བཞིན་དུ་ས་རྡོ་རི་བྲག་རྩི་ཤིང་ནས་དངོས་པོར་གྱུར་ཚད་ཐམས་ཅད་ལ་ཕར་ཐལ་ཕུག་ནས་སང་སེང་ཁྲལ་ཁྲོལ་དུ་བཏང་ནས་མཐར་ལྷག་མ་

མ་ལུས་པར་བསམ༔ ཡང་རང་གི་ལུས་ཐམས་ཅད་ཀྱང་ཧཱུཾ་དེས་ཕར་ཐལ་ཚུར་ཐལ་ཕུག་ནས་དྲ་བ་ལྟར་གྱུར་པར་བསམ༔ དེ་ལྟར་ཕྱི་སྣང་བ་ལ་རྩལ་སྦྱངས་པས་
[ 60 ]
དངོས་པོ་ལ་ཞེན་པ་ལོག་ཅིང་སྣང་བ་བདེན་མེད་དུ་འགྲོ་བའི་དགོས་པ་ཡོད་དོ༔ ༔ནང་ཕུང་པོ་ལ་རྩལ་སྦྱངས་པས་ཕུང་པོ་ཅེས་འཛིན་ཐོང་ནས་ཕུང་པོ་སྒྱུ་མར་གྲོལ་བའི་

དགོས་པ་ཡོད་དོ༔ ༔གསུམ་པ་གཉན་བརྩལ་བ་ནི༔ ངག་ཏུ་ཧཱུྃ་བརྗོད་པས་རང་ཉིད་ཧཱུཾ་མཐིང་ནག་གཅིག་ཏུ་བསམ༔ རང་གི་མདུན་དུ་ཧཱུཾ་དམར་པོ་གཅིག་བསམ༔ ཧཱུཾ་མཐིང་ནག་དེ་ལས་ཧཱུཾ་ནག་པོའི་ཕྲེང་བ་འཕྲོས་པས་མདུན་གྱི་ཧཱུཾ་དམར་པོ་དེ་ལ་ཧྲི་ལི་ལི་འཁྲིལ་བར་བསམ༔ ཡང་ཕྱིར་གྲོལ་ནས་ཧཱུཾ་མཐིང་ཀ་དེ་ལ་ཧྲི་ལི་ལི་འཁྲིལ་ བར་བསམ༔ དེ་བཞིན་དུ་ཕར་དཀྲིས་ཚུར་དཀྲིས་ལན་མང་དུ་བྱ༔ མཐར་ཧཱུཾ་ནག་པོ་ལ་ཚུར་དཀྲིས་པས་རི་བོ་མཆོག་རབ་ཙམ་དུ་བསམ༔ ཡང་ཧཱུཾ་དམར་པོ་དེ་ལས་ ཧཱུྃ་གི་ཕྲེང་བ་འཕྲོས་ནས་ཧཱུཾ་ནག་པོ་ལ་གཡོན་དུ་དཀྲིས༔ ཡང་ཕྱིར་གྲོལ་ནས་ཧཱུཾ་དམར་པོ་ལ་དཀྲིས༔ དེ་བཞིན་དུ་ཕར་དཀྲིས་ཚུར་དཀྲིས་མང་དུ་བྱས་ནས་མཐར་ཧཱུཾ་

དམར་པོ་ལ་དཀྲིས་པས་རི་བོ་མཆོག་རབ་ཙམ་དུ་བསམ༔ དེ་ནས་ཧཱུཾ་ནག་པོས་དམར་པོ་ལ་གཡས་སྐོར་དུ་ཁྱིལ་ལི་ལི་བསྐོར་བར་བསམ༔ ཧཱུཾ་དམར་པོས་ནག་པོ་ལ་
[ 61 ]
༄༅༔ ༔ཁྱིལ་ལི་ལི་གཡོན་དུ་བསྐོར་བར་བསམ༔ དེ་ནས་ཧཱུཾ་གཉིས་ཁ་སྦྱོར་ནས་གཡས་སུ་ཁྱམ་ཁྱམ༔ གཡོན་དུ་ཁྱམ་ཁྱམ༔ མདུན་དུ་ཁྱམ་

ཁྱམ༔ རྒྱབ་ཏུ་ཁྱམ་ཁྱམ༔ འཁྲབ་པར་བསམ༔ མཐར་ཧཱུཾ་གཉིས་ཇེ་ཆུང་ཇེ་ཟླུམ་དུ་སོང་ནས་ཐིག་ལེ་དམར་ནག་ཡུངས་འབྲུ་ཙམ་གཉིས་ལ་ཡུན་རིང་དུ་ཤེས་པ་ གཏད༔ ཐིག་ལེ་གཉིས་ཀྱང་ཏུ་འགྲིལ་ནས་ནམ་མཁའི་དཀྱིལ་དུ་ཧྲིལ་ལི་ལི་འགྲིལ་བ་ལ་ཤེས་པ་གཏད་དོ༔ མཐར་ཐིག་ལེ་གཉིས་ཀྱང་ནམ་མཁའ་སྟོང་གསལ་དུ་ ཐིམ་པའི་ངང་ལ་ཤེས་པ་ལྷན་གྱིས་བཞག༔ དེ་ལྟར་གཉེན་བཙལ་བས་སེམས་གར་གཏད་དུ་ཟིན་ཅིང་བློ་ལས་སུ་རུང་བའི་དགོས་པ་ཡོད་དོ༔ ༔བཞི་པ་ལམ་དུ་ཞུགས་པ་ ནི༔ རང་ཉིད་ཧཱུཾ་དཀར་པོ་ཁྲུ་གང་པ་ཙམ་མདངས་འོད་ཟེར་དུ་འཕྲོ་བ་གཅིག་ཏུ་བསམ་ལ༔ ཧཱུཾ་དལ་གྱིས་བསྒྲང་པས་དང་པོ་ཧཱུཾ་དེ་ས་ལ་མ་རེག་ཙམ་གྱིས་ཏལ་ལ་ལ་སོང་

བས་རང་གར་འགྲོ་མྱོང་བའི་ལམ་ལ་ཞུགས་ནས་རྒྱ་དབུས་རིང་ཐུང་ལ་ཀླུང་ཆུ་གྲུ་གྲོང་ཡུལ་གར་སླེབ་ཐམས་ཅད་ཉུལ་བར་བསམ༔ དེས་སྔར་གྱི་བག་ཆགས་ཐམས་ཅད་
[ 62 ]
ཆོད་འགྲོ་བའི་དགོས་པ་ཡོད་དོ༔ ༔དེ་ནས་བར་དོའི་གནས་དང་དམྱལ་བ་ཡི་དྭགས་དུད་འགྲོ་མི་དང་ལྷ་མིན་དང་ལྷའི་གནས་ཐམས་ཅད་ཀྱང་ཐར་ཆགས་སུ་ཉུལ་བར་བསམ༔

དེས་བར་དོ་དང་རིགས་དྲུག་གི་ལམ་དུ་མི་འཇུག་པའི་དགོས་པ་ཡོད་དོ༔ ༔དེ་ལྟར་མ་དག་པའི་ལམ་ལ་ཞུགས་པའི་ཚེ་ཧཱུཾ་དེས་མཐོང་ཚད་ཀྱི་དངོས་པོ་ཐམས་ཅད་འོད་ ཕུང་དུ་ཡལ་བར་བསམ་པ་ནི་མན་ངག་གོ༔ ༔དེ་ནས་ཧཱུཾ་དེ་ནམ་མཁའ་ལ་རྒྱང་འཕུར་ནས་སངས་རྒྱས་ཀྱི་ཞིང་ཁམས་ཐམས་ཅད་ཉུལ་ཏེ༔ ཤར་ཕྱོགས་མངོན་པར་ དགའ་བའི་ཞིང་ཁམས་སུ་སངས་རྒྱས་མི་བསྐྱོད་པ་གཙོ་འཁོར་ཐམས་ཅད་ལ་ཕྱག་བཙལ༔ མཆོད་པ་འབུལ་ཆོས་ཞུས་གནང་བ་ཐོབ་ལུང་བསྟན་པར་བསམ༔ ལྷོ་ཕྱོགས་དཔལ་ལྡན་མཛེས་པའི་ཞིང་ཁམས་སུ་སངས་རྒྱས་རིན་ཆེན་འབྱུང་གནས་གཙོ་འཁོར་ཐམས་ཅད་ལ་ཕྱག་བཙལ༔ མཆོད་པ་འབུལ་ཆོས་ཞུས་གནང་བ་

ཐོབ་ལུང་བསྟན་པར་བསམ༔ ནུབ་ཕྱོགས་བདེ་བ་ཅན་གྱི་ཞིང་ཁམས་སུ་སངས་རྒྱས་སྣང་བ་མཐའ་ཡས་གཙོ་འཁོར་ཐམས་ཅད་ལ་ཕྱག་བཙལ༔ མཆོད་པ་འབུལ་
[ 63 ]
༄༅༔ ༔ཆོས་ཞུས་གནང་བ་ཐོབ་ལུང་བསྟན་པར་བསམ༔ བྱང་ཕྱོགས་ལས་རབ་གྲུབ་པའི་ཞིང་ཁམས་སུ་སངས་རྒྱས་དོན་ཡོད་གྲུབ་པ་གཙོ་འཁོར་

ཐམས་ཅད་ལ་ཕྱག་བཙལ༔ མཆོད་པ་འབུལ་ཆོས་ཞུས་གནང་བ་ཐོབ་ལུང་བསྟན་པར་བསམ༔ དབུས་ཕྱོགས་སྟུག་པོ་བཀོད་པའི་ཞིང་ཁམས་སུ་སངས་རྒྱས་རྣམ་ པར་སྣང་མཛད་གཙོ་འཁོར་ཐམས་ཅད་ལ་ཕྱག་བཙལ༔ མཆོད་པ་འབུལ་ཆོས་ཞུས་གནང་བ་ཐོབ་ལུང་བསྟན་པར་བསམ༔ སྟེང་འོག་མིན་ཆོས་དབྱིངས་ཕོ་བྲང་ དུ་ཆོས་སྐུ་ཀུན་ཏུ་བཟང་པོ་གཙོ་འཁོར་རྣམས་ལ་ཕྱག་བཙལ༔ མཆོད་པ་འབུལ་ཆོས་ཞུས་གནང་བ་ཐོབ་ལུང་བསྟན་ཐོབ་པར་བསམ༔ དེས་ཞིང་ཁམས་ཐམས་ ཅད་མངོན་དུ་གྱུར་པའི་དགོས་པ་ཡོད་དོ༔ ༔སྤྱི་དོན་གསུམ་པ་སེམས་སྦྱང་བ་ནི༔ ཐོག་མར་སེམས་ཚོལ་བྱས་ལ༔ སེམས་ཀྱི་བྱུང་གནས་འགྲོ་གསུམ་

རྩད་བཅད༔ མ་རྙེད་པའི་ཚེ་ན་ཞི་གནས་བཙལ་ཏེ༔ ལུས་རྣམ་སྣང་གི་ཆོས་བདུན་དང་ལྡན་པར་བྱས་ལ་ལུས་ངག་ཡིད་གསུམ་རྣལ་དུ་ཕབ་སྟེ༔ ལུས་
[ 64 ]
སོག་ཕོན་ཐག་པ་ཆད་པ་བཞིན་དུ་ལྷོད༔ ངག་པི་ཝང་རྒྱུན་ཐག་ཆད་པ་བཞིན་དུ་སྨྲ་བ་བཅད༔ སེམས་སྐྱེས་བུའི་སྙིང་བཏོན་པ་བཞིན་དུ་དྲན་མེད་དུ་བཞག༔ སྔ་

ཕྱི་བར་གསུམ་གྱི་རྟོག་པས་མ་བསླད་པ་བསམ་མེད་བསྒོམ་མེད་ཡེངས་མེད་དུ་ལྷན་ནེ་བཞག༔ དེས་ཞི་གནས་ཟིན་འོང་༔ མ་ཟིན་ན་ཤིང་བུའམ་རྡེའུ་ཕྲ་མོ་ལ་ཤེས་ པ་གཏད༔ རླུང་མིག་ཡིད་གསུམ་གཅིག་ཏུ་དྲིལ་ནས་གཟིར༔ སྐབས་སུ་ལྷོད་ཅིང་དམིགས་རྟེན་ཕྲལ༔ དེས་ཟིན་འོང་༔ དེས་སྔོན་འགྲོ་བསྟན་ཟིན་ནས༔ གཉིས་པ་དངོས་གཞི་ལྷག་མཐོང་བཙལ་བའི་ཕྱིར་མུན་ཁང་སྣང་བའི་སིང་ཁུང་ཅུང་ཟད་ཀྱང་མེད་པར་ཚུགས་ཤིང་ཡ་ཡོ་མེད་པར་ཆོས་བདུན་དང་ལྡན་པས་དབང་པོ་ མདུང་ཚུགས་སུ་དྲིལ་ཏེ༔ རྡོ་རྗེ་གཙུག་ཏོར་གྱི་ལྟ་སྟོངས་ཀྱིས་ཡིད་མིག་རླུང་གསུམ་གཅིག་ཏུ་དྲིལ་ནས་བསྒོམ་པས་སྣང་བ་ཐམས་ཅད་ཞིང་ཁམས་སུ་འཆར་ཏེ༔ དང་

པོ་ཡེ་ཤེས་མིག་གཅིག་གི་དུས་སུ་ས་རླུང་ཟིན་རྟགས་ལྔ༔ གཉིས་པ་གསུམ་རིགས་གཙང་མའི་དུས་སུ་ཆུ་རླུང་ཟིན་རྟགས་ལྔ༔ གསུམ་པ་སྙིང་ནང་རྟོག་པ་བློ་ལས་
[ 65 ]
༄༅༔ ༔འདས་པའི་དུས་སུ་མེ་རླུང་ཟིན་རྟགས་ལྔ༔ བཞི་པ་སྤོབས་པ་ཁྲོལ་མ་ལྟའི་དུས་སུ་རླུང་གི་རླུང་ཟིན་རྟགས་ལྔ༔ ལྔ་པ་སྤྱོད་བྱེད་ལོག་པའི་

དུས་སུ་ནམ་མཁའི་རླུང་ཟིན་རྟགས་ལྔ༔ དྲུག་པ་རྡོ་རྗེའི་ལམ་དུ་ཞུགས་པའི་དུས་སུ་ཡེ་ཤེས་ཀྱི་རླུང་ཟིན་རྟགས་ལྔ་འཆར་བས་འདི་རྣམས་རིམ་པ་ལྟར་ངོ་ཤེས་དགོས༔ དེ་ལ་འདུག་པ་ལུས་ཀྱི་གནད༔ བཅིངས་པ་རྩའི་གནད༔ བཟུང་བ་རླུང་གི་གནད༔ དམིགས་པ་ཏིང་ངེ་འཛིན་གྱི་གནད༔ བསྒོམ་ཉམས་དབྱིངས་རིག་བསྲེ་བའི་གནད༔ འབྲས་བུ་བློ་ཟད་ཆོས་ཟད་ཀྱི་གནད༔ འདི་རྣམས་མཐར་ཕྱིན་པ་གལ་ཆེའོ༔ དེ་ལྟར་བདུན་ནམ་ཉེར་གཅིག་གིས་རྟགས་རྣམས་རྫོགས་པར་འོང་༔ དེས་ཀྱང་མ་བྱུང་ན་ ཕུབ་འདྲ་ཆ་ལང་བརྡབ་པའི་ཚུལ༔ སྣང་བ་ཐམས་ཅད་ཞིང་ཁམས་སུ༔ འབྱུང་འགྱུར་འདི་ལ་ཐེ་ཚོམ་མེད༔ ཅེས་གསུངས་སོ༔ སྤྱི་དོན་གསུམ་པ་རྗེས་ཀྱི་བྱ་བ་

གེགས་སེལ་ངོ་སྤྲོད་ཀྱི་གདམས་པ་རྣམས་གཞན་དུ་གསལ་ལོ༔ རྫོགས་ཆེན་སྙན་རྒྱུད་ཀྱི་སྔོན་འགྲོ་རྫོགས་སོ༔ ས་མ་ཡཱ༔ ༔ ༔
[ 66 ]
 
[ 67 ]
༄༅། །བཤད་ཐབས་འབྱེད་པའི་ལྡེ་མིག་བཞུགས་སོ།། །།
[ 68 ]
༄༅། །ངེས་དོན་སློབ་མའི་ལྐོགས་ཆོས་ཀྱི་བཤད་ཐབས་འདི་ལ། དེ་ཡང་འཕགས་ཡུལ་གྱི་སློབ་དཔོན་ཟླ་བ་གྲགས་པས།

ཚོགས་པ་དང་། སློབ་མ་ལ་མཐའ་དྲུག་ཚུལ་བཞིའི་བཤད་ཐབས་སྤྱིར་བཏང་དེ་ལ། དམིགས་བསལ་རང་ལུགས་དང་སྦྱར་མ་ཤེས་ནས། ཆོས་དང་གང་ཟག་ཡ་བྲལ་དུ་འགྲོ་བས། དང་པོ་ཚོགས་པ་ལ་བཤད་པའི་ཆོས་ལ། སྒྲ་ཅི་བཞིན་པ་ནི། སྲོག་གཅོད་ལ་སོགས་རྩ་བ་

བཞི་སྤང་བར་བཤད་པའོ། །དགོངས་པ་ཅན་ནི། ཆོས་པ་ནི། གང་དག་སངས་རྒྱས་ཀྱི་མཚན་ཐོས་པའི་ཕན་ཡོན་དང་། ཚུལ་ཁྲིམས་
[ 69 ]
༄༅། །ཁོ་ན་བསྔགས་པ་དང་། སྦྱིན་པ་ཁོ་ནའི་བསྔགས་པ་བརྗོད་པའོ། །དྲང་དོན་ནི། ལས་རྒྱུ་འབྲས་འཁོར་བའི་ཉེས་

དམིགས་རྣམས་བཤད་པའོ། །ཡི་གེའི་ཚུལ་ནི། ཨེ་ཝཾ་མ་ཡ་བཞིས་ཞི་རྒྱས་དབང་དྲག་བཞིའི་དོན་སྟོན་པ་སྟེ། ཨེའི་ཚོགས་ཀྱི་དཀྱིལ་ འཁོར་དུ། །ཅེས་པ་ལྟ་བུའོ། །སྤྱིའི་ཚུལ་ནི། ཕར་ཕྱིན་གྱི་ས་ལམ་བྱང་ཆུབ་ཕྱོགས་ཆོས་རྣམས། གསང་སྔགས་ཀྱི་དཀྱིལ་འཁོར་དང་

ལྷའི་རྣམ་དག་གི་བརྗོད་བྱར་བཤད་པ་རྣམས་སོ། །སློབ་མ་ལ་བཤད་པའི་ཆོས་ལ། སྒྲ་ཇི་བཞིན་མ་ཡིན་པ་ནི། ཤིན་ཏུ་གོ་དཀའ་
[ 70 ]
ཞིང་ཚིགས་བརླིང་བ་སྟེ། ཚོགས་བསྐང་གི་སྐབས་སུ་སྦྱོར་སྒྲོལ་བཤད་པ། ནང་དོན་ཟབ་མོ་ལ་དགོངས་པ་ལྟ་བུའོ། །ངེས་དོན་ནི། བདེ་གཤེགས་སྙིང་པོས་འགྲོ་

ཀུན་ཡོངས་ལ་ཁྱབ། །ཅེས་པ་ལྟ་བུའོ། །དགོངས་པ་ཅན་མ་ཡིན་པ་ནི། སློབ་དཔོན་གྱིས་སློབ་མ་ལ་ཆོས་ཀྱི་ཚིགས་དོན་གོ་ངེས་པར་ངོ་སྤྲད་ཅིང་། ཚིགས་དོན་ མཐའ་དག་དུས་གཅིག་ལ་མ་རྫོགས་པར། ད་དུང་དགོངས་གཞི་ལ་ལུས་པའི་ཚུལ་དུ། དལ་བུས་སྦྲུལ་མཇུག་ལྟར་ཉམས་འོག་ཏུ་ཆུད་ངེས་པར་བཤད་པའོ། །སྦས་ པའི་ཚུལ་ནི། གང་མའི་ཡུལ་དུ་གྱུར་ལ། འོག་མའི་ཡུལ་དུ་མ་གྱུར་པ། རྫོགས་པ་ཆེན་པོའི་སྒྲོན་མ་དྲུག་དང་སྣང་བ་བཞིའི་བཤད་པའོ། །མཐར་ཐུག་པའི་ ཚུལ་ནི། དེ་ལས་གོང་དུ་བོགས་སྐྱེད་འདོན་རྒྱུ་མེད་པ། རིག་པ་ཡེ་ཤེས་རང་ངོ་སྤྲོད་པའོ། །རྫོགས་པ་ཆེན་པོ་ལ་བཟླ་བའི་སྐབས་སུ། རིན་ཆེན་སྤུངས་པའི་

རྒྱུད༑ རྡོ་རྗེའི་གད་མོ་བཅུ་གསུམ་དང་། ངོ་མཚར་གྱི་གཏམ་ཚིག་ཆེན་པོ་བརྒྱད་རྣམས། བློ་རབ་རྣམས་ལ་སྒྲ་ཇི་བཞིན་པར་བཤད་པར་བྱ་སྟེ། རིག་པའི་
[ 71 ]
༄༅། །གཤིས་ཁོ་ནར་ངེས་པའི་ཕྱིར་རོ། །བློ་དམན་རྣམས་ལ་བདེན་པ་ཇི་སུ་ཕྱེས་ནས་བཤད་པས་སླར་རྟོགས་པར་བྱེད་ཀྱི། ཐད་དྲང་དུ་བཤད་ན་སྔངས་

པར་འགྱུར། །ཅེས་ཀློང་ཆེན་རབ་འབྱམས་ཀྱི་གསུངས་སོ།། །།ཨོཾ་ཡེ་དྷརྨཱ་ཧེ་ཏུ་པྲ་བྷ་ཝ་ཧེ་ཏུནྟེ་ཥཱནྟ་ཐཱ་ག་ཏོ་ཧྱ་ཝཱ་དཏ། ཏེ་ཥཱཉྩ་ཡོ་ནི་རོ་དྷ་ཨེ་ཝཾ་ཝ་དཱི། མ་ཧཱ་ཤྲ་མ་

ཎ་ཡེ་སྭཱ་ཧཱ།། །།
[ 72 ]
 
[ 73 ]
༄༅། །རྫོགས་པ་ཆེན་པོ་ཡང་ཏིག་ནག་པོའི་ཁྲིད་ཀྱི་ཁྲེག་ཆོད་ཀྱི་མན་ངག་ཤོག་དྲིལ་བཞུགས་སོ།། །།
[ 74 ]
༄༅། །དཔལ་ཀུན་ཏུ་བཟང་པོ་ལ་ཕྱག་འཚལ་ལོ། །ཁྲེག་ཆོད་ཀྱི་ཉམས་ལེན་སྐབས་སུ། སེམས་རིག་དབྱེ་བ་གལ་

ཆེ་སྟེ། ཀློང་གསལ་ལས། ཀྱེ་སེམས་དཔའ་ཆེན་པོ། སེམས་དང་ཡེ་ཤེས་རང་གི་ངོ་བོ་མ་ཕྱེད་ན། ཉི་མ་སྤྲིན་དཔུང་གིས་ བསྒྲིབ་པ་དང་འདྲ་སྟེ་ཕྱིར་སྣང་བའི་དོན་བྱེད་མི་ནུས་སོ། །དེའི་ཕྱིར་སེམས་ལ་མཁས་པའི་རྣལ་འབྱོར་པ་རྣམས་ཀྱི་ཕ་རོལ་གྱི་ཡུལ་

ལ་བདག་མེད་དུ་རྟོགས་སོ། །ཡེ་ཤེས་ལ་མཁས་པའི་རྣལ་འབྱོར་པ་རྣམས་ཀྱིས་རིག་པ་ཉིད་ཀྱི་ཡེ་ཤེས་ལ་དབང་བསྒྱུར་བའོ། །ཞེས་
[ 75 ]
༄༅། །གསུངས་པས། སྤྱིར་གསར་རྙིང་གི་ལྟ་བའི་ཁྱད་པར་ནི། རྣམ་རྟོག་ཆོས་སྐུར་འདོད་པ་གསར་མ། རྟོག་པ་

ཆོས་སྐུར་འདོད་པ་རྙིང་མ། སེམས་ལ་སངས་རྒྱས་སུ་འདོད་པ་གསར་མ། རིག་པ་སངས་རྒྱས་སུ་འདོད་པ་རྙིང་མ་བ་སྟེ། དེ་ལ་ སེམས་རིག་གི་དབྱེ་བ་བསྟན་པ་དང་། ཉམས་སུ་ལེན་ཚུལ་ལོ། །དང་པོ་ནི། དེ་ཡང་སེམས་ཞེས་བྱ་བ་ནི། ཚོགས་བརྒྱད་ཀུན་

གཞི་དང་བཅས་པའི་མ་རིག་པའི་རྣམ་རྟོག་འཁྲུལ་པ་སྣ་ཚོགས་པ་འདི་ཉིད་སྟེ། རིག་པ་རང་ཤར་ལས། ཀུན་གཞི་རྣམ་རྟོག་འཛིན་
[ 76 ]
པ་ལ། །སྣ་ཚོགས་པ་ཡི་ཤེས་པས་བསླད། །ཀུན་གཞི་མ་རིག་དངོས་པོ་ཡིན། །ཅེས་པ་དང་། དཔལ་རྡོ་རྗེ་སེམས་དཔའི་ཞལ་ནས། འཇམ་དཔལ་སེམས་

ཞེས་བྱ་བ་ནི། དལ་ན་ཅི་ཡང་མི་དྲན། བྲེལ་ན་རླུང་ཆེན་འཚུབ་པ་ལྟར་དུ། ཉོན་མོངས་པ་ལས་གྱུར་པའི་རྟོག་པ་བརྒྱ་སྐྱེས། བརྒྱ་འགག་སྐད་ཅིག་ཙམ་ཡང་ སྡོད་མི་ཚུག་པ་ཡོད་དོ། །དེ་ཡོད་པའི་དུས་ན་སེམས་ཅན་ལས་ཀྱི་རླུང་གཡོས་པ་བྱ་བ་ཡིན་པས་འཁོར་བ་མཐའ་མེད་དོ། །ཅེས་གསུངས་པ་ལྟར་རོ། །སེམས་ ཀྱི་རྟ་ལས་རླུང་། རྟེན་པ་གློ་བ། སྒོ་ཁ་སྣ། ལམ་མེད་པ་དཀར་ནག་གོ །གཉིས་པ་རིག་པ་ཞེས་བྱ་བ་ནི། ཐོག་མའི་གཞི་ཀ་དག་ཆོས་སྐུའི་གནས་ལུགས་ དེ་ཉིད། ད་ལྟ་སེམས་ཅན་ཐམས་ཅད་ལ་འཕྲི་བསྣན་མེད་པར་གནས་པའི་ད་ལྟའི་རང་གི་རིག་པ་མཐོང་རྒྱུ་དང་འཛིན་རྒྱུ་མེད་པའི་མྱོང་རྒྱུ་དང་ཤེས་རྒྱུ་ཡོད་པའི་

ཁམས་བདེར་གཤེགས་སྙིང་པོ་འདི་ལ་ཟེར་ཏེ། ལུང་ལས། བདེ་གཤེགས་སྙིང་པོས་འགྲོ་ཀུན་ཡོངས་ལ་ཁྱབ། །ཅེས་པ་དང་། རིག་པ་ཅེར་མཐོང་རང་
[ 77 ]
༄༅། །གྲོལ་ལས། རིག་པ་མངོན་སུམ་འདི་ཀ་ཡིན་པ་ལ། །འདི་ལ་མ་རྙེད་བྱ་བ་ཅི་ལ་ཟེར། །ཅེས་གསུངས་པ་ལྟར་རོ། །དེ་ཉིད་ངོས་ཇི་ལྟར་

བཟུང་ན། ཀློང་གསལ་ལས། རྣམ་རྟོག་སྔ་མ་རང་སར་གྲོལ། །ཕྱི་མའི་དེར་འཛིན་མ་ཤར་བར། །བར་དེར་གཉན་པོས་བཅོས་བསླད་བྲལ། །རིག་བྲལ་སིང་དངས་ ཕྱེད་པ་འདི། །རིག་པ་ཡིན་པར་ངོས་ཟུང་ཟུང་ཅིག །ངོ་བོ་སྟོང་ལ་རང་བཞིན་གསལ། །ཐུགས་རྗེ་ཀུན་ལ་ཁྱབ་ནུས་པ། །དེ་ནི་རིག་པའི་གནས་ལུགས་ཡིན། །ཞེས་ གསུངས་པ་དང་། གར་དབང་པདྨ་རྒྱལ་མཚན་གྱི་ཞལ་ནས། རྟོག་གཉིས་བར་གྱི་རིག་པ་ཡེ་ཤེས་སྐྱོང་དགོས། །ཅེས་གསུངས་སོ། །དེ་ལྟ་བུའི་སེམས་རིག་གི་ གནས་ལུགས་{སེམས་དང་རིག་པའི་གནས་དང་ལམ་སོགས་གཞན་ལས་གསལ་ལོ། །}ཤེས་ནས། གཉིས་པ་ཉམས་སུ་ལེན་ཚུལ་ནི། རིག་པའི་ཡེ་ཤེས་དེ་ཉིད་བསྒོམ་མེད་ཡེངས་མེད་དུ་རང་ལུགས་སུ་སྐྱོང་ན། སེམས་བྱུང་རྣམ་རྟོག་གི་

འགྱུ་བས་ཕན་གནོད་མེད་དེ། བཻ་རོའི་སྤྲུལ་པའི་ཞལ་ནས། མདོར་བསྡུས་ན། ཉམས་སུ་ལེན་རྒྱུའི་སྙིང་པོ་ནི།
[ 78 ]
རིག་པའི་ཡེ་ཤེས་ཡིན་ལ། སེམས་ནི་དེའི་གདངས་སམ་རྩལ་ཡིན་ཕྱིར་རིག་པ་ངོས་ཟིན་ན། སེམས་ལ་འཁྲུལ་དབང་མེད་དེ། དཔེར་ན་རྒྱལ་པོ་བཙོན་དུ་ཟིན་ཚེ།

འབངས་འཁོར་དབང་དུ་འདུ་བ་ལྟ་བུའོ། །ཅེས་གསུངས་པས་ནའོ། །རིག་པའི་དོན་རྟོགས་ན་སྣང་བ་ལ་ཆགས་ཀྱང་རུང་བར་གསུངས་ཏེ། སློབ་དཔོན་པདྨས་བཻ་རོ་ལ་ གསུངས་པ། ལྟ་བ་རྟོགས་ན་སྣང་བ་ལ་ཆགས་ཀྱང་འཁོར་བར་མི་འཁྱམ་སྟེ། དེ་ལ་ལྟ་བ་ཞེས་པ་ནི། རིག་པ་བྱང་ཆུབ་ཀྱི་སེམས་གསལ་སྟོང་གི་ལྟ་བ་འདི་ གོ་ཞིང་རྟོགས་པའི་དུས་ན་འདི་ལྟར་སྣང་བ་ཅི་ཤར་ཐམས་ཅད་ཀྱང་རིག་པའི་རྒྱན་ནམ་ཙམ་དུ་ཁྱེར་ཤེས་དགོས། ཅེས་གསུངས་སོ། །གཏེར་སྟོན་རཏྞས། དེས་ན་ རྣལ་འབྱོར་པས་རིག་པ་དྲི་མེད་ཀྱི་ངོ་བོ་སྐྱོང་ཤེས་ན། རྣམ་རྟོག་གིས་ཕན་ཡང་མ་བཏགས། གནོད་ཀྱང་མ་བསྐྱལ་ཏེ། དཔེར་ན་སྤྲིན་དང་ན་བུན་བྱུང་ཡང་ནམ་

མཁའི་དབྱིངས་ལས་བྱུང་། ཡལ་ཡང་རང་གི་དབྱིངས་སུ་ཡལ་བ་འདྲ། །ཅེས་གསུངས་པ་དང་། ཏེ་ལོ་པས། ཡུལ་གྱིས་མི་འཆིངས་ཞེན་པས་འཆིངས། །
[ 79 ]
༄༅། །ཞེན་པ་ཆོད་ཅིག་ན་རོ་པ། །ཅེས་གསུངས་སོ། །དེ་ལྟར་ཉམས་སུ་ལེན་པས་ཞི་གནས་དང་ལྷག་མཐོང་གི་ཉམས་རྟོགས་རྒྱུད་ལ་སྐྱེ་བར་

ངེས་ཏེ། སེམས་འཁྲུལ་རྟོག་གི་འགྱུ་བ་ཞི་ནས་རང་ཁར་གནས་པའི་ཞི་གནས་དང་། རང་རིག་ཡེ་ཤེས་རྗེན་ནོར་མཐོང་བའི་ལྷག་མཐོང་རང་གི་བློ་ལ་འཁྲུངས་ཏེ། མདོ་ལས། ཞི་གནས་{བསམ་གཏན།} ནི་སེམས་རྩེ་ཅིག་པ་སྟེ། ལྷག་མཐོང་{ཤེས་རབ།} ནི་རིག་པའོ། །ཅེས་པ་དང་། པདྨ་དཀར་པོ་ལས། སེམས་ལས་སུ་རུང་བ་ཞི་གནས། ཐེ་ ཚོམ་དང་བྲལ་བ་ལྷག་མཐོང་། ཞེས་པ་དང་། དཔལ་རྡོ་རྗེ་སེམས་དཔའི་ཞལ་ནས། རིག་པ་རང་ལུགས་སུ་ཀློད་དེ་བཞག་པའི་དུས། ཕྲ་ རགས་ཀྱི་རྟོག་པ་རང་སར་ཉལ་ནས། རིག་པ་རང་ལུགས་སུ་ཡེ་ངེ་བ་ཅིག་འབྱུང་། དེ་ལ་ཞི་གནས་རིག་པའི་ངོ་བོ་གནས་པ་ཟེར་བ་ཡིན། དེའི་ངང་ལས་རིག་པ་

བྱིང་རྨུག་དང་འགག་པ་མེད་ས་ལེ་བ། སེང་ངེ་བ། ཡེ་རེ་བ། རྗེན་ནེ་བ། ལྷང་ངེ་བ། ལྷག་གེ་བ། མིག་གི་མཐོང་རྒྱུ་མེད། ཚིག་ཏུ་བརྗོད་རྒྱུ་མེད། དངོས་
[ 80 ]
པོར་གྲུབ་པ་མེད། རིག་པ་རང་གི་ཐོག་ཏུ་མཐོང་རྒྱུ་ལྟ་བུ་ས་ལེ་བ། མྱོང་རྒྱུ་ལྟ་བུ་སེང་ངེ་བ། བརྗོད་རྒྱུ་ལྟ་བུ་ཡེ་ངེ་བ། དངོས་པོ་བཟུང་རྒྱུ་ལྟ་བུ་རྗེན་ནེ་བ། བསམ་

རྒྱུ་ལྟ་བུ་ལྷང་ངེ་བ་ཅིག་འབྱུང་། དེ་ཀ་ལ་ལྷག་མཐོང་གི་ཡེ་ཤེས་ཟེར་བ་ཡིན། ཞི་གནས་དང་ལྷག་མཐོང་གཉིས་མིང་འདོགས་སོ་སོར་བྱུང་ཡང་། དངོས་པོ་ལ་ ཁྱད་པར་མེད། རྣལ་འབྱོར་པས་རིག་པ་རིག་ཐོག་ཏུ་སྐད་ཅིག་མ་ལ་ཧྲིལ་གྱི་སོང་བ་དང་། སངས་རྒྱས་ཀྱི་ཐུགས་ཀྱི་དགོངས་པ་གང་ཟག་གི་བློ་ཐོག་ཏུ་བྱོན་པ་ ཡིན༑ རང་རིག་རང་གསལ་དུ་རྗེན་ནེ་བ་དེ་ལ་ཕྱག་རྒྱ་ཆེན་པོ་ཅེས་བྱ། རིག་པའི་གནས་ལུགས་ཅེས་བྱ། ཞེས་པ་དང་། ཇི་སྐད་དུ། རང་གི་རིག་པས་རང་ བལྟ་བ་དེ། སངས་རྒྱས་ཀྱི་དགོངས་པ་ལ་འཇོག་པ་ཡིན་ནོ། །ཅེས་པ་དང་། བསྒོམ་མེད་ཡེངས་མེད་ངང་ལ་ཅེར་གྱི་ལྟོས། །ཅེས་གསུངས་སོ། །དེ་ཡང་

ཞི་གནས་ཀྱི་རླན་གྱིས་ལྷག་མཐོང་ཟིན་པ། ལྷག་མཐོང་གི་རྩལ་གྱིས་ཞི་གནས་ཟིན་པར། བསྒོམ་མེད་ཡེངས་མེད་དུ་སྐྱོང་དགོངས་ཏེ། ཤྲཱི་སིང་ཧས། བསྒོམ་
[ 81 ]
༄༅། །མ་མྱོང་དང་འབྲལ་མ་མྱོང་། །མི་བསྒོམ་དོན་དང་མི་འབྲལ་བ། །ཅེས་པ་དང་། ཀུན་བྱེད་ལས། དེ་ལྟར་བསྒོམ་དུ་མེད་པའི་སྙིང་པོ་ལ། །མ་

ཡེངས་དྲན་པས་བཟུང་བ་མན་ངག་ཡིན། །ཞེས་དང་། ཀློང་གསལ་ལས། བསྒོམ་རྒྱུའི་དངོས་པོ་མེད་མོད་ཀྱང་། །མ་ཡེངས་བྱ་ར་སྐད་ཅིག་གྱིས། །སེམས་རྟོག་རླུང་ དབང་མ་བཏང་ཅིག །ཅེས་གསུངས་སོ། །དེ་ལ་གོམས་འདྲིས་བརྟེན་གསུམ་བྱས་པས། ཇི་ཞིག་ན་ཆེད་དུ་འབད་རྩོལ་མ་བྱས་ཀྱང་། ཡུལ་རྐྱེན་ཐུབ་ཅིང་། བསྒོམས་ ཀྱིས་ཚུར་བཟུང་བ་འབྱུང་སྟེ། ཀུན་མཁྱེན་ཀློང་ཆེན་རབ་འབྱམས་ཀྱིས། དམ་པས་བསྟན་པ་དྲི་མེད་རྟོགས་པའི་ཚེ། །བསྒོམ་གྱིས་ཚུར་འཆང་ཐམས་ཅད་བྱང་ཆུབ་ གྲོགས༑ །མ་བྱས་བདེ་གསལ་མི་རྟོག་ཁོང་ནས་འཆར། །དེ་ཉིད་མ་ཡེངས་ངེས་པའི་སྙིང་པོ་ཡིན། །ད་ལྟ་རིག་པའི་གསང་འདི་མ་རྟོགས་ན། །བསྒོམ་ལ་ཕར་

འཆང་བླང་དོར་སྒྲོག་དུ་བཅིང་། །ཅེས་སོགས་དང་། ལྟ་བས་ཡན་ཐུབ་བསྒོམ་པས་ཡེངས་ཐུབ་ཅིང་། །སྤྱོད་པས་རྐྱེན་ཐུབ་འབྲས་བུས་གོལ་ས་ཐུབ། །ཅེས་གསུངས་
[ 82 ]
གསུངས་སོ། །དེ་ལྟ་བུའི་རྣམ་པར་མི་རྟོགས་པའི་མཉམ་བཞག །མི་ཤེས་རྒྱུ་མི་འདུག་པས་སླ་བ། ཅི་ཡང་བྱ་རྒྱུ་མེད་པས་དཀའ་བ་འདི་ཤེས་ཟིན་ནས། འཇིག་རྟེན་

པ་དག་གིས་དངོས་གྲུབ་ཐོབ་ཀ་བྱིན་པ་འདར་ཟེར་བ་ལྟར་བསྐུར་ཉེན་ཡོད་དེ། ཇི་སྐད་དུ། ཆོས་པའི་གྲྭ་སར་ཆོས་མུག་བྱུང་། །ཡིད་ལ་མི་བསྒོམ་དེ་ཡིས་གྲོལ། ། ཞེས་གསུངས་པ་དང་། སློབ་དཔོན་པདྨས། ཆོས་ལ་ཕྱིན་ནས་བྱས་པ་ངས་མ་མཐོང་། །ཞེས་གསུངས་པས་ན་མཐའ་སྐྱོལ་བ་གལ་ཆེའོ། །དེ་ལྟར་གཞི་ཀ་དག་གི་ གནས་ལུགས། ལམ་ཁྲེག་ཆོད་ཀྱི་མངོན་དུ་བྱས་པས། རབ་ཚེ་འདི། འབྲིང་ཀ་དག་ཆོས་སྐུའི་བར་དོ་ལ་རང་རིག་ངོ་ཤེས་ཏེ། གཞི་ཐོག་ཏུ་གྲོལ་བར་ངེས་སོ། །ཅེས་

པ་འདི་ཡང་རྫོགས་ཆེན་ཡང་ཏིག་ནག་པོའི་ཁྲིད་ཀྱི་ཁྲེག་ཆོད་ཀྱི་ཆ་ལག་ཏུ། པདྨའི་རིགས་སྔགས་འཛིན་པས་སྦྱར་བའོ། །ཡི་གེའི་རིས་བྱེད་ཨུ་རྒྱན་ལྷུན་གྲུབ་སོ། །དགེའོ།། །།
[ 83 ]
ཏ༽ ༄༅། །ཐོད་བརྒལ་གྱི་མན་ངག་ཤོག་དྲིལ་བཞུགས་སོ།། །།
[ 84 ]
༄༅། །དཔལ་ཀུན་ཏུ་བཟང་པོ་ལ་ཕྱག་འཚལ་ལོ། །རྫོགས་པ་ཆེན་པོའི་དངོས་གཞི་ཐོད་རྒལ་འོད་གསལ་གྱི་ཁྲིད་རིམ་

སྐབས་སུ་རིག་པའི་ཡེ་ཤེས་འདི་ཉིད་ལ་མིང་སོ་སོར་བྱུང་ཡང་། དཔེར་ན་མི་གཅིག་ལ་ཡུལ་སོ་སོར་ཕྱིན་ཚེ་མིང་སོ་སོར་བྱུང་བ་ལྟ་བུ་སྟེ། ཀློང་གསལ་ལས། རིག་ཅིང་གསལ་བའི་རིག་པ་ཡིན། །དེ་ཡང་རྣམ་པ་ལྔ་ཡིན་ཏེ། །གཞི་ནས་རིག་པ་ཀ་དག་ཡིན། །ལམ་སྣང་

རིག་པ་དྲན་གསལ་ཡིན། །འབྲས་བུའི་རིག་པ་རང་གྲོལ་ཡིན། །ཉམས་སྣང་རིག་པ་ལུག་རྒྱུད་ཡིན། །ཅེས་གསུངས་སོ། །ཀློང་
[ 85 ]
༄༅། །གསལ་ལས། འཁོར་ལོ་ལྔ་ཡི་དབུས་དག་ན། །རོ་མ་རྐྱང་མ་ཀུན་དྷར་མ། །དབང་པོའི་སྒོ་ལ་ཟུག་པར་

གནས༑ །ཅེས་པས། རྡོ་རྗེའི་ལུས་ལ་རྩ་གསུམ་ཀ་བའི་ཚུལ་དང་། འཁོར་ལོ་ལྔ་གདུགས་བརྩེགས་པ་ལྟར་གནས་ཏེ། དབུས་སུ་ དབུ་མ་མཐིང་སྐྱ་ཀུན་དྷར་མ་ཡང་ཟེར། གཡས་སུ་རོ་མ་དཀར་མོ། གཡོན་དུ་རྐྱང་མ་དམར་མོ། དབུ་མའི་ནང་ན་རྩ་ཀ་ཏི་ཤེལ་གྱི་སྦུ་

གུ་ཅན་ཞེས་བྱ་བ་གནས་སོ། །འཁོར་ལོ་ལྔ་ནི། སྙིང་ཁར་དྲན་པ་རྣམ་བཀོད་ཀྱི་འཁོར་ལོ་ན་རྩ་འདབ་བརྒྱད་པད་འདབ་ལྟ་བུ། མགྲིན་
[ 86 ]
པ་རོ་རྣམས་འདུས་པའི་འཁོར་ལོ་དྲ་བ་ཅན་ན་རྩ་འདབ་བཅུ་དྲུག་སྦྲུལ་དཀྱུས་པ་ལྟ་བུ། སྤྱི་བོ་རྩེ་མོ་རྣམ་བཀོད་ཀྱི་འཁོར་ལོ་ན་རྩ་འདབ་སུམ་ཅུ་རྩ་གཉིས་གདུགས་རྩིབས་

ལྟ་བུ། ལྟེ་བ་བསྐྱེད་བྱེད་སྤྲུལ་པའི་འཁོར་ལོ་ན་རྩ་འདབ་དྲུག་ཅུ་རྩ་བཞི་བ་ཐག་འཛིངས་པ་ལྟ་བུ། གསང་གནས་བདེ་སྐྱོང་གི་འཁོར་ལོ་ན་རྩ་འདབ་ཉར་བརྒྱད་སྡོང་པོ་ ལྟ་བུ་རྩ་བ་གཅིག་ཏུ་གནས་པའོ། །ཁྱད་པར་དུ་རྩ་གསུམ་ལས། རོ་མ་{འདིའི་ཡན་ལག་དྲུག་ལ་གཏར་ཞིང་བསྲེག་ན་ཡེ་ཤེས་འགག་པས་མི་རུང་བར་ཐལ་འགྱུར་ལ་བཤད།} དབུ་མའི་གཡས་ནས་རྩ་འཁོར་ལོ་ལྔ་ལས་བརྒྱུད་དེ་མར་སྣ་ལྟེ་འོག་སོར་བཞི་ནས་དབུ་མའི་ ནང་དུ་ཟུག་པ། ཡར་སྣ་ཀླད་པའི་ནང་ནང་རྩེ་མོ་གཉིས་སུ་གྱེས་པ་གཅིག་སྣ་བུག་གཡས་དང་། གཅིག་མིག་གཡས་ལ་ཟུག་པ་རྩ་བ་མན་རྭ་ལྟ་བུའོ། །རྐྱང་མ་དབུ་མའི་གཡོན་ནས་སྔར་བཞིན་དུ་སྣ་བུག་དང་མིག་གཡོན་ལ་ཟུག་པའོ། །དབུ་མ་ནི་དབུས་དྲང་པོར་

གནས་པའི་ཡར་སྣ་ཀླད་པའི་ནང་ནས་རྩེ་མོ་གསུམ་དུ་གྱེས་པའི་དབུས་མ་སྤྱི་བོའི་ཚངས་བུག་ལ་ཟུག་པ། ཡལ་ག་གཡས་པ་རྩེ་མོ་གཉིས་ཀྱི་གཅིག་རྣ་བ་གཡས་དང་
[ 87 ]
༄༅། །གཅིག་སྣ་བུག་གཡས་ལ་ཟུག་སྟེ་ལས་རླུང་རྒྱུ་བ། དབུ་མ་ལས་གྱེས་པའི་ཡལ་ག་གཡོན་པའང་དེ་བཞིན་དུ་རྩེ་མོ་གཉིས་རྣ་བ་གཡོན་དང་སྣ་བུག་གཡོན་

ལ་ཟུག་པ་ནས་ཡེ་ཤེས་ཀྱི་རླུང་རྒྱུའོ། །དབུ་མའི་མར་སྣ་གསང་གནས་སུ་ཟུག་པ། དབུ་མའི་ནང་སྙིང་གི་རྩེ་མོ་ནས་འོད་རྩ་ཤེལ་སྦུག་ཅན་དར་སྐུད་ལྟ་བུ་{འདི་དག་ཐེག་མཆོག་ མཛོད་དང་དགོངས་འདུས་ལ་གསུངས་པ་ཡིན་ནོ། །}ཁྲག་དང་ཆུ་སེར་མེད་པ་ཡར་སྣ་ཀླད་པའི་ནང་ནས། རྩེ་མོ་གཉིས་སུ་ཚུད་བྱུང་བ་རྩ་བ་མན་གྱི་རྭ་ལྟ་བུའི་མིག་གཉིས་ལ་ཟུག་སྟེ་ཡེ་ཤེས་ འོད་གསལ་གྱི་སྣང་བ་འཆར་བའི་ལམ་བྱེད་པ་སྟེ། འགྲོ་བ་ཀུན་ལ་ཁྱབ་པར་ཡོད་སྟེ། དུད་འགྲོ་ལ་སོགས་སེམས་ཅན་པ་རྣམས་ལ་རྩ་དེ་ཁ་འཐུར་དུ་བསྟན་ཏེ། པདྨའི་སྒོང་ བུ་ཁ་མ་བྱེ་བ་ལྟར་གནས་པས་མི་དགེ་བ་དང་སྡུག་བསྔལ་གྱི་ཚོར་བ་དཔག་མེད་བསྐྱེད་ལ། བྱང་ཆུབ་སེམས་དཔའ་དང་ལས་དག་པའི་སྐྱེས་བུ་ལ་ལ་དང་། ཉམས་ལེན་

ལ་བརྩོན་པའི་རྣལ་འབྱོར་པ་རྣམས་ལ་རྩ་དེའི་ཁ་ཕྲེད་ལ་ཕྱོགས་ཤིང་ཁ་ཕྱེད་བྱེ་བ་པདྨའི་སྒང་བུ་ཁ་འབུས་པ་ལྟར་གནས་ལ། སངས་རྒྱས་དང་ཉམས་ལེན་མཐར་ཕྱིན་གྱི་
[ 88 ]
སྐྱེས་བུ་རྣམས་ལ་རྩ་ཁ་གྱེན་དུ་ཕྱོགས་ནས་པདྨའི་འདབ་མ་གྱེས་པ་ལྟར་གནས་པས་ལུས་སེམས་དགའ་བདེས་ཁྱབ་ཅིང་། ཆོས་ཉིད་མངོན་སུམ་གྱི་སྣང་བ་ལ་སོགས་ལེགས་

པའི་ཡོན་ཏན་དུ་མ་བསྐྱེད་དོ། །རྩ་འདིའི་གནས་ལ་བརྟེན་ནས་དབྱིངས་རིགས་གནད་ལ་གཟིར་བ་དང་། བདེ་སྟོང་གི་ཉམས་སྦར་ཞིང་ཀ་དག་ལྷུན་གྲུབ་འོད་གསལ་འདུས་ མ་བྱས་པའི་དཀྱིལ་འཁོར་ཡོངས་སུ་རྫོགས་ནས། འགྱུར་མེད་གདེངས་ཆེན་རྩོལ་མེད་རྙེད་པ་འགྱུར་རོ། །དེ་ཡང་མིག་བཙུམ་ན་རྩ་དེ་ཁ་ཟླུམ་ནས་འཐུར་དུ་ཕྱོགས་ནས་ ཤེས་པ་ནག་ཐུམ་གྱི་གཏི་མུག་འཐིབ་པའོ། །དེས་ན་ལྟ་སྟངས་འདི་གལ་ཆེའོ། །འོ་ན་མིག་ལ་རྩ་བ་མན་རྭ་འདྲ་ཚན་པ་གཉིས་ཡོད་དམ་ཞེ་ན་ཡོད་དེ། ཤེལ་སྦུག་ཅན་ནི་ དབང་ཤེས་ལས་འདས་པས་འོད་གསལ་འཆར་བའི་ལམ་ཡིན་ལ། རོ་རྐྱང་གི་རྩེ་མོ་གཉིས་ནི་གཟུགས་འཛིན་ཞིང་མིག་གི་རྣམ་ཤེས་ཀྱི་རྟེན་ཡིན་གྱི་འདི་གཉིས་ཕྱེད་པ་གལ་

ཆེའོ༑ །དེ་ལྟ་བུའི་རྡོ་རྗེའི་ལུས་ལ་ཡེ་ཤེས་གནས་པ་ནི། ཐུན་མོང་གི་ལུང་ནི། རྒྱུད་བླ་མར། རིགས་ཡོད་ཕྱིར་ན་ལུས་ཅན་ཀུན། །རྟག་ཏུ་ཡེ་ཤེས་སྙིང་པོ་ཅན། །ཞེས་
[ 89 ]
༄༅། །དང༑ ཐུན་མོང་མ་ཡིན་པའི་ལུང་ནི། རྒྱུད་བརྟག་གཉིས་ལས། ལུས་ལ་ཡེ་ཤེས་ཆེན་པོ་གནས། །ཅེས་པ་དང་། བླ་ན་མེད་པའི་

ལུང་ནི། སེང་གེ་རྩལ་རྫོགས་ལས། སེམས་ཅན་ཀུན་གྱི་རང་ལུས་ལ། །ཡེ་ཤེས་དག་པའི་སྣང་བ་གནས། །ཞེས་གསུངས་སོ། །དེ་ཡང་རང་བྱུང་རིག་པའི་ཡེ་ཤེས་ དེ་ལུས་ཀྱི་ཆ་གང་ན་གནས་ཞེ་ན། སྙིང་གི་ནང་ན་གནས་ཏེ། དེའང་སྙིང་{ཤིང་རྟ་ཆེན་མོ་ནས་གསུངས་པ་སོར་བཞག་ཡིན།}གི་དབུས་ན་རྩའི་དངས་མ་དར་དཀར་གྱི་སྐུད་པ་འདྲ་བ་ལ་དབྱིབས་གུག་པ། སྦོམ་ཕྲ་རྟ་རྔ་བཅུར་ གཤག་ཙམ་གྱི་ནང་ན། ཁྲག་གི་དངས་མ་མཚལ་ལྕོག་ལེའི་དངས་མ་འདྲ་བ་གཅིག་གནས། དེ་ལ་དབུགས་ཀྱི་དངས་མ་ཁ་དོག་ལྔ་ལྡན་ གསེར་ས་ལེ་སྦྲམ་ས་འོག་ན་གནས་པའི་རླངས་པ་ཙམ་རྒྱུ། དེའི་དཀྱིལ་ནས་སེམས་{ཤེས་རབ་རང་བྱུང་གི་སྒྲོན་མའང་འདི་ཉིད་དོ། །}ཉིད་འོད་གསལ་བའི་ཆོས་སྐུ་བྱང་ཆུབ་སེམས་{འདི་ཉིད་མུ་སྟེགས་པའི་བདག་རྟག་པ་དང་མཚུངས་སམ་སྙམ་ན།}ཀྱི་ངོ་བོ། ཉི་{མི་མཚུངས་ཏེ། མུ་སྟེགས་པས་ནི་མི་ཤེས་བཞིན་དུ་བདག་ཅེས་སྒྲོ་བཏགས་པ་ཉིད་ཀྱིས་གཤིས་ལ་མེད་པ་དང་། ཆེ་ཆུང་གི་ཚད་བྱེད་པ་དང་། སྐུ་དང་ཡེ་ཤེས་ཀྱི་ཆོས་སུ་མི་འདོད་པའི་ཕྱིར་རོ། །ཞེས་ཀུན་མཁྱེན་ངག་གི་དབང་པོས་གསུངས་པ་ལག་མོད། །}མའི་དཀྱིལ་འཁོར་ལྟར་

གནས་ཏེ། ཤ་ཁྲག་གིས་བཏུམ་ཀྱང་མ་ཐུབ་པར།
[ 90 ]
དེ་

ཉིད་རྩ་ཀ་ཏི་ཤེལ་སྦུག་ཅན་ནས་བརྒྱུད་དེ་མིག་གི་དབང་པོའི་མངོན་སུམ་དུ་ཉམས་སྣང་གི་རིག་པ་རྡོ་རྗེ་ལུ་གུ་རྒྱུད་འཆར་བ་དེ་ཉིད་སྣང་བཞིས་ཉམས་སུ་བླངས་པའི་ཚེ། དབྱིངས་ རྣམ་དག་གི་སྒྲོན་མ་འཇའ་ཚོན་ལྟ་བུའི་ནང་དུ། ཐིག་ལེ་སྟོང་པའི་སྒྲོན་མ་ཉ་མིག་ལྟ་བུ་འོད་ལྔའི་མུ་ཁྱུད་ཅན། དེའི་ནང་དུ་རིག་པའི་ངོ་བོའི་གདངས་ཤེས་རབ་རང་བྱུང་གི་ སྒྲོན་མ་རྡོ་རྗེ་ལུ་གུ་རྒྱུད་འཕྲ་ལ་འགུལ་བ་མུ་ཏིག་ལྟ་བུ་འཆར་རོ། །དེ་ཡང་དབྱིངས་ཀྱི་རྟགས་སུ་འོད་ཁྱིམ། ཡེ་ཤེས་ཀྱི་རྟགས་སུ་ཐིག་ལེ། སྐུའི་རྟགས་སུ་ལུ་གུ་རྒྱུད། དེ་ལ་བརྟག་དཔྱད་སྤྲོ་བསྡུ་ལ་སོགས་མི་བྱ་བར་བལྟ་སྟེ། རྫོགས་ཆེན་པདྨ་སྙིང་ཐིག་ལས། བལྟ་དུས་སེམས་ཀྱི་སྤྲོ་བསྡུ་མི་བྱ་སྟེ། །གང་མཐོང་དེ་ལ་དགའ་དང་མི་

དགའ་བའི། །བརྟག་དཔྱད་ཕྲ་མོ་ཙམ་དུའང་བྱ་བ་མིན། །ཅེས་གསུངས་པ་དང་། ཐ་མལ་དུ་ཡེངས་མེད་ཁྲེག་ཆོད་རིག་པའི་གསལ་དར་དང་ལྡན་པའི་ངང་ནས་བལྟ་
[ 91 ]
༄༅། །སྟེ༑ དཔལ་རྡོ་རྗེ་སེམས་དཔས། རིག་པ་མ་ཡེངས་པར་དབྱིངས་ལ་མུ་ཁྱུད་ཀྱི་དཀྱིལ་དུ་བལྟས་པས། ཅེས་གསུངས་པ་ལྟར་ཉམས་སུ་བླངས་

པས༑ ཇེ་ཇེར་གོམས་ནས། དབྱིངས་རྣམ་ངག་གི་སྒྲོན་མ་རྒྱ་ཆེར་འཕེལ་ཞིང་། ཐིག་ལེ་སྟོང་པའི་སྒྲོན་མའང་ཆེར་འཕེལ་བའི་ནང་དུ་སྐུ་མང་དུ་འཕེལ་ལ། ཤེས་རབ་ རང་བྱུང་གི་སྒྲོན་མ་སྟེ་རིག་པ་རྡོ་རྗེ་ལུ་གུ་རྒྱུད་ཇེ་དལ་དུ་རྒྱུད་ཇེ་དལ་དུ་སྡོད་ཅིང་ཆེར་འཕེལ་བའི་ནང་དང་བར་བར་དུ་སྐུ་ཕྲ་མོའང་འཆར་ཞིང་སྣང་བ་བཞི་མཐར་ཕྱིན་ནས་རབ་ཚེ་འདི། འབྲིང་ལྷུན་གྲུབ་ལོངས་སྐུའི་བར་དོ་ལ་རང་སྣང་ངོ་ཤེས་ཏེ། གཞི་ཐོག་ཏུ་གྲོལ་བར་འགྱུར་རོ།། ༈ །།མཚན་མོའི་རྣལ་འབྱོར་ལ། རྒྱ་མཚོ་ཨར་ལ་གཏད་ པ་དང་། རྒྱ་མཚོ་དངས་སུ་གཞུག་པ་གཉིས་ཏེ། དང་པོ་ནི། མུན་ཁང་གི་ནང་དུ་གུ་གུལ་བདུག བསྲུངས་འཁོར་བསྒོམ། བླ་མའི་རྣལ་འབྱོར་བསྒོམ་པའི་རྗེས་

ལ༑ སྒོ་གསུམ་གྱི་བྱ་བ་དགུ་ཕྲུག་སུ་བཏང་། འཆར་སྒོའི་རེ་དོགས་མེད་པར་བློ་རྩོལ་བྲལ་དུ་གནས་པས། དྲང་སྲོང་ཙོག་པུའི་འདུག་ལ། རླུང་ཐེབ་ཅིག་བཟུང་
[ 92 ]
ནས༑ པུས་མོའི་སྟེང་དུ་ལག་གཉིས་བསླང་བའི་གཡས་གཡོན་གྱི་ཐེབ་མཛུབ་ཀྱིས། མིག་གི་ཕུག་དང་འགྲམ་གྱི་འཕར་རྩ་དལ་བུས་གཏེམ་པས། འོད་ཁྱིམ་དང་

ལྷ་སྐུ་ལ་སོགས་འཆར་བ་ལ། མ་ཡལ་བར་དུ་བལྟ། ཡལ་བ་དང་སྔ་མ་ལྟར་གཏེམ་ལ་ཞེན་མེད་དུ་བལྟ་སྟེ། ཐལ་འགྱུར་ལས། ཁམས་གསུམ་པོ་ནི་ཟད་བྱའི་ ཕྱིར༑ །མིག་གི་ཕུག་ན་འཕར་བའི་རྩ། །གྱེན་ལ་བཟློག་པ་ཡེ་ཤེས་དབབ། །ཅེས་པ་དང་། གསུམ་པོ་གཏེམ་པ་མ་ཡིན་པར། རང་གི་ཐེབ་དང་མཛུབ་མོ་ཡིས། ། ཐིག་ལེ་སྟོང་པའི་སྒྲོན་མ་གཏེམ། །གཏེམ་པ་དེ་ལས་གང་བྱུང་བ། །ཆོས་ཉིད་མངོན་སུམ་སྣང་བའོ། །ཅེས་གསུངས་པ་དང་། སྒྲོ་མ་འབར་བ་ལས། རང་གི་ཐེབ་ དང་མཛུབ་མོ་ཡིས། །ཙཀྵུའི་ཕུག་དང་འགྲམ་བཙིར་ན། །མངོན་སུམ་སྣང་སྟེ་ཡིད་ཆེས་གྱིས། །ཅེས་གསུངས་པ་ལྟར་བྱས་པས། ཇི་ཞིགས་ན་ཐེབ་མཛུབ་ཀྱི་

རྩོལ་བ་མི་དགོས་པར། མངོན་སྣང་འཆར་ན། ཨར་གཏད་འབྱོངས་པ་ཡིན་པས། གཉིས་པ་རྒྱ་མཚོ་དངས་སུ་གཞུག་པ་ནི། ལུས་རྣམ་སྣང་གི་ཆོས་བདུན་བཅའ་
[ 93 ]
༄༅། །ལ༑ དམིགས་པ་ནི། མན་ངག་སྙན་རྒྱུད་ཀྱི་རིམ་པ་འདི་དག་རིམ་པར་ཕོག་སྟེ། དང་པོ་ཡེ་ཤེས་མིག་གཅིག་དྲི་མ་མེད། །ཅེས་པ། རང་གི་

དཔྲལ་བ་དུང་ཁང་གི་ནང་། འོད་ལྔའི་མུ་ཁྱུད་ཀྱི་ནང་དུ། ཡེ་ཤེས་ཀྱི་སྤྱན་ཁྲ་སྒ་རེ་བ། ཕྱི་ནང་མེད་པར་ཟང་ཐལ་བ་ཅིག །ལྟག་པ་ངོས་སུ་གཟིགས་པར་སྒོམས། དེས་དུ་བ་ལ་སོགས་{ལས་རླུང་ཚོད་ཚོལ་བ་} པ་ས་རླུང་ཟིན་པའི་རྟགས་རྣམས་འཆར་བ་དང་སྣང་དུ་ངོས་བཟུང་། གཉིས་པ། གཉིས་མེད་ཡེ་ཤེས་ཚུལ་འཆང་བ། །ལྟག་པའི་ བདུད་སྒོར་ཡེ་ཤེས་ཀྱི་སྤྱན་གཅིག་ཚུར་ནང་དུ་དཔྲལ་བའི་སྤྱན་ལ་གཟིགས་པར་སྒོམས། དེས་སྨིག་རྒྱུ་{དབང་པོའི་རབ་རིབ་སླང་སྟེ་སྟན་ལ་ཕེབ་སྒྲིབ་བྱེད་པ་རབས་}ལ་སོགས་པ་ཆུ་རླུང་ ཟིན་རྟགས་རྣམས་འཆར་བ་རང་སྣང་དུ་ངོས་བཟུང་། གསུམ་པ། གསུམ་རིག་གཙང་མ་དག་པ་སྟེ། རྣ་ལྟག་གཡས་ངོས་སུ་སྤྱན་གཅིག་གཡོན་ངོས་སུ་གཟིགས་པར་

སྒོམས༑ དེས་སྲིན་བུ་མེ་{ཉམས་སྣང་མཐོང་བའི་དང་པོ་} ཁྱེད་ལ་སོགས་མེ་རླུང་ཟིན་རྟགས་རྣམས་འཆར་བ་རང་སྣང་དུ་ངོས་བཟུང་། བཞི་པ། བསམ་གཏན་བཞི་པའི་རྩེ་
[ 94 ]
མོ་ཅན། རྣ་ལྟག་གཡོན་ངོས་སུ་སྤྱན་གཅིག་གཡས་ངོས་སུ་གཟིགས་པར་སྒོམས། དེས་{ཉམས་སྣང་གཏན་ལ་ཕེབ་པས་}རླུང་འཚུབ་ལྟ་བུ་ལ་སོགས་རླུང་གི་རླུང་ཟིན་རྟགས་

རྣམས་འཆར་བ་རང་སྣང་དུ་ངོས་བཟུང་། ལྔ་པ། སྤྱན་ལྔ་ཆགས་པ་མེད་པ་འཆང་། སྤྱི་གཙུག་དུ་ཡེ་ཤེས་གྱི་སྤྱན་གཅིག་མར་གཟིགས་པར་སྒོམ། དེས་{ལས་རླུང་ལོག་ རྣམ་རྟོག་ཕྲ་རགས་འགག་པས་} སྤྲིན་མེད་པའི་ནམ་མཁའ་ལྟ་བུ་ལ་སོགས་ནམ་མཁའི་རླུང་ཟིན་རྟགས་རྣམས་འཆར་བ་རང་སྣང་དུ་ངོས་བཟུང་ངོ་། །དྲུག་པ། པདྨ་རྒྱས་འདྲིའི་ ཞལ་མངའ་བ། །རང་གི་ཙིཏྟ་རིན་པོ་ཆེ་གུར་ཕུབ་པ་ལྟ་བུ་ཡར་ལངས་པའི་རྩེ་མོར། པདྨ་འདབ་བརྒྱད་ཀྱི་ཟེའུ་འབྲུའི་ཐོག་ཏུ། སངས་རྒྱས་འོད་དཔག་མེད་ དམ༑ རིགས་ལྔའམ་ཤཱཀྱ་ཐུབ་པ་ཆོས་འཆད་ཀྱི་ཕྱག་རྒྱ་ཅན། སྤྱན་རྩ་དབུ་མ་ནས། ཡར་ཀླད་པ་དུང་ཁང་གི་སྤྱན་ལ་གཟིགས་པར་སྒོམས། དེས་{ལས་རླུང་

རང་སར་དག་འཁོར་འདས་རྒྱབ་གྱེས་པས་} ལྷ་སྐུ་དང་མཆོད་རྟེན་ལྟ་བུ་ལ་སོགས་ཡེ་ཤེས་ཀྱི་རླུང་ཟིན་རྟགས་རྣམས་འཆར་བ་རང་སྣང་དུ་ངོས་བཟུང་། བདུན་པ། སྙིང་ནང་རྟོགས་པ་
[ 95 ]
༄༅། །བློ་ལས་འདས། ཙིཏྟ་གུར་ཕུབ་པ་ལྟ་བུའི་ནང་དུ་འོད་ལྔའི་མུ་ཁྱུད་ཀྱི་ནང་དུ། ཡེ་ཤེས་ཀྱི་སྤྱན་ཁྲ་སྒ་རེ་བ་གཅིག་ཡར་{འཁོར་འདས་དབྱེར་མེད་ཕུང་

ཁམས་རིགས་ལྔར་གྲོལ་} གྱེན་དུ་སྤྱན་ལྔ་ལ་གཟིགས་པར་སྒོམས། སྤོབ་པ་ཁྲོལ་མ་ལྟ་བུ་ཞེས་པ། སྐབས་སུ་སྤྱན་དྲུག་པོ་ཐམས་ཅད་དུང་ཁང་དུ་ཆོབ་ཆོབ་འདྲེས་པར་ སྒོམས༑ འདྲེས་མ་ཐག་ཏུ་རང་གི་སྤྱི་བོའི་གཙུག་མན་ཆད། རྐང་པའི་མཐིལ་ཡན་ཆད། ལུས་གནས་བ་སྤུའི་བུ་ག་ཐམས་ཅད་དུ། ཡེ་ཤེས་ཀྱི་སྤྱན་ཁྲ་ཟིམ་ ཟིམ༑ ཁྲ་མེར་མར། ཁྲ་སིབ་སིབ། ཁྲ་ཤིག་ཤིག་ཏུ་འཕྲོས་པས་གཅིག་ལ་གཅིག་གཟིགས་པར་སྒོམ་མོ།། ༈ །།གཞན་ཡང་རྒྱུད་ལས། ལྷ་གནས་རྒྱ་མཚོ་དུང་ཁང་གི། ཅེས་སོགས་ཀྱི་དོན་ནི། དུང་ཁང་ནས་དཀྱིལ་ཡར་ཐད་དུ་དམིགས་པ་གཏད་དེ། ཀླད་པ་དུང་ཁང་འཁོར་ལོའི་དབུས་སུ། ཐིག་ལེ་

དཀར་པོས་བསྐོར་བའི་ཡེ་ཤེས་ཀྱི་འོད་ལ་དམིགས་པ་གཏད་དོ། །རི་བོ་བརྟེན་ཅིང་། ཅེས་སོགས་ཀྱི་དོན་ནི། སྙིང་མཆོང་གྱུར་སྨུག་པོ་དར་དམར་གྱི་གུར་ཕུབ་པ་ལྟ་
[ 96 ]
བུའི་དབུས་སུ། ཐིག་ལེ་མཐིང་ཀ་ཡེ་ཤེས་འོད་ལྔའི་ར་བས་བསྐོར་བ་ཅིག་བསམ། དུང་ཁང་འཁོར་ལོའི་ཐིག་ལེར་ལྟ་ཞིང་། ཐིག་ལེ་དཀར་དམར་འོད་ལྔས་བསྐོར་

བའི་དབུས་སུ་དམིག་པ་གཏད་དོ། །རྒྱ་མཚོ་གཏུམ་ཅེས་པ་ནི། དཔྲལ་བའི་མཛོད་སྤུར་ཐིག་ལེ་དཀར་པོ་འོད་ལྔས་བསྐོར་བ་ཅིག་བསམ། ལྟག་པའི་བདུད་སྒོ་ ལ༑ ཐིག་ལེ་འོད་ལྔས་བསྐོར་བ་ལ་དམིགས་པ་མ་ཡེངས་པར་གཏད་དོ། །ལུས་ཀྱང་ལེན་རེ་དཀྱིལ་ཀྲུང་དུ་བྱས་ལ། པུས་མོ་གཉིས་ཀྱི་ཐོག་ཏུ་ལག་པས་དགབ་ རྒལ་པ་སྲོང་། འཇིངས་པ་ཅུང་ཟད་བཀུག །མིག་བར་སྣང་དུ་ལྟ། རྟོག་པས་བར་མ་ཆོད་པར་བྱ། ལན་རེ་དྲང་སྲོང་འདུག་སྟངས་བྱས་ལ། ཐེབ་མཛུབ་ ཀྱིས་རྒྱ་མཚོ་ཨར་ལ་གཏད། ལེན་རེ་ཡན་ལག་བཞི་ཡང་འཁྲབ། སྐབས་སུ་ཆོས་ཉིད་ཀྱི་དོན་ལ་ལྟ། དེ་ལྟར་བྱས་པས་ཉམས་སྣང་གི་འཆར་སྒོ་ཅི་བྱུང་ཡང་།

སྒྱུ་མ་རྨི་ལམ་ལྟ་བུའི་བློས། རྨི་ལམ་སྒྱུ་མ་ལྟ་བུར་ཉམས་སུ་བླང་ཞིང་གང་ལ་ཡང་ཆགས་ཞེན་མེད་པར་བྱའོ། །མདོར་ན་ཉམས་ཀྱི་འཆར་སྒོ་ཅི་བྱུང་ཀ་དག་ཆེན་
[ 97 ]
༄༅། །པོའི་ངང་ལ་གཡོ་བ་མེད་པར་ནམ་མཁའ་ལྟ་བུའི་རྣལ་འབྱོར་པ་ནི། ཡང་དག་པའི་གནད་འཆུག་པ་མེད་པ་ཡིན་ནོ། །དེའི་ཕྱིར་ཉམས་དང་རྟོགས་པ་

ཁོང་དུ་ཆུད་ཅིང་། གདེང་དང་ལྡན་པའི་རྣལ་འབྱོར་པས། ཡུལ་གྱིས་མི་འཕྲོག་པ་བསྒོམ་མེད་ཀྱི་ངང་ནས་འོད་གསལ་གྱི་སྣང་བ་ལ་འཛིན་མེད་དུ་བལྟ་ཞིང་གཡོ་བ་ མེད་པར་འདུག་པ་ནི། དོན་དམ་པའི་རྣལ་འབྱོར་པ་ཉམས་ལེན་ལ་བརྟེན་པ་ཐོབ་པ་ཅེས་བྱ། ཅེས་པས། འཆར་སྒོ་ཅི་བྱུང་ཉུལ་ལ། ཉམས་རྟོགས་བཟང་པོ་ སྐྱེས་པ་ངོ་སྤྲད་ཅིང་བོགས་སྐྱེད་འདོན། ཉམས་སྐྱོན་ཅན་ལ་གེགས་སེལ་སྙན་རྒྱུད་ལྟར་བྱ་སྟེ། གར་དབང་པདྨ་རྒྱལ་མཚན་གྱིས། དམིགས་པའི་རིམ་པ་དང་ རླུང་གནད་འདུག་སྟོངས་སོགས་མཁས་པར། སྙན་རྒྱུད་ཤོག་དྲིལ་གསུམ་དུ་གསལ་བ་ལྟར་ཁྲིད་མཁས་པར་བྱའོ། །ཅེས་གསུངས་སོ། །དེ་ལྟར་རྫོགས་པ་

ཆེན་པོ་ཡང་ཏིག་ནག་པོ་གསེར་གྱི་འབྲུ་གཅིག་པ་ཞེས་ཡོངས་སུ་གྲགས་པ་འདི་ཉིད། སྙག་ཛྙཱ་ན་ཀུ་མཱ་རའི་རྣམ་འཕྲུལ་སོག་བཟློག་པོ་བློ་གྲོས་བཟང་པོས། གར་
[ 98 ]
དབང་པདྨ་རྒྱལ་མཚན་ལ། མན་ངག་འདི་ལས་ལྷག་པ་གཞན་དུ་མེད། བརྩོན་འགྲུས་ཆེར་གྱིས་དང་། མངོན་སུམ་གྱི་གནད་རིག་པ་དང་། ཉིན་མཚན་གྱི་སྣང་

བ་ཁྱད་མེད་གསུངས་པ་ལྟར། བདག་ཀྱང་བླ་མའི་ཐུགས་རྗེ་དང་གདམས་ངག་ཟབ་པས། ཉིན་མཚན་གྱི་སྣང་བ་འདྲེས་པ་ཙམ་བྱུང་བས་ངེས་ཤེས་དང་ལྡན་པ་ ཡོད་དོ། །དེ་བས་ཕྱིས་འབྱུང་གི་གང་ཟག་རྣམས་ཀྱང་འདི་ལྟ་བུའི་གདམས་པ་ཉམས་སུ་ལོང་ཅིག །ཅེས་གསུངས་པའི་རྗེས་སུ་སློབ་པར་གྱིས་ཤིག་བློ་བཟང་རྣམས། ཡང་འོད་གསལ་བའི་ཐབས་ལ། སྲིན་བུ་མེ་ཁྱེར་གླང་མའི་རྩ་བ་སྔོན་པོ་དང་། ལྷང་མ་ལྷང་ཚེར། བྱ་མོ་ནག་མོའི་གསེར་སྒོང་བསྲེས་པས་མིག་གི་སྟེང་དུ་བྱུག་ ནས༑ ཨོཾ་ཆེན་ཀང་ཆེན་བྷ་ཧན་ཞུ་ཆེན་ཞུ་ཧན་གྷ་མེ་སྟོན་ཡམ། ཅེས་འབུམ་བཟླས་ན་གར་བལྟས་འོད་གསལ་དུ་འཆར་བར་འགྱུར་རོ། །རྫས་མེད་ཀྱང་ཞག་རེ་

བཞིན་བརྒྱ་རྩ་བརྒྱད་རེ་བརྗོད་ན་མངོན་སྣང་གོང་འཕེལ་དུ་འཆར་བར་འགྱུར་རོ། །འདི་ལ་ཁ་ཅིག་ཁྱོད་ཀྱི་ཡང་དག་པའི་ཟབ་དོན་བསྒོམ་པའི་ཁྲིད་རིམ་ལ། རྫས་
[ 99 ]
༄༅། །དང་སྔགས་ཡོད་པ་ཡ་ཆ་ཟེར་ན། ལན་ནི། ཚུལ་གསུམ་སྒྲོན་མ་ལས། དོན་གཅིག་ན་ཡང་མ་རྨོངས་དང་། །ཐབས་མང་དཀའ་བ་མེད་

ཕྱིར་དང་། །དབང་པོ་རྣོན་པོའི་དབང་བྱས་ནས། །སྔགས་ཀྱི་ཐེག་པ་ཁྱད་པར་འཕགས། །ཅེས་པ་དང་། གསང་བ་སྤྱོད་པ་ས་བོན་གྱི་རྒྱུད་ལས་ཀྱང་། མིག་ སྨན་ལ་སོགས་སྒོ་ལྔ་ཡི། །སྨན་གྱི་རིམ་པ་སྦྱར་བར་བྱ། །ཅེས་སོགས་དང་། ཐུན་མོང་གི་མདོ་དཀོན་མཆོག་བརྩེགས་པ་ལས། རིག་སྔགས་སྨན་དང་འཁྱུད་ དཔྱད་དང་། །རྟེན་ཅིང་འབྲེལ་པར་འབྱུང་བ་ཡི། །མཐུ་ནི་བསམ་གྱིས་མི་ཁྱབ་པོ། །ཅེས་གསུངས་པ་རྣམས་ཀྱི། ལུང་གི་ཚད་མས་འགྲུབ་པའོ། །དེ་ལྟར་ མངོན་སུམ་གྱི་གནད་ཉམས་སུ་བླང་བའི་ཕན་ཡོན་ནི། པདྨ་སྙིང་ཐིག་ལས། དེ་ཕྱིར་མངོན་སུམ་མི་ཅིག་ཟ་ཡུན་དུ། །སེམས་པར་ངོ་འཕྲོད་དེ་ཡིན་བལྟས་པ་ན། །

ཡོན་ཏན་བརྒྱ་ཕྲག་བཅུ་གཉིས་ལྷུན་གྱིས་གྲུབ། །ཅེས་གསུངས་པ་དང་། པཎ་ཆེན་བི་མ་ལ་མི་ཏྲས། དེ་ལྟར་སྐལ་ལྡན་རབ་ཅིག་གིས། །འཇིག་རྟེན་གྱི་བྱ་བའི་རྣམ་
[ 100 ]
པ་སྤངས་ནས། ཉམས་སུ་བླང་ན་སྣང་བ་བཞི་རྫོགས་ནས་འདི་ཉིད་དུ་ཟག་བཅས་མི་སྣང་བར་སངས་རྒྱ། འབྲིང་གཅིག་གིས་བག་རེ་ཉམས་སུ་བླངས། ཐང་བཅད་ནས་

ཉམས་སུ་བླང་ལོང་མ་བྱུང་ཀྱང་། ཆོས་ཉིད་ཀྱི་བར་མ་དོ་ལ་རང་གི་ཆོས་ཉིད་སྟོབས་སུ་གྱུར་ནས་སངས་རྒྱ། ཐ་མ་གཅིག་གིས་བླ་མ་མཚན་ཉིད་དང་ལྡན་པ་གཅིག་ལ་ དབང་བཞི་རྫོགས་པར་བྱས་ནས། མངོན་སུམ་གནད་ཀྱི་གདམས་པ་ནི་ཞུས། ཉམས་སུ་མ་བླངས་ཀྱང་། ཆོས་ཉིད་ཟབ་མོའི་སྒོ་མཐོང་ཞིང་། ཞུགས་པའི་བདེན་ པའི་བྱིན་བརླབས་ལ་བརྟེན་ནས། རང་བཞིན་སྤྲུལ་པ་སྐུའི་ཞིང་ཁམས་སུ་དབུགས་ཕྱུང་ནས། མངལ་གྱི་གྲོང་ཁྱེར་དུ་མི་འཇུག་སྟེ། འདོད་པ་དང་། གཟུགས་ དང་༑ གཟུགས་མེད་པའི་ཁམས་སུ་འཇུག་པ་མིན་ནོ། །ཞེས་གསུངས་སོ། །དེ་ལྟ་བུའི་ཐོད་རྒལ་གྱི་ཉམས་ལེན་འདི་ཉིད་མ་གཏོགས། གཞན་གྱི་ཉམས་ལེན་

བཟང་ཡང་དམན་པའི་ལུང་ནི། སྔོན་ཆོས་རྒྱལ་ཁྲི་སྲོང་ལྡེའུ་བཙན་གྱིས། པཎ་ཆེན་བི་མ་ལ་མི་ཏྲ་ལ་ཞུས་པ། བདག་ལ་བླ་མཆོད་ཉང་ཏིང་འཛིན་བཟང་པོ་ཞེས་
[ 101 ]
༄༅། །བྱ་བ་རྒྱ་ནག་ཧ་ཤང་གི་སློབ་མ། ཤའི་སྤྱན་མངའ་བས་ཞིང་ཁམས་འབུམ་ཕྲག་མང་པོ་དུས་གཅིག་ལ་གཟིགས་པ། ཏིང་ངེ་འཛིན་ཐུན་ཅིག་ལ་

མཉམ་པར་བཞག་པས། ཞག་བདུན་དུ་འཚོ་བའི་ཟས་མི་དགོས་པ་ཡོད་ཞུས་པས། པཎྜི་ཏ་ཞལ་ངོ་མནག་སྟེ། ནཱ་ག་པུ་ར་ཧི་ས་མཱ་དྷི། ཞེས་གསུངས་ནས་ཆོས་ གོས་ཀྱི་དབུ་གཏུམ་སོ། །དེར་ལོ་ཙཱ་བ་ལ་ཅི་གསུངས་དྲིས། སྡུག་སྲན་གྱི་བསྒོམ་ཀླུར་སྐྱེ་བའི་ཏིང་ངེ་འཛིན་ཡིན། གདམས་ངག་མེད་ན། ཞིང་ཁམས་མང་པོ་མཐོང་ ཡང་ཅི་ཕན་གསུངས་པ་རེད་ཟེར། དེ་རྒྱལ་པོས་ཉང་བན་ལ་བཤད་པས། ཉང་བན་ཆོས་ཀྱི་ལས་འཕྲོ་སད་དེ་སྔར་གྱི་ཧཱ་ཤང་གི་ཆོས་སྤངས་ཏེ། བི་མ་ལ་ལ་རྫོགས་ པ་ཆེན་པོའི་གདམས་ངག་ཞུས་ནས་འོད་ལུས་གྲུབ་པོ་ཅེས་གྲག་གོ་། །སྣང་བ་བཞིའི་ཚད་རྨི་ལམ་གྱིས་བཟུང་བ་ནི། བི་མ་ལས། རབ་རྨི་ལམ་རྨི་མི་སྲིད། འབྲིང་

རྨི་ལམ་རྨི་ལམ་དུ་ཤེས། ཐ་མ་བག་ཆགས་ངན་པའི་རྨི་ལམ་རྣམས་འགགས་ཏེ་དཀར་ཕྱོགས་ཀྱི་རྨི་ལམ་རྨི་བ་འབྱུང་ངོ་། །དེ་ལྟར་མ་བྱུང་ན་སངས་རྒྱ་བ་རེ་བ་མེད།
[ 102 ]
ཅེས་གསུངས་སོ། །དེ་ལྟ་བུའི་གནས་ལུགས་ཤེས་པ་ནི། འོག་མའི་ཐེག་པ་ལ་མ་གྲགས་པའི་ཁྱད་ཆོས་ཏེ། རྒྱུད་ལས། རྣལ་འབྱོར་པ་ཡང་བློ་ཁྱེད་ཀྱིས། །གོང་

མ་གོང་མའི་ལྟ་བ་ཡིས། །འོག་མ་འོག་མ་རྣམས་ལ་གནོད། །དེ་ཕྱིར་གོང་མ་ཁྱད་པར་འཕགས། །ཅེས་པས། འདི་ཉིད་རྫོགས་ཆེན་སྙིང་ཐིག་ལས། གཞན་དུ་ ཆེར་མ་གྲགས་པའི་ཁྱད་ཆོས་ལགས་པས། རྫོགས་ཆེན་ཡང་ཏིག་ནག་པོའི་ཁྲིད་ཀྱི་ཐོད་རྒལ་གྱི་ཆ་ལག་ཏུ། པདྨའི་རིག་སྔགས་འཛིན་པས་སྦྱར་བའོ། །ཡི་གེ་པ་ནི་

ཨུ་རྒྱན་ལྷུན་གྲུབ་པོ། །མངྒ་ལཾ།། །།
[ 103 ]
ཏ༽ ༄༅། །རྫོགས་ཆེན་ཡང་ཏིག་ནག་པོའི་སྙན་རྒྱུད་ཨར་གཏད་མུན་པའི་རྣལ་འབྱོར་བཞུགས་སོ།། །།
[ 104 ]
༄༅། །རྫོགས་པ་ཆེན་པོ་ཡང་ཏིག་ནག་པོ་གསེར་གྱི་འབྲུ་གཅིག་པའི་སྙན་རྒྱུད། མཚན་མོའི་རྣམ་འབྱོར་རྒྱ་མཚོ་ཨར་གཏད་

ལ་གཉིས་ཏེ། རྒྱ་མཚོ་ཨར་ལ་གཏད་པ་དང་། རྒྱ་མཚོ་དངས་སུ་གཞུག་པའོ། །དང་པོ་ནི། འོག་ནས་ས་རླན་དང་དུ་བའི་རྐྱེན་མེད་ པའི་མུན་ཁང་དུ་སྟན་བདེ་བ་ལ་འདུག་སྟེ། ར་ཐུལ་ལུག་ཐུལ་མི་གོན་པར། རང་ཉིད་ཁྲུས་གསོལ། མུན་ཁང་གོས་གདན་རྣམས་

སྤོས་སྣ་བཟང་དྲུག་ལ་སོགས་བདུག །གྲིབ་ཅན་ཟས་དང་གཏམ་པར་ལ་འཛེམ། བླ་མའི་རྣལ་འབྱོར་བསྒོམ་པའི་རྗེས་སུ། དྲང་སྲོང་
[ 105 ]
༄༅། །ཙོག་པུའི་དཔུས་མོའི་སྟེང་དུ། ལག་པ་གཉིས་གྱེན་དུ་བསླང་བའི་ཐེབ་མཛུབ་ཀྱིས། མིག་ལྤགས་དལ་བུས་

མནན་པས། དུ་བ་ལྟ་བུ་དང་། སྤྲིན་དང་ཁུ་རླངས་ལྟ་བུར་འཆར་བ་ནི། ཆོས་ཉིད་མངོན་གསུམ་གྱི་སྣང་བ་ངོས་བཟུང་བས་སྲིད་ པ་བར་དོར་གྲོལ་བར་འགྱུར་རོ། །དེ་ནས་འོད་དང་ཐིག་ལེ་ལྷ་སྐུ་རྐྱང་པ་ཞིང་ཁམས་ལ་སོགས་དག་མ་དག་གི་སྣང་བ་མང་པོ་འཆར་བ་

ཉམས་གོང་འཕེལ་གྱི་སྣང་བར་ངོས་བཟུང་བས་ཆོས་ཉིད་བར་དོར་ངོས་ཟིན་པའོ། །དེ་ནས་ལུ་གུ་རྒྱུད་དང་། འོད་དང་ལྷ་སྐུ་ཞི་
[ 106 ]
ཁྲོ་མང་དུ་འཆར་བ་ནི་རིག་པ་ཚད་ཕེབས་ཏེ། ཆོས་ཉིད་བར་དོར་རང་སྣང་ལོངས་སྐུ་ངོས་ཟིན་པར་འགྱུར་རོ། །དེ་ནས་སྔར་བས་འཆར་སྒོ་འོང་རྒྱུ་མེད་དེ། སྔར་

འཆར་བ་དག་ཀྱང་ཕྱིར་མ་གསལ། ནང་བློའི་ཡུལ་དུ་གསལ་བ་ནི། ཆོས་ཉིད་ཟད་པའི་སྣང་བ་ངོས་བཟུང་སྟེ། རྫོགས་པ་ཆེན་པོ་བྱ་བྲལ་གྱི་འབྲས་བུ་ཀ་དག་ གདོད་མའི་གཞི་དབྱིངས་སུ་བཙན་ས་ཟིན་པར་འགྱུར་རོ། །ཐེབ་མཛུབ་ཀྱི་རྩོལ་བ་མི་དགོས་པར་འཆར་ན་ཨར་གཏད་འབྱོངས་པའི་ཚད་དོ། །གཉིས་པ་རྒྱ་མཚོ་དངས་ སུ་གཞུག་པ་ནི། ལུས་རྣམ་སྣང་ཆོས་བདུན་བཅས་ལ། ལྟ་སྟོངས་འཐུར་དང་། ཐད་དང་། གྱེན་དུ་ལྟ་བ་ལ་ཞག་བདུན་བདུན་ལ་སོགས་བྱས་པས། སྔ་མ་ ལྟར་འཆར་བར་འགྱུར་རོ། །གཞན་ཡང་ཡེ་ཤེས་མིག་གཅིག་ལ་སོགས་པའི་དམིགས་པ་རྣམས་རྟེན་འབྲེལ་གྱི་ཆེ་བ་ཙམ་ལས། རང་རང་གི་བློ་ཡུལ་དུ་གང་བདེ་

རེ་བསྒོམ་པས་ཆོག་པའོ། །ཅེས་མུན་པའི་རྣལ་འབྱོར་ལ་སྣང་བ་བཞིའི་འཆར་ཚུལ་བཤད་པ་འདི་རྫོགས་ཆེན་གཞན་ལ་མེད་པའི་ཡང་ཏིག་ནག་པོ་འདིའི་ཁྱད་ཆོས་
[ 107 ]
༄༅། །མཆོག་ཏུ་གྱུར་པའོ། །དེ་ལྟར་ཉིན་མོ་སྒྲོན་མ་དྲུག་ལྡན་དུ་སྣང་བཞི་ཉམས་ལེན་ལ་བརྩོན་ཞིང་མུན་པར་ཡང་སྣང་བཞི་ངོས་ཟིན་པར་ཉམས་སུ་

ལེན་པས། བར་དོ་ད་ལྟ་ནས་ཆོད་པ་སྟེ། འདས་རྗེས་ལས། ཆོས་ཉིད་མངོན་སུམ་སྣང་བ་ཡིས། །ཡིད་དཔྱོད་འཛིན་པའི་ལྟ་བ་ནུབ། །ཉམས་སྣང་གང་དུ་འཕེལ་བ་ བ་ཡིས། །བར་དོའི་འོད་གསལ་མངོན་དུ་དབྱེ། །རིག་པ་ཚད་ཕེབ་སྣང་བ་ཡིས། །ལོངས་སྤྱོད་རྫོགས་པའི་སྐུ་དངོས་ཟིན། །ཆོས་ཉིད་ཟད་པའི་སྣང་བ་ཡིས། །རྫོགས་ ཆེན་བྱ་བྲལ་འབྲས་བུ་ཐོབ། །ཅེས་གསུངས་སོ། །སྐབས་སུ་སློབ་དཔོན་གྱི་འཆར་སྒོ་ཅི་བྱུང་ཉུལ་ཞིང་ཉམས་སྐྱོན་ཅན་བཅོས་ཤིང་། ཡོན་ཏན་སྐྱེས་པ་ངོ་སྤྲོད་པ་སྙན་ རྒྱུད་ཡིད་བཞིན་ནོར་བུ་ལྟར་བྱའོ། །{སྤྱིར་ཁམས་འདུས་པ་དང་རླུང་ཉམས་ལ་སོགས་པའི་མི་བདེ་བ་བྱུང་ན་ཆང་མ། ཨག་རག་ཅུ་ཙམ་བཏང་བར་བྱའོ། །} དེ་ལྟ་བའི་སྣང་བཞི་དང་འབྲེལ་པའི་ངོ་

སྤྲོད་ཟབ་མོའི་གདམས་ངག་མེད་པར་རྣམ་རྟོག་འགག་པའི་བསམ་གཏན་ཙམ་གྱིས། མུན་པའི་ཁང་པར་འདུག་པ་ནི། ཉམས་རྟོགས་ལ་བོག་སྐྱེད་འདོན་པ་དང་། སྐྱེན་
[ 108 ]
སེལ་ཅིང་བར་དོའི་སྣང་བ་ད་ལྟ་ནས་འདྲིས་པའི་གནད་མི་ཤེས་ཅིང་། ཁམས་གསུམ་དུ་གོལ་བའི་ཉེན་ཡོད་དེ། སྔོན་ཆོས་རྒྱལ་ཁྲི་སྲོང་ལྡེའུ་བཙན་གྱིས། པཎ་ཆེན་བི་

མ་མི་ཏྲ་ལ་ཞུས་པ། བདག་ལ་བླ་མཆོད་ཉང་ཏིང་འཛིན་བཟང་པོ་བྱ་བ། རྒྱ་ནག་ཧ་ཤང་གི་སློབ་མ་ཏིང་ངེ་འཛིན་ཐུན་གཅིག་གིས་ཞག་བདུན་དུ་འཚོ་བའི་ཟས་མི་དགོས་པ། ཞིང་ཁམས་མང་པོ་དུས་གཅིག་ལ་གཟིགས་པ་ཡོད་ཞུས་པས། སྡུག་སྲན་གྱི་བསྒོམ་ཀླུར་སྐྱེ་བའི་ཏིང་ངེ་འཛིན་ཡིན། གདམས་ངག་མེད་ན་ཞིང་ཁམས་མང་པོ་ མཐོང་ཡང་ཅི་ཕན་གསུངས་པས། དེ་རྒྱལ་པོས་ཉང་བན་ལ་བཤད་པས། བི་མ་ལ་ལ་ཉང་བན་གྱི་རྫོགས་ཆེན་ཞུས་པས་འོད་ལུས་འགྲུབ་པོ། །རྗེ་ས་སྐྱ་པཎྜི་ཏས། རྨོངས་པས་ཕྱག་རྒྱ་ཆེ་བསྒོམ་པ། །ཕལ་ཆེར་དུད་འགྲོའི་གནས་སུ་སྐྱེ། །ཅེས་གསུངས་པ་ཡང་འདི་ལྟ་བུ་ལ་དགོངས་པའོ། །གཞན་ཡང་གསར་མའི་ལམ་འབྲས་

ལས༑ མ་ལབ་སྒྲོན་ལ་ཉམས་ལེན་གྱི་སྐྱོན་བྱུང་བ། བླ་མ་སེ་མཁར་ཆུང་བ་ལ་ཞུས་པས། ཁྱོད་ལ་བསྒོམ་པའི་ཉམས་འདུག་སྟེ། གདམས་ངག་མི་འདུག་
[ 109 ]
༄༅། །གསུངས་ཏེ། གདམས་ངག་ངོ་སྤྲོད་དེ་སྒྲོ་འདོགས་ཆོད་པར་གསུངས་སོ། །དེས་ན་ཁྲེགས་ཆོད་ཀྱི་ཉམས་ལེན་ཅུང་ཟད་ཡོད་ཀྱང་ཐོད་རྒལ་གྱི་

སྣང་བ་བཞིའི་ངོ་སྤྲོད་ཀྱི་གདམས་ངག་མེད་པར་མུན་ཁང་ནང་དུ་འདུག་པ་རྣམས་ཡ་ཆ། སྐྱོན་དང་ཡོན་ཏན་གང་ཡང་མེད་དེ། སྔོན་འདུ་ཤེས་འགོག་པ་ལ་སྙོམ་པར་འཇུག་ པའི་ཉན་ཐོས་ཉི་ཚེ་བ་ད་ལྟ་ས་ཕུག་ལ་སོགས་པར་མི་འགའ་ཞིག་གིས་མཐོང་ཞེས་པ་ལྟ་བུ་དང་། དགུན་དུས་ཀྱི་སྲོག་ཆགས་འགའ་ཞིག་ལྟར་རོ། །དེ་བས་ན་སྣང་ བཞིའི་ངོ་སྤྲོད་གལ་ཆེའོ། །གཞན་ཡང་མཚན་མོ་གཉིད་ཀྱི་སྐབས་ལ་འཆི་ཁ་བར་དོ་སྦྱང་བ་དང་། མུན་པ་དང་ཉིན་སྣང་ལ་ཆོས་ཉིད་བར་དོའི་འོད་གསལ་སྦྱང་པས། ཇི་

ཞིག་ན་རྣལ་དུ་ཕེབ་སྟེ་གྲོལ་བར་འགྱུར་རོ། །{ཅེས་པ་འདི་ཡང་པདྨའི་རིག་སྔགས་འཛིན་པས་སྦྱར་བའོ། །དགེའོ། །དགེའོ། །དགེའོ། །}
[ 110 ]
 
[ 111 ]
ཏ༽ ༄༅། །རྫོགས་པ་ཆེན་པོ་ཡང་ཏིག་ནག་པོ་གསེར་གྱི་འབྲུ་གཅིག་པའི་ཁྲིད་རིམ་གྱི་སྟོང་ཐུན་བཞུགས་སོ།། །།
[ 112 ]
༄༅། །དཔལ་ཀུན་ཏུ་བཟང་པོ་ལ་ཕྱག་འཚལ་ལོ། །སྤྱིར་ཁྲིད་གདབ་པའི་ཚུལ་ལའང་། ཟོག་པོའི་འུར་ཁྲིད། འདོད་པོ་ཆེའི་

དཔུང་ཁྲིད། ཤེས་ཆུང་གི་དཔེ་ཁྲིད། སྐུ་ཆེན་གྱི་ཡམ་ཁྲིད་ཞེས་སྤང་བར་བྱ་བའི་ཁྲིད་ཚུལ་བཞི་དང་། པཎྜི་ཏའི་ཚིག་ཁྲིད། བསྒོམ་ ཆེན་གྱི་དམར་ཁྲིད། རྣལ་འབྱོར་པའི་མྱོང་ཁྲིད། རྟོགས་ལྡན་གྱི་དགོངས་ཁྲིད། རྒན་མོའི་མཛུབ་ཁྲིད་ཞེས་དོན་དང་མཐུན་པའི་ཁྲིད་ཚུལ་

ལྔར་ཡོད་པ་ལས། འདིར་ནི་ཕྱི་མ་ཀུན་དང་མཐུན་པར་ཁྲིད་པ་སྟེ། ཁྲིད་དངོས་ནི། ཐེག་པ་གཞན་ལས་ཆེས་མཆོག་ཏུ་གྱུར་པ། རང་
[ 113 ]
༄༅། །བཞིན་རྫོགས་ཆེན་པོ་འོད་གསལ་རྡོ་རྗེ་སྙིང་པོ་མངོན་སུམ་སྙིང་ཐིག་གི་གདམས་པ། རང་རིག་སངས་རྒྱས་སུ་སྟོན་

པར་བྱེད་པ། ཡང་ཏིག་ནག་པོ་གསེར་གྱི་འབྲུ་གཅིག་པའི་ཁྲིད་ཀྱི་རིམ་པ་ལ། སྔོན་འགྲོའི་རིམ་པ་ཇི་ལྟར་བྱ་བའི་ཚུལ། དངོས་གཞི་ཟག་ མེད་ཀྱི་ཡེ་ཤེས་རྒྱུད་ལ་བསྐྱེད་པའི་ཚུལ། རྗེས་སྣང་བ་བཞིའི་འཆར་ཚུལ། མཐའ་བརྟེན་གྱི་མན་ངག་དང་བཞི་ལས། དང་པོ་ཐུན་མོང་

སྤྱིའི་སྔོན་འགྲོ་ལ་ཆོས་ཐུན་བཅུ་གཅིག །ཐུན་མོངས་མ་ཡིན་པ་རང་གི་སྔོན་འགྲོ་ལ་ཆོས་ཐུན་སུམ་ཅུ་རྩ་གཉིས། གནས་ལུགས་ཀྱི་ངོ་བོ་ཁྲིག་
[ 114 ]
ཆོད་གདབ་ཚུལ་ལ་ཆོས་ཐུན་བཅུ་བདུན། གཉིས་པ་དངོས་གཞི་ཟག་མེད་ཀྱི་ཡེ་ཤེས་རྒྱུད་ལ་བསྐྱེད་པའི་ཚུལ་ལ། ཆོས་ཐུན་བཅུ་གསུམ།། ༈ །།གསུམ་པ་རྗེས་

སྣང་བ་བཞིའི་འཆར་ཚུལ་བསྟན་པ་ལ་ཆོས་ཐུན་བཞི།། ༈ །།བཞི་པ་མཐའ་བརྟེན་གྱི་མན་ངག་ལ་ཆོས་ཐུན་བཞི་སྟེ། སྤྱིར་ཆོས་ཐུན་བརྒྱད་ཅུ་རྩ་གཅིག་པ་དེ་དག

མ་དཔེ་ལ་སྐྱོན་ཤོར་འདུག
[ 115 ]
༄༅། །གཞན་གྱིས་བར་མ་ཆོད་པར་ཆུང་ངུའི་ཆེད་དུ་ཆེན་པོ་མི་བཏང་ཞིང་ཉམས་ལེན་ལ་བརྩོན་ན། ཉམས་རྟོགས་དང་འགྲོ་ཕན་རྒྱ་ཆེན་པོ་འབྱུང་བར་ངེས་

སྟེ༑ སྤྱོད་འཇུག་ལས། ཆུང་ངུའི་ཕྱིར་ནི་ཆེ་མི་གཏོང་། །གཙོ་ཆེར་གཞན་གྱི་དོན་བསམ་མོ། །ཅེས་པ་དང་། ཇོ་བོ་རྗེས། ད་ནི་ལེགས་པར་གཞི་བཞེངས་ཚར་ བ་ཡིན། །ཆོས་འདི་ལེགས་པར་སྐྱོངས་ཤིག་རྒྱལ་བ་འབྲོམ། །མཐའ་རྒྱ་བྱང་ནས་སྐྱེད་ཅིག་སྙིང་སྟོབས་ཅན། །ཕོ་རུས་རྣམ་ཐར་ཟུངས་ཤིག་ཁྲེལ་གཞུང་ཅན། །ཕ་ གཅིག་བུ་གཡིན་ནོ་སྙིང་ལ་སོམ། །གུང་ཐང་པ་ནི་བླ་མ་གཉིས་པ་ཚོལ། །འབྲོམ་རྗེ་ཁྱོད་ཉིད་ཁོ་བོ་གཅིག་པུ་སེམས། །སྦྲུལ་གྱི་ལྤགས་པ་བརྗེ་ཡང་སྦྲུལ་མི་བརྗེ། ། ཁོ་བོ་འཆི་ཚུལ་བསྟན་ཡང་ཨ་ཏི་ཤ །བདག་གི་བསྟན་པ་འདི་ནི་ཁྱོད་ལ་གཏད། །ཅེས་གསུངས་པ་དང་། དབང་ཕྱུག་རྡོ་རྗེས། ཉམས་ལེན་སྐྱོངས་བ་པོ་རྣམས་ཀྱིས་

ཀྱང་༑ །ཚིག་རིས་ཟིན་ན་བྱིན་རླབས་ཆེ་བས་བཟུང་ཆོག་ལ། ཚིགས་རིས་གལ་ཏེ་མ་ཟིན་ཀྱང་། དེའི་དོན་རྣམས་གསལ་བཏབ་ནས་རྒྱུད་ལ་ཅི་འདྲེར་བསྒོམ་པས་
[ 116 ]
དོན་འགྲུབ་པོ། །ཅེས་གསུངས་པ་ལྟར། རྫོགས་པ་ཆེན་པོ་འདིར་སེམས་ཉིད་རིག་པའི་ངོ་བོ་ཞག་བདུན་ནས་ངོ་འཕྲོད་ཀྱང་སངས་རྒྱས་ཀྱི་ས་ལ་སྦྱོར་བ་ཆོས་འདིའི་ཁྱད་

པར་རོ། །གཞན་དག་ལོ་ཟླ་མང་ཡང་དེ་ལྟར་མ་ཡིན་ནོ། །སྤྱིར་གྲུབ་མཐའ་སོ་སོའི་རང་ལུགས་ནི། ཤཱཀྱ་ཐུབ་པས་ཆོས་ཐམས་ཅད་རྨི་ལམ་སྒྱུ་མ་ལྟ་བུ་ཡིན་པར་ གསུངས༑ འཕགས་པ་ཀླུ་སྒྲུབ་ཀྱིས་ཆོས་ཐམས་ཅད་རྟེན་ཅིང་འབྲེལ་བར་འབྱུང་བ་ཡིན་པར་གསུངས། ཕ་དམ་པས་ཆོས་ཐམས་ཅད་རིག་པ་དྲི་མ་མེད་པ་ཡིན་ པར་གསུངས། སློབ་དཔོན་པདྨས་ཆོས་ཐམས་ཅད་གདོང་ནས་ཡེ་རྫོགས་ལྷུན་གྲུབ་ཡིན་པར་གསུངས། ཇོ་བོ་རྗེས་ཆོས་ཐམས་ཅད་སྐྱེས་བུ་གསུམ་གྱི་ལམ་གྱི་རིམ་པ་ ཡིན་པར་གསུངས་སོ། །དེ་དག་ཀུན་ཀྱང་འབྲས་བུ་རང་དོན་ཆོས་སྐུའི་ངང་ནས། གཞན་དོན་གཟུགས་སྐུ་གཉིས་ཀྱི་འགྲོ་དོན་མཛད་པ་སྟེ། ལུང་ལས། སྟོང་ཉིད་

སྙིང་རྗེའི་སྙིང་པོ་ཅན། །བྱང་ཆུབ་བསྒྲུབ་པ་ཁ་གཅིག་ལའོ། །ཅེས་པ་དང་། ཆོས་རྒྱལ་སྲོང་བཙན་སྒམ་པོས། སྟོང་ཉིད་མེད་ན་བདག་དོན་མེད། །སྙིང་རྗེ་
[ 117 ]
༄༅། །མེད་ན་གཞན་དོན་མེད། །ཅེས་པས་ཤེས་རབ་སྟོང་པ་ཉིད་ཀྱིས་སྲིད་ལ་མི་གནས་པ་ཆོས་སྐུ། ཐབས་སྙིང་རྗེ་ཆེན་པོས་ཞི་བ་ལ་མི་གནས་པ་གཟུགས་

སྐུ་སྟེ། མི་གནས་པའི་མྱ་ངན་ལས་འདས་པའོ། །མདོར་ན། རྫོགས་པ་ཆེན་པོའི་ཁྲིད་འདི་ལ། གཞི་ཀ་དག་གི་ལྟ་བ་རིག་པ་སྟོང་གསལ་ངོ་སྤྲད་ནས། ལམ་ ཁྲེག་ཆོད་ཀྱི་བསྒོམ་པ་རང་རིག་རྗེན་པར་རིག་རིག་གསལ་གསལ་སྐྱོངས། འཆི་ཁ་བར་དོའི་འོད་གསལ་ངོ་སྤྲད། གཞི་ལྷུན་གྲུབ་ཀྱི་ལྟ་བ་ངོ་སྤྲོད་ནས། ལམ་ཐོད་ བརྒལ་གྱི་བསྒོམ་པ་སྣང་བཞི་སྒྲོན་མ་བཞི་སྐྱོངས་ནས། ཆོས་ཉིད་བར་དོའི་སྐུ་དང་ཡེ་ཤེས་ངོ་སྤྲད། དེས་ཉམས་ལེན་ཐམས་ཅད་ལུང་མ་བསྟན་དུ་མ་སོང་བར་

འཆུག་པ་མེད་པའོ། །དགེའོ།། །། །།
[ 118 ]
 
[ 119 ]
༄༅༔ ༔རྫོགས་པ་ཆེན་པོ་ཡང་ཏིག་ནག་པོ་གསེར་གྱི་འབྲུ་གཅིག་པ་ལས༔ སྙན་རྒྱུད་ཡིད་བཞིན་ནོར་བུ་བཞུགས་སོ༔ ༔
[ 120 ]
༄༅༔ ༔ཨེ་ ཨེ་མ༔ ཨེ་མ་ཧོ༔ ཡེ་ཤེས་ཀུན་ལྡན་མགོན་པོ་ནི༔ འོད་ཀྱི་ཕུང་པོ་ལ་བཏུད་ཏེ༔ སྐལ་ལྡན་ལམ་

གྱི་གསང་ཆེན་མཆོག༔ ཉིན་མཚན་འོད་ཀྱི་འཁོར་ལོ་བྲི༔ ཆོས་ཉིད་སྙིང་པོའི་དོན་ཉམས་སུ་ལེན་པའི་གནད་ལ་གཉིས་ཏེ༔ མཚན་ མོའི་རྣལ་འབྱོར་རྒྱ་མཚོ་ཨར་ལ་གཏད་པ་དང་༔ ཉིན་མོའི་རྣལ་འབྱོར་མཆོག་ཏུ་གསང་བའོ༔ དང་པོ་ལ་གཉིས་ཏེ༔ ཨར་ལ་

གཏད་པ་ནི༔ མུན་ཁང་གཉིས་རིམ་གསུམ་རིམ་སྣང་བའི་སིང་ཁུང་ཅུད་ཟད་ཀྱང་མེད་པར་སྟན་བདེ་བ་ལ་འདུག་སྟེ༔ བླ་མའི་
[ 121 ]
༄༅༔ ༔རྣལ་འབྱོར་བསྒོམ་པའི་རྗེས་ལ་དྲང་སྲོང་ཙོག་པུའི་འདུག་སྟངས་ཀྱིས་པུས་མོའི་སྟེང་དུ་ལག་པ་གཉིས་གྱེན་དུ་

བསླང་བའི་གཡས་གཡོན་གྱི་ཐེབ་མཛུབ་ཀྱིས་མིག་གི་མཐའ་ནས་ཅུང་ཟད་བཙིར་བའམ༔ མིག་གི་འབྲས་བུའི་སྟེང་ནས་ཡ་ལྤགས་ཅར་ གྱིས་དལ་བུས་མནན་པས༔ དང་པོ་ཡེ་ཤེས་དམར་ལྗང་སྔོ་དཀར་སེར་བའི་ནང་ནས་ཐིག་ལེ་དང་༔ འོད་དང་རི་མོའི་རྣམ་པ་ཝལ་

གྱིས་ཡོད་སྙམས་པ་དང་༔ འོད་སྐྱ་ཙེམ་ཙེམ་པ་དང་༔ དཀར་ཕྲོམ་ཕྲོམ་པ་དང་། ལྗོན་ཤིང་ལྟ་བུ་དང་༔ སྤྲིན་ལྟ་བུ་དང་༔
[ 122 ]
མིག་གི་རྣམ་པ་ལྟ་བུ་ལམ་ལམ་བྱུང་དུས་ལག་པ་ཕྱེས་ནས་བལྟས་པས་འོད་དཀར་པོ་སེར་པོ་དམར་པོ་ལྗང་གུ་དང་༔ ཟ་འོག་རིས་དང་༔ སྐྱ་ཁྲོམ་ཕྲོམ་པ༔ དྲྭ་མིག་

རིས་དང་༔ འཇའ་ཚོན་དང་༔ རྨ་བྱའི་མདོངས་ལྟ་བུར་འཆར་རོ༔ སྣང་བ་དེ་དག་མ་ཡལ་བར་དུ་བལྟ་ཞིང་བསྒོམ་མོ༔ ཡལ་བ་དང་ཡང་དབུགས་ཐུང་ངུ་གཅིག་ བཟུང་ལ་སྔ་མ་བཞིན་དུ་མནན་ནས་ཤར་བ་ལ་བལྟ་ཞིང་བསྒོམ་མོ༔ དེ་ལྟར་རྩོལ་བས་ཡང་ཡང་ཉམས་སུ་བླངས་པས་ཞག་ལྔའམ་བདུན་ནས་ཐེབ་མཛུབ་ཀྱིས་རྩོལ་ བ་མི་དགོས་པ་ནི་ཨར་གཏད་འབྱོངས་པའི་ཚད་དོ༔ ༔གཉིས་པ་རྒྱ་མཚོ་དངས་སུ་གཞུག་པ་ནི༔ རྣམ་སྣང་གི་ཆོས་བདུན་བཅས་ལ༔ ལྟ་སྟངས་འཐུར་དུ་ ལྟ་བ་ལ་ཞག་བདུན༔ ཐད་དུ་ལྟ་བ་ལ་ཞག་བདུན༔ གྱེན་དུ་ལྟ་བ་ལ་ཞག་བདུན་བྱས་པས་སྔོན་མའི་འོད་སྣང་དེ་དག་གསལ་ཞིང་རྒྱ་ཆེར་འཆར་ལ༔ ཐིག་ལེའི་

ནང་དུ་འགྲོ་བ་རིགས་དྲུག་གི་གཟུགས་དང་སངས་རྒྱས་བྱང་སེམས་ཉན་རང་ལ་སོགས་པའི་སྐུ་མང་པོ་དང་༔ འཁོར་འདས་ཀྱི་གཟུགས་སྣང་མང་པོ་འཆར་རོ༔ ༔
[ 123 ]
༄༅༔ ༔འཇའ་ཚོན་དང་འོད་ཟེར་འབར་བ་དང་༔ ལྷའི་སྐུ་ཆེ་ཆུང་མ་ངེས་པ་ཐོལ་སྐྱེས་སུ་འཆར་བ་འབྱུང་༔ དེ་ནས་སྣང་བ་ཐམས་ཅད་གསལ་བ་

ཆོས་འཕྲ་བ་འགུལ་འཁྲིག་ཇེ་དལ་དུ་སོང་ནས༔ ལུས་ངག་ཡིད་གསུམ་ལ་བདེ་གསལ་མི་རྟོག་པའི་ཏིང་ངེ་འཛིན་ངང་གིས་འཆར་རོ༔ དེ་ལ་ལུས་མི་འགུལ་བས་རྩ་ མི་འགུལ༔ རྩ་མི་འགུལ་བས་རླུང་མི་འགུལ༔ རླུང་མི་འགུལ་བས་སེམས་མི་འགུལ༔ སེམས་མི་འགུལ་བས་རྟོག་པ་ཐམས་ཅད་འགག་ནས་སྐྱེ་མེད་བློ་ འདས་ཆེན་པོའི་ངང་ལ་གནས་པ་རྟེན་འབྲེལ་གྱི་ཆེ་བའོ༔ དེ་ལྟར་ཞག་ཉི་ཤུ་རྩ་གཅིག་བསྒོམ་ནས་ཕྱིས་ནས་ཉིན་མཚན་མ་འདྲེས་ཀྱི་བར་དུ་བསྒོམ་པར་བྱའོ༔ ༔ ཨྠྀི༔ ༔སྤྱི་དོན་གཉིས་པ་ཉིན་མོའི་རྣལ་འབྱོར་མཆོག་ཏུ་གསང་བ་ནི༔ དྲང་སྲོང་རྡོ་རྗེ་སྐྱིལ་ཀྲུང་གི་འདུག་ལ་ལུས་མི་འགུལ་བར་རླུང་དལ་བས་རིག་པ་

མིག་ལ་མ་ཡེངས་པར་གཏད༔ མིག་ཅུང་ཟད་ཞིག་ཟིམ་བུར་བྱས་ལ་ཉི་མའི་ངོས་ནས་ཁྲུ་གསུམ་གྱི་སར་གཏད་དེ་དྲིལ་ནས་ལྟས་པས་སྐུ་དང་ཡེ་ཤེས་ཀྱི་སྣང་བ་
[ 124 ]
སྔོན་པོས་གསལ་ཤིང་དངས་པ་མི་གཡོ་བ་ཟ་འོག་གི་གུར་ཁྱིམ་ལ་བུའི་ནང་དུ་རྡོ་རྗེ་ལུ་གུ་རྒྱུད་ཐིག་ལེ་ཐིག་ཕྲན་དང་བཅས་པ་འཆར་རོ༔ དེ་ཉིད་ལ་བསླབ་ཅིང་སྨིན་

མཚམས་དང་སྣ་རྩེ་ནས་ཇེ་རིང་ཇེ་མཆེད་དུ་རྒྱང་རིང་པོའི་བར་ཕབ་ནས་ཕྱོགས་ཐམས་ཅད་དུ་ཁྲིད་ཅིང་ལྟས་པས་ཉི་མའི་རྐྱེན་གྱིས་རྟག་ཏུ་སྣང་བ་དེ་འདྲ་གོང་དུ་བསྟན་པ་ ལས་ཆེས་ལྷག་པར་འཆར་རོ༔ དེ་ཉམས་སུ་བླངས་པས་སྣང་བཞི་ཚད་དུ་ཕྱིན་ནས་རབ་ཚེ་འདི་ཉིད་ལ་གྲོལ༔ འབྲིང་བར་དོའི་སྣང་བ་ལ་བརྟེན་པ་ཐོབ་ཅིང་༔ ཐ་ མ་རང་བཞིན་སྤྲུལ་པ་སྐུའི་ཞིང་ཁམས་སུ་བར་དོ་མེད་པར་སངས་རྒྱ་བ་ནི་མངོན་སུམ་སྙིང་ཏིག་གནད་ཀྱི་མན་ངག་ཡང་དག་པ་ཡིན་ནོ༔ ས་མ་ཡཱ༔ ༔ ཡང་ནམ་མཁའ་སུམ་སྤྲུག་གི་གདམས་པ་ལྟར་ན༔ ཙིཏྟ་རིན་པོ་ཆེ་དཔལ་གྱི་བེའུ་ནང་སྟོང་པར་ཡོད་པ་མཐའ་ཡས་ནམ་མཁའ་༔ ཙིཏྟའི་དཀྱིལ་དུ་འོད་ལྔ་ལྷུན་གྲུབ་

དུ་ཡོད་པ་རྒྱན་ནམ་མཁའ༔ འོད་ལྔ་ལ་ཟེར་སྣ་ཚོགས་སུ་འཕྲོ་བ་བུ་ག་ནམ་མཁའ༔ དེ་ཡང་མཐའ་ཡས་ནམ་མཁའ་ཆོས་སྐུ༔ རྒྱན་ནམ་མཁའ་ལོངས་སྐུ༔ བུ་
[ 125 ]
༄༅༔ ༔ནམ་མཁའ་སྤྲུལ་སྐུ༔ སྐུ་གསུམ་པོ་དེ་དབྱེར་མེད་པ་ངོ་བོ་ཉིད་སྐུ༔ དེ་ཉམས་སུ་ལེན་པ་ལས་སྒྲོན་མ་དྲུག་སྟེ༔ ཙིཏྟ་ཤའི་སྒྲོན་མ༔ ༔

དཀར་འཇམ་རྩའི་སྒྲོན་མ༔ རྒྱང་ཞགས་ཆུའི་སྒྲོན་མ༔ དབྱིངས་རྣམ་པར་དག་པའི་སྒྲོན་མ༔ ཐིག་ལེ་སྟོང་པའི་སྒྲོན་མ༔ ཤེས་རབ་རང་བྱུང་གི་སྒྲོན་མའོ༔ ༔ དེ་ཡང་ཙིཏྟ་ཤའི་སྒྲོན་མ་བཞུགས་པའི་གནས་ཡིན༔ གང་བཞུགས་ན་སྙིང་པོ་མཆོག་གི་ཡེ་ཤེས་བཞུགས༔ ཅི་ལྟར་བཞུགས་ན་འོད་ལྔ་ལྷུན་གྲུབ་དུ་བཞུགས༔ ཕྱི་ རུ་མི་མངོན་ནང་དུ་གསལ༔ དཔེར་ན་བུམ་པའི་མར་མེ་འདྲ༔ དཀར་འཇམ་རྩའི་སྒྲོན་མ་འགྲིམ་པའི་ལམ་ཡིན༔ རྒྱང་ཞགས་ཆུའི་སྒྲོན་མ་འཐོན་པའི་སྒོ་ཡིན༔ དབྱིངས་རྣམ་པར་དག་པའི་སྒྲོན་མ་སྣང་བའི་ཡུལ་ཡིན༔ ཐིག་ལེ་སྟོང་པའི་སྒྲོན་མ་འཆར་བའི་དོན་ཡིན༔ ཤེས་རབ་རང་བྱུང་གི་སྒྲོན་མ་རིག་པའི་ཡེ་ཤེས་ཡིན༔ དེ་

ཡང་རྐྱེན་ཚེ་ཕྱི་མ་དང་མུན་པས་མཚམས་སྦྱར་བས་འཆར་ལ༔ ལས་དང་སྐལ་བར་ལྡན་པའི་སྐྱེས་བུ་སྙིང་སྟོབས་ཅན་རྣམས་ཀྱི་ཉམས་སུ་བླངས་པས༔ དབྱིངས་
[ 126 ]
ཀྱི་དཀྱིལ་འཁོར་དུ་ཐིག་ལེ༔ ཐིག་ལེའི་ནང་དུ་རིག་པ༔ དེ་བརྩོན་དུ་བཟུང་བས་ཚེ་གཅིག་ལ་སངས་རྒྱས་ཐོབ་པར་གདོན་མི་ཟའོ༔ དེ་ཡང་དབྱིངས་ཆོས་སྐུ༔ ༔

ཐིག་ལེ་ལོངས་སྐུ༔ རིག་པ་སྤྲུལ་སྐུ༔ དེ་གསུམ་དབྱེར་མེད་ངོ་བོ་ཉིད་སྐུ༔ དེ་སྒྲིབ་གཡོག་མེད་པར་ཟང་ཐལ་ཆེན་པོར་གཅེར་མཐོང་དུ་ལྟ་བར་བྱའོ༔ དེ་ལྟར་ ལྟས་པས་སྣང་བ་བཞི་མཐར་ཕྱིན་ནོ༔ རྟག་དང་སྦྱར་ན་ལས་དང་པོ་པ་སྒོམ་ཁོང་དུ་ཞུགས་ནས་དབང་པོའི་ཁྱད་པར་གྱིས་ཞག་དགུའམ་དྲུག་གམ་གསུམ་ནས་ དུ་བ་ལ་སོགས་རྟགས་རྣམས་མངོན་སུམ་དུ་སྣང་བ་ནི་ཆོས་ཉིད་མངོན་སུམ་གྱི་སྣང་བ་ཡིན་ནོ༔ དེ་ནས་བསྒོམ་པས་འོད་དང་འོད་ཁྱིམ་དང་ཐིག་ལེ་དང་ཐིག་ ཕྲན་དང་སྐུ་དང་ཞིང་ཁམས་དང་དག་པ་དང་མ་དག་པའི་ཆ་ཐམས་ཅད་ཇེ་མང་ཇེ་འཕེལ་ཇེ་གསལ་ཇེ་རྒྱས་སུ་འགྲོ་བ་ནི་ཉམས་གང་འཕེལ་གྱི་སྣང་བ་ཡིན་ནོ༔ དེ་

ནས་བསྒོམ་པས་རིག་པ་ལུ་གུ་རྒྱུད་ཅེས་བྱ་བ་ཐིག་ལེ་ཉ་མིག་ལྟ་བུ་གསལ་ལ་འཚེར་བ་ཟླུམ་ལ་འགྲིལ་བ་འོད་ཁ་དོག་ལྔ་དང་ལྡན་པ༔ དེའི་ནང་དུ་དེ་བཞིན་གཤེགས་
[ 127 ]
༄༅། །པའི་དཀྱིལ་འཁོར་ཡོངས་སུ་རྫོགས་པ་གསུམ་སྦྲེལ་དང་༔ ལྔ་ཚོམ་དང་གྲངས་ལས་འདས་པ་དག་འབྱུང་ངོ་༔ སྐུ་ཡང་དང་པོ་སྤྲུལ་སྐུ༔ དེ་

ནས་ལོངས་སྐུ་ཞི་བ༔ དེ་ནས་ཁྲོ་བོ༔ དེ་ནས་ཡབ་ཡུམ༔ དེ་ནས་འཁོར་གྱི་ཚོམ་བུ༔ དེ་ནས་དཀྱིལ་འཁོར་ཡོངས་སུ་རྫོགས་པ་ཐིག་ལེ་རེ་རེའི་ནང་དུ་འཆར་རོ༔ ༔ དེ་དག་ཀྱང་ཇི་ཙམ་དུ་བརྟན་ཅིང་མི་གཡོ་མི་འགུལ་བ་ནི་རིག་པ་ཚད་ལ་ཕེབ་པའི་སྣང་བའོ༔ དེ་ནས་བསྒོམ་པས་སྔར་མ་ཤར་བའི་འཆར་སྒོ་འོང་རྒྱུ་མེད་ལ༔ སྔར་ཤར་ བ་དག་ཀྱང་ཕྱིར་མ་གསལ་ནང་དུ་གསལ་ནང་དུ་གསལ་བ་གཞོན་ནུ་བུམ་སྐུའི་ཚུལ་དུ་གནས་པ་ནི་ཆོས་ཉིད་ཟད་པའི་སྣང་བ་ཞེས་བྱ་སྟེ༔ གདོད་མའི་གཞི་དབྱིངས་སུ་ བཙན་ས་ཟིན་པའོ༔ དེ་ཡང་རིན་ཆེན་སྤུངས་པ་ལས༔ ངོ་བོ་ཀ་ནས་དག་པའི་ཆ༔ སྟོང་གསལ་འདུས་མ་བྱས་པའི་སྐུ༔ ཞལ་ཕྱག་རྫོགས་པ་བུམ་

སྐུའི་ཚུལ༔ ལྷུན་གྲུབ་འོད་ཀྱི་གང་བུར་གནས༔ ཐུགས་རྗེའི་ཁ་དོག་ཕྱོགས་བཅུར་གསལ༔ ཅེས་གསུངས་སོ༔ དེ་ལྟར་ཡེངས་མེད་ཐང་ལྷོད་མེད་པར་གཅུན་
[ 128 ]
ཞིང་ཉམས་སུ་བླངས་པས་ཉམས་རྟགས་ཀྱི་རིམ་པ་ནི༔ བརྩོན་འགྲུས་རབ་འབྲིང་ཐ་མའི་ཁྱད་པར་དང་༔ དབང་པོའི་བྱེ་བྲག་གིས་ཞག་གསུམ་བདུན་དགུ་ཙམ་

ནས་ལུས་ཉམས་འདར་བ་དང་༔ འཁྲིགས་པ་དང་ཞིག་པ་སྙམ་བྱེད་པ་དང་༔ ན་བ་དང་༔ ཁོལ་བ་དང་༔ བེམ་པ་དང་༔ སྦྲིད་པ་དང་༔ གླད་ཡུ་འཁོར་བ་ དང་༔ ལུས་གཅིག་གཉིས་སུ་མཆེད་པ་ལ་སོགས་པ་འབྱུང་༔ དེ་ལྟར་ལུས་ཀྱི་འབྱུང་བ་རྣམས་གཡོ་ཞིང་འཁྲུག་པ་དང་༔ བྱེར་སྡུད་ལ་སོགས་པ་དཔག་ཏུ་མེད་པ་ དང་༔ སེམས་ལ་ཟུག་རྔུ་ཡིད་མི་དགའ་བ་དང་༔ ཚིག་པ་ཟ་བ་དང་༔ འབུད་འདོད་པ་དང་༔ སེམས་མི་གནས་ཤིང་བསྒྲུབ་པ་གཡེང་དུ་སོང་ན་བླ་མའི་རྣལ་འབྱོར་ བསྒོམ་ལ་གསོལ་བ་དྲག་ཏུ་གདབ༔ བླ་མ་རང་སེམས་སངས་རྒྱས་གསུམ༔ དབྱེར་མེད་ངང་དུ་མྱ་ངན་འདས༔ དེའི་ངང་དུ་དར་གཅིག་བཞག༔ ཅུང་ཟད་

སོང་ན་ལུས་ལ་བསྐུ་བྱུག་བྱ༔ བདེ་བ་བརྩལ༔ སོར་ཆུད་ནས་སྔ་མ་ལྟར་ཉམས་སུ་བླང་ངོ་༔ མདོར་ན་ལུས་ཉམས་མ་ངེས་པ་སྣ་ཚོགས་འབྱུང་བ་ནི༔ འབྱུང་
[ 129 ]
༄༅། །བ་གཡོ་འཁྲུག་གི་ནད་ཡིན་པས་ཕལ་ཆེར་སྐྱོན་མེད་དོ༔ ལ་ལ་ཁམས་ཀྱི་ཁྱད་པར་དང་༔ ལ་ལ་ནང་གི་གདོན་ཕྲ་མོས་མ་བཟོད་ནས་སླང་བ་

ཡིན་པས་དེ་ཡང་སྐྱོན་ཆེར་མེད་དོ༔ ལུས་ཉམས་སྐྱོན་ཅན་ནི༔ སྤྱི་བོ་ཚ་ཁོལ་ཁོལ་བྱེད་ཅིང་ན་བ་དང་༔ འཚག་པ་དང་འཕར་བ་དང་སྤྱི་བོའི་མཐོང་བྱེ་སྙམ་པ་ བྱུང་ན་དུས་མ་ཡིན་པ་ལ་འཕོ་བ་སྲིད་པས་རླུང་རིག་སྨིན་མཚམས་སུ་ཕབ་ཅིང་འཕྲོ་ཤུགས་ཀྱི་བཅད་ལ་རྒྱ་མཚོ་ཨར་གཏད་དང་ཉིན་མོའི་རྣལ་འབྱོར་ལ་ལྟའོ༔ ༔ ཡང་གསང་གནས་སྦྲིད་པ་དང་༔ ཟ་བ་དང་ཚ་ཁྱུག་ཁྱུག་པ་བྱུང་ན་ཁམས་འཛག་པས་འོག་སྒོ་འཐེན་ཅིང་འདྲེན་པ་འཁྲུལ་འཁོར་བྱའོ༔ ༔ཡང་སྙིང་ཁར་མེ་ འབར་བ་ལྟ་བུ་དང་༔ སྙིང་ཚ་ཕྱོད་ཕྱོད་པ་བྱུང་ན་ཡིད་གཅུ་ཞིང་སྨྱོ་བའི་ཉེན་ཡོད་པས་སྐབས་སུ་ཅུང་ཟད་བཞག༔ ཡང་གཞུང་པ་གཟེར་བ་དང་༔ རོ་སྟོད་རྒྱས་

པ་དང་༔ རླུང་གྱེན་ལ་འཕྱོ་ན་དམིགས་པ་ཅུང་ཟད་ཀློད་ལ་འཁྲུལ་འཁོར་གྱིས་སེལ་བར་བྱའོ༔ མདོར་ན་ཧ་ཅང་དྲགས་པ་ཡང་མི་བྱ༔ ལྷོད་པ་ཡང་མི་བྱ༔ ཐང་
[ 130 ]
སླད་རན་པར་བྱས་ལ་གཟིར་ཞིང་ཉམས་སུ་ལེན་པར་བྱའོ༔ ས་མ་ཡཱ༔ ཨེ་མ་འཆར་ཚུལ་མ་ངེས་པ་ཅིར་ཡང་འཆར་ཏེ༔ མུན་ཁང་སྐྱ་བོར་གྱུར་པ་

དང་༔ དུ་བ་འཁྲིག་པ་དང་༔ སྨིག་རྒྱུས་གང་བ་དང་༔ སྲིན་བུ་མེ་ཁྱེར་དང་༔ མེ་སྟག་འཕྲོ་བ་དང་༔ མར་མེ་ལྟ་བུ་གཡས་ཟུར་གཡོན་ཟུར་དུ་ལྷག་ལྷག་ མཐོང་བ་དང་༔ རླུང་འཚུབ་པ་དང་༔ སྤྲིན་མེད་པའི་ནམ་མཁའ་ལྟ་བུ་དང་༔ རས་ཡུག་སྔོན་པོ་རྒྱངས་པ་ལྟ་བུ་དང་༔ སྦྲང་ཤོག་ལ་ཉི་མ་ཤར་བ་ལྟ་བུ་དང་༔ ཟླ་བ་ལྟ་བུ་དང་༔ ཉ་མིག་ལྟ་བུ་དང་༔ ཉི་མ་ཤར་བ་ལྟ་བུ་དང་༔ སྒྲ་གཅན་གྱི་གསུས་པ་ལྟ་བུར་མིག་གིས་གང་བ་དང་༔ རི་མོའི་རྣམ་པ་རིང་ཐུང་མང་དུ་ མཐོང་བ་དང་༔ ཁྲོ་བོའི་གསུས་པ་དང་༔ སླ་ངའི་རྒྱབ་ལྟ་བུ་དང་༔ གློག་ལྟ་བུ་སྐྱེ་ཀེམ་ཀེམ་པ་དང་༔ སོག་མདའ་འཕང་བ་ལྟ་བུ་དང་༔ སྐུའི་

རྣམ་པ་དང་༔ མཆོད་རྟེན་དང་༔ ཟ་འོག་དང་༔ འཇའ་ཚོན་དང་༔ དེ་ལ་སོགས་པ་དཀར་པོ་སེར་པོ་དམར་པོ་སྔོན་པོ་ལྗང་གུ་མཐའ་ཡས་པ་ལྟ་ན་
[ 131 ]
༄༅༔ ༔སྟུག་པ་དག་འཆར་རོ༔ འཆར་སྒོ་མ་ངེས་པ་སྣ་ཚོགས་འོང་དུས་ལས་དང་པོ་པ་རྣམས་སྙིང་འདར་ཡེང་ཡེང་པ་འོང་ངོ་༔ ༔མདོར་ན་ཉམས་

སྣང་གི་འཆར་སྒོ་ཅི་བྱུང་ཡང་རྨི་ལམ་སྒྱུ་མ་ལྟ་བུའི་བློས་རྨི་ལམ་སྒྱུ་མ་ལྟ་བུར་ཉམས་སུ་བླངས་ཤིང་༔ གང་ལ་ཡང་ཆགས་ཞེན་མེད་པར་བྱའོ་༔ ༔མདོར་ན་ ཉམས་ཀྱི་འཆར་སྒོ་ཅི་བྱུང་ཡང་ཀ་དག་ཆེན་པོའི་ངང་ལས་གཡོ་བ་མེད་པ་ནམ་མཁའ་ལྟ་བུའི་རྣལ་འབྱོར་པ་ནི་ཡང་དག་པའི་གནད་ཆུག་པ་མེད་པ་ཡིན་ནོ༔ ༔དེའི་ ཕྱིར་ཉམས་དང་རྟོགས་པ་ཁོངས་སུ་ཆུད་ཅིང་གདིང་དང་ལྡན་པའི་རྣལ་འབྱོར་པས་ཡུལ་གྱི་སྣང་བ་མི་འཕྲོག་པ་བསྒོམ་མེད་ཀྱི་ངང་ནས་འོད་གསལ་གྱི་སྣང་བ་ལ་ འཛིན་མེད་དུ་ལྟ་ཞིང་གཡོ་བ་མེད་པར་འདུག་པས་ན་དོན་དམ་པའི་རྣལ་འབྱོར་པ་ཉམས་ལེན་ལ་བརྟན་པ་ཐོབ་པ་ཞེས་བྱའོ༔ སེང་གེ་རྩལ་རྫོགས་ལས༔ ཀྱེ་ཧོ༔

ཡེ་ཤེས་དྲི་མེད་ལུས་ཀྱི་གཟུགས༔ སྣང་བ་བས་ཀྱང་མུན་པ་ཆེ༔ ཀུན་ཏུ་མུན་པར་སྣང་བར་འགྱུར༔ སྣང་བའི་ཡེ་ཤེས་འོད་པོ་ཆེ༔ འཁོར་བའི་བག་ཆགས་
[ 132 ]
སྦྱངས་དཀའ་བ༔ ཡང་དག་ངེས་དོན་འདི་མཐོང་ན༔ སྐྱེ་བ་མེད་པ་ཐོབ་པར་འགྱུར༔ ཅེས་གསུངས་སོ༔ དེའི་ཕྱིར་ཚེ་འདིར་མུན་པའི་རྣལ་འབྱོར་ལ་བརྟེན་

ནས་འཁོར་བ་སྡུག་བསྔལ་གྱི་མུན་པ་སྤང་བའི་ཕྱིར་ལམ་མཆོག་འདི་ལ་བརྩོན་པར་བྱའོ༔ ༔དེ་ལ་ཚད་ནི༔ སྨིག་རྒྱུ་གཡོ་བའི་དུས་ན་དབང་པོའི་རབ་རིབ་སློང་བ་ སྟེ་སྤྲིན་དང་ཁུ་རླངས་ནི་རབ་རིབ་དང་པོའོ༔ ༔དུ་བ་ལྟ་བུའི་དུས་ན་དབང་པོ་གཏན་ལ་ཕེབ་པ་སྟེ་སྒྲིབ་བྱེད་སངས་པའི་ཚད་དོ༔ ༔མེ་ཁྱེར་སྣང་བའི་དུས་ ན་ཉམས་སྣང་མཐོང་བའི་དང་པོ་སྟེ༔ དཔེར་ན་ཉི་མ་ཤར་བའི་དང་པོ་ནམ་ལངས་པ་ལྟ་བུའོ༔ ༔མེ་སྟག་འཕྲོ་བ་དང་འགུལ་བ་འཁྲིགས་པ་རྣམས་ནི་གཏན་ལ་ ཕེབ་པའོ༔ ༔མར་མེ་ལྟར་སྣང་བ་ཚུན་ཆད་ནི་ཤུགས་ཀྱི་གཏན་ལ་ཕེབ་པར་འགྱུར་རོ༔ ༔ཟླ་བ་ལྟར་སྐྱ་འལ་འོལ་ནི་ཉམས་སྣང་ཕྲ་མོ་ཟད་པའི་རྟགས་

སོ༔ ༔དེ་ནས་ངང་གིས་ཕྲ་རགས་ཀྱི་རྟོག་པ་རྣམས་ཤུགས་ཀྱི་འགག་པར་འགྱུར་རོ༔ ༔ཉི་མ་ཤར་བ་ལྟར་སྣང་ཞིང་འོད་དང་འོད་ཟེར་སྟོང་གཟུགས་ཐུན་མོང་
[ 133 ]
༄༅། །མ་ཡིན་པར་སྣང་བ་ནི་འཁོར་འདས་རྒྱབ་གྱེས་པའི་ཚད་ཡིན་པས་ལྷུན་གྲུབ་སྟོང་གསལ་གྱི་དཀྱིལ་འཁོར་དང་༔ འཛིན་མེད་ཀྱི་དབྱིངས་སུ་འདུ་

འབྲལ་མེད་པས་འཁྲུལ་པའི་སྣང་བ་ཐམས་ཅད་འགགས་ནས་ཉིན་མཚན་མི་ཕྱེད་པ་འབྱུང་ངོ་༔ ༔དེའི་དུས་ན་འཁོར་འདས་དབྱེར་མེད་སྐུ་གསུམ་དུ་གྲོལ་བ་ཐག་ཆོད་ ནས་གདིང་དང་ལྡན་པར་འགྱུར་བས་མུན་ཁང་མ་བརྟེན་ཀྱང་ཆོག་པའོ༔ ༔དེ་ལྟར་ཉམས་སུ་ལེན་པའི་ཚེ་སློབ་དཔོན་གྱིས་སྐབས་སུ་ཉུལ་ཞིང་དྲི་བ་ལེགས་པར་བྱ༔ ལས་དང་པོ་པ་ཁམས་ལོག་ཟས་མི་འཇུ་གཉིད་མི་ཁུག་པ་བྱུང་ན༔ ཁ་ཟས་གསར་པ་བཅུད་ཅན་བརྟེན་ཏེ་ཁམས་གསོ༔ སེམས་མི་གནས་ན་སྒྲིམ་ཀློད་འཇོག་ པའི་བཞག་ཐབས་ལ་སོགས་པས་བཅོས༔ ཚིག་པ་ཟ་བ་ལ་སོགས་སེམས་ཉམས་ཡིན༔ ལུས་དྲོད་ཆེ་ཞིང་རྔུལ་བ་ལུས་ཉམས་ཡིན༔ ལུས་ཁོང་ཅུང་ཟད་

ཀློད༔ རྔུལ་འབྱིན་ཙམ་པ་བྱུག༔ དེ་ནས་མཐོང་ཉམས་ཤར་བའི་ཚེ་སྐྱོན་ཡོན་ཅི་བྱུང་བཤད་འཇུག༔ ཉམས་སྐྱོན་ཅན་འདུག་པ་རྣམས་བཅོས༔ སྐྱོན་
[ 134 ]
མེད་འདུག་པ་རྣམས་ངོ་སྤྲོད༔ མདོར་ན་སློབ་དཔོན་དེ་ཉིད་དང་པོ་བསྒོམ་འདེབས་པ་ལ་མཁས་པ་ཞིང་པ་སོ་ནམས་མཁས་པ་ལྟ་བུ༔ བར་དུ་ཉམས་སྐྱོངས་བ་ལ་

མཁས་པ་འཚོ་རྫི་ལྟ་བུ་༔ ཐ་མ་སྐྱོན་ཡོན་ཏན་དུ་བསྒྱུར་བ་ལ་མཁས་པ་ཚོས་མ་ལྟ་བུ༔ ཐུན་མོངས་གེགས་སེལ་ལ་མཁས་པ་དེད་དཔོན་ནོར་བུ་ལེན་པ་ལྟ་བུ་ ཅིག་དགོས་པ་དེ་ལྟ་བུའི་སློབ་དཔོན་གྱིས་སློབ་མ་བརྩོན་འགྲུས་ཅན་ལམ་དུ་ཞུགས་པ་ལ་གེགས་སེལ་བ་ཤིན་ཏུ་གནད་ཆེའོ༔ ༔དེ་ལ་ཕྱི་ལུས་ཀྱི་གེགས༔ ནང་ རྩ་རླུང་ཐིག་ལེའི་གེགས༔ གསང་བ་ཉམས་ཀྱི་གེགས་སེལ་བའོ༔ ༔དེ་ཡང་ཤེས་ཆུང་འདོད་པ་ཅན་བརྩོན་འགྲུས་ཆེ་བ་སྒོམ་ལ་ཞུགས་པས༔ གནས་ ལུགས་ཁྲེག་ཆོད་ཀྱི་དོན་ནི་མ་རྟོག༔ ཐོད་རྒལ་གྱི་ཚིག་སྙན་ལ་བརྟེན་ནས་ཚེ་གཅིག་ལུས་གཅིག་ལ་སངས་རྒྱས་ཐོབ་པར་འདོད་ལ་བརྩོན་འགྲུས་ཆེར་བསྐྱེད་ཅིང་སྒྲི་

པས་ལུས་ཧ་ཅང་ཐང་ཆད་ནས་ཀོབ་ཀོབ་པོར་སོང་བ་དང་༔ རིངས་པ་དང་༔ མི་བདེ་བ་དང་༔ རྒྱུད་འཁྲུག་པ་དང་༔ ནད་ལྡང་བ་ལ་སོགས་པ་འབྱུང་སྟེ༔
[ 135 ]
༄༅། །དེ་ལ་དང་པོ་ནས་ཁྲེག་ཆོད་ཀྱི་དོན་ངོ་འཕྲོད་པར་འདེབས་ལ་གཏན་ལ་དབབ༔ དེ་ནས་ལུས་ཅུང་ཞིག་ཀློད༔ ཉི་མས་བསྲོ་ཞིང་ཏིལ་མར་

གྱིས་བསྐུ་མཉེ་བྱའོ༔ ༔ཞག་གསུམ་བཞིའི་བར་དུ་ལུས་ངག་ཡིད་གསུམ་ཀློད་པའི་ངང་ནས་ཁྲིག་ཆོད་ལ་གནས་པར་བྱའོ༔ ༔ཁམས་དང་མཐུན་པའི་བདེ་བ་ བརྩལ་བར་བྱའོ༔ ༔སྤུན་པོ་བློ་མངས་གཟེ་རེ་ཅན་བསྒོམ་ལ་ཞུགས་པས་ལུས་གནད་ཅུང་ཟད་མ་ཆུན་པ་ལ་བརྟེན་ནས་བློ་མངས་པའི་སྟོབས་ཀྱིས་ཚབ་ཚུབ་མང་པོ་ ལངས་ཏེ་ལུས་ཟ་ཟི་དང་ན་བ་འཁྲིག་པ་ཚ་བ་ཁོལ་བ་ཁམས་མི་བདེ་བ་བྱུང་ནས་བསྒོམ་སྙིང་མི་འདོད་པ་དང་༔ ཕྱི་རོལ་དུ་བུད་འདོད་པ་དང་༔ རླུང་ཤས་ཆེ་བས་བློ་ སྤུན་པས་སེམས་ཚབ་ཚུབ་དུ་སོང་ནས་གནས་སུ་མི་བཏུབ་པ་དེ་ལ་བསྒོམ་ཐུན་ཆུང་ལ་གྲངས་མང་བར་བསླབ་ཅིང་གཉུག་བསྲིང་༔ ཞེ་བཅད་སྙིང་རུས་དྲག་པོས་

གཅུན་པར་བྱའོ༔ ༔ཉོར་པོ་ཤེད་མེད་ལེ་ལོ་ཅན་བསྒོམ་ལ་ཞུགས་པས་ལུས་གཉའ་བ་དང་ཉོར་བ་དང་དེ་ལ་བརྟེན་ནས་གཉིད་པ་དང་བྱིང་པ་དང་འཐིབ་པ་དང་ལུས་
[ 136 ]
གནད་འཆུག་པ་ལ་སོགས་པ་འབྱུང་༔ དེ་ལ་གོས་སྲབ་པར་བྱ༔ རླུང་རོ་བྱུང་ལ་རླུང་ཁུག་སར་བཟུང་༔ ལྟ་སྟངས་དང་ཤེས་པ་ལྷོད༔ རིག་པ་ཧུར་ཕྱུང་ལ་

སྒྲིམ་པར་གཅུན༔ གླེན་པ་ཨུ་ཙུག་སྙིང་རུས་ཅན་བསྒོམ་ལ་ཞུགས་པས་ལུས་ཀྱི་སྐྱོན་ཡང་མི་རྟོག༔ སེམས་ཀྱི་མྱོང་བ་ཡང་ངོས་ཟིན་ཏེ་ངལ་བ་དོན་མེད་དུ་ འབྱུང་བས་སློབ་དཔོན་གྱིས་རིག་པའི་མདས་བསྣུན་ཏེ་སྐྱོན་བཅོས་ཤིང་ཡོན་ཏན་ངོ་སྤྲོད་པ་ལ་མཁས་པར་བྱའོ༔ ༔ལས་དམན་པ་སྐལ་བ་དམན་པ་དང་ནད་བུ་ཅན་ བསྒོམ་ལ་ཞུགས་པས་སྐྱོན་མང་དུ་འབྱུང་༔ སེམས་ལ་ཟུག་རྔུ་ལངས་པས་ཡོན་ཏན་སྐྱེ་བའི་གེགས་བྱེད༔ དེ་ལ་སྐབས་སུ་ཕྱག་དང་བསྐོར་བ་ཅུང་ཟད་བྱ༔ ཟེར་གཉིས་ཀྱི་དུས་སུ་མངོན་སུམ་གྱི་སྣང་བ་ལ་ལྟ་ཞིང་སོར་ཆུང་ནས་མུན་པ་ལ་ཁད་ཀྱིས་བསླབ་པར་བྱའོ༔ ༔གཞན་ཡང་ལུས་གྲང་རྔུལ་བྱུང་ནས་འདར་ན་ཕྱེ་འཕུར་

བྱས་པའི་རྗེས་ལ་བསྐུ་མཉེ་བྱ༔ གོས་དྲོད་ཅན་བརྟེན༔ ལུས་ཟ་ཕུང་ནང་དུ་བསྐྱུར་བ་ལྟར་ཚ་ཚ་ཟིང་ཟིང་བྱུང་ན༔ ཆང་ལོ་ལོན་བྲེ་གང་དང་མར་ཁུ་ཆུ་ཆོད་ཕུལ་གང་
[ 137 ]
༄༅། །བསྲེས་པ་གདུས་ལ་ཕུལ་དོ་ཙམ་དུ་སོང་བ་དང་༔ ཕྱེ་ཅུང་ཟད་བཏབ་ལ་སྐ་སླ་ཞོ་ཙམ་བྱས་ལ་དྲོད་མ་ཡལ་བར་བཏང་༔ གོས་དྲོད་ཅན་བརྟེན༔

ལུས་ཕྱི་ཟ་ཞིང་འཕྲུག་དགོས་པ་བྱུང་ན་ཉི་མ་ལ་བདུགས་ཆང་གི་སྦང་ཀླད་དང་ཚྭ་མར་དང་ལྕི་བ་སེར་ཀ་མའི་ཐལ་བ་བྱུག༔ མེ་ལ་བསྲོ་ཞིང་དྲག་ཏུ་འཕུར༔ ༔ རྗེས་ལ་ཙམ་པས་ཕྱེའོ༔ ༔ལུས་ཀྱི་ཚིགས་ཐམས་ཅད་ན་ཞིང་མ་བཟོད་པའམ་སྐྲང་བར་གྱུར་ན་ཉི་མ་འདེ་ཞིང་༔ ཆང་གི་ཉིང་ཁུ་དང་ཏིལ་མར་བསྲེ་ལ་ཅུང་ ཟད་བསྐོམ༔ སྤང་སྤོས་དང་གོ་སྙོད་ཀྱི་ཕྱེ་མ་ཅུང་ཟད་བཏབ་ལ་འཕུར༔ རྗེས་ལ་ཕྱེ་བཏབ་ལ་ཕྱིའོ༔ ༔མགོ་ན་བ་དང་སྐྱུག་པ་རྣམས་ཅུང་ཟད་སེང་པས་ཕན༔ དེས་མ་ཕན་ན་སྤྱི་བོའི་ཐོད་སྲུབ་རྣམས་སུ་སྣུམས་དུག་བྱའོ༔ ༔མིག་ཚ་བ་ལ་སོགས་པ་མ་བདེ་ན་ལག་པའི་མཐིལ་གཉིས་འཕུར་བའི་དྲོད་སྦྱར༔ ༔ དེས་མ་ཕན་

ན་འབྱུང་བའི་མིག་སྨན་གྱིས་བཅོས༔ མདོར་ན་རླུང་མཁྲིས་བད་ཀན་འདུས་པའི་མི་རིགས་དང་༔ ས་ཆུ་མེ་རླུང་འབྱུང་བའི་ཤས་ཆེ་ཆུང་གི་གོ་དང་བསྟུན་ལ་
[ 138 ]
གེགས་སེལ་ལོ༔ རྩ་རླུང་ཐིག་ལེའི་གེགས་སེལ་གཞན་དུ་ཤེས་སོ༔ ༔གསང་བ་ཉམས་ཀྱི་གེགས་སེལ་བ་ལ༔ ཐོག་མར་བར་དང་ཐ་མ་གསུམ་

ལས༔ མུན་པའི་རྣལ་འབྱོར་ལ་ཞུགས་ནས་བློ་ཡིད་གཉིས་ཐེ་ཚོམ་གྱི་བསམ་པ་འཕྲོ་ན༔ ཐག་ཆོད་འགྱུར་མེད་ཀྱི་གཉེན་པོ་བརྟེན་ཏེ༔ ལེགས་རུང་ཉེས་ རུང་ཆོས་འདི་ལ་བློ་ལྷན་གྱིས་བཀལ་ལ་ཉམས་སུ་བླངས༔ ཡང་རིགས་དྲུག་གི་རྩ་མདུད་གྲོལ་བ་ལ་བརྟེན་ནས་བར་དོ་དང་ཁྱད་པར་རིགས་དྲུག་གི་སྣང་བ་འཆར་ ཞིང་༔ དངངས་སྐྲག་སྐྱེ་ཞིང་འཇིགས་ན་སྒྱུ་མའི་དཔེ་བརྒྱད་དུ་ཤེས་ནས༔ རང་སྣང་གི་ཆོ་འཕྲུལ༔ སྟོང་པའི་ཡོ་ལང་༔ དངོས་མེད་ཀྱི་སྟོང་གཟུགས༔ ཆགས་པར་བྱེད་པའི་མཁན་པོ་མ་གྲུབ་སྟེ་སྟོང་ཞིང་བདག་མེད་པར་བསྒོམ༔ འོག་འགྱུ་ལུང་མ་བསྟན་ལ་འབྱམས་ནས་མ་ཚོར་ནས་འཁྲུལ་པ་ཁ་འབྱམས་ཀྱི་སྟེང་

དུ་འབྱམས་ན༔ མུན་སྣང་ལ་དཀར་ཁུང་འཆོས་པའམ༔ རླུང་འབུད༔ མགོ་ཡུག༔ རིག་པ་ངར་འདོན༔ དབང་པོ་ཧུར་ཕྱུང་༔ ཤེས་པ་
[ 139 ]
༄༅༔ ༔གཟེང་བསྟོད༔ ཐུན་ཆུང་ལ་གྲངས་མང་བར་བསྒོམ༔ ཧ་ཅང་རྒོད་ཅིང་འཕྲོ་ན་ཤེས་པ་འོག་ཏུ་ཕབ་ལ་སྨད༔ དེས་ཀྱང་འཕྲོ་ན་ཤེས་

རིག་བུམ་སྐུ་ཅན་བསྒོམ་པར་བྱའོ༔ ༔མདོར་ན་ཉམས་ལེན་སྲང་ལ་མི་འགྲོ་ཞིང་ལམ་གྱི་གེགས་སུ་གྱུར་པ་རྣམས་སློབ་དཔོན་མྱང་བ་ཅན་གྱིས་ཇི་ལྟར་རིག་པའི་ ཚུལ་གྱིས་གེགས་སེལ་བར་བྱའོ༔ ༔དེ་ལྟར་མུན་པ་ལ་ཞུགས་ནས་བསྒོམ་པས་མུན་པ་འོད་གསལ་དུ་རྫོགས་པར་བྱེད༔ སྣང་བ་དཀྱིལ་འཁོར་དུ་རྫོགས་ པར་བྱེད༔ ཉམས་སྟོང་གསལ་དུ་རྫོགས་པར་བྱེད༔ དུག་ལྔ་ཡེ་ཤེས་སུ་རྫོགས་པར་བྱེད༔ འཁོར་བ་མྱང་འདས་སུ་རྫོགས་པར་བྱེད༔ ཞི་ཁྲོ་ མངོན་གྱུར་དུ་རྫོགས་པར་བྱེད༔ མདོར་ན་སྐྱེས་བུ་བརྩོན་འགྲུས་ཅན་གྱིས་ཉམས་སུ་བླངས་པས་ཚེ་གཅིག་ལུས་གཅིག་ལ་སངས་རྒྱས་ཐོབ་པར་ཐེ་ཚོམ་མེད་

དོ༔ ༔རྡོ་རྗེ་སེམས་དཔས་ཨུ་རྒྱན་པདྨ་ལ་མངོན་སུམ་དུ་གཏད་དོ༔ ༔ས་མ་ཡཱ༔ རྒྱ་རྒྱ་རྒྱ༔ ཨེ་མ་ འདི་འདྲའི་
[ 140 ]
གདམས་པ་མཐོང་ན་གྲོལ་བའི་ཆོས༔ རྫོགས་པ་ཆེན་པོ་ཡང་ཏིག་ནག་པོ་ཞེས༔ ཉམས་སུ་བླངས་ན་ཚེ་འདིར་རྫོགས་སངས་རྒྱས༔ ཐོས་པ་ཙམ་ཡང་བསྐལ་

པའི་སྡིག་སྒྲིབ་དག༔ གོ་བ་ཙམ་གྱིས་བདེ་ཆེན་ས་ལ་གཤེགས༔ འདི་འདྲའི་ཟབ་ཆོས་ཛམ་གླིང་འདི་ན་དཀོན༔ ཨུ་རྒྱན་ཐུགས་སྲོག་མཁའ་འགྲོའི་སྙིང་ ཁྲག་འདི༔ མངོན་སུམ་ད་ལྟ་སྟོན་པ་ཟབ་མོའི་ཆོས༔ སྟོང་གསུམ་བསྐོར་ཡང་མི་རྙེད་ཆོས་ཀྱི་མཆོག༔ འགྲོ་བའི་དབུས་སུ་མངོན་པར་བྱས་པ་ནི༔ འདི་ འདྲའི་ཟབ་ཏིག་བདག་འདྲ་པདྨའི་ལུགས༔ ཐོབ་ན་འཚེངས་ཏེ་ཚེ་གཅིག་སངས་རྒྱས་ལམ༔ བདེ་ཆེན་ཞིང་དུ་འཕོ་བའི་རྒྱལ་པོར་འགྱུར༔ རང་གནས་ཆེན་པོ་ འབྲས་བུ་ཆོས་ཀྱི་སྐུ༔ འགག་མེད་རང་བཞིན་བདེ་ཆེན་ལོངས་སྤྱོད་རྫོགས༔ ཐུགས་རྗེ་ཀུན་ཁྱབ་རང་གྲོལ་སྤྲུལ་པའི་སྐུ༔ སྐུ་གསུམ་དབྱེར་མེད་རང་རིག་ཀུན་

ཏུ་བཟང་༔ རང་ལ་གནས་པས་གཞན་ལ་བཙལ་མི་དགོས༔ ལྷུན་གྱིས་གྲུབ་པས་རྩོལ་བ་བྱ་མི་དགོས༔ ཙིཏྟ་སྒྲོན་མ་བདེ་ཆེན་གཞལ་ཡས་ཁང་༔ དཀར་
[ 141 ]
༄༅༔ ༔འཇམ་སྒྲོན་མ་ཟང་ཐལ་རྡོ་རྗེའི་ལམ༔ རྒྱང་ཞགས་སྒྲོན་མ་ཡེ་ཤེས་འཆར་བའི་སྒོ༔ དབྱིངས་ཀྱི་སྒྲོན་མ་རྣམ་པར་དག་པའི་མདངས༔

ཐིག་ལེའི་སྒྲོན་མ་སྟོང་གསལ་སྒྲིབ་གཡོགས་བྲལ༔ ཤེས་རབ་རང་བྱུང་སྒྲོན་མ་ས་ལེར་གནས༔ ཟག་མེད་ཕུང་པོ་བདེ་ཆེན་ཡེ་སངས་རྒྱས༔ ཚེ་འདིར་ཐོབ་ བྱེད་རྡོ་རྗེ་སྙིང་པོའི་ལམ༔ འདི་འདྲའི་ཟབ་ཁྱད་སུ་ལའང་བསྟན་པ་མེད༔ དེ་ཕྱིར་འདི་མཐོང་སྐྱེས་བུ་གང་ཡིན་པ༔ རྒྱལ་བའི་སྲས་པོ་ངེས་པའི་སྐལ་བ་

ཅན༔ སྐལ་ལྡན་ལས་ཅན་རྣམས་དང་འདི་ཕྲད་ཤོག༔ ས་མ་ཡཱ༔ རྒྱ་རྒྱ་རྒྱ༔ ༔
[ 142 ]
 
[ 143 ]
ཏ༽ ༄༅། །རྫོགས་ཆེན་ཡང་ཏིག་ནག་པོའི་ཁྲིད་རིམ་གྱི་ཆ་ལག་ཐུན་མོང་མ་ཡིན་པ་རང་གི་སྔོན་འགྲོ་ཆགས་པ་ཅན་ཐིག་ལེ་ལ་བསླབ་པ་དང་། ཆགས་མེད་རླུང་ལ་བསླབ་པའི་ཞལ་གདམས་གུད་དུ་ཕྱུང་བ་བཞུགས་སོ། །
[ 144 ]
༄༅། །ཐུན་མོང་མ་ཡིན་པའི་སྔོན་འགྲོ་ལ་ཆགས་པ་ཅན་ཐིག་ལེ་ལ་བསླབ་པ་དང་། ཆགས་མེད་རླུང་ལ་བསླབ་པ་གཉིས་

ལས༑ དང་པོ་ཆགས་མེད་རླུང་ལ་བསླབ་པའི་རིམ་པ་ལ་ལྔ་སྟེ། རླུང་གི་ཁ་དོག་ལ་བསླབ་པ། དེ་བཞིན་དུ་དབྱིབས་དང་། གྲངས་དང་། འགྲོ་འོང་དང་། བུམ་པའི་སྦྱོར་བ་ལ་བསླབ་པ་དང་ལྔ་ལས། དང་པོ་ནི། ལུས་རྣམ་སྣང་ཆོས་བདུན་དང་ལྡན་པས། རླུང་རོ་ལེན་

དགུ་ཕྱིར་དབྱུང་ལ། རླུང་གསར་པ་ཐུན་གསུམ་བཟུང་བ་ལས། དམིགས་པ་ནི། རང་གིས་སྨིན་མཚམས་སུ་རླུང་ཐམས་ཅད་འདུས་
[ 145 ]
༄༅། །པའི་ངོ་བོ། དབྱིབས་ཟླུམ་ཞིང་ཁ་དོག་དཀར་ལ་འཚེར་བ། ཡུངས་ཀར་ཙམ་ཞིག་ལ་ཤེས་པ་གཏད། ཡུན་རིང་

དུ་བསྒོམས། དེ་ལ་འདྲིས་ནས་རིམ་པ་ལྟར། རང་གི་མགོ་ཡང་དེ་དང་མཚུངས་པར་བསྒོམས། དེ་ནས་ལུས་ཙམ། དེ་ནས་རང་གི་ ཐོ་ཕྱི། ཉེ་འཁོར་ཐམས་ཅད་༝ མཐར་སྟོང་གསུམ་ལ་སོགས་པའི་སྣང་བ་ཐམས་ཅད་དཀར་མེར་མེར་བ་ལ་བློ་བཞག་ཅིང་། ཡང་ཡང་

གོམས་པར་བྱས་པས། ཟིན་པའི་རྟགས་སུ། ལུས་ཤིང་བལ་ལྟར་ཡང་ཞིང་འབུ་སྲིན་མེད་པ་དང་། ངག་གི་ནུས་པ་འབར་ཞིང་གྲེ་ལྕེ་
[ 146 ]
བདེ་བ་དང་། སེམས་གནས་ཤིང་ཏིང་ངེ་འཛིན་འཕེལ་བ་ལ་སོགས་པའི་ཡོན་ཏན་མང་པོ་འབྱུང་བར་འགྱུར་རོ།། ༈ །།གཉིས་པ་དབྱིབས་ལ་

བསླབ་པ་ནི། རླུང་གི་ཐིག་ལེ་ཟླུམ་པོ་སྔོ་སྐྱ་སྲན་མ་ཙམ་ཞིག་སྨིན་མཚམས་སམ། སྣ་རྩེར་སྒོམ། མིག་གིས་ལྟ་སྟངས་ཀྱང་དེ་ཉིད་ལ་གཏད་ཅིང་། རླུང་དལ་ལ་ རིང་བ་ཕྱིར་ན་ར་ར་བཏང་བས། ཐིག་ལེ་དེ་ཡང་ཧྲིལ་ལི་ལི་ཕར་སོང་ཞིང་། ལུས་སེམས་སྟོང་སང་སང་སོང་བར་བསམ། རླུང་ནང་དུ་བརྔུབ་པ་དང་བསྟུན་ནས། ཐིག་ལེ་དེ་ཡང་སྨིན་མཚམས་སུ་བྱུང་ཞིང་། ལུས་བསིལ་སང་སང་སོང་བ་ལ་བློ་བཞག །ལུས་གྲང་ཤས་ཆེ་བའི་རིགས་སམ། གྲང་ཞིང་འདར་ན། ཐིག་ལེ་དྲོད་ ཚ་ཆིལ་ཆིལ་ཡོད་པར་སྒོམ། དེ་ལ་གོམས་པའི་ཚད། སྨིན་དཔྲག་ཚ་འུབ་འུབ་པའམ། མི་བདེ་བ་སྙམ་བྱེད་པ་བྱུང་ན་སེམས་ཟིན་ཞིང་དམིགས་པ་གར་གཏད་དུ་

ཕེབ་སྟེ་འབྱོངས་པའོ།། ༈ །།གསུམ་པ་གྲངས་ལ་བསླབ་པ་ནི། ལུས་གནད་སྔར་ལྟར་བྱས་ལ། ཤེས་པ་རླུང་དང་འགྲོ་ལྡོག་གཅིག་ཏུ་
[ 147 ]
༄༅། །བསླབ་པར་བྱ་སྟེ། རླུང་ཕྱིར་འགྲོ་དུས་ཤེས་པ་དེ་དང་དུས་གཅིག་ཏུ་གཏད་ལ་སྒོམ། ཚུར་འོང་དུས་ཀྱང་དེ་བཞིན་བྱ། དེ་ལྟར་འགྲོ་འོང་གཉིས་

གཅིག་ཏུ་བགྲང་བའི་གྲངས་བཟུང་བས། ཉིན་ཞག་ཕྲུག་གཅིག་ལ་རླུང་ཉི་ཁྲི་ཆིག་སྟོང་དྲུག་བརྒྱ་རྒྱུ་བས། ཐུན་དུ་བཅད་དེ་བརྒྱ་བརྒྱའི་བར་དུ་ཤེས་པ་མ་ཡེངས་པ་གལ་ ཆེའོ༑ །དེ་ནས་རྣམ་རྟོག་གནས་པ་དང་། རླུང་འབྱོངས་པ་དང་། བརྡུབ་པ་དལ་གྱི་ཕར་ཚུར་དལ་གྱི་ཇེ་རིང་ཇེ་རིང་ལ་བཏང་བས་མཐར་ཡུན་རིང་དུ་གནས་ཤིང་། ལུས་ བདེ་ལ་ཡང་དབུགས་ཕྱི་ནང་དུ་རྒྱུ་བ་མི་ཚོར་བ་དང་། རླུང་གར་གཏད་དུ་སྡོད་པ་བྱུང་ན་འབྱོངས་པའི་ཚད་ཡིན་ནོ།། ༈ །།བཞི་པ་འགྲོ་འོང་ལ་བསླབ་ པ་ནི། རང་གི་ལུས་སྟོང་གསལ་ཕྲུ་མ་ཕུས་བཏབ་བ་ལྟར་ཕྱི་གསལ་ནང་གསལ་དུ་སྒོམ་པའི་ལྟེ་བར། ཐོད་པ་ཕྱི་དཀར་ལ་ནང་དམར་བ་ཅིག་གི་ནང་དུ་རླུང་གི་རྡོ་

རྗེ་སྔོན་པོ་ནས་འབྲས་ཙམ་ཅིག་བསམ། རླུང་ཕྱིར་གཏོང་བའི་དུས་སྣ་བུག་ནས་རྒྱངས་རིང་པོར་སོང་བར་བསམ། ཚུར་རྔུབས་པ་དང་ཐོད་པའི་ནང་དུ་མེར་གྱིས་བྱུང་
[ 148 ]
བར་བསྒོམ་ཞིང་ལུས་ཕྲིལ་ཕྲིལ་བ་ལ་བློ་བཞག་ཅིང་རླུང་ཅི་ཐུབ་འཛིན། དེ་ནས་རྣམ་རྟོག་འཕྲོ་བ་ཆུང་ན་རྡོ་རྗེ་དེ་ཚུར་ཉེ་བར་མཐར་སྣ་རྩེར་སོར་བཅུ་དྲུག་པ་ཙམ་དང་།

ནང་གི་འགྲོ་འོང་ལ་སྦྱང་ཞིང་། ཕར་བཏང་བ་དང་ཚུར་བརྡུབས་པ་རྣམས་རྒྱུན་རིང་བ་གལ་ཆེའོ། །དེས་ལུས་བདེ་ཕྲིས་ཕྲིས་བྱུང་ན་འབྱོངས་པའི་ཚད་ཡིན་ནོ།། ༈ །།ལྔ་པ་བུམ་པའི་སྦྱོར་བ་ལ་བསླབ་པ་ནི། རླུང་སྔར་ལྟར་ལན་འགའ་སྦྱང་{རླུང་བརྔུབས་དང་། དགང་དང་། གཞིལ་དང་གསུམ་ལ།}ལ་ཐོད་པ་ནང་གི་རྡོ་རྗེ་ལ་ཐིམ་ནས་ཐམས་ཅད་ཞུ་ཞིང་ལྟེ་བར་ཡི་གེ་ ཧའི་རང་བཞིན་གཅིག་གནས་ཏེ་གྱུར་པར་བསམ། ལྟེ་བར་རླུང་གི་མེར་གྱིས་བཀང་ཞིང་འོག་སྒོ་དྲག་ཏུ་བསྡམ་ཞིང་། རླུང་དང་ལུས་ཐམས་ཅད་ན་བུན་ལྟར་ཡལ་བར་བསམ་ཤིང་། རླུང་ཕར་བཏང་ཙ། རླུང་སེམས་ནམ་མཁའ་དང་འདྲེས་པས་སྟོང་སང་སང་སོང་ནས། རྣམ་པར་མི་

རྟོག་པ་དང་བསྲེ་ལ་བསྒོམ། དེས་ལུས་ཡོད་པ་མི་ཚོར་བ་དང་། རླུང་གར་འགྲོ་བའི་སར་འབྱོངས་པ་དང་། ཟས་གོས་ཡིད་ལ་མི་འབྱུང་བ་དང་། རྟོག་འགྱུ་རང་
[ 149 ]
༄༅། །འགགས་སུ་འགྲོ་བ་ལ་སོགས་པ་ཡོན་ཏན་གང་བྱུང་ཡང་འབྱོངས་པའི་རྟགས་ཡིན་ནོ། །དེ་ལ་དགོས་ཆེད་གཉིས་ཏེ། གནས་སྐབས་སུ་འཇིག་རྟེན་

གྱི་མངོན་ཞེན་ཆོད་ཅིང་། མཐར་ཐུག་འཇིག་རྟེན་ལས་འདས་པའི་ཡོན་ཏན་མྱུར་དུ་ཐོབ་པའི་དགོས་ཆེད་ཡོད། རླུང་གནད་ལ་མ་སྦྱང་ན། དེ་ལས་ལོག་པའི་སྐྱོན་ ཡོད་དོ།། ༈ །།གཉིས་པ་ཆགས་པ་ཅན་ཐིག་ལེ་ལ་བསླབ་པ་ལ་གཉིས་ཏེ། གཟུངས་མ་ལ་བརྟེན་པ་དང་། རང་ལུས་ལ་རླུང་སེམས་ཀྱི་བདེ་ བ་བསྒོམ་པ་གཉིས་ལས། དང་པོ་ནི། གཞན་དུ་ཤེས་ལ། གཉིས་པ་ལ་བཞི་སྟེ། རྩ་གསུམ་གསལ་གདབ་ཅིང་གཏུམ་མོ་བསྒོམ་པ་དང་། གཏུམ་མོ་འབར་ འཛག་གི་ཐིག་ལེ་དབབ་པ་དང་། འཁོར་ལོ་གསུམ་གྱི་ལྷ་ཡབ་ཡུམ་ཐིག་ལེར་བཞུ་བཏུལ་དང་། འཁོར་ལོ་ལྔའི་ལྷ་ཡབ་ཡུམ་ཐིག་ལེར་བཞུ་བཏུལ་དང་བཞི་ལས།

དང་པོ་ནི། ལུས་མེ་ཐབ་གྲུབ་ཆིངས་བྱས་ལ། ལུས་གོང་ལྟར་སྟོང་པར་བསྒོམ་པའི་དབུས་སུ། རྩ་དབུ་མ་ཀ་བའི་ཚུལ་དུ་ཡར་སྣ་སྤྱི་གཙུག་ཏུ་ཟུག་པ། མར་
[ 150 ]
སྣ་ལྟེ་འོག་སོར་བཞིའི་ཚད་དུ་ཡོད་པ། རྩ་རོ་རྐྱང་གཉིས་ནི་གཡས་གཡོན་དུ་གཅིག་ལ་གཅིག་མ་རེག་པར། སྦོམ་ཕྲ་གྲོ་སོག་ཙམ། སྟོང་གསལ་འོད་ཀྱི་རྩ་རུ་

གནས་པ། རོ་རྐྱང་གཉིས་ནི་ཡར་སྣ་ཀླད་པའི་ནང་ནས་སྣ་བུག་གཉིས་ལ་ཟུག་པ། མར་སྣ་ལྟེ་འོག་སོར་བཞི་ནས་དབུ་མ་དང་གསུམ་ཡི་གེ་ཆའི་ཁོག་ལྟ་བུའོ། ། ལྟེ་འོག་སོར་བཞིའི་སུམ་མདོ་ནས། གཏུམ་མོ་ཨ་ཐུང་གི་རྣམ་པ་རེག་བྱ་ཚ་བ། ཁ་དོག་གསལ་བ། དེ་ལ་རོ་རྐྱང་གཉིས་ནས་རླུང་བསྣུན་པས། མེ་འབར་ཏེ་ ལྟེ་བར་སླེབ། དེ་བཞིན་དུ། སྙིང་ཀ །མགྲིན་པ། སྤྱི་གཙུག་མན་ཆད་ཡེ་ཤེས་ཀྱི་མེས་གང་། ལུས་བདེ་དྲོད་དང་ལྡན་པར་བསམ་མོ།། ༈ །།གཉིས་པ་ནི། ཡང་ལུས་གནད་སྔར་ལྟར་ལས། རྩ་གསུམ་གསལ་གདབ་དབུ་མའི་ཡར་སྣ་སྤྱི་གཙུག་ཟླ་བའི་དཀྱིལ་འཁོར་ལ་གནས་པའི་

ཡི་གེ་ཧཾ་དཀར་པོ་མགོ་མཐུར་དུ་བསྟན་པ་གཅིག་བསམ་ལ། དེ་ལ་སྔར་གཏུམ་མོའི་མེ་སྦར་བས། སྤྱི་བོའི་ཧཾ་ཡིག་དེ་ལ་ཕོག །དེ་ལ་བྱང་སེམས་
[ 151 ]
༄༅། །བདུད་རྩི་བབ། སྤྱི་བོ་གང་། {དགའ་བའི་ཡེ་ཤེས་ངོས་བཟུང་།} ཡང་མེ་སྦར་བས་བདུད་རྩི་བབ། མགྲིན་པ་གང་། {མཆོག་དགའི་ཡེ་ཤེས།} དེ་བཞིན་དུ་རིམ་པར། སྙིང་ཀ། {དགའ་བྲལ་གྱི་ཡེ་ཤེས།} ལྟེ་བ་{ལྷན་ཅིག་སྐྱེས་དགའི་ཡེ་ཤེས་ངོས་བཟུང་།}

ཡན་ཆད་གང་། ལུས་ཐམས་ཅད་དཀང་ལྟེམ་གྱི་གང་བས། ། བདེ་སྟོང་གི་ཡེ་ཤེས་ཀྱི་ལུས་བདེ་ཕྲིལ་གྱི་འབྱུང་། དེའི་ངང་ལ་མཉམ་པར་བཞག་གོ། ༈ །།གསུམ་པ་ནི། ཡང་ལུས་ གནད་གོང་ལྟར་ལས། རྩ་གསུམ་དུ་འཁོར་ལོ་གསུམ་གསལ་གདབ་ལ། སྤྱི་བོ་རྩེ་མོ་རྣམ་བཀོད་ན་རྣམ་སྣང་ཡབ་ཡུམ། མགྲིན་པར་རོ་རྣམས་འདུས་ པ་ན་སྣང་མཐའ་ཡབ་ཡུམ། སྙིང་ཀ་དྲན་པ་རྣམ་བཀོད་ན་རྡོ་རྗེ་སེམས་དཔའ་རྣམས་གསལ་གདབ་ལ། དེ་ལ་སྔར་བཞིན་གཏུམ་མོའི་མེ་བསྣུན་པས་

ཐིག་ལེར་ཞུ་ནས། ཐིག་ལེའི་འོད་ཟེར་ལུས་སྟོད་སྨད་བ་སྤུ་ཐམས་ཅད་གང་ནས་ཟིལ་པ་ཕྲམ་ཕྲམ་བསམས་ལ་མཉམ་པར་བཞག་གོ།
[ 152 ]
༈ །།བཞི་པ་ནི། ལུས་གནད་གོང་བཞིན་ལས། རྩ་གསུམ་འཁོར་ལོ་ལྔ་གསལ་གདབ་ལ། སྤྱི་བོ་བདེ་ཆེན་གྱི་འཁོར་ལོ་ན་རྣམ་

སྣང་ཡབ་ཡུམ། མགྲིན་པ་ལོངས་སྤྱོད་ཀྱི་འཁོར་ལོ་ན་སྣང་མཐའ་ཡབ་ཡུམ། སྙིང་ཀ་ཆོས་ཀྱི་འཁོར་ལོ་ན་རྡོ་རྗེར་སེམས་དཔའ་ཡབ་ཡུམ། ལྟེ་བ་ སྤྲུལ་པའི་འཁོར་ལོ་ན་རིན་འབྱུང་ཡབ་ཡུམ། གསང་གནས་བདེ་སྐྱོང་གི་འཁོར་ལོ་ན། དོན་གྲུབ་ཡབ་ཡུམ་རྣམས་གསལ་གདབ་ལ། དེ་ལ་སྔར་ བཞིན་གཏུམ་མོའི་མེ་སྦར་བས་རིམ་པ་ལྟར་དུ་ཐིག་ལེ་རྣམ་པར་འོད་དུ་ཞུ་ནས་རྩ་འཁོར་ཐམས་ཅད་གང་། ལུས་བདེ་སྟོང་གིས་གང་བར་བསམ་ལ། དེའི་ ངང་ལ་མཉམ་པར་བཞག་གོ །དེ་དག་རྣམས་ཀྱི་དགོས་ཆེད་ནི། དེས་ལུས་ཐམས་ཅད་བདེ་སྟོང་དུ་འགྲོ་བ་དང་། ཟས་གོས་ཀྱི་སྲེད་པ་ཆོད་པ་དང་།

རིག་པ་རྩེ་གཅིག་ཏུ་གནས་པ་དང་། རླུང་དང་ཐིག་ལེ་འབྱོངས་པ་དེས། རིག་པ་མངོན་སུམ་དུ་ཉམས་སུ་ལེན་པའི་ཚེ་འབྱུང་བ་དག་པ་ལ་ཚེགས་མེད་དོ། །
[ 153 ]
༄༅། །ཁྱད་པར་དུ་རྣམ་རྟོག་ཤས་ཆེ་བ་ལ། རང་བཞིན་རྫོགས་པ་ཆེན་པོ་འདིར་ཐབས་ཀྱི་རིམ་པ་དཔག་ཏུ་མེད་པར་བྱའོ། །དེ་ལྟར་གནས་པའི་ཐབས་བྱས་ ནས༑ རིག་པ་མངོན་སུམ་གྱི་དོན་ལ་འཇུག་པར་བྱ་བ་ཡིན་ནོ།། །།
[ 154 ]
 
[ 155 ]
ཏ༽ ༄༅། །སྙན་རྒྱུད་ཤོག་དྲིལ་རླུང་དང་གཏུམ་མོའི་ཁྲིད་ཀྱི་གདམས་པ་བསྡུས་པ་བཞུགས་སོ། །
[ 156 ]
༄༅༅། །རྫོགས་པ་ཆེན་པོ་ཡང་ཏིག་ནག་པོ་གསེར་གྱི་འབྲུ་གཅིག་པའི་ཁྲིད་རིམ་ལས། ཐུན་མོང་མ་ཡིན་པའི་སྔོན་འགྲོ་

ཆགས་པ་ཅན་ཐིག་ལེ་ལ་བསླབ་པ་དང་། ཆགས་མེད་རླུང་ལ་བསླབ་པ་གཉིས་ལས། དང་པོ་ཆགས་མེད་རླུང་ལ་བསླབ་པའི་རིམ་པ་ ནི༑ མདོར་ན། རང་ཉིད་རྡོ་རྗེ་སེམས་དཔར་གསལ་བའི་ལུས་སྟོང་ར་ཁྲུ་མ་ཕུས་བཏབ་པ་ལྟར་ཕྱི་གསལ་ནང་གསལ་དུ་བསམ་ལ།

རང་གི་ལྟེ་བར་ཐོད་པ་ཕྱི་དཀར་ལ་ནང་དམར་བ་གཅིག་གི་ནང་དུ་རྡོ་རྗེ་སྔོན་པོ་ནས་འབྲས་ཙམ་གཅིག་བསམ་ལ། རླུང་ཕྱིར་འབུད་པའི་
[ 157 ]
༄༅། །དུས་སུ། རྡོ་རྗེ་དེ་སྣ་ནས་ཕར་ཐོན་རྒྱང་རིང་པོར་སོང་བར་བསམ། ཚུར་རྔུབས་པ་དང་སྟབས་གཅིག་ཏུ་ཐོད་

པའི་ནང་དུ་མེར་གྱི་བྱུང་བར་བསམ། རླུང་ཅི་ཐུབ་འཛིན། དེ་ནས་རྣམ་རྟོག་འཕྲོ་བ་ཆུང་ན། རྡོ་རྗེ་དེ་ཚུར་ལ་ཉེ་བར་ཉེ་བར་བསྒོམ། མཐར་ རང་གི་སྣ་རྩེར་སོར་བཅུ་དྲུག་ཙམ་དུ་བསྒོམ། ཕར་བཏང་ཚུར་རྔུབས་ཡུན་རིང་དུ་བསྒོམ་མོ།། ༈ །།ཡང་དེ་ལྟར་རླུང་

འཛིན་ལ་ཐོད་པའི་ནང་གི་རྡོ་རྗེ་དེ་ཞུ་ནས་འོད་ཀྱི་རྣམ་པར་མེར་གྱི་གང་། འོག་སྒོ་དྲག་ཏུ་བསྡམ། ལུས་ཐམས་ཅད་ན་བུ་ལྟར་ཡལ་བར་
[ 158 ]
བསམ་ཞིང་། རླུང་ཕར་བཏང་ཙ་རླུང་སེམས་ནམ་མཁའ་དང་འདྲེས་པས་སྟོང་སང་སང་བཞག་གོ། ༈ །།དེ་ནས་གཉིས་པ་ཆགས་ཅན་ཐིག་ལེ་ལ་བསླབ་

པ༑ རང་ལུས་ཐབས་ལྡན་ནི། ལུས་མེ་ཐབ་གྲུབ་ཆིང་བྱས་ལ། གོང་ལྟར་ལུས་སྟོང་ར་བསྒོམ་པའི་དབུས་སུ། རྩ་དབུ་མ་ཀ་བའི་ཚུལ་དུ་ཡར་སྣ་སྤྱི་བོའི་གཙུག་ ཏུ་ཟུག་པ། མར་སྣ་ལྟེ་འོག་སོར་བཞིའི་ཚོད་ན་ཡོད་པ། རྩ་རོ་རྐྱང་གཉིས་གཡས་གཡོན་དུ་གཅིག་ལ་གཅིག་མ་རེག་པ་སྦོམ་ཕྲ་གྲོ་སོག་ཙམ། སྟོང་གསལ་འོད་ ཀྱི་རྩ་རུ་གནས་པ། རོ་རྐྱང་གཉིས་ནི་ཡར་སྣ་གླད་པའི་ནང་ནས་སྣ་བུག་གཉིས་ལ་ཟུག་པ། མར་སྣ་ལྟེ་འོག་སོར་བཞི་ནས་དབུ་མའི་རྩ་ལ་འབྲེལ་བས། ཡི་གེ་ ཆའི་ཁོག་ལྟར་གནས་པ། ལྟེ་འོག་སོར་བཞི་གསུམ་མདོ་ནས། གཏུམ་མོ་ཨ་ཐུང་གི་རྣམ་པ་རེག་བྱ་ཚ་བ་དེ་ལ་རོ་རྐྱང་གི་རླུང་བསྣུན་པས་མེ་འབར་ཏེ་ལྟེ་བར་སླེབ།

དེ་བཞིན་དུ། སྙིང་ཁ། མགྲིན་པ། སྤྱི་བོ་མན་ཆད་ཡེ་ཤེས་ཀྱི་མེས་གང་ལུས་བདེ་དྲོད་དང་ལྡན་པར་བསམ་མོ།། ༈ །།ཡང་འབར་འཛག་གི་ཐིག་ལེ་
[ 159 ]
༄༅། །དབབ་པ་ནི། ལུས་གནད་གོང་ལྟར་ལས། རྩ་གསུམ་གསལ་གདབ། དབུ་མའི་ཡར་སྣ་ཚངས་བུག་སྤྱི་གཙུག་ཏུ་ཟླ་བའི་དཀྱིལ་འཁོར་

ལ་གནས་པའི་ཡི་གེ་ཧཾ་དཀར་པོ་མགོ་མཐུར་དུ་བསྟན་པ་དེ་ལ། གཏུམ་མོའི་མེ་སྦར་བས་སྤྱི་བོའི་ཧཾ་ཡིག་དེ་ལ་ཕོག །དེ་ལས་བྱང་སེམས་བདུད་རྩི་བབ། སྤྱི་བོ་གང་ དགའ་བའི་ཡེ་ཤེས་ངོས་བཟུང་། ཡང་མེ་འབར་བས་བདུད་རྩི་བབ་མགྲིན་པ་གང་། མཆོག་དགའི་ཡེ་ཤེས་ངོས་བཟུང་། དེ་བཞིན་དུ་སྙིང་ཁར་རྣམ་རྟོག་ཐ་དག་དང་བྲལ་ བའི་བདེ་བ་དགའ་བྲལ་གྱི་ཡེ་ཤེས་ངོས་བཟུང་། ལྟེ་བ་ཡན་ཆད་གང་། ལྷན་གཅིག་སྐྱེས་དགའི་ཡེ་ཤེས་ངོས་བཟུང་། ལུས་ཐམས་ཅད་དཀར་ལྟེམ་གྱི་གང་། བདེ་ སྟོང་གི་ཡེ་ཤེས་ཀྱིས་ལུས་བདེ་ཕྲིལ་གྱི་འབྱུང་། དེའི་ངང་ལ་མཉམ་པར་འཇོག་གོ། ༈ །།ཡང་ལུས་གནད་གོང་ལྟར་ལས། རྩ་གསུམ་འཁོར་ལོ་ལྔ་

གསལ་གདབ་ལ། སྤྱི་བོ་བདེ་ཆེན་གྱི་འཁོར་ལོ་ན་རྣམ་སྣང་ཡབ་ཡུམ། མགྲིན་པ་ལོངས་སྤྱོད་ཀྱི་འཁོར་ལོ་ན་སྣང་མཐའ་ཡབ་ཡུམ། སྙིང་ཁ་ཆོས་ཀྱི་འཁོར་ལོ་ན་རིན་
[ 160 ]
འབྱུང་ཡབ་ཡུབ། ལྟེ་བ་སྤྲུལ་པའི་འཁོར་ལོ་ན་དོན་ཡོད་གྲུབ་པ་ཡབ་ཡུམ། གསང་གནས་བདེ་སྤྱོད་ཀྱི་འཁོར་ལོ་ན་རྡོར་སེམས་ཡབ་ཡུམ་རྣམས་གསལ་གདབ། དེ་

ལ་གཏུམ་མོའི་མེ་སྦར་བས། རིམ་པ་ལྟར་དུ་ཐིག་ལེའི་རྣམ་པ་འོད་དུ་ཞུ་ནས། དེ་ལ་མཉམ་པར་བཞག་གོ །{འདི་ནི་དཔལ་ལྡན་བླ་མ་སོག་བཟློག་པའི་གསུང་རྒྱུན་བཞིན་དུ། འཆལ་གྱི་དོག་ནས་ཡི་གེར་ཕབ་པ་ནི། ཆོས་བདག་མཁའ་འགྲོ་བསྲུངས་མའི་ཚོགས་ལ་བཟོད་པར་གསོལ། འདི་ནི་ཡུལ་གཙང་གི་རྡོ་རྗེ་གྲོ་ལོད་ཀྱི་སའི་འཆར་གཏོགས་པ་ཀུན་བཟང་གླིང་དུ་གར་དབང་

པདྨ་རྒྱལ་མཚན་གྱི་བྲིས་པའོ། །གང་ཟག་སྤྲོས་མེད་ལ་འདིས་འཐུས་པའོ། །མངྒ་ལམ།། །།}
[ 161 ]
ཏ༽ ༄༅། །རྫོགས་པ་ཆེན་པོ་ཡང་ཏིག་ནག་པོའི་རྟགས་ཀྱི་ཡི་གེ་བཞུགས་སོ༔ ༔
[ 162 ]
༄༅༔ ༔རིག་འཛིན་བླ་མའི་ཚོགས་ལ་ཕྱག་འཚལ་ནས༔ སངས་རྒྱས་ཀུན་དངོས་ཨུ་རྒྱན་ཆེན་པོ་ལ༔ ཀུན་ཏུ་བཟང་པོས་

དངོས་སུ་གཏད་པའི་ཆོས༔ ཡོང་ཏིག་འོད་གསལ་རྟགས་ཀྱི་ཡི་གེ་བྲི༔ འདི་ཉམས་སུ་ལེན་པ་ལ༔ སྔོན་དུ་བླ་མ་མཚན་ཉིད་དང་ ལྡན་པས༔ སློབ་མ་ལས་འཕྲོ་དང་ལྡན་པ་ལ༔ ཞི་ཁྲོའི་དབང་ཁྲིད་རྣམས་ལོ་གསུམ་མམ་གཅིག་ལ་རྫོགས་པར་བྱ༔ དེ་ནས་

དབེན་པར་ཡོ་བྱད་འཛོམ་པར་བསགས་ལ་གྲོགས་བློ་ཐུབ་པ་ཆོས་དང་མཐུན་པ་གལ་ཆེའོ༔ མི་རྟག་པ་དང་ཞེན་ལོག་སྐྱོ་ཤས་བསམ༔
[ 163 ]
༄༅༔ ༔སྐྱབས་འགྲོ་སེམས་བསྐྱེད་དང་༔ ལྷག་པར་བླ་མའི་མོས་གུས་གནད་དུ་བསྣུན༔ དངོས་གཞི་ནི༔ རྒྱུད་

ལས༔ རི་བོ་བརྟེན་ཅིང་རྒྱ་མཚོ་གཏུམ༔ ཅེས་པའོ༔ དམིགས་པ་ནི༔ རྒྱུད་ལས༔ ཡེ་ཤེས་མིག་གཅིག་དྲི་མ་མེད༔ གཉིས་ སྣང་རྟོག་པ་བློ་ལས་འདས༔ གསུམ་རིགས་གཙང་མ་དག་པ་སྟེ༔ སྤོབ་པ་ཁྲོལ་མ་ལྟ་བུའོ༔ ཙིཏྟའི་དྲང་སྲོང་ལྟ་བར་བྱ༔ ཟླུམ་

པོ་ཉིད་ཀྱིས་ཐམས་ཅད་ཁེངས༔ ཕུབ་འདྲ་ཆ་ལང་བརྡབ་པའི་ཚུལ༔ སྣང་བ་ཐམས་ཅད་ཞིང་ཁམས་སུ༔ འོད་འགྱུར་འདི་ལ་ཐེ་
[ 164 ]
ཚོམ་མེད༔ ཅེས་སོ༔ ༔རྟགས་ནི་འདི་ལྟ་སྟེ༔ ཞག་གཅིག་གཉིས་ཡེ་ཤེས་མིག་གཅིག་གི་དུས་སུ་ས་རླུང་ཟིན་པའི་རྟགས་སུ་དུ་བའམ། རི་དང་ཁང་ཁྱིམ་སེར་པོ་

རིབ་རིབ་འཆར་རོ༔ ༔ཆུ་རླུང་ཟིན་པའི་རྟགས་སུ་སྨིག་རྒྱུའམ་ཆུའམ་དཀར་པོ་འགྱུའོ༔ ༔མེ་རླུང་ལ་སྲིན་བུ་མེ་ཁྱེར་རམ༔ མེ་འབར་བ་དང་དམར་ལྷབ་ལྷབ་ པ་འཆར་རོ༔ ༔རླུང་གི་རླུང་ཟིན་པའི་རྟགས་སུ་མར་མེ་ལྟ་བུའམ༔ རླུང་ལྗང་ཁུའམ་གསལ་ལམ་པ་འཆར་རོ༔ ༔ནམ་མཁའི་རླུང་ལ་སྟོང་པ་ནམ་མཁའ་ལྟ་ བུའམ༔ མཐིང་ཀ་ཕྱམ་ཕྱམ་པ་འཆར་རོ༔ ༔གཞན་ཡང་འོད་འཇའ་ཚོན་ལྟ་བུ་དང་༔ རིན་པོ་ཆེ་འབར་བ་དང་༔ ཉི་མ་ལྟ་བུ་དང་༔ ཟླ་བ་ལྟ་བུ་སྐྱ་ཁྱིལ་ཁྱིལ་ པ་དང་༔ སྒྲ་གཅན་གྱི་གསུས་པ་ལྟ་བུ་མིག་ཆེ་ཆུང་གི་གང་བ་དང་༔ མ་ངེས་པ་གློག་ལྟར་འཆར་རོ༔ ༔དེ་བཅུ་ཡང་རླུང་ལྔ་ཟིན་པའི་རྟགས་ཤར་བས༔ སེམས་

རྟོག་རགས་རིམས་འགག་ནུས་ཤིང་འཆི་ཁར་ཡང་འབྱུང་བ་ལྔ་གོང་ལྟར་རིམ་གྱི་འགགས་གསུངས་སོ༔ ༔རྟགས་དེ་རྣམས་གང་ཤར་ཡང་རང་སྣང་དུ་དྲན་པས་ངོས་
[ 165 ]
༄༅༔ ༔བཟུང་ངོ་༔ དེས་ཀྱང་སྲིད་པ་བར་དོ་ཚུན་ཆད་ལ༔ ཅིས་ཀྱང་གྲོལ་བར་འགྱུར་རོ༔ ༔དེ་ནས་གསུམ་རིག་གཙང་མའི་དུས་སུ༔ ཙིཏྟའི་

དྲང་སྲོང་ངོ་ཤེས༔ སྤོབ་པའི་དུས་སུ་རང་ལུས་ནང་གི་རྩ་ཁམས་ཐམས་ཅད་ཕྱིར་ཤར་ཏེ༔ ལྷ་ཁང་ཀ་བ་མང་པོའམ༔ ཤིང་སྣ་ཚོགས་པའམ༔ རི་གླིང་ངམ༔ དུར་ཁྲོད་དམ༔ རང་ལུས་དབུས་ཀྱི་རི་བོ་མཆོག་རབ་ཙམ་ལ་སྟེང་ཤོད་ལ་རིགས་དྲུག་གི་གནས་ཡོད་པ་དང་༔ དེ་ནས་དུག་ལྔ་བཅུད་དུ་སྨིན་པའི་རྟགས་སུ་ཕྱིའི་སྣང་བ་ ལ་དམྱལ་བ་ཡི་དྭགས་ཀྱི་གནས་སུ་སྣང་བ་དང་༔ དུད་འགྲོའི་རིགས་སུ་གྱུར་པ་ཐམས་ཅད་ཀྱི་མགོ་བརྙན་གཟུགས་སྣ་ཚོགས་དང་༔ ལྷ་དང་མིའི་གནས་རྣམས་ སྐབས་རེ་གསལ་བ་དང་༔ ཡང་འགྱུར་ཞིང་འགྲོ་ཡང་རྩ་ཁམས་ཐམས་ཅད་ལྷའི་གཞལ་ཡས་ཁང་དང་༔ སྤྱིར་ལྷ་སྐུའི་རང་བཞིན་རྒྱན་མེད་གར་བྱེད་པ་

དང་༔ རང་ལ་ཚུར་བརྡེག་པ་དང་༔ འོད་མཚོན་ཆ་ལྟ་བུ་དང་༔ སྐུ་ཆེ་ལ་ཡན་ལག་རགས་པ༔ མིག་ཟླ་བའམ་རྒྱ་མཚོ་ཙམ་ལ༔ མཆེ་བ་གངས་
[ 166 ]
རི་ལྟར་གསལ་ལོ༔ དེ་མ་བསྒོམ་ཀྱང་ནང་ནུབ་སྐབས་སུ་འཆར་རོ༔ ༔བར་དོར་སྒྲ་འོད་ཟེར་གསུམ་འདྲེས་དུས་ཉམས་མྱོང་དང་འདྲེས་ནས་རང་སྣང་དུ་

ཐག་ཆོད་ནས་གྲོལ་ལོ༔ ༔དེ་ནས་གོམས་པས་རང་ལུས་གསང་སྔགས་ཀྱི་ལྷ་ཚོགས་སུ་བཞུགས་པ་དང་༔ ཙིཏྟའི་སངས་རྒྱས་བཞི་བཅུ་རྩ་གཉིས་དུང་ཁང་ གི་ཁྲག་འཐུང་ལྔ་བཅུ་རྩ་བརྒྱད་བཞུགས་པ་ཕྱིར་ཤར་ཏེ༔ སྔོན་མ་སྤྲུལ་སྐུའི་ཆ་བྱད་དབུ་ལ་ཐོར་གཙུག་དང་༔ སྐུ་ལ་ཆོས་གོས་སྣམ་གསུམ་གསོལ་བ་ དང་༔ དེ་ནས་སྐུ་རྒྱན་ཆ་ལུགས་དང་ལྡན་པ་དང་༔ ཆོས་སྐུ་སྟོང་གསལ་དུ་ཡབ་ཡུམ་འཁྲིལ་སྦྱོར་ཆ་ཆུང་དང་འདྲ་མིན་བསམ་གྱིས་མི་ཁྱབ་པ་དག་འཆར་ རོ༔ ༔ཞི་བ་དང་ཁྲོ་བོ་འཆར་ཚུལ་གཅིག་ཏུ་མ་ངེས་ཏེ༔ རྟགས་འདི་རྣམས་སྔོན་ལ་གང་འཆར་ངེས་པ་མེད་དོ༔ ༔སྔོན་གྱི་ལས་འཕྲོ་དང་འཕྲལ་གྱི་བརྩོན་

འགྲུས་ལ་རགས་ལུས་སོ༔ ༔དེ་ལྟར་ཉིན་མཚན་རྒྱུན་དུ་གསལ་བས་ད་ལྟ་ལོངས་སྐུའི་ཞིང་ཁམས་ཟིན་པས་བར་དོ་མེད་པར་འཆི་ཁར་གྲོལ་ལོ༔ ༔ས་མ་ཡཱ༔
[ 167 ]
༄༅༔ ༔དེ་ལྟར་གསང་སྔགས་ཕྱི་ནང་གི་དཀྱིལ་འཁོར་རྫོགས་ནས༔ ལས་རླུང་རང་སར་དག་ཅིང་འཛིན་རྟོག་བྲལ༔ ཕུང་པོ་ལྔ་རིགས་ལྔ༔ ༔ འབྱུང་བ་ལྔ་ཡུམ་ལྔར་གྲོལ་ལོ༔ ༔ཅེས་རྟགས་ཀྱི་ཡི་གེ་མདོར་བསྡུས་པ་ཨྠིྀ༔ ༔
[ 168 ]
 
[ 169 ]
ཏ༽ ༄༅། །རྫོགས་པ་ཆེན་པོ་ཡང་ཏིག་ནག་པོའི་ཆ་ལག་ཟབ་དོན་གནད་ཏིག་ཅེས་བྱ་བ་བཞུགས་སོ། །
[ 170 ]
༄༅། །དཔལ་ཀུན་ཏུ་བཟང་པོ་ལ་ཕྱག་འཚལ་ལོ། །སེམས་དང་རིག་པའི་དབྱེ་བ་བསྟན་ནས། སེམས་ཀྱི་འགྱུར་རྟོག་

བཀག་པའི་ཞི་གནས་ཉི་ཚེ་ནི་ཁམས་གསུམ་ལས་མི་འདའ་བར་བསྟན་པ། རིག་པའི་ངོ་བོ་སྐྱོང་ཞིང་སྣང་སེམས་ལ་བདེན་ཞེན་མེད་པ་ཡང་ དག་པའི་གནས་ལུགས་ཡིན་པར་གསུངས་ཚུལ་འདི་ལ། ཐོག་མར་རིག་པ་ཅེས་པ་ནི། རང་གི་བསམ་མཁན་གཞལ་མཁན་གྱི་ངོ་བོ་རྗེན་

ཧུ་རེ་བ་འདི་ལ་ཟེར་ཏེ། རིག་པ་གཅེར་མཐོང་རང་གྲོལ་ལས། ཐ་མལ་རང་ཁའི་དུས་ཀྱི་ཤེས་པ་ལ། །རང་གིས་རང་ལ་གཅེར་གྱིས་
[ 171 ]
༄༅། །བལྟས་པའི་ཚེ། །བལྟས་པས་མཐོང་རྒྱུ་མེད་པའི་ས་ལེ་བ། །རིག་པ་མངོན་སུམ་རྟེན་པ་ཧྲིག་གེ་བ། །ཅིང་ཡང་

གྲུབ་པ་མེད་པའི་སྟོང་སངས་ངེ་། །ཅེས་སོགས་གསུངས་སོ། །སེམས་ཞེས་པ་ནི། རིག་རྩལ་རྣམ་རྟོག་སྣ་ཚོགས་པ་མི་དྲན་དགུ་དྲན་འདི་ལ་ སེམས་ཞེས་བྱ་སྟེ། རགས་པ་དང་། ཕྲ་བ་དང་། ལུང་དུ་མ་བསྟན་པའི་རྟོག་པ་ཕྲ་མོ་ཐམས་ཅད་རང་སྣང་རིག་པའི་འཆར་ཚུལ་དུ་མ་

འདུས་པ་མེད། ངོ་བོ་ཡང་རིག་པ་སྟེ། ཝལ་པོ་རྗེས་མེད། རང་ཤར་རང་གྲོལ་ངོ་བོ་སྟོང་པ་ལས་མ་འདས་ཏེ། ཀློང་གསལ་ལས།
[ 172 ]
སེམས་ནི་དྲན་བསམ་རིག་པའི་རྩལ། །སྣང་ཤེས་ཅིག་ཏུ་གྱུར་ཚད་ཀུན། །རིག་པ་ཉིད་ལས་ལོགས་སུ་མེད། །ཅེས་གསུངས་སོ། །ངེད་ལ་སེམས་ཀྱི་འགྱུར་རྟོག་བཀག་པའི་

ཞི་གནས་ཏོམ་མེ་བ་ལྷག་མཐོང་གི་རྟོགས་པས་མ་ཟིན་པ་དེས། ཕྱི་མ་དུད་འགྲོ་ལ་སོགས་ཁམས་གསུམ་ལས་མི་འཕགས་པར་གསུངས་ཏེ། ཀུན་མཁྱེན་ཀློང་ཆེན་རབ་ འབྱམས་ཀྱིས། ཨེ་མ། ཕྱུགས་དང་འདྲ་བའི་བསམ་གཏན་པ། །འདུ་ཤེས་བཀག་ནས་རྟོག་མེད་གནས་པ་ལ། །གནས་ལུགས་ཉིད་ཅེས་མངོན་པའི་ང་རྒྱལ་འཛིན། ། དེ་ཉིད་གོལ་བས་དུད་འགྲོའི་སར་འཕེན་ཅིང་། །མ་གོལ་ན་ཡང་བསམ་གཏན་གཟུགས་མེད་ཉིད། །འཁོར་བའི་གནས་ལས་གྲོལ་བའི་སྐབས་མེད་དོ། །ཅེས་དང་། མཁས་གྲུབ་པདྨ་བློ་གྲོས་ཀྱིས། སེམས་མ་བཅོས་པར་རང་ལུགས་སུ་བཞག་པའི་དུས་ན། རྣམ་པར་རྟོག་པ་རང་སར་ཞི་ནས། ལྷན་ནེར་གནས་པ་དེ་ལ་ཞི་གནས་བྱ་བ་

ཡིན་ཏེ། སེམས་ཉིད་ཀྱི་ངོ་བོ་མིན་ནོ། །ད་ལྟ་བསྒོམ་ཉམས་ལེན་པ་སྐད་པ་ཕལ་ཆེར་དེ་ཀ་ལ་བསྒོམ་དུ་བྱེད། རང་ཡང་རློམ། གཞན་ལ་ཡང་དེ་བསྟན་པ་མང་སྟེ།
[ 173 ]
༄༅། །དེ་བསྒོམ་དུ་ཅུང་མི་བཏུབ་པ་ཡིན། དེ་མེད་ཐབས་ཀྱང་མེད་པ་ཡིན། །ཅེས་གསུངས་པ་དང་། གཡུ་བྲག་ལས། རྣམ་རྟོག་བཀག་པའི་

བསྒོམ་ཆེན་དེ། །མར་འདོད་ཆུ་ལ་བསྲུབས་པ་འདྲ། །བསྐལ་པར་བསྒོམ་ཀྱང་དོན་མི་མཐོང་། །དེ་ཕྱིར་རྣམ་རྟོག་བཀག་མི་དགོས། །འདུག་ན་ཆེད་དུ་སྤྲོ་མི་དགོས། ། ཅེས་པ་དང་། མཁས་གྲུབ་ཆོས་རྗེས། {བུ་འབོར་ཡེ་ཤེས་རྒྱན་མཚན་པས། །} ད་ལྟའི་ཚོགས་དྲུག་སྣང་བ་བཀྲ་ཀད་དེ། །ཆོས་སྐུ་སྐྱེ་མེད་རིག་པའི་རང་མདངས་ཡིན། །དེ་དོན་ཇི་བཞིན་ཁོང་དུ་མ་ཆུད་པར། ། ཞི་གནས་རྟོག་མེད་ཆོས་སྐུ་ཡིན་པར་རློམ། །འོན་ཀྱང་འདུག་ཚུག་ཆེ་བ་ངོ་མཚར་ཆེ། །ཅེས་པ་དང་། རྒྱུད་ལས། ཚོགས་དྲུག་མ་འགག་ ལྷུག་པ་ལ། །དབང་པོ་རང་ཡན་ལྷོད་ལ་བཞག །རྣལ་མ་སོ་མ་ལྷུག་པ་སྟེ། །གྱི་ནར་གནས་པ་ཁོ་ནའོ། །ཅེས་པ་དང་། སློབ་དཔོན་པདྨས། ཚོགས་དྲུག་ཞེན་

མེད་རང་ཡན་ལ། །སྣང་བ་སྣ་ཚོགས་གཟིགས་མོར་ཆེ། །ཅེས་གསུངས་སོ། །འོ་ན་འཁྲུལ་སྣང་རང་སར་ཡན་བཅུག་པས། སླར་ལ་འཁྲུལ་མི་འགྲོའམ་ཞེ་ན། སེམས་
[ 174 ]
ཅན་ཐ་མལ་པས་བདག་ཏུ་བཟུང་བས་འཁྲུལ་ཡང་། རྣལ་འབྱོར་པས་འཁྲུལ་པ་གཞི་མེད་དུ་ཤེས་པས་བཅོས་བསླད་མེད་པར་བབ་ལ་འཇོག་པས་མི་འཁྲུལ་ཏེ། མུ་

ཏིག་ཕྲེང་བ་ལས། སེམས་ཅན་འཁོར་བ་དེ་དག་ནི། །རང་གི་རྣམ་རྟོག་ལས་ཀྱི་བཅིངས། །རང་བཞིན་མེད་ཤེས་གྲོལ་བར་ངེས། །ཅེས་སོ། །དེ་ཡང་འཁྲུལ་པ་དང་ གྲོལ་བ་ནི། ནང་འཛིན་སེམས་ལ་བརྩི་བ་ཡིན་གྱི། ཕྱི་ཡུལ་གྱིས་འཁྲུལ་པ་དང་། གྲོལ་བ་གང་ཡང་མ་བྱས་པས། སྣང་བ་རང་སར་བཞག་པས་ཆོག་སྟེ། ཏེ་ལོ་ པས༑ སྣང་བས་མི་འཆིང་ཞེན་པས་འཆིང་། །ཞེན་པ་ཆོད་ཅིག་ནཱ་རོ་པ། །ཅེས་གསུངས་པ་དང་། ཀློང་ཆེན་པས། སྣང་བའི་རང་བཞིན་རྨི་ལམ་སྒྱུ་མ་དང་། ། སྨིག་རྒྱུ་མིག་ཡོར་མེ་ལོང་གཟུགས་བརྙན་དང་། །ཆུ་ཟླ་སྦྲུལ་པ་ལྟ་བུར་དངོས་པོ་སྟོང་། །མེད་བཞིན་སྣང་བས་སང་སེང་ཁྲལ་མ་ཁྲོལ། །བུན་བུན་འལ་འོལ་ཡལ་

ཡོལ་ཕྱད་མ་ཕྱོད། །སྣང་ལ་དེར་འཛིན་མེད་པའི་ངང་ལ་སྤྱོད། །ཅེས་པ་དང་། ཡང་གསུངས་པ། མདོར་ན་ཐོག་མེད་འཁོར་བར་འཁྱམས་པ་ཡང་། །གཉིས་
[ 175 ]
༄༅། །འཛིན་གོམས་པའི་བདག་འཛིན་ལས་བྱུང་བས། །རྟག་ཏུ་བདེན་མེད་སྟོང་པའི་རང་བཞིན་འགྲོས། །སེམས་ཉིད་རྒྱལ་པོ་བྱ་རྩོལ་མེད་པར་སྦྱོང་། །

ཅེས་པ་དང་། གང་སྣང་དོན་ལ་འཛིན་ཞེན་མེད་པ་ཡི། །ཆགས་མེད་ཞེན་མེད་རྩིས་མེད་རིས་མེད་བྱ། །ཅེས་གསུངས་སོ། །དེ་ལྟར་ཞི་གནས་ཀྱི་ཉམས་དང་ལྡན་ ཞིང་༑ ལྷག་མཐོང་རྟོགས་པའི་རང་རིག་སྐྱོང་དགོས་ཏེ། དེ་ཡང་མདོར་བསྡུ་ན། ཉམས་སུ་ལེན་རྒྱུའི་སྙིང་པོ་ནི། རིག་པ་ཡིན་ལ་སེམས་ནི་རིག་པའི་གདངས་སམ་ རྩལ་ཡིན་ཕྱིར། རིག་པའི་ངོ་བོ་སྐྱོང་ཤེས་ན། སེམས་ལ་འཁྲུལ་དབང་མེད་ཅིང་རྣམ་རྟོག་གིས་ཕན་ཡང་མ་བརྟག གནོད་ཀྱང་མི་བསྐྱལ་ཏེ། བཻ་རོའི་སྤྲུལ་པས། སེམས་རང་བབས་སུ་གནས་ཀྱང་བསྒོམ་གྱི་ངང་། །སྣ་ཚོགས་སུ་འགྱུ་ཡང་རིག་རྩལ་རོལ། །ཅི་ལྟར་ཤར་ཡང་གནས་ལུགས་ངང་། །དགག་བསྒྲུབ་ཀྱི་ལྷན་པ་འདེབས་

དོན་མེད། །ཅེས་གསུངས་པས། སྐྱོང་ཚུལ་ཇི་ལྟར་ན། རིག་འཛིན་བདུད་འདུལ་རྡོ་རྗེས། སྟོང་གསལ་དུ་གནས་པའི་སེམས་དག་བྱ་ཡིན་པས་བསྒོམ་དུ་མི་འདོད།
[ 176 ]
སྣ་ཚོགས་སུ་འཕྲོ་ཡང་དྲན་པའི་ངོ་བོ་ཏུར་ཏུར་བ་དེ་རིག་པ་ཡིན་པས་བསྒོམ་གྱི་ཐིལ་དེ་ལ་བཅའ་དགོས། ཅེས་པ་དང་། རིག་པ་འཕྲོ་འདུ་མེད་པར་སྟོང་སང་ངེར་གནས་

པའི་དུས་ན་གནས་པའི་མི་རྟོགས་པ་དེ་ལ་བསྒོམ་དུ་བཞེད་པ་མ་ཡིན། འདིའི་དུས་སུ་རང་རིག་ཧྲིག་གེ་སིང་ངེ་བའི་གསལ་དངས་ཀྱི་རིག་པ་རྗེན་པ་དེ་སྐྱོང་དགོས་པ་ཡིན། རིག་པ་ཡུལ་དུ་ཆར་ཆར་འཆར་དུས་རྣམ་རྟོག་གང་ཤར་ལ་བལྟ་བ་དེ་ལ་བསྒོམ་དུ་འདོད་པ་མ་ཡིན། འདི་དུས་ཀྱི་རིག་པ་གསལ་རྗེན་ནེ་བ་དེ་ཡེངས་མེད་དུ་སྐྱོང་ངོ་། །ཅེས་ པ་དང་། ཡང་། རིག་པ་རྗེན་པ་ཟང་ཐལ་ཤེལ་སྒོང་འདྲ་བ་དེ་ཀློང་དུ་མ་གྱུར་གྱི་རིང་ལ་སྐྱོང་ངོ་། །ཁྲེག་ཆོད་ཀྱི་དོན་ཡང་དག་པ་རིག་པ་རྗེན་པ་ཟང་ཐལ་ལེར་ཕུད་པ་ གནང་ཡིན་གྱིས། ཅེས་གསུངས་སོ། །མདོར་ན་ཁྲེག་ཆོད་ཀྱི་ཉམས་ལེན་གྱི་སྙིང་པོ་ནི། ད་ལྟའི་རང་གི་བསམ་མཁན་གཞལ་མཁན་གྱི་རིག་པ་རྗེན་ཧུར་རེ་བ་འདི་རང་

བས་ཡེངས་མེད་དུ་སྐྱོང་བས་སེམས་བྱུང་རྣམ་རྟོག་ཐམས་ཅད་ལ་བདེན་ཞེན་མེད་པས་ཡེངས་འཁྲུལ་མི་འབྱུང་སྟེ། ཇི་སྐད་དུ། རང་གི་རིག་པ་ལ་རང་གི་བལྟ་བ་དེ།
[ 177 ]
༄༅། །སངས་རྒྱས་ཀྱི་དགོངས་པ་ལ་འཇོག་པ་ཡིན་ནོ། །ཞེས་པ་དང་། ཕ་དམ་པས། སྐྱེ་བ་མེད་པ་སྐྱེ་བ་མེད་པ་ཟེར་བ་དེ། ཁྱེད་རང་གི་ད་ལྟའི་

ཤེས་པ་མི་དྲན་དགུ་དྲན་འདི་རང་ཡིན་ནོ། །ཞེས་དང་། རིག་པ་ངར་ལྡན་དུ་བསྒོམ་པ་འདི་གནད་ཆེ་བས། ཧུར་དང་བཅས། ངར་དང་བཅས། ཐམས་ཅད་ཕར་ཟིལ་ གྱིས་མནན་ནས་བསྒོམ་པ་འདི་གཅིག་པུས་ཆོག །ཅེས་པ་དང་། གཏེར་སྟོན་འཇའ་ཚོན་སྙིང་པོས། ཅང་མེད་ཧད་པོ་མ་ཡིན་རིག་ཅིང་གསལ། །ཅེས་པ་དང་། ཕ་ དམ་པས། དངོས་མེད་རང་གི་སེམས་ལ་ཡང་དང་ཡང་དུ་ལྟོས་དང་ང་མིན་ང་དང་འདྲ་བའི་བླ་མ་གཅིག་ནང་ནས་འཆར་ཏེ་མཆིའོ། །ཞེས་གསུངས་པ་དང་། བཻ་རོའི་ སྤྲུལ་པས། རིག་པ་ངོས་ཟིན་ཚེ་ཐ་མལ་ཡེངས་འཁྲུལ་དུ་འགྱུར་བའི་གནས་མེད། །ཅེས་གསུངས་སོ། །འཁོར་འདས་གཉིས་ནི་སེམས་རིག་གཉིས་ངོ་ཤེས་མ་ཤེས་

ཡིན་ཏེ། ཀློང་ཆེན་རབ་འབྱམས་ཀྱི་རྒྱུད་ལས། སངས་རྒྱས་གཞན་ན་མེད་དོ་རིག་པ་ཡིན། །འཁོར་བ་གཞན་ན་མེད་དོ་རང་སེམས་ཡིན། །ཞེས་གསུངས་པའི་ཕྱིར་
[ 178 ]
རོ༑ །རིག་པ་ཡེ་ཤེས་རང་ལུགས་སུ་སྐྱོང་བས། སེམས་ཀྱི་འགྱུར་རྟོག་རང་གྲོལ་བ་སྟེ། ལྟ་བ་ཀློང་ཡངས་ལས། དེ་ཡང་འཁོར་བའི་ཆོས་ཐམས་ཅད་ནི་སེམས་

ལ་བརྟེན་པས། སེམས་ཀྱི་ངོ་བོ་དག་དུས་འཁོར་བ་དག་པའོ། །འདས་པའི་ཆོས་ཐམས་ཅད་རིག་པ་ཡེ་ཤེས་ལ་བརྟེན་པས། རིག་པ་ཡིན་ཐོག་ཏུ་བཞག་པས། སངས་རྒྱས་རང་ཆས་སུ་འཆར་བས་གནད་ཐམས་ཅད་དེ་གཉིས་ལ་འདུས་པའོ། །འདི་གཉིས་ཀྱི་ཁྱད་པར་གོ་བར་བཤད་ན། སེམས་ཀྱི་ངོ་བོ་ནི་མ་རིག་པའོ། །རིག་ པའི་ངོ་བོ་ནི་རང་རིག་པའོ། །ཅེས་སོགས་དང་། དེ་ཡང་སེམས་འཕྲོ་འདུ་དང་བཅས་དུས། རིག་པ་མངོན་སུམ་དུ་མི་གསལ། འོ་ན་གཅིག་གནས་དུས་གཅིག་ འགག་གམ་ཞེ་ན། རིག་པ་གནས་པའི་ཚེ། རིག་མདངས་གཞི་ལ་ཐིམ་པས། སེམས་ངར་གཅིག་འགག་ལ། ཐ་མ་གདོས་བཅས་འོད་དུ་དེང་དུས་སམ། ལུས་

བོར་བ་ན་རླུང་འགག་པས་འགག་པ་ཡིན་ནོ། །སེམས་ཤར་དུས་གདངས་དངོས་སུ་མི་སྣང་བས། རིག་པའི་གདངས་མི་གསལ་བའི་ཕྱིར། འགག་པ་ལྟ་བུ་ཅིག་
[ 179 ]
༄༅། །འབྱུང་ཡང་འགག་པ་མེད་དེ། སྐྱེ་འགག་མེད་པའི་ཕྱིར། དེ་ལྟར་ན། སེམས་དང་ཡེ་ཤེས་དབྱེ་བ་གལ་ཆེ་སྟེ། ད་ལྟར་བསྒོམ་ཐམས་ཅད་

དེ་ཡིན་ལ། རླུང་རིག་གི་དག་ཚུལ་ཐམས་ཅད་ཀྱང་དེ་ཡིན་ལ། ཐ་མ་གྲོལ་དུས་ཡང་སེམས་ཐམས་ཅད་དག་པས། སྒྲིབ་པ་ཐམས་ཅད་དག་པས་རིག་པ་སྐུ་དང་ཡེ་ ཤེས་གནས་པའི་དགོངས་པ་དང་། གནད་ཐམས་ཅད་དེར་ཐུག་པའི་ཕྱིར། དེ་གཉིས་མ་ཕྱེད་པར་བསྐལ་པར་བསྒོམ་ཀྱང་ཡང་དག་པའི་འབྲས་བུ་མི་ཐོབ་པར་གསུངས་ པ་དང་། ལུང་ལས། རིག་པ་ལས་སེམས་བྱུང་། ངང་དུ་གནས་ངང་དུ་ཐིམ། ནམ་མཁའ་ལས་རླུང་བྱུང་། ངང་དུ་གནས་ངང་དུ་ཐིམ། ཅེས་གསུངས་པས། རིག་པ་སྟོང་གསལ་འཛིན་མེད་རང་ལུགས་ཡེངས་མེད་དུ་སྐྱོང་ཞིང་ཡུལ་སྣང་ལ་གསལ་ཆ་ཡོད་ཀྱང་འཛིན་ཆ་མ་ཞུགས་པར་བདེན་མེད་ཁྲལ་ཁྲོལ་དུ་རང་གྲོལ་བ་ནི།

རྣལ་འབྱོར་དམ་པ་རྣམས་ཀྱི་ཐུགས་དགོངས་ཕྱིན་ཅི་མ་ལོག་པའོ། །འདི་ལ་བླ་མ་ཁ་ཅིག་གིས། ཀའི་ཁྱོད་ཀྱིས་སེམས་རིག་གཉིས་ཐ་དད་སོ་སོར་ཡིན་ཟེར་བ་འདི་
[ 180 ]
ཡང་དག་པ་མ་ཡིན་ཏེ། ལུང་ལས། འགྲོ་བ་ཅིག་ལ་ཤེས་རྒྱུད་གཉིས་མི་མངའ། །ཞེས་པས། གཞུང་གང་ནས་ཀྱང་མ་བཤད། ངའི་བླ་མས་ཀྱང་མི་བཞེད་

པས༑ གཉིས་འཛིན་ཡིན་ཟེར་ན། ཀཱ་ཡེ་༝ ཁྱོད་ཀྱིས་རྣམ་རྟོག་དང་ཆོས་སྐུ་གཉིས་མ་ཕྱེད་པར་ཟད་དེ། གསུང་སྙན་པ་ཀུན་བཟང་རྣམ་རྒྱལ་གྱིས། སྣང་ སེམས་དབྱེར་མེད་རྣམ་རྟོག་ཆོས་སྐུ་ཟེར་བ་དེ་ཧ་ཧ་རྒོད་བྲོ་སྐྱུག་ལོག །ཅེས་གསུངས་པ་དང་། གཏེར་སྟོན་རྡོ་རྗེ་གླིང་པས། སེམས་ཅེས་བྱ་བ་དང་། རིག་པ་བྱ་ བ་འདུག་པ་གཉིས་ལ་ཁྱད་འདུག་གམ་དྲིས་པས། ཁྱད་མེད་ཟེར་ན་མ་གོ་བ་ཡིན། ཁྱད་འདུག་ཟེར་ན་ག་བ་ཡིན། ཞེས་གསུངས་པས་ན། མདོ་རྒྱུད་བསྟན་ བཅོས་ཐམས་ཅད་ནས་དངོས་སུ་མ་བཤད་ཀྱང་། དོན་ལ་གནས་ཏེ། རིག་པ་ཡེ་ཤེས་ཀྱི་གནས་ལུགས་དང་། རིག་རྩལ་སེམས་ཀྱི་འཁྲུལ་པ་གྲོལ་ཐབས་ཁོ་ན་

གསུངས་པ་རྣམས་ཀྱི་ཆོས་སྐད་དུ། རིག་པ་ལའང་ཡེ་ཤེས་༝ སེམས་ཉིད་༝ ཆོས་སྐུ་༝ ཆོས་ཉིད་༝ བྱང་ཆུབ་ཀྱི་སེམས་༝ གནས་ལུགས་༝ རྟོགས་པ་༝ །
[ 181 ]
༄༅། །ཡང་དག་༝ དོན་དམ་༝ བདེ་གཤེགས་༝ སྙིང་པོ་༝ འོད་གསལ་༝ ཆོས་དབྱིངས་༝ སྟོང་ཉིད་༝ རྣམ་བྱང་་༝ འདུས་མ་བྱས་༝ ཤེས་རབ་༝ དྲི་མེད་༝

གཉུག་མ་༝ ལྷན་ཅིག་སྐྱེས་སྦྱོར་༝ དམ་པ་དང་པོའི་སངས་རྒྱས་ལ་སོགས་པ་གསུངས་ཤིང་། སེམས་ལའང་༝ མ་རིག་པ་༝ རྣམ་རྟོག་༝ འཁྲུལ་པ་༝ དྲན་པར་༝ ཡིད་༝ བློ་༝ འགྱུ་བ་༝ བག་ཆགས་༝ ཤེས་པ་༝ ཡུལ་༝ སྣང་བ་༝ ཚོགས་དྲུག་༝ ཀུན་གཞི་༝ གཟུང་འཛིན་༝ རིག་རྩལ་༝ ཉོན་མོངས་༝ འཛིན་ཆ་༝ འདུས་བྱས་༝ ཀུན་རྫོབ་༝ ལྟར་སྣང་༝ ལས་རླུང་༝ ཐབས་༝ འཁོར་བ་༝ ཁམས་༝ དྲི་མ་༝ སེམས་བྱུང་ལ་སོགས་པ་གསུངས་པའི་འཁོར་འདས་སྤང་བླང་གི་ཆོས་སྐད་མ་གོ་ན། ཆོས་ ཉན་བཤད་བལྟ་རྟོགས་༴རྟོག་ཐམས་ཅད་རང་མགོ་ན་བ་ལས་ཟད་ཅིང་། སྤྱིར་ཡང་མདོ་རྒྱུད་ལ་དཔང་པོ་བྱ་དགོས་ཏེ། མྱ་ངན་ལས་འདས་པའི་མདོ་ལས། དགེ་སློང་དག་

གམ་མཁས་རྣམས་ཀྱིས། །བསྲེག་བཅད་བརྡར་བའི་གསེར་བཞིན་དུ། །ཡོངས་སུ་བརྟགས་ནས་ངའི་བཀའ། །བླང་བར་བྱ་བའི་གུས་ཕྱིར་མིན། །ཞེས་དང་། སློབ་
[ 182 ]
དཔོན་པདྨས། ཆོས་རྣམས་ཐམས་ཅད་སྒྲིབ་པ་མེད་པའི་སྤྱན། །མདོ་རྒྱུད་ཡིན་པས་ཚད་བཟུང་དཔང་པོ་བཏུབ། །བསྟན་བཅོས་རྣམས་དང་གང་ཟག་ཚད་མི་

བཟུང་༑ །དཔང་པོ་མི་བཏུབ་ཁ་འཛིན་ཕྱོགས་ཆ་ཡིན། །ཅེས་གསུངས་སོ། །དེ་ལྟར་མདོ་རྒྱུད་ཀྱི་ལུང་དང་འབྲེལ་བའི་བསྟན་བཅོས་ནི། རྒྱལ་བའི་བཀའ་ དང་ཁྱད་མེད་དེ། རྒྱུད་བླ་མ་ལས། གང་ཞིག་དོན་ལྡན་ཆོས་དང་ཉེར་འབྲེལ་ཞིང་། །ཁམས་གསུམ་དག་ན་ཉོན་མོངས་སྤང་བྱེད་གསུངས། །ཞི་བའི་ཕན་ཡོན་ སྟོན་པར་མཛད་པ་གང་། །དེ་ནི་དྲང་སྲོང་གསུངས་ཡིན་བཟློག་པ་གཞན། །ཅེས་གསུངས་སོ། །དེ་ཡང་བླ་མ་རྒྱུད་པའི་གདམས་ངག་ཉམས་སུ་བླང་ན། ཉམས་ རྟོགས་དང་ཕྲིན་ལས་ཡར་ལྡན་དུ་འབྱུང་བར། ས་ར་ཧས། བླ་མས་སྨྲས་པ་གང་གི་སྙིང་ཞུགས་པ། །ལག་པའི་མཐིལ་དུ་གནས་པའི་གཏེར་མཐོང་འདྲ། །

ཅེས་གསུངས་སོ། །ཡང་སྤྱིར་མདོ་རྒྱུད་ཀྱི་ལུང་དང་མ་འབྲེལ་བའི་ཆོས་སྐད་ཐམས་ཅད་ནི། རྟོག་གེ་མཁན་གྱི་རང་བཟོར་ཟད་ཅིང་། ཚད་མར་མི་བཏུབ་སྟེ།
[ 183 ]
༄༅། །རྗེ་བཙུན་ས་པཎ་གྱིས། མིག་མངས་རྒྱ་དང་མ་འབྲེལ་ན། །རྡེའུ་མང་ཡང་ཤི་རོ་ཡིན། །དེ་བཞིན་ལུང་དང་མ་འབྲེལ་ན། །ཆོས་ལུགས་

མང་ཡང་རོ་དང་འདྲ། །ཅེས་གསུངས་པའི་ཕྱིར་རོ། །དེ་ལྟ་བུའི་ངོ་སྤྲོད་ཐོས་ཀྱང་ཉམས་ལེན་ལ་མི་བརྩོན་ན་རང་གིས་རང་བསླུ་བར་ངེས་ཏེ། སའི་སྙིང་པོ་འཁོར་ལོ་ བཅུ་པ་ལས། ང་ཡིས་རབ་ཏུ་ཟབ་པའི་ཆོས་བཤད་ཀྱང་། །ཁྱོད་ཀྱིས་ཐོས་ནས་ཡང་དག་མ་བསྒྲུབ་ན། །ནད་པ་སྨིན་གྱི་རྐྱལ་པ་ཐོགས་པ་བཞིན། །བདག་གི་ ནད་རྣམས་གསོ་བར་མི་ནུས་སོ། །ཅེས་གསུངས་སོ། །དེ་ལྟར་སེམས་དང་རིག་པ་འདི་རྣམ་པར་དབྱེ་བའི་ཟབ་དོན་གནད་ཏིག་འདི་ཡང་། ཕར་ཕྱིན་དང་། སྔགས་ གསར་མ་བ་ལ་མ་གྲགས་ཤིང་། རྙིང་མ་ཁོ་ནའི་སྤྱོད་ཡུལ་དུ་གྱུར་པའི་ཁྱད་ཆོས་ལགས་པས། རྫོགས་ཆེན་ཡང་ཏིག་ནག་པོའི་ཆ་ལག་ཏུ། པདྨའི་རིག་སྔགས་

འཛིན་པས་སྦྱར་བའོ། །དགེའོ། །དགེའོ། །དགེའོ།། །།
[ 184 ]
 
[ 185 ]
ཏ༽ ༄༅། །ངེས་དོན་སློབ་མའི་ལྐོག་ཆོས་ཚངས་པའི་རྔ་སྒྲ་ཞེས་བྱ་བ་བཞུགས་སོ། །
[ 186 ]
༄༅། །ངེས་དོན་སློབ་མའི་ལྐོག་ཆོས་ཚངས་པའི་རྔ་སྒྲ་ཞེས་བྱ་བ། ན་མོ་གུ་རུ་བྷྱ༔ དཔལ་ཀུན་ཏུ་བཟང་པོ་ལ་ཕྱག་

འཚལ་ལོ། །འདིར་རང་བཞིན་རྫོགས་པ་ཆེན་པོའི་སྒོ་ནས་རྣལ་འབྱོར་པ་ཚེ་གཅིག་ལུས་གཅིག་གིས་སངས་རྒྱ་བར་བྱེད་པའི་མན་ངག་སྟོན་ པ་ལ། གཞི་ལམ་འབྲས་གསུམ་གྱི་རང་བཞིན་དུ་གནས་པ་སྟེ། རྒྱུད་ལས། ལྟ་བ་གཏན་ལ་མ་ཕེབ་ན། །ཚང་པ་ལམ་རྒྱུས་

འཁྲུལ་པ་འདྲ། །བསྒོམ་པ་གཏན་ལ་མ་ཕེབ་ན། །ལག་རྡུམ་བྲག་ལ་འཛེག་པ་འདྲ། །སྤྱོད་པ་གཏན་ལ་མ་ཕེབ་ན། །དོན་
[ 187 ]
༄༅། །གཉེར་ཐེ་ཚོམ་ཟ་བ་འདྲ། །འབྲས་བུ་གཏན་ལ་མ་ཕེབ་ན། །སྒོང་ང་རུལ་བའི་བྱེའུ་ཕྲུག་འདྲ། །ཅེས་གསུངས་

པས༑ ཐོག་མར་གཞི་ལྟ་བའི་གནས་ལུགས་ནི། སངས་རྒྱས་དང་སེམས་ཅན་གང་ཡང་མ་གྲུབ་པའི་སྔོན་རོལ་ན། གཞི་དངོས་པོ་ གཤིས་ཀྱི་གནས་ལུགས་༝ རིག་པ་རང་བྱུང་གི་ཡེ་ཤེས་ངོ་བོ་རང་བཞིན་ཐུགས་རྗེ་གསུམ་གྱི་རྣམ་པ། སྐུ་གསུམ་གྱི་འཆར་གཞི་མ་

འགགས་པ། དངོས་པོ་དང་མཚན་མ་གང་ཡང་མ་གྲུབ་པ། ནང་གསལ་ཀ་དག་ཏུ་གནས་པ་ལས། དུས་རེ་ཞིག་ན་ལྷུན་གྲུབ་ཀྱི་
[ 188 ]
གཞི་སྣང་ཆེན་པོ་ཤར་བ་དེ་ཉིད། ཀུན་ཏུ་བཟང་པོས་དགེ་བ་སྤུ་རྩེ་ཙམ་ཡང་མ་བྱས་པར། རང་སྣང་དུ་ངོ་ཤེས་ཏེ་གཞི་ཐོག་ཏུ་མངོན་པར་བྱང་ཆུབ། ཁམས་གསུམ་གྱི་

སེམས་ཅན་ཐམས་ཅད་ཀྱིས་གཞི་སྣང་དེ་ཉིད་ངོ་མ་ཤེས་ཏེ་གཞན་དུ་བཟུང་བས། ཁམས་གསུམ་གྱི་སེམས་ཅན་རྣམས་ཀྱིས་སྡིག་པ་སྤུ་ཙམ་ཞིག་མ་བསགས་པར་འཁོར་ བར་འཁྱམ། དེ་ལྟར་འཁྲུལ་པའི་དུས་ན་ཡང་། ཁམས་བདེ་གཤེགས་སྙིང་པོ་༝ རིག་པ་རང་བྱུང་གི་ཡེ་ཤེས་དེ་ཉིད་སེམས་ཅན་ཀུན་ལ་ཏིལ་ལ་མར་གྱིས་ཁྱབ་པ་ བཞིན་དུ་གནས་པ་ལས། ལམ་གྱི་ཆོས་ནི་རྒྱལ་བ་ཐབས་ལ་མཁས་ཤིང་ཐུགས་རྗེ་ཆེ་བ་རྣམས་ཀྱིས། སེམས་ཅན་རྣམས་ཀྱི་དོན་དུ་ཆོས་ཀྱི་སྒོ་དང་ཐེག་པའི་རྣམ་ གྲངས་དཔག་ཏུ་མེད་པ་གསུངས་པ་རྣམས་ཀྱི་སྙིང་པོར་གྱུར་པ་ནི། ཨ་ཏི་བླ་མེད་འོད་གསལ་རྡོ་རྗེ་སྙིང་པོ་ཡིན་ཅིང་། དེ་ཉིད་ཀྱི་ཟབ་དོན་ཉམས་སུ་ལེན་པ་ལ།

ཁྲེག་ཆོད་དང་ཐོད་རྒལ་གཉིས་ལ། དང་པོ་ཁྲེག་ཆོད་ནི། ཐོག་མའི་གཞི་ཀ་དག་གི་གནས་ལུགས་དེ་ཉིད། ལམ་ཁྲེག་ཆོད་ཀྱི་ཉམས་སུ་ལེན་པ་སྟེ། སྔོན་འགྲོའི་
[ 189 ]
༄༅། །རིམ་པ་ལ་སོགས་པས་རང་གི་བློ་སྦྱོངས་ནས། ཉམས་ལེན་དངོས་ཀྱི་བཞག་ཐབས་ནི། མདོར་ན་ཐོག་མར་གནས་འགྱུ་བསྲུང་བ་ཞེས་བྱ་སྟེ།

སེམས་འདས་པའི་རྗེས་མི་དཔྱད། མ་འོངས་པའི་མདུན་མི་བསྲུ། ད་ལྟའི་ཤེས་པ་ལ་བཟོ་བཅོས་མི་བྱ་བར། རང་ཐོག་ཏུ་ལྷན་ནེ་བཞག་པ་སྟེ། ཕ་དམ་པས། འདས་པ་དང་མ་འོངས་པའི་བར་ནས་སྐད་ཅིག་མའི་ཤེས་པ་ངོས་འཛིན། ཞེས་པ་དང་། ཡང་རྗེས་ཀྱི་ཤེས་པ་ད་ལྟ་བ་འདིའི་སྟེང་དུ་ལྷན་ནེ་ཞོག །དེ་ལྟར་ཉམས་སུ་ ལེན་པ་ནི་གནས་འགྱུ་བསྲུང་བའི་རྣལ་འབྱོར་པ་ཡིན་ནོ། །ཞེས་གསུངས་པ་ལྟར། ཤེས་པ་རང་ཐོག་ཏུ་ལྷན་ནེར་གནས་པ་ལ། རྣམ་རྟོག་འགྱུ་བ་གང་ཤར་ཡང་ དྲན་པས་བཟུང་ནས་རྣམ་རྟོག་ཁ་ཡན་དུ་མི་བཏང་བར། དྲན་མཁན་གྱི་རིག་པ་རྗེན་ལ་བུད་པ་དེ་ཡེངས་མེད་དུ་བསྐྱོང་བ་ནི། གནས་འགྱུ་འབྱེད་པ་ཞེས་བྱ་བ་ཡིན། དེ་

ལ་ཞི་གནས་ལྷག་མཐོང་ཟུང་འཇུག་ཏུ་གནས་ཏེ། ཀློང་གསལ་ལས། གནས་པ་ཞི་གནས་སྟོང་པ་ལ། །འགྱུ་བ་རིག་པའི་རང་ཞལ་བསྟན། །གྲོལ་བ་ལྷག་མཐོང་
[ 190 ]
རྗེན་པ་ཉིད། །ཅེས་པ་དང། གནས་པ་སྐྱེ་བ་མེད་པ་ལ། །འགྱུ་བ་འགག་མེད་བྲེང་བ་ཤར། །དེ་རང་མ་རིག་ཁ་ཕྱིར་བལྟས། །སེམས་ཞེས་འཁྲུལ་པར་འགྱུ་

བ་ཡིན། །དེ་རང་རིག་པ་ནང་དུ་གསལ། །རིག་པ་སྤྲོས་བྲལ་རྗེན་པ་ཡིན། །ཅེས་པ་དང་། ཕ་དམ་པས། རིག་པ་མག་གེ་མོག་གེར་མ་ལུས་པར་ངར་ལྡན་དུ་ སྐྱོངས་དགོས། ཅེས་གསུངས་པ་དང་། གཏེར་སྟོན་འཇའ་ཚོན་སྙིང་པོས། ཅང་མེད་ཧད་པོ་མ་ཡིན་རིག་ཅིང་གསལ། །ཅེས་གསུངས་སོ། །དེ་ལྟར་ བསྒོམ་པ་ལ་བདེ་གསལ་མི་རྟོག་པའི་ཉམས་གསུམ་ལ་མ་ཆགས་མ་ཞན་པར་བྱ། བྱིང་རྨུག་འཐིབ་གསུམ་ལ་སོགས་ལ། རིག་རིག་གསལ་གསལ་བའི་ངར་དང་ལྡན་ དགོས༑ ཁྱད་པར་དུ། སློབ་དཔོན་པདྨས། བསྒོམ་ལ་མ་ཞེན་ཡང་ནས་ཡང་དུ་ཤིག །ཅེས་པ་དང་། དམ་པ་ཀུན་དགས། གནས་པ་དུམ་བུར་བསིལ་

ན་རྗེས་ཐོབ་བཟང་། །ཅེས་པ་འདི་གནད་ཟབ་པའོ། །སྤྱིར་རྣམ་རྟོག་ཆོས་སྐུར་འདོད་པ་གསར་མ་བ། རྟོགས་པ་ཆོས་སྐུར་འདོད་པ་གསང་སྔགས་རྙིང་མ་བ།
[ 191 ]
༄༅། །སེམས་སངས་རྒྱས་སུ་འདོད་པ་གསར་མ་བ། རིག་པ་ཆོས་སྐུར་འདོད་པ་རྙིང་མ་བའི་ཁྱད་པར་འཕགས་པའི་ཆོས་ཏེ། བསྒོམ་ཞེས་བྱ་བ་ནི།

རིག་པའི་ཡེ་ཤེས་བསྒོམ་པ་ཡིན་ཞིང་། སེམས་ཀྱི་འཁྲུལ་རྟོག་བསྒོམ་པར་མི་བྱ་སྟེ། ཀློང་གསལ་ལས། རྣམ་རྟོག་སྔ་མ་རང་སར་གྲོལ། །ཕྱི་མའི་དེར་འཛིན་ མ་ཞུགས་པར། །བར་དེར་གཉེན་པོས་བཅོས་བསླད་བྲལ། །སྒྲིབ་བྲལ་སིངས་དངས་ཕྱེད་པ་འདི། །རིག་པ་ཡིན་པར་ངོས་ཟུངས་ཤིག །ཅེས་དང་། རྒྱུད་ ལས༑ དེ་བཞིན་རྣམ་རྟོག་སུ་བསྒོམ་པ། །འབྲས་བུ་མི་འབྱུང་བདུད་ཀྱི་ལས། །ཅེས་གསུངས་སོ། །དེ་ཡང་ཀུན་མཁྱེན་ཀློང་ཆེན་རབ་འབྱམས་ཀྱིས། ཁྲེག་ ཆོད་དང་ཐོད་བརྒལ་གང་ལ་ཡང་། རྩ་བ་རིག་པ་ཟང་ཐལ་རྗེན་ལ་ཕུད་ཤེས་དགོས། ཅེས་པ་དང་། ལྷན་ནེ་གནས་དུས་ཀྱི་གནས་ཆ་དེ་ཞི་གནས་བསམ་གཏན་

ཡིན་པས་བཞག་ལ། རིག་གེ་སང་ངེ་བའི་རིག་པ་ངོས་བཟུང་ནས་ངང་ལ་སྐྱོངས་། ཅེས་པ་དང་། རིག་པ་ཡུལ་ལ་འཆར་འཆར་འདྲ་བའི་འགྱུ་བ་དེ་གར་
[ 192 ]
འགྲོར་བཏང་བས་རང་ཡལ་ལ་འགྲོ། རིག་རིག་རྗེན་རྗེན་པའི་ལྷག་མཐོང་དེ་བཟུང་། ཅེས་གསུངས་པ་ལྟར་རོ། །རང་སེམས་ཅི་བྱད་ལས་སུ་རུང་བ་ཞི་གནས།

རང་རིག་ངོ་ཤེས་པ་ལ་ཡིན་མིན་གྱི་ཐེ་ཚོམ་མེད་པ་ལྷག་མཐོང་སྟེ། པདྨ་དཀར་པོ་ལས། སེམས་ལས་སུ་རུང་བ་ཞི་གནས། །ཐེ་ཚོམ་དང་བྲལ་བ་ལྷག་མཐོང་། ། ཅེས་གསུངས་པས་སོ། །སྒོམ་པ་ཀློང་དུ་མ་གྱུར་གྱི་བར་དུ་བསྒོམ་མེད་ཡེངས་མེད་ཀྱི་དྲན་པས་བཟུང་བ་གལ་ཆེ་སྟེ། ཀུན་བྱེད་རྒྱལ་པོ་ལས། དེ་ལྟར་བསྒོམ་དུ་ མེད་པའི་སྙིང་པོ་ལ། །མ་ཡེངས་དྲན་པས་བཟུང་བ་མན་ངག་ཡིན། །ཅེས་པ་དང་། གཏེར་སྟོན་ཀློང་གསལ་སྙིང་པོས། རིག་པ་རང་འཚོ་ཤེས་དགོས། ཆེད་དུ་རྩོལ་བས་གཉེར་ནས་བསྒོམ་པ་དང་། རྟོགས་པ་རང་འཚོ་གཉིས་མི་འདྲ། དེ་ལ་ཡེངས་པ་མེད་དགོས། ཡེངས་པ་སྣང་ན་གཅུན་དགོས། རིག་

རིག་གསལ་གསལ་གྱིས་གཅུན་ན། མཐར་ཡེངས་པ་མེད་པ་གཅིག་འོང་། ཅེས་གསུངས་སོ། །ཁྱད་པར་སྣང་སྲིད་འཁོར་འདས་ཀྱི་ཆོས་ཐམས་ཅད་
[ 193 ]
༄༅། །སྒྱུ་མའི་རང་བཞིན་མེད་པ་གསལ་སྣང་དུ་ལམ་དུ་ཁྱེར་ཤེས་དགོས། ཡང་རྣལ་འབྱོར་པའི་ཉམས་ལ་བྱིང་རྒོད་དང་ཡེངས་པ་དང་ཁམས་འདུས་

པ་ལ་སོགས་སྐབས་སུ་བྱུང་ཡང་སྒྱིད་ལུག་པར་མི་བྱ་སྟེ། སྣང་བ་འདི་དག་སངས་རྒྱས་རྣམས་ལ་སྐུ་གསུང་ཐུགས་ཡོན་ཏན་ཕྲིན་ལས་མི་ཟད་པ་རྒྱན་གྱི་འཁོར་ལོའི་ དག་སྣང་དང་། རྣལ་འབྱོར་ལམ་ས་རྣམས་ལ་ཡིད་དཔྱོད་ཉམས་ཀྱི་སྣང་བ་མཐོ་དམན་སྣ་ཚོགས། སེམས་ཅན་རྣམས་ལ་འཁྲུལ་པའི་སྣང་བ་ལུ་གུ་རྒྱུད་ཡིན་ཞེས་ པདྨ་འབྱུང་གནས་ཀྱིས་གསུངས་ཏེ་འཁོར་འདས་ལམ་གསུམ་གྱི་ཉམས་སྣང་འཆར་བ་ཆོས་ཉིད་ཡིན་ཏེ། དམ་པ་ཀུན་དགས། རང་ལ་བྱིང་བ་དང་། རྒོད་པ་དང་། རྨུག་པ་དང་། གཡེང་བ་ཨེན་རེ་བྱུང་བས། ང་བསྒོམ་ཆེན་པ་རྒད་པོ་འདི་ལྟ་བུ་མི་ཡོང་དུ་ཐོང་བ་ལ་སྙམ་པ། དམ་པས་མཁྱེན་ནས། ཀུན་དགའ། སྐྱོན་

ཡེ་མེད་ན་ལས་ཟད་པ་ཡིན། བསྒོམ་མི་དགོས། སངས་རྒྱས་སྤངས་པ་མཐར་ཐོན་པ་ཡིན། ཁྱོད་བས་ང་ལ་ཡང་ཡོད། དུས་དུས་སུ་བྱུང་ན་དགའ་བ་ཡིན།
[ 194 ]
འདོད་ན་མི་འོང་། མི་འདོད་ན་ཇེ་མང་ལ་ཆེ་བ་ཡིན། གསུངས་པའི་དོན་ཡིན། བསྒོམ་པ་ཀློང་དུ་གྱུར་ན་ཆེད་དུ་བསྒོམ་མི་དགོས་པ་ནི། ཕ་དམ་པས། བྱ་བ་བཏང་

ན་བསྒོམ་མི་དགོས། ཅེས་དང་། སྔ་ཕྱིའི་རྟོག་པ་བསལ་ན་བསྒོམ་མི་དགོས་པའི་བརྡ་རུ། ད་ལྟའི་ཤེས་པ་ངོས་ཟུང་དང་། ཅེས་གསུངས་པ་དང་། ནོར་ བུ་ཕྲ་བཀོད་ལས། རྟོག་བྱེད་ཀྱི་ཤེས་པ་ཡུལ་དུ་སྣང་བའི་ཚེ་ན་སྣང་བ་རང་སྣང་ཏེ། དེའི་ཚེ་ཤེས་པ་ཁ་ཡན་དུ་བཏང་བར་བྱའོ། །ཞེས་དང་། ཀུན་མཁྱེན་ཀློང་ ཆེན་པོས། ལྟ་བས་ཡན་ཐུབ་བསྒོམ་པས་ཡེངས་ཐུབ་ཅིང་། །སྤྱོད་པས་རྐྱེན་ཐུབ་འབྲས་བུས་གོལ་ས་ཐུབ། །ཅེས་གསུངས་པ་ལྟར་བརྟེན་པ་ཐོབ་པར་བྱ་བ་ གལ་ཆེའོ། །དེ་ལྟར་ཁྲེག་ཆོད་ཀྱི་ཉམས་ལེན་ལ་བརྟེན་པ་ཐོབ་པ་དེ། ནམ་ཞིག་འཆི་ཁ་བར་དོའི་ཚེ། ནད་གཅོད་དྲག་པོ་བྱུང་བའི་སྐབས་སུ་མ་ཟིན་ཀྱང་།

སེམས་རིག་རྒྱབ་གྱེས་ནས་རིག་པ་སྙིང་ནང་དུ་རྗེན་ནེར་གནས་དུས་ཀ་དག་གི་རང་རིག་ངོས་ཟིན་ནས་ཆོས་ཀྱི་སྐུར་སངས་རྒྱ་བར་ངེས་ཏེ། ཐིག་ལེ་ཀུན་གསལ་
[ 195 ]
༄༅། །རྒྱུད་ལས། རྟོགས་པ་ཅན་འཆི་ཁར་ནད་དང་རྐྱེན་གྱིས་དཀྲུག་ཀྱང་མི་བརྗེད་པའི་གཟུངས་ཐོབ་སྟེ། ཤེས་རབ་ཕྱིས་འཆར་བའི་དཔེ་ནི། ཆུ་ཟླ་

ལ་རྡོ་བརྒྱབ་པས་འཁྲུལ་ནས་མི་གསལ་ཡང་། ཆུ་དངས་པས་ཕ་རོལ་དུ་གསལ་བ་ལྟ་བུའོ། །ཅེས་གསུངས་སོ། །འབྲུའི་གྲོལ་ས་དངོས་ནི། ཐོག་མའི་གཞི་ ཀ་དག་ཆོས་སྐུའི་དབྱིངས་སུ་གྲོལ་བ་སྟེ། གྲོལ་ས་ཉིད་ནི་ཐོག་མའོ། །ཞེས་གསུངས་ཕྱིར་རོ། གཉིས་པ་ཐོད་བརྒལ་ནི། ཐོག་མའི་གཞི་ལྷུན་གྲུབ་ཀྱི་གནས་ ལུགས་དེ་ཉིད་ལམ་ཐོད་བརྒལ་གྱིས་ཉམས་སུ་ལེན་པ་སྟེ། རང་གི་སྙིང་གི་དབུས་ན་རྩ་དར་དཀར་གྱི་སྐུད་པ་ལྟ་བུའི་དབུས་སུ། འོད་ཁ་དོག་ལྔ་ལྡན་གྱི་ཀློང་ན། {རིག་པ་ཡེ་ཤེས་ཀྱི་གནས་ཙིཏྟ་ཤའི་སྒྲོན་མ།} རིག་པ་བྱང་ཆུབ་སེམས་ཀྱི་ངོ་བོ་གནས་པ། ཤ་ཁྲག་གི་རྒྱས་གཏུམ་ཀྱང་མ་ཐུམ་པར། དེའི་རྩལ་{ལམ་དཀར་འཇམ་རྩའི་སྒྲོན་མ་}ཀ་ཏི་ཤེལ་གྱི་སྦུ་གུ་ཅན་ནས།

{སྒོ་རྒྱང་ཞག་ཆུའི་སྒྲོན་མ།} མིག་གི་དབང་པོ་ནས་ཕྱིར་འཆར་བ་སྟེ། དེ་ཡང་གཞི་གནས་ཀྱི་རིག་པ་ཀ་དག །ལམ་སྣང་གི་རིག་པ་ལུ་གུ་རྒྱུད།
[ 196 ]
འབྲས་བུའི་རིག་པ་སྐུ་གསུམ་སྟེ། ཉམས་ལེན་མདོར་བསྡུ་ན། དབྱིངས་རྣམ་དག་གི་སྒྲོན་མ་འཇའ་ཚོན་ལྟ་བུའི་ནང་ན། ཐིག་ལེ་སྟོང་པའི་སྒྲོན་མ་ཉ་མིག་ལྟ་བུ་

འོད་ལྔའི་མུ་ཁྱུད་ཅན། དེའི་ནང་དུ་ཤེས་རབ་རང་བྱུང་གི་སྒྲོན་མ། རིག་པ་རྡོ་རྗེ་ལུ་གུ་རྒྱུད་ཕྲ་ལ་འགུལ་བ་མུ་ཏིག་ལྟ་བུ་འཆར་བ་ལ། བརྟགས་དཔྱད་མེད་པར་བལྟས་ པས༑ དབྱིངས་སྣང་དང་ཐིག་ལེ་རྒྱ་ཆེར་འཕེལ་ཞིང་། ལུ་གུ་རྒྱུད་ཇེ་དལ་དུ་སྡོད་པ་ནི་ཆོས་ཉིད་མངོན་སུམ་གྱི་སྣང་བ། དེ་ཡང་ལུ་གུ་རྒྱུད་འགུལ་ན་ཡང་། རང་གི་རིག་པ་མ་འགུལ་བ་ཅིག་གལ་ཆེ། ཐིག་ལེའི་ནང་དང་ལུ་གུ་རྒྱུད་ཀྱི་བར་བར་རྣམས་སུ་སྐུ་ཕྲ་མོ་རེ་རེ་འཆར་བ་ནི་ཉམས་གོང་འཕེལ་གྱི་སྣང་བ། སྐུ་གཙོ་ འཁོར་མང་དུ་འཆར་བ་ནི་རིག་པ་ཚད་ཕེབས་ཀྱི་སྣང་བ། ཕྱི་ནང་གི་དངོས་པོ་ཐམས་ཅད་རིས་མེད་རང་བཞིན་མེད་པར་སོང་བ་ནི་ཆོས་ཉིད་ཟད་པའི་སྣང་བ་སྟེ། དེ་

ལྟར་འོད་གསལ་སྣང་བ་བཞིའི་ཉམས་ལེན་ལ་བརྩོན་པས། ནམ་ཞིག་ཆོས་ཉིད་བར་དོའི་ཚེ། རང་གི་རིག་པ་ལུས་ལ་ཕྱིར་བུད་ནས། དུས་མ་འགྱུར་ཀྱང་
[ 197 ]
༄༅། །སྣང་བ་འགྱུར་ཏེ། ཕྱི་རོལ་གྱིས་རྡོ་རི་བྲག་ཁང་ཁྱིམ་ལ་སོགས་གཞན་སྣང་ཐམས་ཅད་མེད་པར། རང་སྣང་དག་པ་ལྷུན་གྲུབ་ཀྱི་སྣང་བ་

སྟེང་འོག་ཕྱོགས་འཚམས་ཐམས་ཅད་སྒྲ་འོད་ཟེར་གསུམ་དང་། ཞི་ཁྲོ་དམ་པ་རིགས་བརྒྱ་ལ་སོགས་སངས་རྒྱས་ཀྱི་ཞིང་ཁམས་གྲངས་མེད་པ་འཆར་བ་དེ་དག རང་སྣང་དུ་ངོ་ཤེས་པས། འོད་རིག་པ་ལ་ཚུར་འཇུག་པའམ། རིག་འོད་ལ་ཕར་འཇུག་པས་ལོངས་སྤྱོད་རྫོགས་པའི་སྐུར་སངས་རྒྱ་བར་འགྱུར་ཏེ། དྭགས་པོ་ རིན་པོ་ཆེས། ཉམས་ལེན་འདི་རྨི་ལམ་དུ་མ་ཟིན་ནའང་། བར་དོར་ཟིན་ཏེ། བར་དོར་འདི་ལས་བདུན་འགྱུར་གྱིས་གསལ། རྨི་ལམ་དུ་འདི་ལས་བདུན་ འགྱུར་དུ་མི་གསལ་བ་ཡིན། ཅེས་གསུངས་པས་ད་ལྟའི་ཉམས་ལེན་ཐམས་ཅད་བར་ངོ་ངོ་སྤྲོད་དང་སྦྱར་ཤེས་པར་བྱའོ། །ཁྱད་པར་རང་བཞིན་རྫོགས་པ་ཆེན་

པོའི་སྒོར་ཞུགས་པའི་གང་ཟག་ནི། ཆོས་ཉིད་མངོན་སུམ་གྱི་སྣང་བ་ཙམ་མཐོང་བས་ཀྱང་འཁོར་བར་མི་འཁྱམ་སྟེ། པཎ་ཆེན་བི་མ་ལ་མི་ཏྲའི་ཞལ་ནས། དོན་
[ 198 ]
གྱི་ཆོས་འདིའི་སྒོར་ཞུགས་སོ་ཅོག་མངལ་གྱི་གྲོང་ཁྱེར་དུ་མི་འཇུག་པའོ། །དེ་ཅིའི་ཕྱིར་ཞེ་ན། བླ་མ་མཚན་ཉིད་དང་ལྡན་པ་ཅིག་ལ་དབང་བཞི་རྫོགས་པར་བྱས་

ནས་མ་སྨིན་པ་སྨིན་པར་བྱས། དེ་ཡང་གལ་ཏེ་བཞི་ཆར་མ་རྫོགས་ཀྱང་། ཤིན་ཏུ་སྤྲོས་མེད་དབང་བསྐུར་ནས། ཆོས་ཉིད་མངོན་སུམ་གྱི་གདམས་པ་ཞུས་ བརྩོན་འགྲུས་རབ་གཅིག་གིས་འདི་ཉིད་ལ་འཇིག་རྟེན་གྱི་བྱ་བ་རྣམས་སྤངས་ནས། བར་མཚམས་མེད་པར་ཉམས་སུ་བླངས་པས། ཟག་པ་དང་བཅས་པའི་ཕུང་པོ་ མི་སྣང་བར་སངས་རྒྱའོ། །འབྲིང་པོ་གཅིག་གིས་འཇིག་རྟེན་གྱི་བྱ་བས་གཡེངས་ནས། ཐང་བཅད་ནས་བསྒོམ་ལོང་ནི་མ་བྱུང་། བག་རེ་ཙམ་ཉམས་སུ་བླངས་པ་ ལ་བརྟེན་ནས། ཆོས་ཉིད་ཀྱི་བར་མ་དོ་ལ་རང་གི་ཆོས་ཉིད་ངོ་ཤེས་ནས། དེ་ཉིད་ལ་སངས་རྒྱའོ། །ཐ་མ་གཅིག་གིས་ལེ་ལོས་གཡེངས་ནས་གདམ་ངག་ནི་ཡོད་

ཀྱང་ཉམས་སུ་བླངས་ལོང་མ་བྱུང་ན། ཆོས་ཉིད་མངོན་སུམ་གྱི་བདེན་པའི་བྱིན་བརླབས་ཀྱིས། མངལ་གྱི་སྒོ་མི་འགྲིམ་པར། དེ་ཉིད་དུ་ལོ་ལྔ་བརྒྱའི་བར་དུ་
[ 199 ]
༄༅། །བརྫུས་སྐྱེས་ཀྱི་ལུས་སུ་གནས་ཏེ། སྤྲུལ་པའི་སྐུ་ལ་ཆོས་མཉན་ནས་རང་རྒྱུད་གྲོལ་ཏེ། དེ་ནས་མངོན་པར་རྫོགས་པར་སངས་རྒྱའོ། །ཅེས་

གསུངས་པས། ཆོས་གཞན་ལས་ཁྱད་པར་དུ་འཕགས་པ་རང་བཞིན་རྫོགས་པ་ཆེན་པོ་ལ་གཅེས་སྤྲས་སུ་བྱའོ། །འདི་ཅི་སློབ་མ་མ་གཏོགས་ཚོགས་པ་ལ་ བཤད་པའི་ཆོས་མ་ཡིན་ཏེ། སློབ་དཔོན་ཟླ་བ་གྲགས་པས། ཇི་བཞིན་སྒྲ་མིན་དགོངས་མིན་དང་། །དྲངས་བའི་དོན་དུ་གང་གྱུར་པ། །ཡི་གེའི་དོན་དང་ སྤྱིའི་དོན། །ཚོགས་པ་ལ་ནི་བཤད་པར་འདོད། །ཇི་བཞིན་སྒྲ་དང་ངེས་དོན་དང་། །དེ་བཞིན་དགོངས་ཏེ་གསུངས་པ་ཉིད། །སྦས་དང་མཐར་ཐུག་པ་རྣམས་ ནི༑ །སློབ་མ་ལ་ནི་བཤད་པར་འདོད། །ཅེས་པ་དང་། གཞན་ཡང་། ཕ་དམ་པས། ཉམས་མྱང་གི་མཛོད་ཕུགས་ལོང་གཏམ་གྱིས་ཁྲོམ་ལ་མ་སྟོན།

ཞེས་པ་དང་། རང་ཉམས་ཟབ་མོ་གཞན་ལ་བཤད་ན་ཡལ་འགྲོ། ཅེས་གསུངས་པ་དང་། བྲམ་ཟེ་སྤུ་གུས། ངག་གི་ལྡེ་མིག་བྱང་ན་སེམས་ཀྱི་ནོར་བུ་
[ 200 ]
འཆོར༑ །ཅེས་གསུངས་པ་རྣམས་ཀྱི་དོན་དྲན་པར་བྱའོ། །དེ་ལྟར་ངེས་དོན་སློབ་མའི་ལྐོགས་ཆོས་མཆོག ངོ་སྤྲོད་ཚངས་པའི་རྔ་སྒྲུ་ཞེས་བྱ་བ། །པདྨའི་རིགས་ སྔགས་འཛིན་པས་བར་ཁྲོད་དུ། །ལེགས་པར་སྦྱར་བས་འཁྲུལ་མེད་ས་ཐོབ་ཤོག། །ཡི་གེའི་རིས་བྱེད་པདྨ་བློ་ལྡན་ནོ། །དགེའོ། །མངྒ་ལཾ།། །།
[ 201 ]
ཏ༽ ༄། །ངེས་དོན་བློ་གྲོས་རབ་དཀར་ཞེས་བྱ་བ་བཞུགས།། །།
[ 202 ]
༄༅༅། །ན་མོ་གུ་རུ་རཏྣ་ཡེ། སྐྱེ་མེད་སྤྲོས་བྲལ་རང་བྱུང་ཆོས་ཀྱི་སྐུ། །ངེས་པ་ལྔ་ལྡན་ལྷུན་གྲུབ་ལོངས་སྤྱོད་

རྫོགས། །གང་འདུལ་ཐབས་ཀྱི་དོན་མཛད་སྤྲུལ་པའི་སྐུ། །རང་རིག་སྐུ་གསུམ་བླ་མར་གཉིས་མེད་འདུད། །ཟག་མེད་ ཡེ་ཤེས་ཚོགས་རྫོགས་འདུས་མ་བྱས། །གཞན་གྱི་རྐྱེན་གྱིས་རྟོགས་མིན་བློ་ལ་འདས། །ཤེས་བྱའི་བུད་ཅིང་ཕྲ་མོའང་ཟད་

བྱའི་ཕྱིར། །དོན་དམ་རྫོགས་རིམ་བསྒོམ་པའི་ཕན་ཡོན་བཤད། །དེ་ཡང་ཟག་བཅས་ཀྱི་དགེ་བ་བསྐལ་པར་བྱས་པ་བས། །
[ 203 ]
༄༅༅། །སེམས་རྟོགས་མེད་དུ་གནས་པ་སྐད་ཅིག་བསོད་ནམས་ཆེ་སྟེ། གཙུག་ཏོར་གྱི་མདོ་ལས། རྡུལ་སྙེད་

ཀྱི་བསྐལ་པ་དམ་པའི་ཆོས་ཀྱི་མདོ་སྡེ་བྲི་ཤིང་ཀླག་པ་དང་། ཁ་ཏོན་བྱེད་པ་བས་ཉིན་གཅིག་གམ། མཚན་གཅིག་ཟག་པ་མེད་ པའི་ཤེས་རབ་བསྒོམ་ན་བསོད་ནམས་དཔག་ཏུ་མེད་དོ། །ཅེས་གསུངས། པད་མས། སེམས་ཅན་ཀུན་ལ་ལུས་སྦྱིན་དང་། །

སེམས་ཅན་ཀུན་གྱི་སྲོག་བཏོན་དང་། །རིན་ཆེན་ཕུང་པོ་སྦྱིན་པ་དང་། །སྟོང་གསུམ་མཆོད་རྟེན་གང་བྱས་པས། །སྐད་ཅིག་
[ 204 ]
བསྒོམས་པ་འབུམ་ཆར་མིན། །ཅེས་པ་དང་། གཏོག་ཆེན་གྱི་མདོ་ལས། ཐང་ཅིག་བསམ་གཏན་ཐུན་ཞུགས་ན། །ཁམས་གསུམ་གང་བའི་མི་རྣམས་

ལ༑ །སྲིག་སྦྱིན་པ་བས་འདི་དོན་ཆེ། །ཅེས་དང་། ཏིང་ངེ་འཛིན་རྒྱལ་པོའི་མདོ་ལས། དགེ་བ་བཅུའི་ལས་ཀྱི་ལམ་ལ་འཛུད་པ་བས། ཆོས་བདག་ མེད་པ་ལ་མོས་པ་བྱས་ནས་གོམས་པ་བདུན་བོར་ན་བསོད་ནམས་ཆེ། ཅེས་པ་དང་། ཤེར་ཕྱིན་གྱི་མདོ་ལས། ཆུང་ངུ་ན་སེ་གོལ་བཏོག་པ་ཙམ་དུ་ཤེས་ རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་བསྒོམ་ན་ཡང་། སྟོང་གསུམ་གྱི་སེམས་ཅན་ཕ་རོལ་ཏུ་ཕྱིན་པ་དྲུག་དང་། སྐྱེས་བུ་ཟུང་བཞི་ཡ་བརྒྱད་ལ་བཀོད་པ་བས་བསོད་ ནམས་ཆེ། ཅེས་པ་དང་། དམ་པས། ཞི་གནས་བསྐལ་པའི་བར་དུ་བསྒོམས་པས། ཐུག་འཕྲད་ཀྱི་ངང་ལ་དར་གཅིག་གནས་པ་བསོད་ནམས་

ཆེ༑ །ཅེས་པ་དང་། དག་པོ་རིན་པོ་ཆེས། ཞི་གནས་ཀྱི་ཏིང་ངེ་འཛིན་ཉིན་མཚན་ངོ་མེ་ཤེས་པ་བས། ཐ་མལ་གྱི་ཤེས་པས་དགའ། །ཅེས་པ་དང་།
[ 205 ]
༄༅། །བློ་གྲོས་རབ་གནས་ཀྱི་ཞུས་པའི་མདོ་ལས། བསླབ་པའི་ཚུལ་ཁྲིམས་ཅི་ལྟར་བསྲུང་བར་བགྱི། བཀའ་རྩལ་པ།

ལྷའི་བུ་དགེ་སློང་རྣལ་འབྱོར་སྤྱོད་པས་ཚུལ་ཁྲིམས་དང་ཚུལ་ཁྲིམས་འཆལ་བ་དང་། ཚུལ་ཁྲིམས་བསྲུང་བ་ལ་སོགས་འདུ་ཤེས་སྣ་ཚོགས་དང་ལྡན་པ་ནི། འཁོར་བའི་ཚུལ་ཁྲིམས་ཏེ། ལྷ་མའི་བདེ་བ་མྱོང་ནས་སླར་ངན་སོང་དུ་སྐྱེ་བར་འགྱུར་རོ། །གང་ལ་སྡོམས་དང་སྡོམ་པ་མ་ཡིན་པའི་རྟོག་པ་མེད་ཅིང་ རློམ་སེམས་མེད་པ་ནི་མྱ་ངན་ལས་འདས་པའི་ཚུལ་ཁྲིམས་ཏེ་ཚུལ་ཁྲིམས་རྣམ་པར་དག་པ་ཡིན་ནོ། །ཅེས་དང་། ཆེད་དུ་བརྗོད་པའི་ཚོམ་ལས། དགེ་ སློང་མགོ་རེག་ལ་བྱང་ཆུབ་ག་ལ་ཡོད། རྣལ་མ་༝ ཆུས་བཀྲུས་༝ རྒོང་ལྟོ་༝ ཅེས་༝ དེའི་༝ འོ་ན་༝ བཀའ་༝ ཤེས་རབ་༝ སྟོང་ཡེ་ཤེས་༝ བསམ་

གཏན་༝ བོང་མཛོད་ལས། ཇི་བཞིན་པའི་སེམས་ཉིད་ལ། །མ་བཅོས་པ་ཡི་བློ་བཞག་སྟེ། །དེ་ལ་གཡོ་བ་མེད་གྱུར་ན། །དམ་ཚིག་ཐམས་ཅད་
[ 206 ]
བསྐང་བ་ཡིན། །ཉམས་པའི་ཆད་པ་བྱུང་ན་ཡང་། །མགོན་སྐྱབས་དེ་ལས་ཆེ་བ་མེད། །ཅེས་གསུངས་སོ། །སངས་རྒྱས་མཛོད་ཀྱི་མདོ་ལས། ཕ་

མ་དང་རང་སངས་རྒྱས་བསད་པ་ཡང་ཡང་སྟོང་པ་ཉིད་བསྒོམ་པས་རྣམ་པར་གྲོལ་ལོ། །ཞེས་གསུངས་སོ། །རྩོད་བཟློག་ལས། གལ་ཏེ་ངས་དམ་བཅའ་ འགའ་ཡོད། དེ་ཚེ་ང་ལ་སྐྱོན་འདི་ཡོད། ང་ལ་དམ་བཅའ་མེད་པ་ན། ང་ནི་སྐྱོན་མེད་ཁོ་ན་ཡིན། །ཞེས་གསུངས་སོ། །ཁྱད་པར་ཡང་གསང་ རྫོགས་པ་ཆེན་པོ་ཆོས་ཉིད་མངོན་སུམ་གྱི་སྣང་བ་མཐོང་བའི་ཕན་ཡོན་ནི། རྫོགས་ཆེན་པདྨ་སྙིང་ཐིག་ལས། རབ་ཀྱིས་མངོན་སུམ་ཐིག་ལེ་ཉིད་ལ་ལྟོས༑ ཡུད་ཙམ་བལྟས་ཀྱང་བསྐལ་པའི་སྡིག་སྒྲིབ་བུང་། ཅེས་པ་དང་། ཡང་དེ་ཉིད་ལས། དེ་ཕྱིར་མངོན་སུམ་མི་ཅིག་ཟ་ཡུན་དུ། །སེམས་ངོ་འཕྲོད་པ་དེ་

ཡིས་བལྟས་པ་ན། །ཡོན་ཏན་བརྒྱ་ཕྲག་བརྒྱ་ཕྲག་བཅུ་གཉིས་ལྷུན་གྱིས་གྲུབ། །ཅེས་གསུངས་པ་དང་། དེ་ལྟ་བུའི་ཆོས་ཐམས་ཅད་ཀྱི་མཆོག་ཏུ་
[ 207 ]
༄༅། །གྱུར་པ། ཨ་ཏི་རྫོགས་པ་ཆེན་པོའི་སྨིན་གྲོལ་གྱི་སྐོར་ཞུགས་པ་ཐམས་ཅད་མངལ་གྱི་གྲོང་ཁྱེར་འགྲིམ་མི་དགོས་པར་གསུངས་ཏེ། པཎ་

ཆེན་བྷི་མ་ལ་མི་ཏྲའི་ཞལ་ནས། དོན་གྱི་ཆོས་འདིའི་སྒོར་ཞུགས་སོ་ཅོག་མངལ་གྱི་གྲོང་ཁྱེར་དུ་མི་འཇུག་པའོ། །དེ་ཅིའི་ཕྱིར་ན། བླ་མ་མཚན་ཉིད་དང་ ལྡན་པ་ཅིག་ལ་དབང་བཞི་རྫོགས་པར་བྱས་ནས་མ་སྨིན་པ་སྨིན་པར་བྱས། དེ་ཡང་གལ་ཏེ་བཞི་ཆར་མ་རྫོགས་ཀྱང་། ཤིན་ཏུ་སྤྲོས་མེད་ཀྱི་དབང་བསྐུར་ ནས། ཆོས་ཉིད་མངོན་སུམ་གྱི་གདམས་པ་ཞུས་ནས། བརྩོན་འགྲུས་རབ་ཅིག་གིས་འདི་ཉིད་ལ་འཇིག་རྟེན་གྱི་བྱ་བ་རྣམས་སྤངས་ནས། བར་ འཚམས་མེད་པར་ཉམས་སུ་བླངས་པས། ཟག་པ་དང་བཅས་པའི་ཕུང་པོ་མི་སྣང་བར་སངས་རྒྱའོ། །འབྲིང་པོ་ཅིག་གིས་འཇིག་རྟེན་གྱི་བྱ་བས་གཡེངས་

ནས། ཐང་བཅད་ནས་སྒོམ་ལོང་ནི་མ་བྱུང་། བག་རེ་ཙམ་ཉམས་སུ་བླངས་པ་ལ་བརྟེན་ནས། ཆོས་ཉིད་ཀྱི་བར་དོ་ལ་རང་གི་ཆོས་ཉིད་ངོ་ཤེས་ནས།
[ 208 ]
དེ་ཉིད་ལ་སངས་རྒྱའོ། །ཐ་མ་ཅིག་གིས་ལེ་ལོས་གཡེངས་ནས་གདམས་ངག་ནི་ཡོད་ཀྱང་ཉམས་སུ་བླངས་ལོངས་མ་བྱུང་ན། ཆོས་ཉིད་མངོན་

སུམ་གྱི་བདེན་པའི་བྱིན་བརླབས་ཀྱིས། མངལ་གྱི་སྒོ་མི་འགྲིམས་པར། དེ་ཉིད་དུ་ལོ་ལྔ་བརྒྱའི་བར་དུ་བརྫུས་སྐྱེས་ཀྱི་ལུས་སུ་གནས་ཏེ། སྤྲུལ་ པའི་སྐུ་ལ་ཆོས་མཉན་ནས་རང་རྒྱུད་གྲོལ་ཏེ། དེ་ནས་མངོན་པར་རྫོགས་པར་སངས་རྒྱའོ། །ཅེས་སྒྲ་ཐལ་འགྱུར་གྱི་འགྲེལ་པ་ལས་གསུངས་ སོ༑ །མཐར་ཐུག་ཆོས་ཟད་བློ་ཟད་ལ་སྐྱལ་ལོ་བྱས་ཏེ། མི་བཟང་པོའི་མཛོད་ཀྱི་གླུ་ལས། ང་ཡི་རྩེད་མོ་བྱས་པ་ལ། །བྱིས་པ་ རྣམས་ནི་ཨ་ཐང་ཆད། །ཅེས་གསུངས་པ་དང་། རྒྱུད་བླ་མ། ཤེས་བྱའི་བུད་ཤིང་སོགས། །དེ་ལྟ་བུའི་བྱེ་བྲག་ཕྱེད་པར་

འཚལ་ལོ། །དེ་ལྟར་བཤད་པའི་བློ་གྲོས་རབ་དཀར་དགེས། །ཟག་བཅས་ལུས་བྱས་ལས་ཀྱི་དྲང་དོན་ལ། ཀུན་རྫོབ་ཞན་
[ 209 ]
༄༅། །འཛིན་འཁོར་གསུམ་རྟོགས་པ་ཡི། །ཤེས་བྱའི་བག་ཆགས་ཕྲ་མོའི་བུད་ཤིང་མེ། །ཤེས་བྱའི་བུད་ཤིང་ཕྲ་མོའང་ བསྲེག་པར་ཤོག །ཅེས་པ་འདི་ཡང་པདྨ་བིཏྒྱཱ་དྷ་རས་སྐུ་ལྷ་སེང་ཕུག་དགོན་པར་སྦྱར་བའོ།། །།
[ 210 ]
 
[ 211 ]
ཏ༽ ༄༅༔ ༔རྫོགས་པ་ཆེན་པོ་ཞི་ཁྲོ་དོན་གྱི་ལས་གཞུང་ཡང་ཏིག་ནག་པོའི་ལས་བྱང་བཞུགས་སོ༔ ༔
[ 212 ]
༄༅ཿ ཿཨོཾ་ཨཱཿཧཱུྃཿ ཡང་ཏིག་དབང་ངམ་ཚོགས་འཁོར་དུསཿ མཎྜལ་པདྨ་འདབ་བརྒྱད་དམཿ ཡང་ན་ནས་

གྱི་ཚོམ་བུ་དགུ་བྱས་ལཿ དེ་སྟེང་གཏོར་མ་བཤམ་བྱས་ནསཿ དཔོན་སློབ་ཀུན་གྱིས་ཀྱང་ཿ དུས་གསུམ་སངས་རྒྱས་ཀུན་གྱི་སྐུ་ གསུང་ཐུགས་ཡོན་ཏན་ཕྲིན་ལས་ཞི་ཁྲོའི་གཞལ་ཡས་སུ་བསྐྱེད་ཅིང་ལྷ་བསྒོམ་པ་ནིཿ ཐིག་ལེ་སྤྲོས་པ་ལསཿ ཡང་དག་དོན་གྱི་ལྷ་

ལ་བཀའ་བསྒོ་བ་དང་མཚམས་བཅད་པ་འདི་སྐད་དོཿ ཿཨོཾ་ཨཱཿཧཱུྃཿ ལྷ་ཡང་སེམས་ལ་འདྲེ་ཡང་སེམསཿ རང་བཞིན་གཅིག་
[ 213 ]
༄༅ཿ ཿཔའི་གཏོར་མ་ལོངསཿ དངོས་པོ་མ་གྲུབ་གདོད་ནས་དགཿ ཆོས་ཉིད་ངང་ལས་བགེགས་མ་འདའཿ ཿ

ཨོཾ་ཨཱཿཧཱུཾཿ བཛྲ་ས་ཏྭ་ཀྲོ་ཏ་ས་བྷོ་ཏ་ཡ་སྲ་ཏྭ་ཡ་ཨུཙྪ་ཏ་ཡ་ཧཱུཾ་ཕཊཿ ཧཱུཾཿ སྣང་སྲིད་ལྷ་སྐུ་ལྷུན་གྲུབ་པའིཿ ཞི་ཁྲོ་ཡོངས་ རྫོགས་མཚམས་བཅད་དོཿ སེམས་ཅན་སངས་རྒྱས་ལྷུན་གྲུབ་པཿ ཆོས་ཉིད་མངོན་སུམ་མཚམས་བཅད་དོཿ འཁོར་བ་མྱ་

ངན་འདས་པ་ཡིསཿ རང་རིག་རྟོག་པས་མཚམས་བཅད་དོཿ དུག་ལྔ་རང་སར་གྲོལ་བ་ཡིསཿ ཡེ་ཤེས་རྣམ་ལྔས་མཚམས་
[ 214 ]
བཅད་དོ༔ རེ་དོགས་སྤངས་བླངས་བྲལ་བ་ཡིསཿ ཐིག་ལེ་ཉག་ཅིག་མཚམས་བཅད་དོ༔ ཨོཾ་ཨཱཿཧཱུཾཿ རཾ་རཾ་རཾ་རཾ་རཾཿ ཧཱུཾཿ རྡོ་རྗེའི་མེ་ནི་དཀར་གསལ་

འབརཿ རཏྣའི་མེ་ནི་སེར་གསལ་འབརཿ པདྨའི་མེ་ནི་དམར་གསལ་འབརཿ ཀརྨའི་མེ་ནི་ལྗང་གསལ་འབརཿ བྷུདྡྷའི་མེ་ནི་མཐིང་གསལ་འབརཿ ཡེ་ ཤེས་མེ་འོད་ཕྱོགས་བཅུར་འཕྲོཿ གསང་བ་མེ་ཡི་མཚམས་ལས་བགེགས་མ་འདའཿ རཾ་རཾ་རཾ་རཾ་རཾཿ ཅེས་བརྗོད་དོཿ དེ་ནས་ཕྱི་ནང་གསང་གསུམ་གྱི་མཆོད་ པ་བྱིན་གྱི་བརླབས་པ་ནིཿ ཨོཾ་ཨཱཿཧཱུཾཿ བཛྲ་ཨརྒྷཾཿ པཏྱཾཿ པུཥྤེཿ དྷུཔྤེཿ ཨ་ལོ་ཀེཿ གྷནྡྷེཿ ནཻ་ཝི་ཏེཿ ཤཔྟ་པྲ་ཏི་ཙྪ་ཡེ་སྭཱ་ཧཱཿ ཨོཾ་ཨཱཿཧཱུཾཿ མ་ཧཱ་སརྦ་པཉྩ་ཨ་མྲྀ་ཏ་ཧཱུཾ་ཧྲཱིཿཐཱཿ ཨོཾ་ཨཱཿཧཱུཾཿ མ་ཧཱ་རཀྟ་ཛྭ་ལ་མཎྜལ་ཧཱུཾ་ཧྲཱིཿཋཱ༔ ཨོཾ་ཨཱཿཧཱུཾཿ མ་ཧཱ་བ་ལིནྟ་ཏེ་ཛྭ་བྷ་ལིནྟ་བྷ་ལ་བྷ་ཏི་གྷུ་ཧྱ་ས་མ་ཡེ་སྭཱ་ཧཱཿ ཿ

ཨོཾ་ཨཱཿཧཱུཾཿ ཨེ་ཡཾ་ཁཾ་སུཾ་ཀེཾ་རཾ་བྷྲུཾཿ སཾ་པདྨ་མཎྜལཿ ཨ་ཙནྡྲ་མཎྜལཿ མ་སུརྱ་མཎྜལཿཧཱུཾ་ཕཊཿ ཧཱུཾཿ འགྱུར་བ་དམིགས་མེད་ནམ་མཁའ་རླུང་ཿ ཆོས་
[ 215 ]
༄༅ཿ ཿཉིད་སྟོང་པ་རྒྱ་མཚོ་སཿ དབྱིངས་ཆེན་རྣམ་དག་ཀེང་རུས་རིཿ ཡེ་ཤེས་ལྔ་ཡི་མེ་འོད་འབརཿ ལུ་གུ་རྒྱུད་ཀྱི་གཞལ་ཡས་ཁང་ཿ འཁོར་

བའི་སྐྱོན་བྲལ་པདྨའི་གདནཿ དབྱིངས་རིག་གཉིས་མེད་ཉི་ཟླའི་གདནཿ དུག་ལྔ་རང་བྱུང་རང་གྲོལ་ལྷཿ དུས་གསུམ་བདེ་གཤེགས་སྐུ་གསུང་ཐུགསཿ ཡོན་ ཏན་ཕྲིན་ལས་ཞི་ཁྲོའི་སྐུཿ མ་བསྐྱེད་ལྷུན་གྱིས་རྫོགས་པའོཿ སྤྱན་འདྲེན་པ་ནིཿ ཨོཾ་ཨཱཿཧཱུཾཿ འགྱུར་མེད་ཆོས་དབྱིངས་ཕོ་བྲང་ནསཿ སྐྱེ་མེད་བླ་མ་ གཤེགས་སུ་གསོལཿ ལོངས་སྤྱོད་རྫོགས་སྐུའི་ཕོ་བྲང་ནསཿ ཡི་དམ་ལྷ་ཚོགས་གཤེགས་སུ་གསོལཿ སྤྲུལ་པ་སྐུ་ཡི་ཕོ་བྲང་ནསཿ ཐུགས་རྗེ་ཅན་རྣམས་ གཤེགས་སུ་གསོལཿ སྐྱེ་མེད་ཆོས་དབྱིངས་ཕོ་བྲང་ནསཿ མ་གཅིག་ཁྲོས་མ་གཤེགས་སུ་གསོལཿ དུར་ཁྲོད་ཆེན་པོའི་གནས་བརྒྱད་ནསཿ མ་དང་མཁའ་

འགྲོ་གཤེགས་སུ་གསོལཿ ལེགས་ཉེས་ལྟང་འཛིན་ཕོ་བྲང་ནསཿ ཆོས་སྐྱོང་བསྲུངས་མ་གཤེགས་སུ་གསོལཿ སྣང་སྲིད་རྣམ་དག་གཞལ་ཡས་ནསཿ ཿ
[ 216 ]
འཁོར་འདས་རང་གྲོལ་གཤེགས་སུ་གསོལཿ ཆོས་དབྱིངས་ཡེ་ཤེས་ངང་ཉིད་ལསཿ དུས་གསུམ་སངས་རྒྱས་སྐུ་ཡི་ལྷཿ རྣམ་སྣང་ཡབ་ཡུམ་གཙོ་འཁོར་

བཅསཿ ཁྲག་འཐུང་སྤྲུལ་པར་བཅས་ཏེ་གཤེགསཿ སོར་རྟོག་ཡེ་ཤེས་ངང་ཉིད་ལསཿ དུས་གསུམ་སངས་རྒྱས་གསུང་གི་ལྷཿ སྣང་མཐའ་ཡབ་ ཡུམ་གཙོ་འཁོར་བཅསཿ ཁྲག་འཐུང་སྤྲུལ་པར་བཅས་ཏེ་གཤེགསཿ མེ་ལོང་ཡེ་ཤེས་ངང་ཉིད་ལསཿ དུས་གསུམ་སངས་རྒྱས་ཐུགས་ཀྱི་ལྷཿ མི་བསྐྱོད་ ཡབ་ཡུམ་གཙོ་འཁོར་བཅསཿ ཁྲག་འཐུང་སྤྲུལ་པར་བཅས་ཏེ་གཤེགསཿ མཉམ་ཉིད་ཡེ་ཤེས་ངང་ཉིད་ལསཿ དུས་གསུམ་སངས་རྒྱས་ཡོན་ཏན་ལྷཿ ཿ རིན་འབྱུང་ཡབ་ཡུམ་གཙོ་འཁོར་བཅསཿ ཁྲག་འཐུང་སྤྲུལ་པར་བཅས་ཏེ་གཤེགསཿ བྱ་གྲུབ་ཡེ་ཤེས་ངང་ཉིད་ལསཿ དུས་གསུམ་སངས་རྒྱས་ཕྲིན་ལས་ལྷཿ

དོན་གྲུབ་ཡབ་ཡུམ་གཙོ་འཁོར་བཅསཿ ཁྲག་འཐུང་སྤྲུལ་པར་བཅས་ཏེ་གཤེགསཿ ཛཿཧཱུཾ་བཾ་ཧོཿ དེ་ནས་བཞུགས་སུ་གསོལ་བ་ནིཿ ཧཱུྃཿ སྣ་ཚོགས་རང་
[ 217 ]
༄༅ཿ ཿགྲོལ་གཞལ་ཡས་འདིརཿ རོ་དང་ཉི་ཟླ་པད་གདན་ལཿ བླ་མ་ཡི་དམ་མཁའ་འགྲོའི་ཚོགསཿ དགྱེས་ཤིང་བརྟེན་པར་བཞུགས་སུ་གསོལཿ

ཧཱུཾཿ མཐིང་གསལ་ཐིག་ལེའི་གཞལ་ཡས་སུཿ མི་འཇིགས་སེང་གེའི་ཁྲི་སྟེངས་སུཿ དྲི་མེད་ཉི་ཟླ་པདྨ་ལཿ སྐུ་ཡི་ཞི་ཁྲོ་བཞུགས་སུ་གསོལཿ དམར་ གསལ་ཐིག་ལེའི་གཞལ་ཡས་སུཿ མཛེས་བྱེད་རྨ་བྱའི་ཁྲི་སྟེངས་སུཿ དྲི་མེད་ཉི་ཟླ་པདྨ་ལཿ གསུང་གི་ཞི་ཁྲོ་བཞུགས་སུ་གསོལཿ དཀར་གསལ་ཐིག་ལེའི་ གཞལ་ཡས་སུཿ སྟོབས་ལྡན་གླང་ཆེན་ཁྲི་སྟེངས་སུཿ དྲི་མེད་ཉི་ཟླ་པདྨ་ལཿ ཐུགས་ཀྱི་ཞི་ཁྲོ་བཞུགས་སུ་གསོལཿ སེར་གསལ་ཐིག་ལེའི་གཞལ་ ཡས་སུཿ མགྱོགས་བྱེད་རྟ་མཆོག་ཁྲི་སྟེངས་སུཿ དྲི་མེད་ཉི་ཟླ་པདྨ་ལཿ ཡོན་ཏན་ཞི་ཁྲོ་བཞུགས་སུ་གསོལཿ ལྗང་གསལ་ཐིག་ལེའི་གཞལ་ཡས་སུཿ ཿ

གཙོ་བྱེད་ཤང་ཤང་ཁྲི་སྟེངས་སུཿ དྲི་མེད་ཉི་ཟླ་པདྨ་ལཿ འཕྲིན་ལས་ཞི་ཁྲོ་བཞུགས་སུ་གསོལཿ ཨོཾ་ཨཱཿཧཱུཾཿ ས་མ་ཡཱ་ཏིཥྛ་ལྷནཿ དེ་ནས་ཕྱག་འཚལ་བ་
[ 218 ]
ནིཿ ཧཱུཾཿ མ་བཅོས་སྤྲོས་བྲལ་བླ་མ་ཆོས་ཀྱི་སྐུཿ བདེ་ཆེན་བླ་མ་ལོངས་སྤྱོད་རྫོགས་པའི་སྐུཿ སྣ་ཚོགས་རང་གྲོལ་བླ་མ་སྤྲུལ་པའི་སྐུཿ སྐུ་གསུམ་རྡོ་རྗེ་

འཆང་ལ་ཕྱག་འཚལ་ལོཿ དུས་གསུམ་སངས་རྒྱས་ཞི་ཁྲོ་ཡིཿ སྐུ་ནི་ཁྲིལ་ལྡན་སྒེགས་བཞད་ལྡནཿ གསལ་སྟོང་དབྱེར་མེད་ཕྱི་ནང་མེདཿ ཞི་ཁྲོ་སྐུ་ཡི་ལྷ་ལ་ ཕྱག་འཚལ་ལོཿ དུས་གསུམ་སངས་རྒྱས་ཞི་ཁྲོ་ཡིཿ གསུང་ནི་འུར་ཆོམ་སིང་བག་ལྡནཿ གྲགས་སྟོང་དབྱེར་མེད་སྐྱེ་འགག་བྲལཿ ཞི་ཁྲོ་གསུང་གི་ལྷ་ ལ་ཕྱག་འཚལ་ལོཿ དུས་གསུམ་སངས་རྒྱས་ཞི་ཁྲོ་ཡིཿ ཐུགས་ནི་ཐིག་ལེ་ཉག་ཅིག་ཟླུམཿ རིག་སྟོང་དབྱེར་མེད་མཐའ་དང་བྲལཿ ཞི་ཁྲོ་ཐུགས་ཀྱི་ལྷ་ལ་ ཕྱག་འཚལ་ལོཿ དུས་གསུམ་སངས་རྒྱས་ཞི་ཁྲོ་ཡིཿ ཡོན་ཏན་མུ་མེད་སྡུག་བསྔལ་བྲལཿ བདེ་སྟོང་དབྱེར་མེད་ཀུན་ལ་ཁྱབཿ ཞི་ཁྲོ་ཡོན་ཏན་ལྷ་ལ་

ཕྱག་འཚལ་ལོཿ དུས་གསུམ་སངས་རྒྱས་ཞི་ཁྲོ་ཡིཿ འཕྲིན་ལས་འཇིག་རྟེན་ལྷུན་གྱི་གྲུབཿ སྣང་སྟོང་དབྱེར་མེད་སྣ་ཚོགས་སྟོང་ཿ ཞི་ཁྲོ་ཕྲིན་ལས་ལྷ་ལ་
[ 219 ]
༄༅ཿ ཿཕྱག་འཚལ་ལོཿ ཨོཾ་ཨཱཿཧཱུྃཿ ཨ་ཏི་པུ་ཧོཿ པྲ་ཏི་ཛཿཧོཿ དེ་ནས་མཆོད་པ་འབུལ་བ་ནིཿ ཧཱུྃཿ སྣོད་བཅུད་སྣང་གྲགས་གཟུགས་

ཕུང་ཀུནཿ ཞི་ཁྲོ་སྐུ་ཡི་ལྷ་ཚོགས་ལཿ སྣང་ཞིང་ཤེས་པར་མཆོད་པར་འབུལཿ འཇའ་ཚོན་ལྟ་བུར་བཞེས་སུ་གསོལཿ ས་ཆུ་མེ་རླུང་ཆོས་ཉིད་སྒྲཿ ཞི་ཁྲོ་ གསུང་གི་ལྷ་ཚོགས་ལཿ ཐོས་ཤིང་གོ་བའི་མཆོད་པ་འབུལཿ གཡུ་འབྲུག་ལྟ་བུར་བཞེས་སུ་གསོལཿ དྲན་ཞིང་རིག་པ་ལུ་གུ་རྒྱུདཿ ཞི་ཁྲོ་ཐུགས་ཀྱི་ལྷ་ཚོགས་ ལཿ རྟོག་ཤིང་གོ་བའི་མཆོད་པ་འབུལཿ ཉི་ཟླ་ལྟ་བུར་བཞེས་སུ་གསོལཿ རེག་ཅིང་བདེ་བའི་ཚོར་བ་ཀུནཿ ཞི་ཁྲོ་ཡོན་ཏན་ལྷ་ཚོགས་ལཿ མྱོང་ཞིང་སྟོང་ པའི་མཆོད་པར་འབུལཿ བདུད་རྩི་ལྟ་བུར་བཞེས་སུ་གསོལཿ ཞི་དང་རྒྱས་དང་དབང་དང་དྲགཿ ཞི་ཁྲོ་ཕྲིན་ལས་ལྷ་ཚོགས་ལཿ ལྷུན་གྱིས་གྲུབ་པའི་མཆོད་པར་

འབུལཿ ནོར་བུ་ལྟ་བུར་བཞེས་སུ་གསོལཿ ཨོཾ་ཨཱཿཧཱུཾཿ རིག་པའི་མེ་ཏོག་རྣམ་ཤེས་སྤོསཿ ཡེ་ཤེས་མར་མེ་ཆོས་ཉིད་དྲིཿ བདེ་ཆེན་ཞལ་ཟས་རང་བྱུང་
[ 220 ]
སྒྲཿ ཞི་ཁྲོ་ཡེ་ཤེས་ལྷ་ལ་འབུལཿ ཨོཾ་ཨཱཿཧཱུྃཿ ཨརྒྷཾ་སོགས་ཀྱིས་མཆོདཿ དུག་ལྔ་རང་བྱུང་སུ་ར་སྨནཿ ཉོན་མོངས་ཚོགས་འཇོམས་རཀྟའི་མཆོདཿ

ཆོས་ཉིད་རོལ་པའི་གཏོར་མ་ཀུནཿ ཞི་ཁྲོ་ལྷུན་གྲུབ་ལྷ་ལ་འབུལཿ སྐྱེ་མེད་ཤེས་རབ་ཆོས་ཉིད་མཁའཿ འགྱུར་མེད་རྡོ་རྗེ་འགག་མེད་ཐབསཿ བདེ་ ཆེན་ཟུང་འཇུག་གཉིས་མེད་རོལཿ ཞི་ཁྲོ་གསང་བའི་ལྷ་ལ་འབུལཿ འཁོར་འདས་མ་ལུས་རང་རིག་སེམསཿ ངོ་བོ་མ་གྲུབ་གདོད་ནས་དགཿ དབྱིངས་དང་ ཡེ་ཤེས་དབྱེར་མེད་པཿ ཞི་ཁྲོ་རིག་པའི་ལྷ་ལ་འབུལཿ ཅེས་ཐོད་རྔ་ལ་སོགས་པའི་རོལ་མོ་སྒྲོག་ཅིང་མཆོད་པ་ཅི་འབྱོར་འབུལཿ ཨོཾ་ཨཱཿཧཱུཾཿ མ་ཧཱ་སརྦ་ པཉྩ་ཨ་མྲྀ་ཏ་༝ རཀྟ་བྷ་ལིན་ཏ་བྷོ་དྷི་ཙིཏྟ་པུཙྪ་ཧོཿ དེ་ནས་བཤགས་པ་བྱ་བ་ནིཿ ཨོཾ་ཨཱཿཧཱུཾཿ སེམས་ཅན་སངས་རྒྱས་དངོས་ཉིད་ལཿ ཞེ་སྡང་དབང་

གིས་སྲོག་བཅད་ནསཿ མ་བྱིན་ལེན་དང་གནོད་པ་བྱསཿ ཞི་ཁྲོ་སྐུ་ཡི་ལྷ་ལ་བཤགསཿ སྒྲ་རྣམས་སྔགས་ཀྱི་རང་བཞིན་ལཿ འདོད་ཆགས་དབང་
[ 221 ]
༄༅ཿ ཿདང་ཆགས་སྡང་གིསཿ ངག་འཁྱལ་ཚིག་རྩུབ་ཕྲ་མ་བྱསཿ ཞི་ཁྲོ་གསུང་གི་ལྷ་ལ་བཤགསཿ དྲན་རྟོག་ཆོས་ཉིད་ཡིན་པ་ལཿ གཏི་

མུག་དབང་གིས་དོན་མ་རྟོགཿ གནོད་སེམས་བརྣབ་སེམས་ལོག་པར་བལྟསཿ ཞི་ཁྲོ་ཐུགས་ཀྱི་ལྷ་ལ་བཤགསཿ འདོད་ཡོན་རང་བྱུང་རང་ཤར་ལཿ ང་རྒྱལ་ དབང་གིས་འཐབ་ཅིང་རྩོདཿ དགའ་མགུ་ཉེས་ཚིག་བྱས་པ་རྣམསཿ ཞི་ཁྲོ་ཡོན་ཏན་ལྷ་ལ་བཤགསཿ རེ་དོགས་སྤངས་བླངས་བྲལ་བ་ལཿ ཕྲག་དོག་དབང་ གིས་འཐབ་རྩོད་བྱསཿ མནར་མེད་དམྱལ་བའི་རྒྱུ་བསགས་པཿ ཞི་ཁྲོ་ཕྲིན་ལས་ལྷ་ལ་བཤགསཿ དེ་ནས་བསྟོད་པ་བྱ་བ་ནིཿ ཧཱུྃཿ སངས་རྒྱས་བཞི་ བཅུ་རྩ་གཉིས་དང་ཿ ཁྲག་འཐུང་ལྔ་བཅུ་རྩ་བརྒྱད་དགཿ ཞི་ཞིང་ཁྲོ་བས་འགྲོ་བ་འདུལཿ ཞི་ཁྲོ་སྐུ་ཡི་ལྷ་ལ་ཕྱག་འཚལ་བསྟོདཿ ས་ཆུ་མེ་རླུང་འབྱུང་བའི་

སྒྲཿ ཨ་ལི་ཀ་ལྀའི་རོལ་པ་ཡིཿ ཨོཾ་ཨཱཿཧཱུྃ་གིས་འགྲོ་བ་འདུལཿ ཞི་ཁྲོ་གསུང་གི་ལྷ་ལ་ཕྱག་འཚལ་བསྟོདཿ ཀུན་བཟང་དགོངས་པ་མཁའ་ལ་གསལཿ
[ 222 ]
ཉག་ཅིག་ཟླུམ་པོ་མཐའ་དང་བྲལཿ དངོས་སུ་སྣང་བས་འགྲོ་བ་འདུལཿ ཞི་ཁྲོ་ཐུགས་ཀྱི་ལྷ་ལ་ཕྱག་འཚལ་བསྟོདཿ ཕྱི་ནང་སྣོད་བཅུད་ཡོངས་ལ་ཁྱབཿ

བཅུད་ཀྱི་བཅུད་ཆགས་བདུད་རྩི་རྒྱསཿ རྒྱས་ཤིང་སྨིན་པས་འགྲོ་བ་འདུལཿ ཞི་ཁྲོ་ཡོན་ཏན་ལྷ་ལ་ཕྱག་འཚལ་བསྟོདཿ སྐྱེ་མེད་ཤེས་རབ་འགག་མེད་ཐབསཿ རང་རིག་དབང་ཆེན་འགྲོ་འདུལ་ཞིང་ཿ ཞི་རྒྱས་དབང་དྲག་ཐུགས་རྗེས་སྒྲོལཿ ཞི་ཁྲོ་ཕྲིན་ལས་ལྷ་ལ་ཕྱག་འཚལ་བསྟོདཿ དེ་ནས་བསྐུལ་པ་ནིཿ ཨོཾ་ཨཱཿ ཧཱུྃཿ ང་ནི་ཀུན་བཟང་ཡབ་ཡུམ་ལཿ ང་ནི་དཔལ་ཆེན་ཧེ་རུ་ཀཿ ང་ནི་རང་བྱུང་རང་གྲོལ་ལྷཿ ང་ནི་དུས་གསུམ་སངས་རྒྱས་ཏེཿ རྣམ་ཤེས་རྣམ་ དག་ཤར་ཕྱོགས་ནསཿ ཐིག་ལེ་དཀར་གསལ་གཞལ་ཡས་སུཿ བཛྲ་ཞི་ཁྲོ་ཕྲིན་ལས་མཛོདཿ ཞེ་སྡང་འདུལ་བའི་དུས་ལ་བབཿ ཚོར་བ་རྣམ་དག་

ལྷོ་ཕྱོགས་ནཿ ཐིག་ལེ་སེར་གསལ་གཞལ་ཡས་སུཿ རཏྣ་ཞི་ཁྲོ་ཕྲིན་ལས་མཛོདཿ ང་རྒྱལ་འདུལ་བའི་དུས་ལ་བབཿ འདུ་ཤེས་གནས་དག་ནུབ་
[ 223 ]
༄༅ཿ ཿཕྱོགས་ནཿ ཐིག་ལེ་དམར་གསལ་གཞལ་ཡས་སུཿ པདྨ་ཞི་ཁྲོ་ཕྲིན་ལས་མཛོདཿ འདོད་ཆགས་འདུལ་བའི་དུས་ལ་བབཿ འདུ་

བྱེད་གནས་དག་བྱང་ཕྱོགས་ནཿ ཐིག་ལེ་ལྗང་གསལ་གཞལ་ཡས་སུཿ ཀརྨ་ཞི་ཁྲོ་ཕྲིན་ལས་མཛོདཿ ཕྲག་དོག་འདུལ་བའི་དུས་ལ་བབཿ ཆོས་ ཉིད་མི་འགྱུར་དབུས་ཕྱོགས་ནསཿ ཐིག་ལེ་མཐིང་གསལ་གཞལ་ཡས་སུཿ སངས་རྒྱས་ཞི་ཁྲོ་ཕྲིན་ལས་མཛོདཿ གཏི་མུག་འདུལ་བའི་དུས་ལ་བབཿ ཙིཏྟ་ སྙིང་གི་གཞལ་ཡས་སུཿ བཞི་བཅུ་རྩ་གཉིས་ཞི་བའི་སྐུཿ མཉེན་ལྕུག་འཁྲིལ་ལྡེམ་འོད་ཟེར་འབརཿ ཕུང་པོ་ལྷག་མེད་ཕྲིན་ལས་མཛོདཿ ཀླད་པ་དུང་ ཁང་གཞལ་ཡས་སུཿ ལྔ་བཅུ་རྩ་བརྒྱད་ཁྲོ་བོའི་སྐུཿ སྒེག་པ་དཔའ་བ་འཇིགས་སུ་རུང་ཿ རང་སྣང་རྟོག་པའི་ཕྲིན་ལས་མཛོདཿ སྣོད་བཅུད་རྒྱན་གྱི་

གཏོར་མ་ལོང་ཿ ཞི་བས་ཆོས་ཉིད་དབྱིངས་སུ་སྐྱོལཿ ཁྲོ་བོས་དགྲ་བགེགས་མ་ལུས་སྒྲོལཿ འཁོར་བ་དོང་སྤྲུགས་ཕྲིན་ལས་མཛོདཿ ཨོཾ་ཨཱཿཧཱུྃཿ
[ 224 ]
གསལ་སྟོང་དབྱེར་མེད་འཇམ་དཔལ་སྐུཿ གྲགས་སྟོང་དབྱེར་མེད་པདྨ་གསུང་ཿ རིག་སྟོང་དབྱེར་མེད་ཡང་དག་ཐུགསཿ བདེ་ཆེན་བདུད་རྩི་ཡོན་ཏན་ལྷཿ ཿ

སྣང་སྟོང་ཕུར་པ་ཕྲིན་ལས་ལྷཿ སྟོང་ཉིད་མ་མོ་རྦོད་གཏོང་ལྷཿ ཆོས་ཉིད་རོལ་པའི་གཏོར་མ་ལོང་ཿ དགྲ་བགེགས་སྐྱེ་བ་མེད་པར་སྒྲོལཿ ཨོཾ་ཨཱཿ ཧཱུྃཿ རྣམ་སྨིན་རིགས་འཛིན་ཤ་ཁྲག་ལུསཿ སྐྱེ་མེད་རྟོགས་པས་ཚེ་དབང་དང་ཿ བདེ་སྟོང་ཕྱག་རྒྱའི་རིགས་འཛིན་དང་ཿ ལྷུན་གྲུབ་རིགས་འཛིན་ལུ་གུ་ རྒྱུདཿ སྐུ་གསུང་ཐུགས་དང་ཡོན་ཏན་དང་ཿ འཕྲིན་ལས་མ་མོ་རིགས་འཛིན་རྣམསཿ ཅི་སྣང་ཆོས་སྐུའི་གཏོར་མ་ལོང་ཿ འཁོར་བ་མྱ་ངན་འདའ་ བར་བཟློགཿ ཨོཾ་ཨཱཿཧཱུྃཿ འདོད་ཆགས་ཞེ་སྡང་གཏི་མུག་དང་ཿ ང་རྒྱལ་ཕྲག་དོག་འཛིན་རྟེན་ལྷཿ ཞེ་མནག་ཁང་ཁྲོ་དམོད་པའི་ལྷཿ རང་ངོ་ཤེས་པའི་

ཕྲིན་ལས་མཛོདཿ སྐུ་གསུང་ཐུགས་དང་ཡོན་ཏན་དང་ཿ འཕྲིན་ལས་མ་ལུས་རྫོགས་པ་ཡིཿ ཞི་ཁྲོ་ཡེ་ཤེས་ལྷ་ཚོགས་རྣམསཿ ཅི་སྣང་ཆོས་སྐུའི་
[ 225 ]
༄༅ཿ ཿགཏོར་མ་ལོང་ཿ ཡེ་ནས་སྐྱེ་འགག་མེད་པ་ཡིཿ བསྒྲུབ་པ་བཀའ་བརྒྱད་ལྷ་ཚོགས་རྣམསཿ སྣང་སྲིད་གཞི་བཞེངས་གཏོར་མ་ལོང་ཿ

ཆགས་ཞེན་མེད་པའི་ཕྲིན་ལས་མཛོདཿ ཨོཾ་ཨཱཿཧཱུྃཿ ཕཊཿཕཊཿཕཊཿ གཏི་མུག་འོད་གསལ་དུ་བཟློགཿ མཱ་ར་ཡ་སོདཿ ཞེ་སྡང་རང་གྲོལ་དུ་བཟློགཿ མཱ་ར་ཡ་སོདཿ འདོད་ཆགས་བདེ་ཆེན་དུ་བཟློགཿ མཱ་ར་ཡ་སོདཿ ཨ་འཐས་སྟོང་པར་བཟློགཿ མཱ་ར་ཡ་སོདཿ མི་བདེན་པ་ལ་བདེན་པར་འཛིན་པའི་ལྟས་ ངན་བརྒྱད་ཅུ་རྩ་གཅིག་བཟློགཿ འཁོར་བ་ལ་ཆགས་ཞེན་ཆེ་བ་བཟློགཿ ངན་སོང་གསུམ་ལ་ཉམ་ང་བ་བཟློགཿ གཟུང་འཛིན་གྱི་རྨི་ལྟས་ངན་པ་བཟློགཿ ཡར་ གྱི་བདུད་སངས་རྒྱས་ལ་རེ་བ་བཟློགཿ མར་གྱི་བདུད་འཁོར་བ་ལ་ལྷུང་དུ་དགོས་པ་བཟློག༔ ཐམས་ཅད་སྐྱེ་མེད་དུ་ཕྱ་ལ་ལ༔ འགག་མེད་དུ་ཡ་ལ་ལཿ

གཉིས་མེད་དུ་ཁྲོ་ལོ་ལོ་ཐོང་ཅིགཿ དེ་ནས་ཚོགས་ལ་རོལཿ ལྷག་མ་བྱ་བ་ནིཿ ཨོཾ་ཨཱཿཧཱུྃཿ གཟུགས་ཕུང་ཤ་ཁྲག་ལྷག་མ་འདིཿ སྐྱེ་མེད་ཆོས་
[ 226 ]
ཉིད་ངང་དུ་བཞེསཿ ལུས་ངག་ཡིད་གསུམ་ལྷག་མ་འདིཿ སྐུ་གསུང་ཐུགས་ཀྱི་ངང་དུ་བཞེསཿ ཉོན་མོངས་དུག་ལྔའི་ལྷག་མ་འདིཿ ཡེ་ཤེས་ལྔ་ཡི་ངང་དུ་

བཞེསཿ སྐུ་གསུམ་འཛིན་མེད་ལྷག་མ་འདིཿ ཀ་ནས་དག་པའི་ངང་དུ་བཞེསཿ ཅེས་བརྗོདཿ དེ་ནས་གཏོར་སྣོད་ཁ་སྦུབས་ལཿ ཧཱུཾཿ དཀར་ཞིང་གསལ་ ལ་དག་པ་ཡིཿ ཉོན་མོངས་མ་ལུས་ཞི་མཛད་པཿ ཞི་མཛད་ལྷ་ལ་ཕྱག་འཚལ་ལོཿ ཨོཾ་ཨཱཿཧཱུཾཿ ཞི་བ་ཤིནྟཾ་ཀུ་རུ་ཡེ་སྭཱ་ཧཱཿ ཧཱུཾཿ སེར་ཞིང་གསལ་ ལ་དངས་པ་ཡིཿ ཡེ་ཤེས་མ་ལུས་རྒྱས་པར་མཛདཿ རྒྱས་མཛད་ལྷ་ལ་ཕྱག་འཚལ་ལོཿ ཨོཾ་ཨཱཿཧཱུཾཿ རྒྱས་པ་པུཥྚིང་ཀུ་རུ་ཡེ་སྭཱ་ཧཱཿ ཧཱུཾཿ དམར་ཞིང་ གསལ་ལ་དག་པ་ཡིཿ སྐུ་གསུང་དབང་དུ་སྡུད་མཛད་པཿ དབང་མཛད་ལྷ་ལ་ཕྱག་འཚལ་ལོཿ ཨོཾ་ཨཱཿཧཱུཾཿ སརྦ་པ་ཤཾ་ཀུ་རུ་ཡེ་སྭཱ་ཧཱཿ ཧཱུཾཿ ལྗང་ཞིང་

གསལ་ལ་དག་པ་ཡིཿ འཁོར་བ་སྡུག་བསྔལ་སྒྲོལ་བར་མཛོདཿ སྒྲོལ་མཛད་ལྷ་ལ་ཕྱག་འཚལ་ལོཿ ཨོཾ་ཨཱཿཧཱུཾཿ སརྦ་མཱ་ར་ཡ་ནནཿ དེ་ནས་ཚེ་འགུག་
[ 227 ]
༄༅ཿ ཿཅིང་བཀྲ་ཤིས་བརྗོད་པ་ནིཿ ཧཱུཾ་ཤར་གྱི་ཕྱོགས་ནས་འགུག་བྱེད་མཿ རྡོ་རྗེ་མཁའ་འགྲོས་ཚེ་གཡང་ཁུགཿ འགྱུར་བ་མེད་པའི་བཀྲ་

ཤིས་ཤོགཿ ལྷོ་ཡི་ཕྱོགས་ནས་འགུག་བྱེད་མཿ རིན་ཆེན་མཁའ་འགྲོས་ཚེ་གཡང་ཁུགཿ དགོས་འདོད་འབྱུང་བའི་བཀྲ་ཤིས་ཤོགཿ ནུབ་ཀྱི་ཕྱོགས་ནས་ འགུག་མཿ པདྨ་མཁའ་འགྲོས་ཚེ་གཡང་ཁུགཿ སྐུ་ལྔ་དབང་བསྡུད་བཀྲ་ཤིས་ཤོགཿ བྱང་གི་ཕྱོགས་ནས་འགུག་བྱེད་མཿ ལས་ཀྱི་མཁའ་འགྲོས་ཚེ་གཡང་ ཁུགཿ ལས་རྣམས་འགྲུབ་པའི་བཀྲ་ཤིས་ཤོགཿ དབུས་ཀྱི་ཕྱོགས་ནས་ཚེ་འགུག་མཿ སངས་རྒྱས་མཁའ་འགྲོས་ཚེ་གཡང་ཁུགཿ མངོན་སངས་རྒྱས་པའི་ བཀྲ་ཤིས་ཤོགཿ སྐྱེ་མེད་རྟོགས་པས་འཆི་རྒྱུ་མེདཿ འཆི་མེད་ཚེ་ཡི་བཀྲ་ཤིས་ཤོགཿ བདེ་སྟོང་རྟོགས་པས་ན་རྒྱུ་མེདཿ ནད་མེད་བཅུད་ཀྱིས་བཀྲ་ཤིས་ཤོགཿ

རིག་སྐུ་མཐོང་བས་རྒས་རྒྱུ་མེདཿ རྒས་མེད་མཆོག་གི་བཀྲ་ཤིས་ཤོགཿ ཉག་ཅིག་རྟོག་པས་སྨོན་རྒྱུ་མེདཿ སྐུ་གསུམ་ལྷུན་གྲུབ་བཀྲ་ཤིས་ཤོགཿ རང་རིག་
[ 228 ]
རྟོགས་པས་འཁྲུལ་རྒྱུ་མེདཿ འཁྲུལ་མེད་ཡེ་སངས་རྒྱས་པའི་བཀྲ་ཤིས་ཤོགཿ ཡེ་ཤེས་རྟོགས་པས་གསལ་འགྲིབ་མེདཿ ཞི་ཁྲོ་རབ་འབྱམས་ལྷ་ཚོགས་རྣམས་

ཀྱི་བཀྲ་ཤིས་ཤོགཿ དེ་ནས་རྒྱུན་དུ་འཛབ་དགོངས་ནིཿ ཨོཾ་ཨཱཿཧཱུྃཿ ཕྱི་སྣོད་འཇིག་རྟེན་གཞལ་ཡས་ཁང་ཿ ནང་བཅུད་སེམས་ཅན་ལྷ་ཡི་ཚོགསཿ འཁོར་ བ་སྡུག་བསྔལ་ཆོས་ཉིད་རོལཿ ཨ་ལ་ལ་སྟེ་བཞེས་སུ་གསོལཿ ཨོཾ་ཨཱཿཧཱུྃཿ ཨོཾ་དང་ཨཱཿདང་ཧཱུྃ་དང་གསུམཿ དུས་གསུམ་སངས་རྒྱས་སྐུ་གསུང་ཐུགསཿ བྷོ་དྷི་ཙིཏྟ་བྱང་ཆུབ་སེམསཿ མ་ཧཱ་སུ་ཁ་བདེ་བ་ཆེཿ ཛྙཱ་ན་དྷར་ཏུ་ཡེ་ཤེས་དབྱིངསཿ ཨ་ནི་སྐྱེ་བ་མེད་པའོཿ ཞི་བ་ལྷུན་གྲུབ་ཡེ་ཤེས་ལྷཿ བཞི་བཅུ་རྩ་ གཉིས་སྙིང་པོའོཿ ཨོཾ་ནི་སྐུ་ལྔ་ཡེ་ཤེས་ལྔཿ རུ་ལུ་གནས་ལུགས་ཆོས་ཀྱི་དབྱིངསཿ རུ་ལུ་སྣང་ལུགས་ཆོས་ཀྱི་དབྱིངསཿ ཧཱུྃ་ནི་འགག་མེད་ཐིག་ལེ་ཉིདཿ བྷྱོ་

ནི་སྐྱེ་མེད་མཁའ་ལ་འཁྱིལཿ ཧཱུྃ་ནི་སྐྱེ་འགག་གཉིས་སུ་མེདཿ ཁྲག་འཐུང་ཁྲོ་བོ་རིན་ཆེན་རྩལཿ དྲུག་ཅུ་ཐམ་པའི་སྙིང་པོའོཿ ས་མ་ཡཱཿ རྒྱ་རྒྱ་རྒྱཿ ཿ
[ 229 ]
༄༅། །ཡང་ཏིག་གི་དབང་བཤད་ནི། ནམ་མཁའ་དང་མཉམ་པའི་སེམས་ཅན་ཐམས་ཅད་རྫོགས་པའི་སངས་རྒྱས་ཐོབ་པར་བྱ།

དེའི་ཆེད་དུ། དམ་པའི་ཆོས་རིན་པོ་ཆེ་གསན་འཚལ། དེ་ཡང་སྤྱིར་དལ་འབྱོར་རྙེད་དཀའ་བ། འཆི་བ་མི་རྟག་པ། ལས་རྒྱུ་འབྲས་འཁོར་ བའི་ཉེས་དམིགས་ལ་སོགས་པ་དཔག་ཏུ་མེད་པ་གསུངས་ཀྱང་། མདོར་ན་ཁམས་གསུམ་འཁོར་བའི་གནས་གང་དུ་སྐྱེས་ཀྱང་སྡུག་བསྔལ་ གྱི་རང་བཞིན་ཡིན་ཏེ། དེ་དག་ལས་སྐྱོབ་པར་བྱེད་པ་ནི། དམ་པའི་ཆོས་རིན་པོ་ཆེ་ཡིན་ཅིང་། དེ་ཡང་སངས་རྒྱས་དང་སེམས་ཅན་གང་ཡང་ མ་གྲུབ་པའི་སྔོན་རོལ་དུ། གཞི་དངོས་པོ་གཤིས་ཀྱི་གནས་ལུགས་ཁམས་བདེར་གཤེགས་སྙིང་པོ་གདོད་མའི་ཀ་དག་ཆེན་པོ་ངོ་བོ་རང་

བཞིན་ཐུགས་རྗེ་གསུམ་གྱི་བདག་ཉིད་དུ་གནས་པ་ལས། ལྷུན་གྲུབ་ཀྱི་བཞི་སྣང་ཆེན་པོ་ཤར་བ་ལས། ཀུན་ཏུ་བཟང་པོས་རང་སྣང་དུ་
[ 230 ]
ངོ་ཤེས་ནས་གཞི་ཐོག་ཏུ་མངོན་པར་བྱང་ཆུབ། ཁམས་གསུམ་གྱི་སེམས་ཅན་རྣམས་ཀྱི་རང་སྣང་དུ་ངོ་མ་ཤེས་ནས། འཁྲུལ་སྣང་སྣ་ཚོགས་

པ་མྱོང་བ་ལས། དཔལ་ཀུན་ཏུ་བཟང་པོས་ཐོག་མར་ཞིང་ཁམས་རྣམ་པར་དཀོད་ནས། སྟོན་པ་སྐུ་གསུམ་གྱི་བདག་ཉིད་ཅན་རྣམས་ཀྱི། སེམས་ཅན་རྣམས་ཀྱི་དོན་མཛད་པ་ནི། མདོར་ན་གསང་སྔགས་བླ་ན་མེད་པའི་ལམ་ནི་སྨིན་བྱེད་ཀྱི་དབང་དང་། གྲོལ་བྱེད་ཀྱི་གདམས་པ་ གཉིས་ཡིན་ཏེ། འདིར་ཡང་ཏིག་ནག་པོ་གསེར་གྱི་འབྲུ་གཅིག་པའི་དབང་ཟབ་མོ་བསྐུར་བ་ལ། སློབ་དཔོན་གྱི་བྱ་བའི་རིམ་པ་དང་། སློབ་ མས་བྱ་བའི་རིམ་པ་དང་གཉིས་ཡོད་པ་ལས། སློབ་དཔོན་གྱི་བྱ་བའི་རིམ་པ་རྣམས་ལེགས་པར་གྲུབ་ཟིན་ནས། སྐབས་འདིར་སློབ་མ་

རྗེས་སུ་འཛིན་པར་བབས་པས། མཎྜལ་ཕུལ་ལ། དེ་ནས་གསོལ་བ་གདབ་པ་འདིའི་རྗེས་ཟློས་མཛོད། ཧེ་རུ་ཀ་དང་གཉིས་མེད་
[ 231 ]
༄༅། །པའི། །ཅེས་སོགས་བརྗོད་པར་བྱའོ།། །།དགེའོ། །མངྒ་ལཾ།། །།
[ 232 ]
 
[ 233 ]
ཏ༽ ༄༅། །ཡང་ཏིག་ནག་པོ་གསེར་གྱི་འབྲུ་གཅིག་པའི་དབང་གི་རྫོང་ཆེན་མོ་ཞེས་བྱ་བ་བཞུགས་སོ།། །།
[ 234 ]
༄༅༅། །རིག་འཛིན་བླ་མའི་ཚོགས་ལ་ཕྱག་འཚལ་ལོ། །འདིར་གསང་སྔགས་བསྐྱེད་པ་མ་ཧཱ་ཡོ་གའི་སྒོར་

ཞུགས་ནས་ཞི་ཁྲོ་དམ་པ་རིགས་བརྒྱའི་དབང་བསྐུར་བ་ནི༔ བཀྲ་ཤིས་པའི་ས་དེར་གཏོར་མ་བྱིན་ལ་སའི་ཆོ་གས་ས་བླངས༔ ཁྱེའུ་གཙང་མས་རྐོ་ཞིང་ས་བུ་མོ་གཙང་མས་བསྐུར༔ ཨོཾ་ཨཱཿཧཱུྃ་གིས་རིན་པོ་ཆེའི་ས་གཞིར་བྱིན་གྱིས་བརླབས༔ སྟེགས་

བུ་ཇི་ལྟར་རིག་པར་བྱ། དཀྱིལ་འཁོར་བྱང་ཤར་དུ་གཏོར་མ་ཅིག་བྱིན་གྱིས་བརླབས་ལ༔ དཀྱིལ་འཁོར་ཆེན་པོའི་ས་གཞི་ལ་
[ 235 ]
༄༅༅། །གནས་པའི༔ ལྷ་ལ་སོགས་པའི་བགེགས་ཚོགས་ཀུན་ཉོན་ཅིག༔ ང་ནི་གནས་འདིར་དཀྱིལ་

འཁོར་ཆེན་པོ་འབྲི༔ ཁྱེད་རྣམས་འདི་ནས་གཞན་དུ་འགྲོ་བར་གྱིས༔ གལ་ཏེ་ང་ཡི་ཚིག་ལའང་འདའ་བྱེད་ན༔ ཡེ་ཤེས་ ཅན་གྱི་རྡོ་རྗེ་འབར་བ་ཡིས༔ མགོ་བོ་ཚལ་པ་བརྒྱར་ནི་འགས་འགུར་ཞིང་༔ བགེགས་རྣམས་བརླག་པར་འགྱུར་བར་གདན་

མི་ཟ༔ ཅེས་པས་བགེགས་བསྐྲད༔ ཧཱུྃ་བཞིའི་སྔགས་དང་༔ ཁྲོ་བོའི་འགྱིང་འགྲོས་དང་༔ རྔམ་འགྲོས་ཀྱིས་དཀྱིལ་
[ 236 ]
འཁོར་བསྐོར་ཞིང་། ཧ་ཧ་ཧི་ཧི་ཧེ་ཧེ་ཧོ་ཧོ་ཨ་ར་ལི་ཧོཿ ཧྲིཾ་ཧྲིཾ་ཕེམ་ཕེམ༔ ཅེས་ཕྱི་ནང་གསང་གསུམ་གྱི་མཚམས་བཅད་རྒྱས་པར་བྱ༔ དེ་ནས་ལྷ་སྟ་

གོན་ནི༔ དཀྱིལ་འཁོར་གྱི་ཤར་དུ་རྡོ་རྗེ་སློབ་དཔོན་ལངས་ནས༔ ཧ་ཧ་ཧི་ཧིའི་སྒྲ་སྒྲོག་ཅིང་ཡེ་ཤེས་ལྔའི་ཐིག་གདབ༔ ལྷ་གྲངས་ཀྱི་ཚོམ་བུ་བཀོད༔ སྐུ་ རྟེན་ཙ་ཀ་ལི༔ གསུང་རྟེན་ཡིག་འབྲུ༔ ཐུགས་རྟེན་བུམ་པ་ཕུར་པ་རྣམས་ཚོམ་བུ་ལ་བཀོད༔ དམ་ཚིག་པ་བསྒོམ༔ ཡེ་ཤེས་པ་བསྟིམ༔ མཆོད་ བསྟོད་བྱ། དབང་རྫས་རེ་ལ་བསྙེན་པ་བརྒྱ་རེ་བྱ༔ དེ་ནས་སློབ་མ་སྟ་གོན་ནི༔ བགེགས་གཏོར་བཤམས་ལ་ཞི་དྲག་གིས་སྦྱངས༔ སློབ་དཔོན་གྱི་ ཡུངས་ཀར་རམ་ཏིལ་གྱིས་གཡས་སུ་བསྐོར༔ ཟིན་རིལ་དེ་བཀྲམ་ལ༔ ལུས་ངག་ཡིག་གསུམ་གྱི་སྡིག་སྒྲིབ་ཐམས་ཅད་ཟན་རིལ་ལ་ཐིམ་པར་བསམ་

ཤིང་༔ ཡིག་བརྒྱ་ཚར་གསུམ་བརྗོད༔ དེ་ནས་ཟངས་གཞོང་དུ་དཔོན་སློབ་ཀུན་གྱི་དྲིལ་བའི་ངར་གླུད་ཅིག་བཤམས༔ ལས་ཀྱི་སློབ་དཔོན་གྱི་ལས་
[ 237 ]
༄༅། །བུམ་གྱི་ཁྲུས་ནས་དབྱུང་༔ བགེགས་གཏོར་སྔགས་དྲུག་ཕྱག་དྲུག་གིས་བྱིན་གྱི་བརླབས༔ གིང་པ་བཞི་ཆགས་ཤིང་༔ སློབ་

དཔོན་ཁྲོ་བོའི་ང་རྒྱལ་གྱིས་བགེགས་བསྐྲད་ཅིང་མཚམས་བཅད༔ སྲུང་འཁོར་བསྒོམ༔ སྒོ་ནང་དུ་ཁྲོ་བོའི་སྐུ་འབགས་ཕྱག་མཚན་ཐོགས་པ་བཞག་ལ༔ སྒོ་ཞུས་འདི་སྐད་དོ༔ ཧཱུཾ་ཁྲོ་བོ་ཆེན་པོ་མཛད་པ་ཆེ༔ ཁྱོད་ནི་དམ་ཚིག་ཡིད་དུ་འོང་༔ ནོར་བུ་རིན་ཆེན་ལེགས་བཅིངས་པ༔ ཕྱག་ན་དབྱུག་པ་འབར་ བ་བསྣམས༔ བདག་ཅག་འཁོར་བ་ལས་སྒྲོལ་ཕྱིར༔ བླ་མ་ཡི་དམ་མཁའ་འགྲོའི་ཚོགས་ཁང་དུ༔ བདག་ནི་འཇུག་པར་འཚལ་ལགས་པས༔ བཟང་པོའི་སྒོ་འདི་ཕྱེ་བར་ཞུ༔ ལེན་དུ༔ ཧཱུྃ་འདུས་པའི་ཚོགས་ཀྱི་དཀྱིལ་འཁོར་དུ༔ མུ་སྟེགས་ལྟ་བ་ལོག་པ་དང་༔ ཉན་ཐོས་རང་རྒྱལ་བློ་

དམན་དང་༔ གཤེ་ཞིང་བཀུར་པ་འདེབས་པ་དང་༔ ལོག་པའི་མཐའ་ལ་ཞེན་པ་རྣམས༔ འདིར་ནི་འཇུག་པར་མི་འཚལ་བས༔ གང་ཡིན་དེ་
[ 238 ]
ནི་ཕྱིར་ལ་དེངས༔ ཁེ་དང་གྲགས་པས་འཇུག་པ་དང༔ ཕ་མ་རྒྱལ་པོས་མ་གནང་བའི༔ ཉམས་ཆགས་ཅན་ནི་མ་ཡིན་ནམ༔ ཞེས་བརྗོད༔

དེ་ནས་རྡོ་རྗེ་རྒྱལ་ཐེབ་ཀྱིས༔ ཧེ་རུ་ཀའི་དཀྱིལ་འཁོར་དུ་འཇུག་པའི་སྐལ་ལྡན་ལས་འཕྲོ་ཅན་གང་ཡིན་པ་དེ་དག་ནང་དུ་བྱོན༔ ཚེ་འདིར་བཀྲ་ཤིས་ཕུན་སུམ་ ཚོགས༔ དུས་རྟག་ཏུ་བདེ་བ་ཐོབ་པར་འགྱུར་ན་རྒྱལ་བ་ཞི་ཁྲོའི་དཀྱིལ་འཁོར་དུ་འཇུག་པའི་སྐལ་བར་ལྡན་ནམ༔ ཅེས་དྲིས༔ ལྡན་ལགས་ཞེས་བརྗོད༔ བྷྲུྃ་པྲ་ཝེ་ཤ་ཡ་ཕཊ༔ ཅེས་བརྗོད་ལ་སྒོ་དབྱེ༔ ཁྲོ་བོའི་འགྱིངས་སྟབས་དང་རོལ་མོ་སྒྲོགས༔ ཤ་ཆེན་དང་གུ་གུལ་བསྲེགས་ལ༔ ན་མོ་དིང་གི་གནས་མཆོག་ ཁྱད་པར་ཅན་འདི་དཔལ་ཡེ་ཤེས་སེམས་དཔའ་འཁོར་དང་བཅས་པའི་ཞིང་ཁམས་དང་ཕོ་བྲང་༔ བཀོད་པ་ཐམས་ཅད་དུར་ཁྲོད་གསང་བ་མཆོག་གི་གནས་འདིར་

སྤྱན་འདྲེན་པ་ཡིན་པས༔ སྐལ་ལྡན་སྐྱེས་བུ་འདིར་འདུས་ཤིང་ཚོགས་པ་མ་གཏོགས་བགེགས་དང་འབྱུང་པོའི་རིགས་སུ་གྱུར་པ༔ གསང་སྔགས་ཐེག་པ་ཆེན་
[ 239 ]
༄༅། །པོའི་ཆོས་ཉན་པའི་སྐལ་བ་དང་མི་ལྡན་པ༔ བརྡ་དང་ཆ་ལུགས་ལ་མི་དབང་ཞིང་༔ དཀྱིལ་འཁོར་གྱི་མདངས་ལེན་པ། མར་མེའི་

འོད་འཕྲོག་པ༔ གཏོར་མའི་དྲི་སྣོམ་པ་༔ དངོས་གྲུབ་ལ་བར་དུ་གཅོད་པ༔ སྔགས་འཆང་རྒྱུ་སྦྱོར་ཡོན་གྱི་བདག་པོ་དང་བཅས་པ་རྣམས་ཀྱི་ཚེ་དང་སྲོག་ལ་བར་དུ་ གཅོད་པ༔ མི་མིན་མི་རུ་བརྫུ་བ༔ ལྷ་མིན་ལྷ་རུ་བརྫུ་བའི་གནོད་བྱེད་འབྱུང་པོ་ཐམས་ཅད་སོ་སོ་རང་རང་གི་གནས་སུ་དེངས་ཤིག༔ གལ་ཏེ་ངའི་བཀའ་ དང་དམ་ལས་འདས་ན༔ དཔལ་རྡོ་རྗེ་འཛིན་པ་རབ་ཏུ་ཁྲོས་ནས༔ ཁྱོད་ཀྱི་ལུས་ངག་ཡིད་གསུམ་རྡུལ་ཕྲན་བཞིན་དུ་བརླག་པར་བྱེད་དོ༔ དེ་བས་བཀའ་ དང་དམ་ལ་མ་འདའ༔ ཞེས་ཧཱུྃ་བཞིའི་སྔགས་དང་༔ ཡུངས་ཀར་དང་རྡོ་ཐུན་གྱིས་བྲབ། བསྲུང་འཁོར་བསྒོམ་པ་ནི༔ ཕྱི་རིམ་ཡེ་ཤེས་ཀྱི་མེའི་གུར༔

དེའི་ནང་དུ་མཚོན་ཆའི་གུར་ཁང་༔ དེའི་ནང་དུ་རྡོ་རྗེའི་གུར་ཁང་༔ དེའི་ནང་དུ་པདྨ་དང་རྒྱ་གྲམ་རལ་གྲི་ཕུར་པ་རྣམས་ཀྱི་གུར་ཁང་༔ དེའི་ནང་དུ་རིན་པོ་
[ 240 ]
ཆེ་སྣ་ཚོགས་ལས་གྲུབ་པའི་གཞལ་ཡས་ཁང་གྲུ་བཞི་སྒོ་བཞི་རྒྱན་རྟ་བབས་དང་བཅས་པའི་ནང་དུ༔ དཔོན་སློབ་ཡོན་མཆོད་མི་ནོར་འཁོར་དང་བཅས་པ་

ཚུད་པར་བསམ་ལ༔ རང་རང་གི་ལུས་ཀྱང་རྡོ་རྗེས་ཞུ་ལུབས་སུ་གྱུར་པར་བསྒོམ༔ ཨོཾ་ཨཱཿཧཱུྃ༔ བཛྲ་རཀྵ་རཀྵཿ བཛྲ་ཙཀྲ་ཧཱུྃ་བྷྲུྃཿ རཏྣ་ཏྲཾ་བྷྲུྃཿ༔ པདྨ་ཧྲཱིཿབྷྲུྃ༔ ཀརྨ་ཧ་བྷྲུྃ༔ སརྦ་ཙཀྲ་ཨཱོཾ་བྷྲུྃ༔ ཨཱོཾ་ཨཱཿབཛྲ་རཀྵ་རཀྵ་ཧཱུྃ་ཧཱུྃ༔ དེ་ནས་དྲལ་དུ་འཁོད་པར་ཞུ་བ་ནི༔ ལས་ཀྱི་སློབ་དཔོན་གྱིས་འདི་སྐད་ དོ༔ ཀྱཻ་འདིར་ཚོགས་སྐལ་ལྡན་ཕོ་མོ་རྣམས༔ གསང་སྔགས་ཟབ་མོའི་དབང་ཁང་འདིར༔ བཞུགས་པའི་གནས་ནི་གང་ལགས་པ༔ བླ་མ་རྡོ་རྗེ་ འཛིན་པས་གནང་དུ་གསོལ༔ དེ་ནས་བླ་མས་༝ ཀྱཻ་རིགས་ཀྱི་མཆེད་དང་ལྕམ་དྲལ་རྣམས༔ སངས་རྒྱས་བྱང་ཆུབ་སེམས་དཔའ་དག༔ གང་གི་མི་ཤེས་

འདི་ཡི་བདུད༔ བདུད་དང་ལོག་པའི་ཆོས་རྣམས་ཀུན༔ གང་གི་ཤེས་ན་དེ་ཡི་ལྷ༔ རྒྱལ་བ་ཞི་ཁྲོའི་དཀྱིལ་འཁོར་དུ༔ མཐོ་དམན་བཟང་ངན་བླང་དོར་
[ 241 ]
༄༅། །མེད༔ ཐབས་ཀྱི་དྲལ་དེ་གཡས་སུ་བཞུགས༔ ཤེས་རབ་དྲལ་དེ་གཡོན་དུ་བཞུགས༔ རང་རང་ཐད་ཀའི་དྲལ་ལ་བཞུགས༔

པདྨ་ཀ་མ་ཡེ་ཏིཥྛ་ལྷན། ཅེས་དྲལ་ལ་འདུག་གོ༔ དེ་ནས་མེ་ཏོག་བཀྲམ༔ དེ་ནས་ཡང་བརྡ་མ་བྱུང་བར་དུ་སློབ་མ་དྲལ་དུ་འདུ་བར་མི་བྱ། ཕྱི་འཇུག་གི་ཆོ་ ག་མ་བྱས་བར་དུ༔ བསྒོ་བསྲུང་སྒོ་ཞུས་མི་བྱ༔ དེ་མ་བྱས་བར་དུ་ཞུ་བ་མི་གནང་༔ ཁྲོ་བོའི་རྔམ་མཚམས་ཀྱིས་བགེགས་མ་བསྐྲད་བར་དུ་དྲལ་ལ་ འཁོད་པར་མི་བྱ༔ མཎྜལ་མ་ཕུལ་བར་དུ་གསོལ་བ་གདབ་པར་མི་བྱ༔ གསོལ་བ་མ་བཏབ་ན་དབང་བསྐུར་བར་མི་བྱའོ༔ ཅེས་པས་མཎྜལ་སྐབས་འདིར་ ཕུལ་ལ༔ གསོལ་བ་གདབ་པ་ནི༔ ཧེ་རུ་ཀ་དང་གཉིས་མེད་པའི༔ སློབ་དཔོན་ཆེན་པོ་དགོངས་སུ་གསོལ༔ བདག་ཅག་སྐལ་ལྡན་བུ་སློབ་རྣམས༔ ༔

འཁོར་བའི་རྒྱ་མཚོ་ལས་སྒྲོལ་ནས༔ ལུས་ངག་ཡིད་གསུམ་སྨིན་གྲོལ་ཕྱིར༔ ཁྱེད་ལ་རྟག་ཏུ་གུས་ཕྱག་འཚལ༔ སྟ་གོན་གནང་བར་མཛད་དུ་གསོལ༔
[ 242 ]
ཞེས་ལན་གསུམ་ཞུ༔ བླ་མས༔ འདིར་འཚོགས་པ་རྣམས༔ གཞི་དད་པ་དང་༔ གྲོགས་བརྩོན་འགྲུས༔ སྤྲོ་བ་བྱང་ཆུབ་ཀྱི་སེམས་བསྐྱེད་ཅིང་ཆོས་

བྱེད་པ་ངོ་མཚར་ཆེ༔ སྐྱེ་དཀའ་བ་ལྷོ་ཛམ་བུའི་གླིང་དུ་སྐྱེས༔ ཐོབ་པར་དཀའ་བའི་མི་ལུས་རིན་པོ་ཆེ་ཐོབ༔ མཇལ་དཀའ་བའི་ཐེག་པ་ཆེན་པོའི་ ཆོས་དང་མཇལ་བ་འདི༔ སྔོན་རྒྱུ་བསོད་ནམས་ཀྱི་ཚོགས་བསགས་ཤིང་རྒྱུད་སྦྱངས་སྨོན་ལམ་བཏབ་པ་ལས་བྱུང་བ་ཡིན༔ ཞེས་བཤད་ནས༔ གྲོལ་ གཞི་འཁྲུལ་གཞི་ལ་འབྱོར་རྙེད་དཀའ་བ༔ འཆི་བ་མི་རྟག་པ༔ རྒྱུ་འབྲས་ཕྲ་མོ་ནས་བཤད༔ དེ་ནས་བཤགས་པ་ནི༔ སྡིག་པ་བཤགས་པས་ འདགས་དགེ་བ་བསགས་པས་འཕེལ༔ ཅེས་གསུངས་པས༔ འདིའི་རྗེས་ཟློས་གྱིས༔ ཧོཿ ཀུན་ཏུ་བཟང་པོ་རྒྱལ་བ་རིགས་ལྔར་བཅས༔ བླ་

མ་ཞི་ཁྲོ་རབ་འབྱམས་དགོངས་སུ་གསོལ༔ བདག་གི་ཐོག་མ་མེད་ནས་ད་ལྟའི་བར༔ ལུས་ངག་ཡིད་གསུམ་སྡིག་པ་ཅི་བགྱིས་བཤགས༔ ཅེས་ལན་
[ 243 ]
༄༅། །གསུམ་བརྗོད༔ དེ་ནས་སྐྱབས་སུ་འགྲོ་བ་ནི༔ སྐྱབས་ཡུལ་དཀོན་མཆོག་གསུམ་དང་ཞི་ཁྲོ་རབ་འབྱམས་མདུན་གྱི་ནམ་

མཁར་དམིགས་ལ༔ ནམ་མཁའ་ཡོངས་གང་ཞིང་ཁམས་ན༔ རྩ་གསུམ་ཞི་ཁྲོ་རབ་འབྱམས་དང་༔ མཁའ་འགྲོ་དམ་ཅན་རྒྱ་མཚོ་ལ༔ བདག་ དང་འགྲོ་ཀུན་སྐྱབས་སུ་མཆི༔ རང་རིག་དོན་གྱི་སངས་རྒྱས་དང་༔ བསྟན་པ་རང་རིག་འོད་ལྔར་གསལ༔ འཁྲུལ་དག་དགེ་འདུན་དཀོན་མཆོག་ལ༔ དུས་ གསུམ་གཅིག་ཏུ་སྐྱབས་སུ་མཆི༔ ཞེས་ལན་གསུམ་དང་༔ སྐྱབས་འགྲོའི་དགོས་ཆེད་ཕན་ཡོན་བསྲུང་བྱ་རྣམས་བཤད༔ སེམས་བསྐྱེད་པ་ནི། ཡེ་ ནས་སངས་རྒྱས་དོན་གྱི་ལྷ༔ རང་ངོ་མ་ཤེས་ཀུན་ཏུ་བརྟག༔ ཉེས་ཟད་སྐུ་རུ་སྨན་བྱའི་ཕྱིར༔ དོན་དམ་བྱང་ཆུབ་སེམས་བསྐྱེད་དོ༔ ཅེས་གསུམ་དང་།

སྡོམ་པ་ཕོག་པ་ནི༔ རྡོ་རྗེ་རིགས་ཀྱི་དམ་ཚིག་དུ༔ རྡོ་རྗེ་དྲིལ་བུའི་ཕྱག་རྒྱ་ཡིས༔ སྟོང་ཉིད་ལྟ་བའི་དོན་དང་ལྡནཿ རིན་ཆེན་རིགས་ཀྱི་དམ་ཚིག་ཏུ༔
[ 244 ]
ཟོང་ཟིང་མི་འཇིགས་ཆོས་དང་བྱམས༔ སྦྱིན་པ་དུས་རྣམས་རྟག་ཏུ་བཏང་༔ པདྨ་རིགས་ཀྱི་དམ་ཚིག་ཏུ༔ ཆགས་པའི་སྤྱན་བྲལ་ཡོན་ཏན་རྫོགས༔ དོན་གྱི་

གནས་ལུགས་ལྟ་བསྒོམ་ལྡན༔ ལས་ཀྱི་རིགས་ཀྱི་དམ་ཚིག་ཏུ༔ ཚོགས་དང་དགེ་བའི་ལས་རྣམས་དང་༔ འབྲས་བུ་དོན་གྱི་གནས་ལུགས་ལྡན༔ ཅེས་ལན་ གསུམ་བརྗོད་དུ་གཞུག༔ དེ་ནས་བུམ་པ་ཐོགས་ལ༔ ཧཱུྃ་རྡོ་རྗེ་རྣོན་པོ་གཅོད་བྱེད་པ༔ དག་བྱེད་བདུད་རྩིའི་ཆུ་འདི་འཐུང་༔ ལུས་ངག་ཡིད་གསུམ་ ལས་བྱུང་བའི༔ ལས་ཀྱི་སྒྲིབ་པ་དག་པར་ཤོག༔ ཨཱོཾ་སརྦ་ཧྲཱིཿདྷོ་ཤོ་དྟ་ན་ཡེ་སྭཱ་ཧཱ༔ དེ་ནས་མེ་ཏོག་བཅིང་བ་ནི༔ ལག་པ་བསྡམ་པའི་གུང་མོ་གཉིས་ བརྐྱངས་པའི་བར་དུ་བཟུང་དུ་བཅུག་ལ༔ སློབ་དཔོན་གྱིས༔ ཨུ་དུམ་ཝ་ར་མནྡྷ་ར༔ ཡང་ནུ་དང་ནི་མ་ལི་ཀ༔ ཀར་ནི་ཀ་ཡི་ཕྲེང་བ་འདི༔ ལེགས་

པར་ནོས་ཏེ་བུ་ཁྱོད་ཟུངས༔ ཅེས་གཏད༔ མིག་དར་གཡོག་ལ༔ ཨཱོཾ་བཛྲ་ཙཀྵུ་བྷན་དྷ་ཝ་ར་ནི་ཨ་ཁཾ་ཝི་ར་ཧཱུྃ༔ དར་ཡུག་དམར་པོ་རེས་གདོང་
[ 245 ]
༄༅། །བཅིང་བར་བསྒོམ༔ དེ་ནས་གོ་བསྒོ་བ་ནི༔ སྤྱི་བོར་འཁོར་ལོ་དཀར་པོ་རྩིབ་བརྒྱད་པ་ལ་ཨོཾ་དཀར་པོར་སྐུའི་རྡོ་རྗེ་མ་སྒོམ་ཅིག༔

མགྲིན་པར་པདྨ་དམར་པོ་ལ་གསུང་གི་རྡོ་རྗེ་མ་ཨཱཿདམར་པོ་ལས་སྒོམ་ཅིག༔ ཐུགས་ཀར་སྣ་ཚོགས་རྡོ་རྗེའི་ལྕེ་བར་ཧཱུྃ་མཐིང་ནག་ལས་ཐུགས་ཀྱི་རྡོ་རྗེ་ མ་བསྒོམ་ཅིག༔ ཨཱོཾ་ཨཱཿཧཱུྃ༔ སྐུ་གསུང་ཐུགས་ཀྱི་རྡོ་རྗེར་བྱིན་གྱིས་རློབས་ཤིག༔ ཡང་རྡོ་རྗེས་ཆུ་གཏོར་བས༔ ལུས་ཐམས་ཅད་རྡོ་རྗེས་ཞུ་ལུབས་ སུ་གྱུར་པར་སྦམ་ཅིག༔ དེ་ནས་སོ་ཤིང་གཏད་ལ༔ ཧཱུྃ་རྡོ་རྗེ་བཞད་པ་དགྱེས་པ་ཆེ༔ རྡོ་རྗེ་སྭོ་ཤིང་འདི་བླངས་པས༔ བསྐལ་པ་སྟོང་དུ་ཤ་ཟོས་པའི༔ ལས་ཀྱི་སྡིག་སྒྲིབ་དག་པར་ཤོག༔ ཨཱོཾ་བཛྲ་སྭོ་ཤཏ་ཏྲཾ༔ སྭོ་ཤིང་གི་ཕན་ཡོན་བཤད་ལ༔ ལག་པ་ཆོས་འབྱུང་གི་ཕྱག་རྒྱས་ཚོམ་བུའི་དབུས་སུ་དོར་ཞིང་

ཧཱུྃ་བཅུ་གཉིས་གཙང་མའི་སྭོ་ཤིང་འདི༔ དཀྱིལ་འཁོར་དབུས་སུ་དོར་བྱེད་ཀྱི༔ ལས་དང་སྐལ་བར་ལྡན་པ་ཡིས༔ དངོས་གྲུབ་པྲ་ལྟས་ཐོབ་པར་ཤོག༔ ༔
[ 246 ]
ཨོཾ་བཛྲ་ཧ་སོད་གྷ་ཏ་ཡ་ཧཱུྃ་ཕཊ༔ ཅེས་དོར་དབུས་སུ་མཆོག་འགྲུབ༔ ཤར་དུ་ཞི་བའི་ལས་འགྲུབ༔ ལྷོར་རྒྱས་པ༔ ནུབ་ཏུ་དབང་༔ བྱང་དུ་དྲག་པོ༔

མཚམས་ཕྲན་ཚེགས་འགྲུབ༔ ལན་གསུམ་བསྐྱར་ཡང་མ་ཐུག་པ་དང་༔ གས་ཆག་བྱུང་ན་རིམ་གྲོ་བྱ༔ དེ་ནས་སྲུང་སྐུད་སྦྱིན་པ་ནི༔ སྔགས་མདུད་བྱས་པའི་ བསྲུང་སྐུད་འདི༔ དཔའ་བོ་ཁྱོད་ཀྱི་དཔུང་པ་གཡོན་དུ་བཏགས༔ མོ་ལ་གཡས་སུ༔ དངོས་གྲུབ་དབང་ལ་བར་ཆད་མི་འབྱུང་ཞིང་༔ ཁྱོད་ཀྱི་ལུས་ ངག་ཡིད་གསུམ་བསྲུང་བར་ཤོག༔ ཨོཾ་བཛྲ་རཀྵ་རཀྵ་ཧཱུྃ་ཕཊཿ ཅེས་བཏག་ལ་རྡོ་རྗེ་རྒྱ་གྲམ་གྱི་རྒྱས་གདབ་བོ༔ དེ་ནས་ཀུ་ཤ་ལག་པ་བསྣོལ་མས་བྱིན་ལ༔ ཨེ་མ་སྐལ་ལྡན་བུ་ཁྱོད་ལ༔ སྡིག་སྒྲིབ་དག་དང་མ་དག་ལ༔ དག་བྱེད་ཀུ་ཤའི་སྔས་སྟན་འདི༔ དོ་ནུབ་ནམ་གྱི་གུང་ཐུན་ལ༔ བདེ་བའི་གཉིད་ནི་ལོག་

པའི་ཚེ༔ རྨི་ལམ་བཟང་ངན་གང་བྱུང་ནི༔ ནང་པར་བླ་མའི་དྲུང་དུ་སྨྲོས༔ ཨཱོཾ་བཛྲ་སཏྭ་ཧཱུྃ༔ ཨོཾ་བཛྲ་ཏིགྵྞ་དྷི༔ ཀུ་ཤ་ཆེ་བས་གདན་ཆུང་བས་
[ 247 ]
༄༅། །སྔས་གྱིས་ལ་བླ་མ་དང་དཀྱིལ་འཁོར་ལྷ་ལ་ཕྱག་འཚལ་ཏེ་མགོ་བསྟན་ལ་ཉལ༔ རྨི་ལམ་ངན་ན་བསྐང་བཤགས་དང་རིམ་གྲོ་ལ་

འབུང་༔ ད་ནི་དམ་ཚིག་སེམས་དཔའི་དབང་བསྐུར་ནི༔ ཁྱེད་རང་རྣམས་ཀྱི་སྙིང་གི་དཀྱིལ་དུ་དམ་ཚིག་སེམས་དཔའ་ཞེས་བྱ་བ་སྐུ་མདོག་དཀར་ པོ་ཞལ་གཅིག་གཅིག་‚ཞལ་གཅིག་ཕྱག་གཉིས་རྡོ་རྗེ་དྲིལ་བུ་གར་ཐབས་སུ་འཛིན་པ་ཚོན་གང་བ་རེ་སྒོམ་ཅིག༔ ཅེས་རྡོ་རྗེས་བདུད་རྩི་ལ་རེག་ལ༔ ལྕེ་ཐོག་ཏུ་ བཞག་ནསཿ ཧེ་རུ་ཀ་དཔལ་དེང་ཁྱོད་ཀྱི༔ སྙིང་ལ་ཡང་དག་ཞུགས་པ་ཡིན༔ གསང་བའི་དཀྱིལ་འཁོར་མ་མཐོང་བའི༔ མདུན་དུ་ཚུལ་འདི་ སྨྲས་པ་ན༔ དེ་མ་ཐག་ཏུ་དྲལ་ཏེ་གཤེགས༔ དེང་ནས་བཟུང་སྟེ་བུ་ཁྱོད་ཀྱི༔ རྡོ་རྗེ་སློབ་དཔོན་ང་ཡིན་གྱི༔ ང་ལ་བརྙས་པ་བྱས་པ་ན༔ སངས་

རྒྱས་ཐམས་ཅད་བརྙས་པ་ཡིན༔ ཆོས་ཚིག་གཅིག་ཙམ་ཉན་པ་ལས༔ བླ་མ་དག་ཏུ་མ་བཟུང་ན༔ ཁྱི་ཡི་སྐྱེ་བ་བརྒྱ་བླངས་ནས༔ སྨེ་ཤ་ཅན་དུ་སྐྱེ་
[ 248 ]
བར་འགྱུར༔ དེ་བས་དམ་ཚིག་ཐུབ་པར་གྱིས༔ ཅེས་‚ཞེས་དམ་ཚིག་བསྲུང་བའི་ཐབས་དང་༔ ཕན་ཡོན་ཉེས་དམིགས་རྒྱས་པར་བཤད༔ ཕྲེང་བ་གཏད་

ལ༑ ཧཱུྃ་རྡོ་རྗེ་སློབ་དཔོན་ང་ཡིན་གྱི༔ ང་ཡིས་ཇི་ལྟར་བགོས་པ་བཞིན༔ ཁྱོད་ཀྱིས་དེ་ལྟར་བྱ་དགོས་སོ༔ གལ་ཏེ་དེ་ལྟར་མ་བྱས་ན༔ ཚེ་འདིར་ཚེ་ ཐུང་ནད་མང་ཞིང་༔ ཕྱི་མ་རྡོ་རྗེ་དམྱལ་བར་འགྲོ༔ ཅེས་‚ཞེས་དམ་བསྒྲགས༔ དེ་ནས་ཡེ་ཤེས་དབབ་པ་ནི༔ དཔོན་སློབ་ཀུན་གྱི་ལངས་ལ༔ སྣང་བ་ གཏད་མེད་དུ་ཧ་རེ་བཏང་༔ ལག་པ་‚པས་ཆོས་འབྱུང་གི་ཕྱག་རྒྱ་སྤྱི་བོར་བཅིངས༔ མིག་སྣ་རྩེ་ལ་ཕབ༔ ལྕེ་ཡར་རྐན་ལ་གཏད༔ སྟེང་རླུང་མནན༔ འོག་ རླུང་དྲག་ཏུ་འཐེན༔ རང་ལུས་དཔའ་བོ་རྟ་མགྲིན་དུ་བསྒོམ༔ གནས་ཁང་འདི་ཡང་ཐ་མལ་གྱི་གནས་ཁང་མ་ཡིན་པར་འོག་མིན་ཆོས་ཀྱི་དབྱིངས་ཀྱི་ཞིང་

ཁམས་སུ་སྒོམ༔ བླ་མ་ཡང་དཔལ་ཧེ་རུ་ཀར་བསྒོམ་སྟེ༔ དེ་ཡང་མཐིང་ནག་ཞལ་གཅིག་ཕྱག་གཉིས་རྡོ་རྗེ་དྲལ་བུ་བསྣམས་ནས་ཡུམ་ལ་འཁྱུད་པ༔
[ 249 ]
༄༅། །དུར་ཁྲོད་ཀྱི་ཆས་བརྒྱད་དང་༔ དཔལ་གྱི་ཆས་བཅུས་བརྒྱན་པ་དབུ་ཚང་པའི་རྩེ་ནས་རྟ་སྐད་མཚེར་ཞིང་༔ ཞབས་ཀྱིས་རྒྱ་མཚོའི་

ཀླུ་རྣམས་མནན་པ༔ ཡུམ་སྐུ་མདོག་དམར་མོ་གྲི་ཐོད་འཛིན་པས་འཁྱུད་པ༔ ཡབ་ཡུམ་སྦྱོར་བ་མཛད་པའི་གསང་སྒོ་ནས་དཔའ་བོ་དང་རྣལ་འབྱོར་མ་ དཔག་ཏུ་མེད་པ་བྱོན་ནས༔ དཀྱིལ་འཁོར་ལ་ཁྱིལ་ཁྱིལ་སྒོར་སྒོར་ཚུབ་ཚུབ་མཛད་ནས་རང་གི་བ་སྤུའི་བུ་ག་རྣམས་སུ་བྱོན་ནས་བྲོ་ཁྲིགས་ཁྲིགས་བརྡུང་༔ གར་ལོག་ལོག་རྒྱན་ཆ་ཁྲལ་ཁྲལ༔ བཞད་ཡལ་ཡལ༔ འཛུམ་མལ་མལ༔ ཧཱུྃ་ཧཱུྃ་ཕཊ་ཕཊ་ཀྱི་སྒྲོ་‚སྒྲ་སྒྲོགས་བཞིན་དུ་ཁ་བ་བུ་ཡུག་འཚུབ་པ་ཙམ་དུ་ བསམས་ཤིང་༔ སློབ་མ་ལྷར་གསལ་བ་རྣམས་ཀྱི་སྙིང་གི་དབུས་སུ་གཡུང་དྲུང་འཁྱིལ་པ་ཧ་རི་ནི་སས་མཚན་པ་ལས་འོད་ཟེར་འཕྲོས་པས༔ བླ་མ་ཡི་

དམ་སངས་རྒྱས་བྱང་སེམས་དཔའ་བོ་མཁའ་འགྲོ་ཐམས་ཅད་ས་དང་བར་སྣང་གང་བར་བྱོན་ནས༔ སློབ་མ་རྣམས་ལ་ཐིམ་པར་དཔོན་སློབ་ཀུན་གྱིས་བསམས་
[ 250 ]
ལ༔ ཕཊཿསྒྲ་དང་རོལ་མོ་སྒྲོགས༔ གུ་གུལ་དང་ཤ་ཆེན་བསྲེགས༔ དེ་ཡང་བྱིན་བརླབས་ལུས་ལ་བབ་ན༔ འདར་བ་དང་༔ འཁྲབ་པ་དང་༔

འཕར་བ་འབྱུང་༔ ངག་ལ་བབ་ན་སང་སྐྲྀ་ཏའི་སྐད་དང་། མཁའ་འགྲོའི་བརྡ་སྐད་སྣ་ཚོགས་བརྗོད་པ་འབྱུང་༔ སེམས་ལ་བབས་ན་ཉམས་ དགའ་བ་དང་༔ བག་དྲོ་བ་༝ མི་རྟོག་པའི་ཏིང་འཛིན་སྐྱེ་བ་འོང་༔ དེ་ནས་ཏིཥྛ་བཛྲ་ཞེས་རྡོ་རྗེ་དང་མེ་ཏོག་སྤྱི་བོར་བཞག་ལ་བརྟན་པར་བྱ༔ དེ་ནས་ལས་ ཀྱི་སློབ་དཔོན་གྱི༔ རྡོ་རྗེ་ལ་སློབ་མ་རྣམས་ལུ་གུ་རྒྱུད་དུ་སྦྲེལ་ནས་ཕོ་བྲང་བསྐོར་ཞིང་༔ བུ་ཁྱོད་རིག་པའི་ཡེ་ཤེས་ཀྱི༔ རྡོ་རྗེ་འདི་ཟུང་བདེ་བ་ཆེན་པོའི་ ལམ་དུ་དྲངས་ནས་རྡོ་རྗེ་ཐེག་པའི་དཀྱིལ་འཁོར་དུ་ཞུགས་པའི་སྐལ་ལྡན་རྣམས་ལ་སྐུ་གསུང་ཐུགས་ཀྱི་དངོས་གྲུབ་འབྱུང་བར་འགྱུར་རོ༔ ཞེས་བརྗོད་ལ༔ ༔

བསྐོར་བ་ལན་གསུམ་བྱ༔ ཕྱག་འཚལ༔ དེ་ནས་མེ་ཏོག་དོར་‚གཏོར་བའི་གསོལ་བ་གདབ་པ་ནི༔ ཧོཿ རིག་པའི་དོན་ལྡན་མེ་ཏོག་ཕྲེང་༔ སྔོན་ཚེ་གང་ནས་
[ 251 ]
༄༅། །བསྒྲུབ་པ་ཡི༔ ཡི་དམ་ལྷ་ཚོགས་འཁོར་བ་སྐྱོབ༔ གང་ཡིན་དེ་ལ་བབ་པར་ཤོག༔ པྲ་ཏི་པུཙྪ་ཧོཿ ཅེས་དོར༔ དེ་ནས་

སྤྱེན་འབྱེད་ཞུ་བ་ནི༔ བདག་གི་ཐོག་མ་མེད་དུས་ནས༔ མ་རིག་མི་ཤེས་རྨོངས་པར་ཆུད༔ བླ་མའི་ཐུགས་རྗེ་གསེར་ཐུར་གྱིས༔ མ་རིག་མིག་ཕྱེས་ ལྷ་ཞལ་སྟོན༔ ཞེས་ཞུ༔ བླ་མས༔ ཨེ་མ་རྡོ་རྗེ་སེམས་དཔའ་དེང་ཁྱོད་ཀྱི༔ མིག་འབྱེད་པར་ནི་བརྩོན་པར་བྱ༔ ཕྱེ་བས་ཐམས་ཅད་མཐོང་གྱུར་ ཏེ༔ རྡོ་རྗེའི་མིག་ནི་བླ་ན་མེད༔ ཨཱོཾ་བཛྲ་ནིར་ཏྲ་ཨ་པ་ཧ་ར་ལཾ་ཧྲཱི༔ མ་རིག་པ་དག་ནས་ཡེ་ཤེས་ཀྱི་སྤྱན་དང་ལྡན་པར་གྱུར་སྙམ་དུ་བསྒོམ༔ དཀྱིལ་ འཁོར་‚འཁོར་གྱི་ཁ་དོག་དྲི་བར་བྱའོ༔ དཀར་པོ་མཐོང་ན་ཞི་བའི་ལས་འགྲུབ་པས༔ བཛྲ་ཐོད་ཕྲེང་རྩལ༔ རྡོ་རྗེ་སེམས་དཔའ༔ ཞེ་སྡང་རྡོ་རྗེ༔ རྡོ་རྗེ་བཞད་

པ༔ རྡོ་རྗེ་གར་པ༔ མོ་ཡིན་ན༔ སངས་རྒྱས་སྤྱན་མ༔ རྡོ་རྗེ་སྙེན་མ༔ ཅེས་‚ཞེས་སོགས་བཏགས༔ སེར་པོ་མཐོང་ན་རྒྱས་པའི་ལས་འགྲུབ༔ རཏྣ་
[ 252 ]
ཐོད་ཕྲེང་རྩལ༔ རིན་ཆེན་རྡོ་རྗེ༔ རིན་ཆེན་ལས་གྲུབ༔ རིན་རིན་‚ཆེན་ཕྲེང་བ༔ མོ་ཡིན་ན༔ རིན་ཆེན་སྒེག་མོ༔ རིན་ཆེན་སྤྱོན་མ༔ རིན་ཆེན་

སྒྲོལ་མ༔ ཞེས་བཏགས༔ དམར་པོ་མཐོང་ན་དབང་གི་ལས་འགྲུབ༔ པདྨ་ཐོད་ཕྲེང་རྩལ༔ པདྨ་ལས་གྲུབ་རྩལ༔ མོ་ཡིན་ན༔ པདྨ་ གར་མ༔ པདྨ་སྒྲོལ་མ༔ གོས་དཀར་མོ༔ པདྨ་སྒེག་མོ༔ ཞེས་བཏགས༔ སྔོན་པོ་མཐོང་ན༔ དྲག་པོའི་ལས་འགྲུབ༔ ཀརྨ་ཐོད་ཕྲེང་ རྩལ༔ མི་བསྐྱོད་རྡོ་རྗེ༔ ལས་རབ་རྡོ་རྗེ༔ དོན་ཡོད་རྡོ་རྗེ༔ མོ་ཡིན་ན༔ དམ་ཚིག་སྒྲོལ་མ༔ ཀརྨ་སྒྲོལ་མ༔ ཞེས་བཏགས༔ ཁྲ་བོ་ མཐོང་ན་ལས་སྣ་ཚོགས་འགྲུབ༔ སྣ་ཚོགས་རྡོ་རྗེ༔ བྷུདྡྷ་རྡོ་རྗེ༔ ལས་རབ་རྡོ་རྗེ༔ བྷུདྡྷ་ཐོད་ཕྲེང་རྩལ༔ མོ་ཡིན་ན༔ བྷུདྡྷ་སྒྲོལ་མ༔

སངས་རྒྱས་སྒྲོལ་མ༔ ཞེས་བཏགས༔ དེ་ནས་དཀྱིལ་འཁོར་ངོ་སྤྲད་པ་ནི༔ ཚོན་སྣ་ལྔ་ནི་རིན་པོ་ཆེ་ལས་གྲུབ་པ་སྟེ༔ ཤར་དུང་ལས་གྲུབ་
[ 253 ]
༄༅། །པས་དཀར་པོ༔ ལྷོ་གསེར་ལས་གྲུབ་པས་སེར་པོ༔ ནུབ་པདྨ་ར་ག་ལས་གྲུབ་པས་དམར་པོ༔ བྱང་ཨིནྟྲ་ནི་ལ‚ཨིནྡྲ་ནཱི་ལ་ལས་གྲུབ་པས་

ལྗང་གུ༔ དབུས་རིན་པོ་ཆེ་ལས་གྲུབ་པས་མཐིང་ག༔ དེ་ཡང་ཤར་མངོན་པར་དགའ་བའི་ཞིང་ཁམས༔ ལྷོར་དཔལ་དང་ལྡན་པའི་ཞིང་ཁམས༔ ནུབ་བདེ་བ་ཆེན་པོའི་ཞིང་ཁམས༔ བྱང་ལས་རབ་གྲུབ་པའི་ཞིང་ཁམས་ཡིན་ལ༔ དེ་ཡང་དཀར་པོ་ཐམས་ཅད་མེ་ལོང་ཡེ་ཤེས༔ སེར་པོ་ཐམས་ ཅད་མཉམ་ཉིད་ཡེ་ཤེས༔ དམར་པོ་ཐམས་ཅད་སོར་རྟོག་ཡེ་ཤེས༔ ལྗང་གུ་ཐམས་ཅད་བྱ་གྲུབ་ཡེ་ཤེས༔ མཐིང་ཁ་ཐམས་ཅད་ཆོས་དབྱིངས་ཡེ་ཤེས་ ཡིན་ལ༔ དགོས་འདོད་ཐམས་ཅད་ལྷུན་གྲུབ་ཏུ་འབྱུང་བའི་རྟགས་སུ༔ ཕྱི་རིན་པོ་ཆེ་སྣ་ཚོགས་ལས་གྲུབ་པ༔ རྣམ་རྟོག་ཆོས་ཉིད་ཀྱི་ཀློང་དུ་གྲོལ་བའི་

རྟགས་སུ༔ ནང་ཐོད་པ་ཚར་གསུམ་ལས་གྲུབ་པ༔ ཡོན་ཏན་ཐམས་ཅད་རྒྱས་པའི་རྟགས་སུ་དབྱིབས་གྲུ་བཞིར་འདུག་པ༔ ཚད་མེད་བཞིས་འགྲོ་བའི་
[ 254 ]
འགྲོ་བའི་དོན་‚དོན་བྱེད་པའི་རྟགས་སུ་སྒོ་བཞི་དང་ལྡན་པ༔ ཡེ་ཤེས་ལྔ་དང་ལྡན་པའི་བརྡར་པཉྩ་རོ་ཀའི་རྩིབ་པ་ཁ་དོག་ལྔ་དང་ལྡན་པ༔ འདོད་ཡོན་རྒྱན་

དུ་གྱུར་པའི་རྟགས་སུ་འདོད་ཡོན་གྱི་སྣམ་བུ་དམར་པོ༔ དགོས་འདོད་ཀུན་འབྱུང་བའི་རྟགས་སུ༔ རིན་པོ་ཆེ་སྣ་ལྔའི་ཕ་གུ་དང་ལྡན་པ༔ སྟོང་པ་ དང་སྙིང་རྗེ་ཟུང་འཇུག་པའི་རྟགས་སུ་དྲ་བ་དྲ་ཕྱེད་ཀྱིས་བརྒྱན་པ། ཐབས་དང་ཤེས་རབ་གཉིས་སུ་མེད་པའི་བརྡར༔ ད་རུ་ཀད་དང་ལྡན་ལ༔ བདུད་ བཞིའི་འཇིགས་པ་ལས་རྒྱལ་བའི་རྟགས་སུ༔ རིན་པོ་ཆེའི་མདའ་ཡབ་ཀྱིས་མཚན་པ༔ ཉོན་མོངས་པ་ཆོས་ཉིད་དུ་གྲོལ་བའི་རྟགས་སུ་ཞིང་ཆེན་གྱི་ཀ་ བ་དང་༔ མཆོད་ཆེན་གྱི་གྲལ་གྲབ་དང་། ཞིང་ལྤགས་ཀྱི་ཐོག་ཕུབ་པ༔ མ་རིག་པ་གསལ་བའི་རྟགས་སུ༔ ཉི་ཟླ་ལ་བྲེ་བྱས་པ༔ དགྲ་བགེགས་

ཐམས་ཅད་ཟིལ་གྱིས་གནོན་པའི་རྟགས་སུ་འབྱུང་པོ་ཕོ་ལ་སྒོའི་རེ་བཞི་བྱས་པ༔ ཐུགས་རྗེས་འཁོར་བ་མ་སྤང་བའི་རྟགས་སུ་ཕྱོགས་བཞིར་རྟ་བབ་
[ 255 ]
༄༅། །ཆོས་འཁོར་དང་བཅས་པ༔ སྣང་བ་སྣ་ཚོགས་སུ་སྣང་ཡང་ཆོས་ཀྱི་དབྱིངས་ལས་མ་གཡོས་པའི་རྟགས་སུ་རྩེ་མོ་རིན་པོ་ཆེའི་ཏོག་

གིས་མཚན་པ༔ འདོད་ཡོན་ལྔ་མ་སྤང་རྒྱན་དུ་ཤར་བའི་བརྡར་འདོད་ཡོན་གྱི་ལྷ་མོ་བཅུ་དྲུ་གིས་བརྒྱན་པ༔ ཡེ་ཤེས་གསལ་འགྲིབ་མེད་པའི་རྟགས་སུ་གཞལ་ ཡས་ཁང་ཕྱི་བལྟས་ནང་གསལ་ལ་ནང་བལྟས་ཕྱི་གསལ་བ༔ རྣམ་ཤེས་ཚོགས་བརྒྱད་དག་པའི་རྟགས་སུ་དུར་ཁྲོད་ཆེན་པོ་བརྒྱད་ཀྱིས་བསྐོར་བ༔ དངོས་ གྲུབ་ལ་བར་ཆད་མི་འབྱུང་བའི་རྟགས་སུ་རྡོ་རྗེའི་ར་བས་བསྐོར་བ༔ གཉིས་འཛིན་གྱི་རེ་དོགས་བསྲེག་པའི་བརྡར་ཡེ་ཤེས་ཀྱི་མེ་རིའི་‚རིས་བསྐོར་བའོ༔ ༔ ལྷ་ངོ་སྤྲད་པ་ནི༔ དབུས་སུ་གཏི་མུག་རྣམ་པར་དག་པའི་ཞི་ཁྲོ་བྷུདྡྷའི་རིགས་ལ་ལྟོས་ཤིག །ཤར་དུ་ཞེ་སྡང་རྣམ་པར་དག་པ་རྡོ་རྗེའི་རིགས་ལ་ལྟོས་ཤིག༔

ལྷོར་ང་རྒྱལ་རྣམ་པར་དག་པ་རིན་པོ་ཆེའི་རིགས་ལ་ལྟོས་ཤིག༔ ནུབ་ཀྱི་འཁོར་ལོ་ལ་འདོད་ཆགས་རྣམ་པར་དག་པ་པདྨའི་རིགས་ལ་ལྟོས་ཤིག༔ བྱང་དུ་
[ 256 ]
ཕྲག་དོག་རྣམ་པར་དག་པ་ཀརྨའི་རིགས་ལ་ལྟོས་ཤིག༔ ཀིའུ་རི་ལ་སོགས་གནས་ཀྱི་མ་མོ་བརྒྱད་དང་༔ སིདྷ་ལ་སོགས་ཡུལ་གྱི་ཕྲ་མེན་བརྒྱད་དང་༔

རྟ་གདོང་ལ་སོགས་ཡེ་ཤེས་སྒོ་མ་བཞི་དང་། དབང་ཕྱུག་མ་ཆེན་མོ་ཉི་ཤུ་རྩ་བརྒྱད་ཏེ༔ ཁྲག་འཐུང་འབར་བ་ལྔ་བཅུ་རྩ་བརྒྱད་ཀྱི་ལྷ་ཚོགས་ལ་ལྟོས་ཤིག༔ ཞི་བ་བཞི་བཅུ་རྩ་གཉིས་ཀྱི་ལྷ་ཚོགས་འཁོར་དང་བཅས་པ་ལ་ལྟོས་ཤིག༔ གཞན་ཡང་སྐུ་གསུམ་གྱི་དཀྱིལ་འཁོར་ངོ་སྤྲད་པ་ནི༔ པཉྩ་རེ་ཀའི་རྩིག་པ་༝ འདོད་ཡོན་གྱི་སྣམ་བུ༔ རིན་པོ་ཆེའི་ཕ་གུ༔ ཤར་བུ་༝ རྩ་བརྒྱད་ཀྱི་མཆོད་རྟེན༔ རྒྱ་ཕིག་གསེར་ཐོག་ཆོས་འཁོར་དང་བཅས་པ༔ གཏུམ་དྲག་ལ་སོགས་ པའི་དུར་ཁྲོད་ཆེན་པོ་བརྒྱད༔ རྡོ་རྗེ་དང་མཚོན་ཆ་མེ་རིའི་གུར་ཁང་དང་བཅས་པ༔ ཡེ་ཤེས་རང་སྣང་ལ་སྤྲུལ་པའི་ཕྱིར༔ སྤྲུལ་སྐུའི་དཀྱིལ་འཁོར་དུ་

ངོ་སྤྲོད་པ་ཡིན༔ ནང་ལོངས་སྐུའི་ཕོ་བྲང་ངོ་སྤྲོད་པ་ནི༔ དཀྱིལ་འཁོར་འདི་ཇི་ལྟ་བ་བཞིན་དུ་རང་གི་ལུས་ཚང་སྟེ༔ སངས་རྒྱས་ཀྱི་ཞིང་ཁམས་
[ 257 ]
༄༅། །ལོག་ནས་བསྒྲུབ་ཏུ་མེད་པར་རང་ལུས་རྒྱལ་བའི་དཀྱིལ་འཁོར་དུ་བསྟན་པ་ནི༔ རང་ལུས་འདམ་གང་གྲུ་བཞི་པ་འབྱུང་བ་ལྔ་བསྡུས་

ཀྱི་ཕུང་པོ་འདི༔ ཡེ་ནས་སངས་རྒྱས་ཀྱི་ཞིང་ཁམས་ཡིན་ཏེ༔ སེམས་ནི་ནམ་མཁའ་སྟོང་པ༔ དབུགས་ནི་རླུང་གི་དཀྱིལ་འཁོར༔ ཁྲག་ནི་ཆུ༔ ༔ དྲོད་ནི་མེ༔ ཤ་ནི་ས༔ སྒལ་ཚིག་ནི་རི་རབ༔ རྐང་མཐིལ་སྣ་ཚོགས་རྡོ་རྗེ༔ ལྕེ་ནི་འདོད་ཡོན་གྱི་སྣམ་བུ༔ སེན་མོ་ནི་ཡེ་ཤེས་ཀྱི་མེ་རི༔ དོན་སྙིང་ ནང་རོལ་ནི་དུར་ཁྲོད་ཆེན་པོ་བརྒྱད༔ རྩིབས་མ་ནི་རྡོ་རྗེའི་ར་བ་དང་བསྲུང་བའི་གུར་ཁང་༔ བ་སྤུ་མཚོན་ཆའི་ར་བ༔ ལྤགས་པ་པཉྩ་རེ་ཁའི་བརྩིག་པ༔ རྐང་ ཆེན་བརྒྱད་ནི་རྐ་གདུང་༔ མཆོག་ཕྲན་ནི་གྲལ་ལྕམ༔ མིག་གཉིས་ནི་ཉི་ཟླའི་བྲེ༔ སྣ་རིན་པོ་ཆེའི་ཕ་ཁུ༔ སྦོ་དྲ་བ་དྲ་ཕྱེད༔ མཆུ་ནི་ད་རུ་ཀཿ རྣ་བ་

འདའ་ཡབ༔ མགོ་ནི་ཡ་ཁེགས་དང་ཏོག༔ རྡོ་རྗེ་ནི་རྟ་བབས་ཆོས་འཁོར༔ ཚངས་བུག་ལ་སོགས་པ་སྒོ་བཞི་སྟེ༔ རང་གི་ལུས་འདི་དཀྱིལ་
[ 258 ]
འཁོར་དུ་གནས་པ་ཡིན༔ ལྷ་ངོ་སྤྲད་པ་ནི། སྙིང་ཁ་ཆོས་ཀྱི་འཁོར་ལོ་ན་སངས་རྒྱས་བཞི་བཅུ་རྩ་གཉིས་བཞུགས་པ་ཡིན༔ གླད་པ་དུང་ཁང་ན་ཁྲག་

འཐུང་འབར་བ་ལྔ་བཅུ་རྩ་བརྒྱད་བཞུགས་པ་ཡིན༔ བ་སྤུ་ས་ཡ་དྲུག་འབུམ་དཔའ་བོ་མཁའ་འགྲོ་ས་ཡ་དྲུག་འབུམ་བཞུགས་པ་ཡིན༔ རང་གི་སེམས་ ངོ་བོ་གདོད་ནས་དག་པ་དཔལ་ཨུ་རྒྱན་གྱི་གྷུ་རུ་ཆེན་པོ་ཡེ་ནས་བཞུགས་པ་ཡིན་ཏེ། དེ་ནི་ལོངས་སྐུའི་དཀྱིལ་འཁོར་ངོ་སྤྲད་པ་ཡིན༔ གསང་བ་ཆོས་སྐུའི་ དཀྱིལ་འཁོར་ངོ་སྤྲོད་པ་ནི༔ སེམས་ནི་ནམ་མཁའ་༝ དབུགས་ནི་རླུང་༔ ཁྲག་ནི་ཆུ༔ ཤ་ནི་ས༔ འབྱུང་བ་ལྔ་འདུས་ཀྱི་དཀྱིལ་འཁོར་སེམས་ཡིན་ཏེ༔ དཀྱིལ་འཁོར་ཆེན་པོ་ཡངས་པ་ཡིན༔ ཅེས་‚ཞེས་པ་དང་༔ དཔལ་ལྡན་རྒྱུ་སྐར་དཀྱིལ་འཁོར་ཅན༔ ཞེས་བྱ་བའི་དོན་ཡིན་ལ༔ དཀྱིལ་འཁོར་དང་དབང་རྫས་

རང་གི་སེམས་ཡིན་ཏེ༔ ལྷ་ཉིད་སེམས་ལ་སེམས་ཉིད་ལྷ༔ ཡེ་ནས་ལྷ་རུ་བཞུགས་པ་ཡིན༔ ཅེས་‚ཞེས་གསུངས་པ་ལྟར༔ སེམས་ཉིད་ངོ་བོ་འཇའ་ཚོན་
[ 259 ]
༄༅། །ལྟར༔ སྣང་ལ་རང་བཞིན་མེད་པའི་རང་མདངས་ལས༔ རྣམ་པར་སྣང་མཛད་ཀུན་ཏུ་ཞལ་དུ་བཞུགས༔ དེའི་རྩལ་མ་འགག་

པར་ཁྲོ་བོའི་ལྷ་ཚོགས་འཆར་བ་ཡིན༔ དེ་ལྟ་བུའི་དོན་དེ་ཁོ་ན་ཉིད་ཀྱི་དབང་ནི་བརྡ་ལ་བརྟེན་ནས་མིག་ལ་བསྐུར༔ དེ་ལྟར་ངོ་སྤྲད་པ་བཞིན་དུ་རང་སེམས་ རྒྱལ་བའི་དཀྱིལ་འཁོར་དུ༔ དེ་རིང་ནས་ངོ་ཤེས་པར་གྱིས༔ ཨོཾ་པྲ་ཏི་གྷྲི་ཎ་ས་མ་ཡ་ཧོ༔ ས་ཏྭ་མ་ཧཱ་པ་ལ་ཨཱོཾ༔ དཔའ་བོ་རྣལ་འབྱོར་ཆེན་པོ་ཁྱོད༔ མོ་ཡིན་ན༔ དཔའ་མོ་རྣལ་འབྱོར་ཆེན་མོ་ཁྱོད༔ དཀྱིལ་འཁོར་བཟང་པོ་འདི་ལ་ལྟོས༔ ད་ནི་དད་པ་རབ་ཏུ་བསྐྱེད༔ སྔགས་དང་ཕྱག་རྒྱས་བྱིན་གྱིས་ བརླབས༔ ཁྱོད་ནི་སངས་‚སངས་རྒྱས་སྲས་སུ་སྐྱེ༔ སངས་རྒྱས་སྲས་སུ་ད་གྱུར་ཏོ༔ དངོས་གྲུབ་ཐོབ་པས་དམ་ཚིག་བསྲུངས༔ གསང་སྔགས་འདི་ལ་བརྩོན་པར་

གྱིས༔ ཅེས་‚ཞེས་བརྗོད། མཎྜལ་ཕུལ༔ གསོལ་བ་གདབ་པ་ནི༔ བླ་མ་ཀུན་བཟང་ཧེ་རུ་ཀ༔ ཀུན་བྱེད་རྒྱལ་པོ་བདག་ལ་དགོངས༔ བདག་མིང་འདི་ཞེས་བགྱི་
[ 260 ]
བ་ལ༔ ཕྱི་ཡི་དབང་ཆེན་བསྐུར་དུ་གསོལ༔ ནང་གི་དབང་ཆེན་བསྐུར་དུ་གསོལ༔ གསང་བའི་དབང་ཆེན་བསྐུར་དུ་གསོལ༔ དེ་ཁོ་ན་ཉིད་ཀྱི་དབང་

བཞི་བསྐུར་དུ་གསོལ༔ ཞེས་ཞུ༔ དེ་ནས་བུམ་པ་ཐོག་ལ༔ ཁྱེད་རང་རྣམས་ཀྱི་སྤྱི་བོར་བུམ་པ་འདི་བྱོན་པ་ཙམ་གྱིས་ཞི་བ་བདེ་གཤེགས་རིགས་ཀྱི་ལྷ་ ཚོགས་ཐམས་ཅད་མི་བསྐྱོད་པ་ཐུགས་ཀྱི་ལྷ་ཚོགས་སུ་བྱོན་ནས་ རྣམ་པར་ཤེས་པའི་ཕུང་པོ་ལ་དབང་བསྐུར་བས༔ སྡིག་སྒྲིབ་ཐམས་ཅད་མར་ལ་དག༔ ཡེ་ཤེས་ཀྱི་བདུད་རྩི་ཡར་ལ་འཁྱིལ༔ དབང་རྟགས་སུ་མི་ བསྐྱོད་པ་ཡབ་ཡུམ་གྱིས་དབུ་བརྒྱན་པར་བསྒོམ༔ ཧཱུྃ་རྣམ་ཤེས་ཕུང་པོ་གནས་དག་པ༔ མེ་ལོང་ཡེ་ཤེས་ངོ་བོ་ཉིད༔ ཞེ་སྡང་མི་བསྐྱོད་རྡོ་རྗེ་ཡི༔

བུམ་པ་འདི་ཡི་དབང་ཐོབ་ཤོག༔ ཨཱོཾ་བྷོ་དྷི་ཙིཏྟ་མ་ཧཱ་སུ་ཁ་ཛྙཱ་ན་དྷརྟུ་ཨཱཿ བྷུདྡྷ་ཨ་བྷི་ཥཱིཉྩ་ཨཱོཾ༔ བཛྲ་ཨ་བྷི་ཥཱིཉྩ་ཧཱུྃ༔ རཏྣ་ཨ་བྷི་ཥཱིཉྩ་ཏྲཾ༔ པདྨ་
[ 261 ]
༄༅། །ཨ་བྷི་ཥཱིཉྩ་ཧྲིཿ ཀརྨ་ཨ་བྷི་ཥཱིཉྩ་ཨཱཿ ཅེས་‚ཞེས་པས་བུམ་པའི་དབང་ཐོབ༔ ལུས་ཀྱི་སྡིག་སྒྲིབ་དག༔ ལུས་ལྷ་བསྒོམ་པ་ལ་དབང་༔

སྤྲུལ་པ་‚པའི་སྐུའི་བག་ཆགས་རྒྱུད་ལ་བསྒྲིགས་པའོ༔ ཕྱོགས་བཅུའི་སངས་རྒྱས་ཐམས་ཅད་ཀྱི༔ ཐུགས་ཀྱི་གསང་བ་འདི་ཡིན་པས༔ སྨིན་ལམ་དབང་ གི་རིམ་པ་རྣམས༔ སྐལ་ལྡན་ཁྱོད་ལ་སྦྱིན་པར་བྱ༔ དེ་ནས་དབུ་རྒྱན་སྤྱི་ཕོར་‚བོར་བཞག་ལ༔ དབུ་རྒྱན་འདི་སྤྱི་བོར་བྱོན་པ་ཙམ་གྱིས་ཞི་བ་བདེ་ལེགས་རིགས་ ཀྱི་ལྷ་ཚོགས་ཐམས་ཅད་ཡོན་ཏན་རིན་ཆེན་འབྱུང་ལྡན་དུ་བྱོན་ནས༔ ཚོར་བའི་ཕུང་པོ་ལ་དབང་བསྐུར་བས༔ ཉོན་མོངས་པའི་སྡིག་པ་མར་ལ་དག༔ ཡེ་ཤེས་ཀྱི་བདུད་རྩི་ཡར་ལ་འཁྱིལ༔ དབང་རྟགས་སུ་རིན་ཆེན་འབྱུང་ལྡན་ཡབ་ཡུམ་གྱི་‚གྱིས་དབུ་བརྒྱན་པར་བསྒོམ༔ ཧཱུྃ་ང་རྒྱལ་རྣམ་དག་དབུ་རྒྱན་དབང་༔

དེ་རིང་ཁྱོད་ལ་སྦྱིན་པར་བྱ༔ རིག་ལྡན་རྒྱལ་བའི་ཆོས་རྣམས་ཀུན༔ འབྲས་བུའི་ཆོས་སུ་རྟོགས་པར་ཤོག༔ རཏྣ་ཨ་བྷི་ཥིཉྩ་ཏྲཾ༔ དེས་ངག་གི་
[ 262 ]
སྒྲིབ་པ་དག༔ ལོངས་རྫོགས་སྐུའི་བག་ཆགས་རྒྱུད་ལ་བསྒྲིགས་པ་ཡིན༔ དེ་ནས་རྡོ་རྗེ་སྤྱི་བོར་བཞག་ལ༔ རྡོ་རྗེ་འདི་སྤྱི་བོར་བྱོན་པ་ཙམ་གྱིས༔

ཞི་བ་འདེ་གཤེགས་རིགས་ཀྱི་ལྷ་ཚོགས་ཐམས་ཅད་གསུང་སྣང་བ་མཐའ་ཡས་ཀྱི་ལྷ་ཚོགས་སུ་བྱོན་ནས་འདུ་ཤེས་ཀྱི་ཕུང་པོ་ལ་དབང་བསྐུར་བས༔ ཉོན་ མོང་མོངས་‚མོངས་པའི་སྒྲིབ་པ་མར་ལ་དག༔ ཡེ་ཤེས་ཀྱི་བདུད་རྩི་ཡར་ལ་འཁྱིལ༔ དབང་རྟགས་སུ་སྣང་བ་མཐའ་ཡས་ཡབ་ཡུམ་གྱི་‚གྱིས་དབུ་རྒྱན་པར་བསྒོམ༔ ཧཱུྃ་འདོད་ཆགས་རྣམ་དག་རྡོ་རྗེའི་དབང་༔ དེ་རིང་ཁྱོད་ལ་སྦྱིན་པར་བྱ༔ རིགས་ལྡན་རྒྱལ་བའི་ཆོས་རྣམས་ཀུན༔ དོན་གྱི་གནས་ལུགས་རྟོགས་པར་ཤོག༔ ཨོཾ་པདྨ་ཨ་བྷི་ཥིཉྩ་ཧྲཱིཿ ཅེས་‚ཞེས་པས་སེམས་ཀྱི་དྲི་མ་དག༔ སེམས་གསལ་སྟོང་བསྒོམ་པ་‚པའི་དབང་༔ ཆོས་སྐུའི་བག་ཆགས་རྒྱུད་ལ་བསྒྲིགས་པ་ཡིན༔ དེ་

ནས་དྲིལ་བུ་སྤྱི་བོར་བཞག་ལ༔ དྲིལ་བུ་འདི་སྤྱི་བོར་བྱོན་པ་ཙམ་གྱིས་ཞི་བ་བདེ་གཤེགས་རིགས་ཀྱི་ལྷ་ཚོགས་ཐམས་ཅད་ཕྲིན་ལས་དོན་ཡོད་གྲུབ་པའི་
[ 263 ]
༄༅། །ལྷ་ཚོགས་སུ་བྱོན་ནས༔ འདུ་ཤེས་ཀྱི་ཕུང་པོ་ལ་དབང་བསྐུར༔ ཉོན་མོངས་པའི་སྒྲིབ་པ་མར་ལ་དག༔ ཡེ་ཤེས་ཀྱི་བདུད་

རྩི་ཡར་ལ་འཁྱིལ༔ དབང་རྟགས་སུ་དོན་ཡོད་གྲུབ་པ་‚པའི་ཡབ་ཡུམ་གྱིས་དབུ་བརྒྱན་པར་བསྒོམ༔ ཧཱུྃ་རྣམ་ཤེས་དག་བྱེད་རྒྱལ་པོའི་དོན༔ རིགས་མཆོག་ ཕྱག་མཚན་དབང་བསྐུར་བས༔ སྟོང་ཉིད་རང་གྲོལ་རྟོགས་པར་ཤོག༔ ཀརྨ་ཨ་བྷི་ཥིཉྩ་ཨཱཿ ཅེས་‚ཞེས་པས་ལུས་ངག་ཡིད་གསུམ་གྱི་སྒྲིབ་པ་དག༔ ངོ་བོ་ཉིད་ སྐུའི་བག་ཆགས་རྒྱུད་ལ་བསྒྲིགས་པའོ༔ དེ་ནས་སྣ་ཚོགས་རྡོ་རྗེ་སྤྱི་བོར་བཞག་སྟེ༔ སྣ་ཚོགས་རྡོ་རྗེ་འདི་སྤྱི་བོར་བྱོན་པ་ཙམ་གྱིས་ཞི་བ་བདེ་གཤེགས་རིགས་ཀྱི་ལྷ་ཚོགས་ ཐམས་ཅད་སྐུ་རྣམ་པར་སྣང་མཛད་ཀྱི་ལྷ་ཚོགས་སུ་བྱོན་ནས༔ གཟུགས་ཀྱི་ཕུང་པོ་ལ་དབང་བསྐུར་བས༔ ཉོན་མོངས་པའི་སྡིག་པ་མར་ལ་དག༔ ཡེ་ཤེས་

ཀྱི་བདུད་རྩི་ཡར་ལ་འཁྱིལ༔ དབང་རྟགས་སུ་རྣམ་པར་སྣང་མཛད་ཡབ་ཡུམ་གྱིས་དབུ་བརྒྱན་པར་བསྒོམ༔ ཧཱུྃ་ཀུན་མཁྱེན་རྒྱལ་བ་རིགས་ལྔའི་
[ 264 ]
དབང་༔ རྒྱལ་སྲས་རྣམས་ཀྱི་‚ཀྱིས་བསྐུར་བ་ལྟར༔ དེ་རིང་སྐལ་ལྡན་ཁྱོད་ལ་བསྐུར༔ བྷུདྡྷ་ཀ་ཡ་ཨ་བྷི་ཥཱིཉྩ་ཨཱོཾ༔ ཨོཾ་བཛྲ་ཏནྟྲ་ཨུ་པ་ཡ་ཧཱུྃ་

ཕཊ༔ དེས་དབང་ཐོབ་ནས་རིགས་ལྔའི་རྗེས་གནང་གི་དབང་ཐོབ༔ སྣང་བ་ཐམས་ཅད་སངས་རྒྱས་ཀྱི་ཞིང་ཁམས་བསྒོམ་པ་དང་༔ གཟུགས་ སྣང་ཐམས་ཅད་ལྷ་དང་ལྷ་མོར་བསྒོམ་པ་ལ་དབང་བ་ཡིན༔ སྒྲ་ཐམས་ཅད་གྲགས་སྟོང་སྒྱུ་མར་བསྒོམས་‚བསྒོམ་པ་དང་༔ སེམས་ཀྱི་དྲན་རྟོག་ཐམས་ ཅད་ཆོས་ཉིད་དུ་བསྒོམ་པ་ལ་དབང་བའོ༔ ༒ དེ་ནས་ལྷ་དབང་ཆེན་མོ་བསྐུར་བ་ནི༔ ད་ལྟའི་ལུས་འདི་ནི་རྫ་ཤིང་ལྟ་བུ་ ཡིན་པས༔ དབང་རྟེན་མི་རུང་བས༔ ཁྱེད་རང་རྣམས་རྡོ་རྗེ་སེམས་དཔའ་རེ་རེ་བསྒོམ་པའི་སྤྱི་བོར་སངས་རྒྱས་བཞི་བཅུ་རྩ་གཉིས་བྱོན་ནས་དབང་

བསྐུར་བའི་དམིགས་པ་མཛོད༔ ཧཱུྃ་རྣམ་ཤེས་ནམ་མཁའི་ངོ་བོ་ཉིད༔ སེམས་ཕྱིར་མཚན་ཉིད་མ་སྐྱེས་པས༔ རྣམ་སྣང་ཡུབ་ཡུམ་རང་བཞིན་
[ 265 ]
༄༅། །ལས༔ ཏིང་འཛིན་སྐུ་རུ་དབང་བསྐུར་བས༔ དངོས་གྲུབ་ལས་རྣམས་ཀུན་བྱེད་ཤོག༔ ཨཱོྃ་ཛི་ན་ཛིཀ༔ ལཱཾ་ཏེ་ཤྭ་ར་

ཏེ་ཨ་བྷི་ཥཱིཉྩ་ཧཱུྃ༔ ཧཱུྃ་གཟུགས་ཀྱི་ཕུང་པོའི་ངོ་བོ་ཉིད༔ སེམས་ཕྱིར་མཚན་ཉིད་མ་སྐྱེས་པས༔ མི་བསྐྱོད་ཡབ་ཡུམ་རང་བཞིན་ལས༔ ཏིང་ འཛིན་ཐུགས་སུ་དབང་བསྐུར་བས༔ དངོས་གྲུབ་ལས་རྣམས་བྱེད་པར་ཤོག༔ ཧཱུྃ་བཛྲ་དྷྲིག༔ མཱུཾ་དྷ་དུ་ཤྭ་རི་སྟཱཾ༔ ཨ་བྷི་ཥཱིཉྩ་ཧཱུྃ༔ ཧཱུྃ་ཚོར་བ་ཆུ་ཡི་ངོ་ བོ་ཉིད༔ སེམས་ཕྱིར་མཚན་ཉིད་མ་སྐྱེས་པས༔ རིན་འབྱུང་ཡབ་ཡུམ་རང་བཞིན་ལས༔ ཏིང་འཛིན་ཡོན་ཏན་དབང་བསྐུར་བས༔ དངོས་གྲུབ་ལས་ རྣམས་ཀུན་བྱེད་ཤོག༔ སྭཱ་རཏྣ་དྷྲིག༔ མཱཾ་མོ་ཧཱ་ར་ཏི་སྟཾ༔ ཨ་བྷི་ཥཱིཉྩ་ཧཱུྃ༔ ཧཱུྃ་འདུ་ཤེས་མེ་ཡི་ངོ་བོ་ཉིད༔ སེམས་ཕྱིར་མཚན་ཉིད་མ་སྐྱེས་པས༔

སྣང་མཐའ་ཡབ་ཡུམ་རང་བཞིན་ལས༔ ཏིང་འཛིན་གསུང་དུ་དབང་བསྐུར་བས༔ དངོས་གྲུབ་ལས་རྣམས་མངོན་བྱེད་ཤོག༔ ཨཾ་ཨ་རོ་ལཱིཀ༔
[ 266 ]
པྱཱཾ་རཱ་ག་ར་ཏི་སྟྭཾ༔ ཨ་བྷི་ཥཱིཉྩ་ཧཱུྃ༔ ཧཱུྃ་འདུ་བྱེད་རླུང་གི་ངོ་བོ་ཉིད༔ སེམས་ཕྱིར་མཚན་ཉིད་མ་སྐྱེས་པས༔ དོན་གྲུབ་ཡབ་ཡུམ་རང་བཞིན་ལས༔

ཏིང་འཛིན་ཕྲིན་ལས་དབང་བསྐུར་བས༔ དངོས་གྲུབ་ལས་རྣམས་མྱུར་བྱེད་ཤོག༔ ཧ་བཛྲ་དྷྲིག‚དྷྲིཀ༔ ཏཱཾ་བཛྲ་ར་ཏི་སྟྭཾ༔ ཨ་བྷི་ཥཱིཉྩ་ཧཱུྃ༔ ཧཱུྃ་མིང་ གཟུགས་སེམས་ཕྱིར་མ་སྐྱེས་པས༔ ས་སྙིང་ཡབ་ཡུམ་རང་བཞིན་ལས༔ ཏིང་འཛིན་སེམས་དཔས་‚དཔའི་དབང་བསྐུར་རོ‚བས༔ སྤྱོད་ཡུལ་ཡོངས་སུ་དག་ བྱེད་ཤོག༔ ཀྵེ་ཧི་ར་ཙ་ཡ་ཧཱུྃ༔ ལཱ་སྱ་ས་མ་མ་‚མ་ཡ་སྟྭཾ༔ ཨ་བྷི་ཥཱིཉྩ་ཧཱུྃ༔ ཧཱུྃ་རྣ་དབང་སེམས་ཕྱིར་མ་སྐྱེས་པ༔ ཕྱག་རྡོར་ཡབ་ཡུམ་རང་བཞིན་ ལས༔ ཏིང་འཛིན་སེམས་དཔས་‚དཔའི་དབང་བསྐུར་རོ‚བས༔ སྤྱོད་ཡུལ་ཡོངས་སུ་དག་བྱེད་ཤོག༔ ཛྲི་ཀུ་རུ་པཱ་ཎི་ཧྲཱི༔ ཨ་ནི་རྟི་རཱ་ག་ཡ་མི་སྟྭཾ༔ ༔

ཨ་བྷི་ཥཱིཉྩ་ཧཱུྃ༔ ཧཱུྃ་སྣ་དྲི་སེམས་ཕྱིར་མ་སྐྱེས་པས༔ ནམ་སྙིང་ཡབ་ཡུམ་རང་བཞིན་ལས༔ ཏིང་འཛིན་སེམས་དཔས་‚དཔའི་དབང་བསྐུར་རོ‚བས༔ སྤྱོད་ཡུལ་
[ 267 ]
༄༅། །ཡུལ་ཡོངས་སུ་དག་བྱེད་ཤོག༔ ཏྲཾ་ཨ་གྷར་པ་ཡ་༝ ཏྲཾ་མ་ལེ་ས་མ་ཡ་སྟྭཾ༔ ཨ་བྷི་ཥཱིཉྩ་ཧཱུྃ༔ ཧཱུྃ་ལྕེ་རོའི་སེམས་ཕྱིར་མ་སྐྱེས་

པས༔ སྤྱན་གཟིགས་ཡབ་ཡུམ་རང་བཞིན་ལས༔ ཏིང་འཛིན་སེམས་དཔས་‚དཔའི་དབང་བསྐུར་རོ‚བས༔ སྤྱོད་ཡུལ་ཡོངས་སུ་དག་བྱེད་ཤོག༔ ཧྲཱིཿཧ་ཧཱུྃ་ པདྨ་ས་ཏྭ་ཨཱཿ ཧྲཱིཿགྷིརྟི་ར་ཧཾ་ཨ་བྷི་ཥཱིཉྩ་ཧཱུྃ༔ ཧཱུྃ་མིག་དབང་འདས་པ་མ་སྐྱེས་པས༔ བྱམས་པ་ཡབ་ཡུམ་རང་བཞིན་ལས༔ ཏིང་འཛིན་སེམས་ དཔས་‚དཔའི་དབང་བསྐུར་རོ‚བས༔ སྤྱོད་ཡུལ་ཡོངས་སུ་དག་བྱེད་ཤོག༔ ཨཱོཾ་བྷེ་ག་ར་ན་པ་རཾ་པ་ཡ་སྭཱ་ཧཱ༔ ཨོཾ་པུཥྤེ་ཨ་བྷི་ཥཱིཉྩ་ཧཱུྃ༔ ཧཱུྃ་རྣ་དབང་ད་ལྟ་མ་སྐྱེས་ པས༔ སྒྲིབ་སེལ་ཡབ་ཡུམ་རང་བཞིན་ལས༔ ཏིང་འཛིན་སེམས་དཔས་‚དཔའི་དབང་བསྐུར་རོ‚བས༔ སྤྱོད་ཡུལ་ཡོངས་སུ་དག་བྱེད་ཤོག༔ མཻ་ད་ར་ས་ཧ་ཛཿ

དྷུབྤེ་པྲ་ཝེ་ཤ་ཡ་ཕཊཿ ཨ་བྷི་ཥཱིཉྩ་ཧཱུྃ༔ ཧཱུྃ་ལྕེ་དབང་མ་འོངས་མ་སྐྱེས་པས༔ ཀུན་བཟང་ཡབ་ཡུམ་རང་བཞིན་ལས༔ ཏིང་འཛིན་སེམས་དཔས་‚དཔའི་དབང་
[ 268 ]
བསྐུར་རོ‚བས༔ སྤྱོད་ཡུལ་ཡོངས་སུ་དག་བྱེད་ཤོག༔ ཧཱུྃ་ས་ར་ཛ་ཡ་སྭཱ་ཧཱ༔ བཾ་དྷི་པཾ་སུ་ཀ་ནི་ཨ་བྷི་ཥཱིཉྩ་ཧཱུྃ༔ ཧཱུྃ་སྣ་དབང་མ་ངེས་མ་སྐྱེས་པས༔ འཇམ་

དཔལ་ཡབ་ཡུམ་རང་བཞིན་ལས༔ ཏིང་འཛིན་སེམས་དཔས་‚དཔའི་དབང་བསྐུར་རོ‚བས༔ སྤྱོད་ཡུལ་ཡོངས་སུ་དག་བྱེད་ཤོག༔ མཱུཾ་ཤྲཱི་ཏྲཾ་ཨ་གྷརྦྷ་ཡ་སྭཱ་ ཧཱ༔ ཧོ་གྷེནླྷེ་ཙིཏྟ་ཨ་བྷི་ཥཱིཉྩ་ཧཱུྃ༔ ཧཱུྃ་ཡིད་ཆོས་‚ཆེས་རང་བཞིན་མ་སྐྱེས་པས༔ ཀུན་བཟང་ཡབ་ཡུམ་རང་བཞིན་ལས༔ ཏིང་འཛིན་སེམས་དཔས་‚དཔའི་དབང་ བསྐུར་བས༔ སྤྱོད་ཡུལ་ཡོངས་སུ་དག་བྱེད་ཤོག༔ ཧཱུྃ་ཧཱུྃ་ཧཱུྃ༔ བཛྲ་ཙིཏྟ་ཨཱཿ ཨ་བྷི་ཥཱིཉྩ་ཧཱུྃ༔ ཨཱ་ཨཱ་ཨཱཿ བཛྲ་བྷ་ཏྲ་ས་མནྟ་ཨཱཿ ཨ་བྷི་ ཥཱིཉྩ་ཧཱུྃ༔ ༒ ཧཱུྃ་ང་རྒྱལ་སེམས་ཕྱིར་མ་སྐྱེས་པ༔ བརྒྱ་བྱིན་དབང་པོའི་རང་བཞིན་ལས༔ ཏིང་འཛིན་ཐུབ་པས་‚པའི་དབང་བསྐུར་བས༔

འགྲོ་བ་ལྷ་རྣམས་འདུལ་བྱེད་ཤོག༔ ཨོཾ་མུ་ནི་ཏྲཾ་སྭཱ་ཧཱ༔ ཨ་བྷི་ཥཱིཉྩ་ཧཱུྃ༔ ཧཱུྃ་ཕྲག་དོག་སེམས་ཕྱིར་མ་སྐྱེས་པས༔ ཐག་ཟང་‚ཐགས་བཟང་རིས་ཀྱི་རང་བཞིན་
[ 269 ]
༄༅། །ལས༔ ཏིང་འཛིན་ཐུབ་པས་‚པའི་དབང་བསྐུར་བས༔ འགྲོ་བ་ལྷ་མིན་འདུལ་བྱེད་ཤོག༔ ཨཱོྃ་མུ་ནེ་ཏྲུཾ་སྭཱ་ཧཱ༔ ཨ་བྷི་

ཥིཉྩ་ཧཱུྃ༔ ཧཱུྃ་འདོད་ཆགས་སེམས་ཕྱིར་མ་སྐྱེས་པས༔ ཤཱཀྱ་ཐུབ་པའི་རང་བཞིན་ལས༔ ཏིང་འཛིན་ཐུབ་པས་‚པའི་དབང་བསྐུར་བས༔ འགྲོ་བ་མི་རྣམས་ འདུལ་བྱེད་ཤོག༔ ཨོཾ་མུ་ནེ་བྲུཾ་སྭཱ་ཧཱ༔ ཨ་བྷི་ཥཱིཉྩ་ཧཱུྃ༔ ཧཱུྃ་གཏི་མུག་སེམས་ཕྱིར་མ་སྐྱེས་པས༔ སེང་གེ་རབ་བརྟེན་‚བརྟན་རང་བཞིན་ལས༔ ཏིང་ འཛིན་ཐུབ་པས་‚པའི་དབང་བསྐུར་བས༔ འགྲོ་བ་བྱོལ་སོང་འདུལ་བྱེད་ཤོག༔ ཨཱོཾ་ཨུ་ནེ་པྲཾ་སྭཱ་ཧཱ༔ ཨ་བྷི་ཥཱིཉྩ་ཧཱུྃ༔ ཧཱུྃ་སེར་སྣ་སེམས་ཕྱིར་མ་སྐྱེས་པས༔ ཁ་འབར་མ་ཡི་རང་བཞིན་ལས༔ ཏིང་འཛིན་ཐུབ་པས་‚པའི་དབང་བསྐུར་བས༔ འགྲོ་བ་ཡི་དྭགས་འདུལ་བྱེད་ཤོག༔ ཨཱོཾ་མུ་ནེ་ཀྵཾ་སྭཱ་ཧཱ༔ ཨ་བྷི་ཥཱིཉྩ་

ཧཱུྃ༔ ཧཱུྃ་ཞེ་སྡང་སེམས་ཕྱིར་མ་སྐྱེས་པས༔ གཤིན་རྗེ་ཆོས་རྒྱལ་རང་བཞིན་ལས༔ ཏིང་འཛིན་ཐུབ་པས་‚པའི་དབང་བསྐུར་བས༔ འགྲོ་བ་དམྱལ་བ་འདུལ་
[ 270 ]
བྱེད་ཤོག༔ ཨཱོཾ་མུ་ནེ་ཡེ་སྭཱ་ཧཱ༔ ཨ་བྷི་ཥཱིཉྩ་ཧཱུྃ༔ ཧཱུྃ་རེག་ཤེས་རྟག་པ་མ་སྐྱེས་པས༔ གཤིན་རྗེ་ཡབ་ཡུམ་རང་བཞིན་ལས༔ ཏིང་འཛིན་འཇམ་

དཔལ་དབང་བསྐུར་བས༔ གདུལ་བྱ་མ་ལུས་མཐར་བྱེད་ཤོག༔ ཨཱོཾ་ཡ་མན་ཏ་ཀྲིད་ཕཊ༔ ཨོཾ་བཛྲ་པདྨ་མ་ཧཱ་ཀྲོ་ཏི་ཛྭ་ལ་ནི་ཧཱུྃ་ཕཊཿ ཨ་བྷི་ཥཱིཉྩ་ ཧཱུྃ༔ ཧཱུྃ་རེག་དབང་ཆད་པ་མ་སྐྱེས་པས༔ སྟོབས་ཆེན་ཡབ་ཡུམ་རང་བཞིན་ལས༔ ཏིང་འཛིན་ཕྱག་རྒྱའི་དབང་བསྐུར་བས༔ མ་ལུས་ལས་ཀུན་བྱེད་ པར་ཤོག༔ ཨོཾ་བྷིག་ནན་ཏ་ཀྲིད་ཕཊཿ ཨཱོཾ་རཏྣ་མ་ཧཱ་ཀྲོ་ཏི་ཤྭ་རི་ཛྭ་ལ་ནི་ཧཱུྃ་ཕཊཿ ཨ་བྷི་ཥཱིཉྩ་ཧཱུྃ༔ རེག་ཡུལ་བདག་འཛིན་མ་སྐྱེས་པས༔ རྟ་མགྲིན་ ཡབ་ཡུམ་རང་བཞིན་ལས༔ ཏིང་འཛིན་སེམས་དཔས་‚དཔའི་དབང་བསྐུར་བས༔ གདུལ་བྱ་མ་ལུས་མཐར་བྱེད་ཤོག༔ ཨཱོཾ་པདྨ་ཏ་ཀྲིད་ཕཊ༔ ཨཱོཾ་པདྨ་

ད་ར་མ་ཧཱ་ཀྲོ་ཏི་ཤྭ་རི་ཛ་ལ་ནི་ཧཱུྃ་ཕཊ༔ ཨ་བྷི་ཥཱིཉྩ་ཧཱུྃ༔ རེག་པ་མཚན་ཉིད་མ་སྐྱེས་པས༔ བདུད་རྩི་ཡབ་ཡུམ་རང་བཞིན་ལས༔ ཏིང་འཛིན་ཕྱག་
[ 271 ]
༄༅། །རྒྱའི་དབང་བསྐུར་བས༔ གདུལ་བྱ་མ་ལུས་མཐར་བྱེད་ཤོག༔ ཨོཾ་པྲཛྙཱ་ཏ་ཀྲིཏ་ཧཱུྃ་ཕཊ༔ ཨཱོཾ་ཀརྨ་མ་ཧཱ་ཀྲོ་ཏི་ཤྭ་རི་

ཛྭ་ལ་ནི་ཨ་བྷི་ཥཱིཉྩ་ཧཱུྃ༔ སྐལ་ལྡན་གྱི་སྐྱེས་བུ་ཁྱོད་ལ་ཞི་བ་བཞི་བཅུ་རྩ་གཉིས་ཀྱི་དབང་བསྐུར་བས༔ ལུས་ངག་ཡིད་གསུམ་སྨིན་ཅིང་གྲོལ་བའི་ དབང་མཆོག་དམ་པ་ཐོབ་པར་གྱུར་ཅིག༔ ཡང་རང་དམ་ཚིག་ཧེ་རུ་ཀ་ཅིག་‚ཞིག་ཏུ་བསྒོམ་ལ༔ དེའི་སྤྱི་བོར་ཁྲག་འཐུང་ལྔ་བཅུ་རྩ་བརྒྱད་བྱོན་ནས་དབང་བསྐུར་ བའི་མོས་པ་མཛོད་ཅིག༔ ཨེ་མ་ཧོཿ ང་ནི་རང་བྱུང་བའི་ཧེ་རུ་ཀ༔ དཔལ་ཆེན་ཁྲོ་རྒྱལ་རྡོ་རྗེའི་སྐུའི‚སྐུ༔ ཡེ་ཤེས་འབར་བའི་རྡོ་རྗེ་འདི༔ ང་ཡིས་ཁྱོད་ཀྱིས་‚ཀྱི་ལག་ཏུ་སྦྱིན༔ རྡོ་རྗེ་འདི་ནི་ཁྱོད་ཀྱིས་ལོང་༔ ཨོཾ་བཛྲ་མ་ཧཱ་ཤྲཱི་ཧེ་རུ་ཀ་ཧཱུྃ་ཕཊཿ བཛྲ་མ་ཧཱ་ཀྲོ་ཏི་ཤྭ་རི་སྟཾ‚སྟྭཾ༔ ཨ་བྷི་

ཥཱིཉྩ་ཧཱུྃ༔ ཨེ་མ་ཧོཿ ང་ནི་རང་བྱུའི‚བྱུང་བའི་ཧེ་རུ་ཀ༔ དཔལ་ཆེན་ཁྲོ་རྒྱལ་སངས་རྒྱས་སྐུ༔ ཡེ་ཤེས་འབར་བའི་འཁོར་ལོ་འདི༔ ང་ཡིས་ཁྱོད་ཀྱིས་‚ཀྱི་
[ 272 ]
ལག་ཏུ་སྦྱིན༔ འཁོར་ལོ་འདི་ནི་ཁྱོད་ཀྱིས་ལོང་༔ ཨཱོཾ་བུདྡྷ་མ་ཧཱ་ཤྲཱི་ཧེ་རུ་ཀ་ཧཱུྃ་ཕཊཿ བྷུདྡྷ་ཀྲོ་ཏི་ཤྭ་རི་སྟྭཾ༔ ཨ་བྷི་ཥཱིཉྩ་ཧཱུྃ༔ ཨེ་མ་ཧོཿ

ང་ནི་རང་བྱུང་བའི་ཧེ་རུ་ཀ༔ དཔལ་ཆེན་ཁྲོ་རྒྱལ་རིན་ཆེན་སྐུ༔ ཡེ་ཤེས་འབར་བའི་རིན་ཆེན་འདི༔ ང་ཡིས་ཁྱོད་ཀྱི་ལག་ཏུ་སྦྱིན༔ རིན་ཆེན་ འདི་ནི་ཁྱོད་ཀྱིས་ལོང་༔ ཨཱོཾ་རཏྣ་མ་ཧཱ་ཤྲཱི་ཧེ་རུ་ཀ་ཧཱུྃ་ཕཊཿ རཏྣ་ཀྲོ་ཏི་ཤྭ་རི་སྟཱཾ༔ ཨ་བྷི་ཥཱིཉྩ་ཧཱུྃ༔ ཨེ་མ་ཧོཿ ང་ནི་རང་བྱུང་བའི་ཧེ་རུ་ཀ༔ དཔལ་ཆེན་ཁྲོ་རྒྱལ་པདྨའི་སྐུ༔ ཡེ་ཤེས་འབར་བའི་པདྨ་འདི༔ ང་ཡིས་ཁྱོད་ཀྱིས་‚ཀྱི་ལག་ཏུ་སྦྱིན༔ པདྨ་འདི་ནི་ཁྱོད་ཀྱིས་ལོང་༔ ཨོཾ་པདྨ་ཀྲོ་ཏ་ མ་ཧཱ་ཤྲཱི་ཧེ་རུ་ཀ་ཧཱུྃ་ཕཊཿ པདྨ་ཀྲོ་ཏི་ཤྭ་རི་སྟྭཾ༔ ཨ་བྷི་ཥཱིཉྩ་ཧཱུྃ༔ ཨེ་མ་ཧོཿ ང་ནི་རང་བྱུང་བའི་ཧེ་རུ་ཀ༔ དཔལ་ཆེན་ཁྲོ་རྒྱལ་ཀརྨའི་སྐུ༔ ཡེ་ཤེས་

འབར་བའི་རལ་གྲི་འདི༔ ང་ཡིས་ཁྱོད་ཀྱི་ལག་ཏུ་སྦྱིན༔ རལ་གྲི་འདི་ནི་ཁྱོད་ཀྱིས་ལོང་༔ ཨཱོཾ་ཀརྨ་མ་ཧཱ་ཤྲཱི་ཧེ་རུ་ཀ་ཧཱུྃ་ཕཊཿ ཀརྨ་ཀྲོ་ཏི་ཤྭ་རི་སྟྭཾ༔ ཨ་
[ 273 ]
༄༅། །བྷི་ཥཱིཉྩ་ཧཱུྃ༔ ཨེ་མ་ཧོཿ ང་ནི་རང་བྱུང་བའི་ཧེ་རུ་ཀ༔ ཁྲག་འཐུང་ཀུན་གྱི་ཞིང་དབྱུག་དབང་༔ དེ་རིང་ཁྱོད་ལ་སྦྱིན་པར་བྱ༔

སྲིད་གསུམ་མ་ལུས་འཇོམས་པའི་ཕྱིར༔ རྡོ་རྗེ་ཞིང་དབྱུག་ཁྱོད་ཀྱིས་ལོང་༔ ཨཱོཾ་བཛྲ་ཀོའུ་རི་ཧ༔ ཨ་བྷི་ཥཱིཉྩ་ཧཱུྃ༔ ཨེ་མ་ཧོཿ ང་ནི་རང་ བྱུང་བའི་ཧེ་རུ་ཀ༔ ཡེ་ཤེས་ཁྲག་འཐུང་མདའ་གཞུའི་དབང་༔ དེ་རིང་ཁྱོད་ལ་སྦྱིན་པར་བྱ༔ ཆགས་པ་ཐུགས་རྗེས་དོན་མཛད་ཕྱིར༔ རྡོ་རྗེ་མདའ་གཞུ་ ཁྱོད་ཀྱིས་ལོང་༔ ཨོཾ་བཛྲ་ཙིའུ་རི་ཧཿ ཨ་བྷི་ཥཱིཉྩ་ཧཱུྃ༔ ཨེ་མ་ཧོཿ ང་ནི་རང་བྱུང་བའི་ཧེ་རུ་ཀ༔ ཁྲག་འཐུང་ཀུན་གྱི་རྒྱལ་མཚན་དབང་༔ དེ་རིང་ ཁྱོད་ལ་སྦྱིན་པར་བྱ༔ ཁམས་གསུམ་ཀུན་ལས་རྒྱལ་བའི་ཕྱིར༔ རྡོ་རྗེ་རྒྱལ་མཚན་ཁྱོད་ཀྱིས་ལོང་༔ ཨཱོཾ་བཛྲ་པྲ་མོ་ཧཿ ཨ་བྷི་ཥཱིཉྩ་ཧཱུྃ༔ ཨེ་མ་ཧོཿ

ང་ནི་རང་བྱུང་བའི་ཧེ་རུ་ཀ༔ ཡེ་ཤེས་ཁྲག་འཐུང་རྡོ་རྗེའི་དབང་༔ དེ་རིང་ཁྱོད་ལ་སྦྱིན་པར་བྱ༔ ༔ རྣམ་རྟོག་རྡུལ་དུ་བརླག་པའི་ཕྱིར༔ རྡོ་རྗེ་འདི་ནི་ཁྱོད་
[ 274 ]
ཀྱིས་ལོང་༔ ཨཱོཾ་བཛྲ་བཻཏྟ་ལཱི་ཧཱཿ ཨ་བྷི་ཥཱིཉྩ་ཧཱུྃ༔ ཨེ་མ་(ཧཱོ‚ཧོ༽ཿ ང་ནི་རང་བྱུང་བའི་ཧེ་རུ་ཀ༔ ཁྲག་འཐུང་ཀུན་གྱི་རྒྱུ་ཞགས་དབང་༔ དེ་རིང་ཁྱོད་

ལ་སྦྱིན་པར་བྱ༔ བདེ་ཆེན་དབྱིངས་སུ་དྲང་བའི་ཕྱིར༔ རྡོ་རྗེ་རྒྱུ་ཞགས་ཁྱོད་ཀྱིས་ལོང་༔ ཨཱོཾ་བཛྲ་པུཀྐ་སཱི་ཧཱ༔ ཨ་བྷི་ཥཱིཉྩ་ཧཱུྃ༔ ཨེ་མ་ཧོཿ ང་ནི་ རང་བྱུང་བའི་ཧེ་རུ་ཀ༔ ཁྲག་འཐུང་ཀུན་གྱི་དུང་ཁྲག་དབང་༔ དེ་རིང་ཁྱོད་ལ་སྦྱིན་པར་བྱ༔ སྣོད་བཅུད་མ་ལུས་གསལ་མཛད་ཕྱིར༔ རྡོ་རྗེ་དུང་ཁྲག་ ཁྱེད་ཀྱིས་ལོང་༔ ཨཱོཾ་བཛྲ་ཀ་སྨ་རི་ཧཱཿ ཨ་བྷི་ཥཱིཉྩ་ཧཱུྃ༔ ཨེ་མ་ཧོཿ ང་ནི་རང་བྱུང་བའི་ཧེ་རུ་ཀ༔ ཁྲག་འཐུང་ཀུན་གྱི་སྙིང་ཟའི་དབང་༔ དེ་རིང་ ཁྱོད་ལ་སྦྱིན་པར་བྱ༔ འགྲོ་བ་མ་ལུས་བསྒྲལ་བའི་ཕྱིར༔ རྡོ་རྗེ་སྙིང་ཟ་ཁྱོད་ཀྱིས་ལོང་༔ ཨོཾ་བཛྲ་སྨེ་ཤ་ནི་ཧཱ༔ ཨ་བྷི་ཥཱིཉྩ་ཧཱུྃ༔ ཨེ་མ་ཧོཿ ང་ནི་

རང་བྱུང་བའི་ཧེ་རུ་ཀ༔ ཁྲག་འཐུང་ཀུན་གྱི་མགོ་ལུས་དབང་༔ དེ་རིང་ཁྱོད་ལ་སྦྱིན་པར་བྱ༔ སེམས་ཅན་མ་ལུས་བསྡམ་པའི་ཕྱིར༔ རྡོ་རྗེ་མགོ་ལུས་
[ 275 ]
༄༅། །ཁྱོད་ཀྱིས་ལོང་༔ ཨོཾ་བཛྲ་ཙཎྜ་ལཱི་ཧ༔ ཨ་བྷི་ཥིཉྩ་‚ཥཱིཉྩ་ཧཱུྃ༔ ཨེ་མ་ཧོཿ ང་ནི་རང་བྱུང་བའི་ཧེ་རུ་ཀ༔ ཁྲག་འཐུང་ཀུན་གྱི་སེང་

གདོང་དབང་༔ དེ་རིང་ཁྱོད་ལ་སྦྱིན་པར་བྱ༔ རྩལ་གྱི་‚གྱིས་ཐམས་ཅད་གནོན་པའི་ཕྱིར༔ སེང་གདོང་དབང་འདི་ཁྱོད་ཀྱིས་ལོང་༔ ཨོཾ་བཛྲ་སདྷི་མུ་ཁ་ཧེཿ ཨ་བྷི་ཥཱིཉྩ་ཧཱུྃ༔ ཨེ་མ་ཧོཿ ང་ནི་རང་བྱུང་བའི་ཧེ་རུ་ཀ༔ ཁྲག་འཐུང་ཀུན་གྱི་སྟག་གདོང་དབང་༔ དེ་རིང་ཁྱོད་ལ་སྦྱིན་པར་བྱ༔ དཔའ་གཏུམ་དབྱིངས་ ལ་ཟ་བའི་ཕྱེར༔ སྟག་གདོང་དབང་འདི་ཁྱོད་ཀྱིས་ལོང་༔ ཨོཾ་བཛྲ་བྱ་ཀྲི་མུ་ཁ་ཧེ༔ ཨ་བྷི་ཥཱིཉྩ་ཧཱུྃ༔ ཨེ་མ་ཧོཿ ང་ནི་རང་བྱུང་བའི་ཧེ་རུ་ཀ༔ ཁྲག་འཐུང་ཀུན་གྱི་ཝ་གདོང་དབང་༔ དེ་ཕྱིར་‚རིང་ཁྱོད་ལ་སྦྱིན་པར་བྱ༔ སྒྲིབ་བྱེད་ཐམས་ཅད་ཐོབ་བྱའི་ཕྱིར་༔ ཝ་གདོང་དབང་འདི་ཁྱོད་ཀྱི་‚ཀྱིས་ལོང་༔ ཨོཾ་

བཛྲ་སྲི་ལ་མུ་ཁ་ཧེ༔ ཨ་བྷི་ཥཱིཉྩ་ཧཱུྃ༔ ཨེ་མ་ཧོཿ ང་ནི་རང་བྱུང་བའི་ཧེ་རུ་ཀ༔ ཁྲག་འཐུང་ཀུན་གྱི་སྤྱང་གདོང་དབང་༔ དེ་རིང་ཁྱོད་ལ་སྦྱིན་པར་བྱ༔
[ 276 ]
ཐམས་ཅད་མ་ལུས་ཟ་བའི་ཕྱིར༔ སྤྱང་གདོང་དབང་འདི་ཁྱོད་ཀྱིས་ལོང་༔ ཨཱོཾ་བཛྲ་ཤྭ་ན་མུ་ཁ་ཧེ༔ ཨ་བྷི་ཥཱིཉྩ་ཧཱུྃ༔ ཨེ་མ་ཧོཿ ང་ནི་རང་བྱུང་

བའི་ཧེ་རུ་ཀ༔ ཁྲག་འཐུང་ཀུན་གྱི་བྱ་རྒོད་དབང་༔ དེ་རིང་ཁྱོད་ལ་སྦྱིན་པར་བྱ༔ མགྱོགས་པ་ཐམས་ཅད་སྙེགས་པའི་ཕྱིར༔ བྱ་རྒོད་དབང་འདི་ ཁྱོད་ཀྱིས་ལོང་༔ ཨཱོཾ་བཛྲ་ཀྲི་ཏ་མུ་ཁ་ཧེ༔ ཨ་བྷི་ཥཱིཉྩ་ཧཱུྃ༔ ཨེ་མ་ཧོཿ ང་ནི་རང་བྱུང་བའི་ཧེ་རུ་ཀ༔ ཁྲག་འཐུང་ཀུན་གྱི་ཀདྐའི་དབང་༔ དེ་ རིང་ཁྱོད་ལ་སྦྱིན་པར་བྱ༔ སྲིད་གསུམ་མ་ལུས་བསྡུ་བའི་ཕྱིར༔ ཀདྐའི་དབང་འདི་ཁྱོད་ཀྱིས་ལོང་༔ ཨོཾ་བཛྲ་ཀདྐ་མུ་ཁ་ཧེཿ ཨ་བྷི་ཥཱིཉྩ་ཧཱུྃ༔ ཨེ་མ་ཧོཿ ང་ནི་རང་བྱུང་བའི་ཧེ་རུ་ཀ༔ ཁྲག་འཐུང་ཀུན་གྱི་ཁྭ་ཏའི་དབང་༔ དེ་རིང་ཁྱོད་ལ་སྦྱིན་པར་བྱ༔ རྣམ་རྟོག་རྡུལ་དུ་བརླག་པའི་ཕྱིར༔ ཁྭ་

དའི་དབང་འདི་ཁྱོད་ཀྱིས་ལོང་༔ ཨོཾ་བཛྲ་ཁྭ་ཁ་མུ་ཁ་ཧེ༔ ཨ་བྷི་ཥཱིཉྩ་ཧཱུྃ༔ ཨེ་མ་ཧོཿ ང་ནི་རང་བྱུང་བའི་ཧེ་རུ་ཀ༔ ཁྲག་འཐུང་ཀུན་གྱི་ཧུ་ལུའི་
[ 277 ]
༄༅། །དབང་༔ དེ་རིང་ཁྱོད་ལ་སྦྱིན་པར་བྱ༔ ཡེ་ཤེས་སྒྲོན་མ་གསལ་བའི་ཕྱིར༔ ཧུ་ལུའི་དབང་འདི་ཁྱོད་ཀྱིས་ལོང་༔ ཨོཾ་བཛྲ་ཧུ་

ལུ་མུ་ཁ་ཧེཿ ཨ་བྷི་ཥཱིཉྩ་ཧཱུྃ༔ ཨེ་མ་ཧོཿ ང་ནི་རང་བྱུང་བའི་ཧེ་རུ་ཀ༔ ཁྲག་འཐུང་ཀུན་གྱི་ལྕགས་ཀྱུའི་དབང་༔ དེ་རིང་ཁྱོད་ལ་སྦྱིན་པར་བྱ༔ ཐུགས་རྗེས་ཐམས་ཅད་དྲང་བའི་ཕྱིར༔ ལྕགས་ཀྱུའི་དབང་འདི་ཁྱོད་ཀྱིས་ལོང་༔ ཨོཾ་བཛྲ་ཨརྒ་ཏེ་ཛ་ཏེ་ཛཿ ཨ་བྷི་ཥཱིཉྩ་ཧཱུྃ༔ ཨེ་མ་ཧོཿ ང་ནི་ རང་བྱུང་བའི་ཧེ་རུ་ཀ༔ ཁྲག་འཐུང་ཀུན་གྱི་ཞགས་པའི་དབང་༔ དེ་རིང་ཁྱོད་ལ་སྦྱིན་པར་བྱ༔ ཐུགས་རྗེས་ཐམས་ཅད་བཅིངས་པའི་ཕྱིར༔ མཆེ ཞགས་དབང་འདི་ཁྱོད་ཀྱིས་ལོང་༔ ཨོཾ་བཛྲ་ཨ་ལོ་ཀེ་ཧཱུྃ༔ ཨ་བྷི་ཥཱིཉྩ་ཧཱུྃ༔ ཨེ་མ་ཧོཿ ང་ནི་རང་བྱུང་བའི་ཧེ་རུ་ཀ༔ ཁྲག་འཐུང་ཀུན་གྱི་

ལྕགས་སྒྲོག་དབང་༔ དེ་རིང་ཁྱོད་ལ་སྦྱིན་པར་བྱ༔ ཐུགས་རྗེས་ཐམས་ཅད་སྡོམ་པའི་ཕྱིར༔ ལྕགས་སྒྲོག་དབང་འདི་ཁྱོད་ཀྱིས་ལོང་༔ ཨོཾ་བཛྲ་
[ 278 ]
ལོ་ཀ་བཾ༔ ཨ་བྷི་ཥཱིཉྩ་ཧཱུྃ༔ ཨེ་མ་ཧོཿ ང་ནི་རང་བྱུང་བའི་ཧེ་རུ་ཀ༔ ཁྲག་འཐུང་ཀུན་གྱི་དྲིལ་བུའི་དབང་༔ དེ་རིང་ཁྱོད་ལ་སྦྱིན་པར་

བྱ༔ ཐམས་ཅད་རྡུལ་དུ་བརླག་པའི་ཕྱིར༔ དྲིལ་བུའི་དབང་འདི་ཁྱོད་ཀྱིས་ལོང་༔ ཨཱོཾ་བཛྲ་ཨ་མྲྀ་ཏ་ཡ་བ་ཏོ་ཧོཿ ཨ་བྷི་ཥཱིཉྩ་ཧཱུྃ༔ ༔ ༈ ༔ཨེ་མ་ཧོཿ ང་ནི་རང་བྱུང་བའི་ཧེ་རུ་ཀ༔ ལས་ཀྱི་སྲིན་པོའི་ཆུང་མ་སྟེ༔ མིའི་སྲིན་མོ་དབང་ཕྱུག་འབར༔ ཕྱག་མཚན་ཐོད་ཁྲག་འབར་ བའི་དབང་༔ དབང་མཆོག་དེས་ནི་དབང་བསྐུར་རོ༔ ཨཱོཾ་མ་ནུ་རཀྵ་སི་ཨ་བྷི་ཥཱིཉྩ་ཧཱུྃ༔ ལྷ་ཆེན་བྱི་ནའི་ཆུང་མ་སྟེ༔ ཚངས་པ་དམར་སེར་གདོང་ བཞིར་འབྱིན༔ ཕྱག་མཚན་པདྨ་འབར་བའི་དབང་༔ དབང་མཆོག་དེས་ནི་དབང་བསྐུར་རོ༔ ཨཱོཾ་པྲ་མ་ནི་ཨ་བྷི་ཥཱིཉྩ་ཧཱུྃ༔ ལྷ་ཆེན་

དབང་ཕྱུག་ཆུང་མ་སྟེ༔ ལྷ་ཆེན་དཀར་ལྗང་དབང་ཕྱུག་མ༔ ཕྱག་མཚན་གྲི་གུག་འབར་བའི་དབང་༔ དབང་མཆོག་དེས་ནི་དབང་བསྐུར་རོ༔ ༔
[ 279 ]
༄༅། །ཨོཾ་རོའུ་ཏྲི་ཨ་བྷི་ཥཱིཉྩ་ཧཱུྃ༔ ལྷ་ཆེན་ཁྱབ་འཇུག་ཆུང་མ་སྟེ༔ འཇུགས་སྲེགས་‚འཇུག་སྲེད་འདོད་པའི་དབང་ཕྱུག་མ༔ ཕྱག་མཚན་འཁོར་

ལོ་འབར་བའི་དབང་༔ དབང་མཆོག་དེས་ནི་དབང་བསྐུར་རོ༔ ཨཱོཾ་བ་སྣ་བཻ་ཨ་བྷི་ཥཱིཉྩ་ཧཱུྃ༔ གཞོན་ནུ་སྨུག་ནག་ཆུང་མ་སྟེ༔ གཞོན་ནུ་དམར་མོ་དབང་ ཕྱུག་འབར༔ ཕྱག་མཚན་མདུང་ཐུང་འཕེན་པའི་དབང་༔ དབང་མཆོག་དེས་ནི་དབང་བསྐུར་རོ༔ ཨཱོཾ་ཀུ་མ་རི་ཨ་བྷི་ཥཱིཉྩ་ཧཱུྃ༔ བརྒྱ་བྱིན་ལྷ་ཡི་ཆུང་མ་ སྟེ༔ རྡོ་རྗེ་དཀར་མོ་དབང་ཕྱུག་འབར༔ ཕྱག་མཚན་ནོར་བུ་འབར་བའི་དབང་༔ དབང་མཆོག་དབང་བསྐུར་རོ༔ ཨཱོཾ་ཨནྟྲ་ཡ་ནི་ཨ་བྷི་ཥཱིཉྩི་ཧཱུྃ༔ ༔ ༈ མ་ཧཱ་དེ་ཝའི་ཆུང་མ་སྟེ༔ རྡོ་རྗེ་སེར་མོ་སྤུ་གྲི་འཛིན༔ དུག་གསུམ་རྩད་ནས་བཅད་པའི་ཕྱིར༔ དབང་མཆོག་དེས་ནི་དབང་བསྐུར་རོ༔ ཨོཾ་བཛྲ་སིང་

ཀ་ལཾ་ཨ་བྷི་ཥཱིཉྩ་ཧཱུྃ༔ གཟའ་ཆེན་ཉི་མའི་ཆུང་མ་སྟེ༔ བདུད་རྩི་སེར་མོ་དབང་ཕྱུག་འབར༔ ཕྱག་མཚན་པདྨ་འབར་བའི་དབང་༔ དབང་མཆོག་དེས་ནི་
[ 280 ]
དབང་བསྐུར་རོ༔ ཨཱོཾ་ཨ་མྲྀ་ཏ་ཨ་བྷི་ཥཱིཉྩ་ཧཱུྃ༔ གཟའ་ཆེན་ཟླ་བའི་ཆུང་མ་སྟེ༔ ཞི་བ་དཀར་མོ་དབང་ཕྱུག་མ༔ ཕྱག་མཚན་པུནྡྷ་ཀ་ཡི་དབང་༔ ༔

དབང་མཆོག་དེས་ནི་དབང་བསྐུར་རོ༔ ཨཱོཾ་སོའུ་མེ་ཨ་བྷི་ཥཱིཉྩ་ཧཱུྃ༔ གཟའ་ཆེན་སྤན་པའི་ཆུང་མ་སྟེ༔ བེ་ཅན་ལྗང་ནག་དབང་ཕྱུག་འབར༔ ཕྱག་ མཚན་བེ་ཅོན་འབར་བའི་དབང་༔ དབང་མཆོག་དེས་ནི་དབང་བསྐུར་རོ༔ ཨཱོཾ་དྷ་ན་ཏྲ་ཨ་བྷི་ཥཱིཉྩ་ཧཱུྃ༔ སྲིན་པོ་ཀཱ་ལའི་ཆུང་མ་སྟེ༔ ཙ་ཀ་དམར་མོ་ དབང་ཕྱུག་འབར༔ ཕྱག་མཚན་ཐོད་རླན་འབར་བའི་དབང་༔ དབང་མཆོག་དེས་ནི་དབང་བསྐུར་རོ༔ ཨཱོཾ་རཀྵ་སཱི་ཨ་བྷི་ཥཱིཉྩ་ཧཱུྃ༔ མ་ཧཱ་ཀ་ལའི་ཆུང་མ་སྟེ༔ ཟ་བ་ལྗང་ནག་དབང་ཕྱུག་འབར༔ བྷ་སུ་ཞགས་པ་འབར་བའི་དབང་༔ དབང་མཆོག་དེས་ནི་དབང་བསྐུར་རོ༔ ཨཱོཾ་བག་ཤ་སཱི་ཨ་བྷི་ཥཱིཉྩ་ཧཱུྃ༔ དགའ་

བྱེད་དབང་ཕྱུག་ཆུང་མ་སྟེ༔ རྡོ་རྗེ་དམར་མོ་རལ་གྲི་འཛིན༔ ཉོན་མོངས་སྒྲིབ་པ་གཅོད་པའི་ཕྱིར༔ ཕྱག་མཚན་ཀ་དོར་འབར་བའི་དབང་༔ དབང་
[ 281 ]
༄༅། །མཆོག་དེས་ནི་དབང་བསྐུར་རོ༔ ཨཱོཾ་ར་ཏྲི་བཛྲ་ཨ་བྷི་ཥཱིཉྩ་ཧཱུྃཿ པ་ལ་པ་ཏྲིའི་ཆུང་མ་སྟེ༔ སྟོབས་ཆེན་དམར་མོ་དབང་ཕྱུག་འབར༔

ཕྱག་མཚན་ཤེལ་མདའ་འབར་བའི་དབང་༔ དབང་མཆོག་དེས་ནི་དབང་བསྐུར་རོ༔ ཨོཾ་ཏུ་ཏི་མ་ར་ཏེ་ཨ་བྷི་ཥིཉྩ་ཙ་‚ཥཱིཉྩ་ཧཱུྃ༔ དྲི་ཟ་ཆེན་པོའི་ཆུང་མ་སྟེ༔ རྡོ་རྗེ་སེར་མོ་དབང་ཕྱུག་འབར༔ ཕྱག་མཚན་སྤུ་གྲི་འབར་བའི་དབང་༔ དབང་མཆོག་དེ་ནི་དབང་བསྐུར་རོ༔ ཨཱོཾ་ཀེ་ཙ་རཾ་ཨ་བྷི་ཥཱིཉྩ་ཧཱུྃ༔ ཀཱ་ལ་དྷེ་ཝའི་ ཆུང་མ་སྟེ༔ འདོད་པ་དམར་མོ་དབང་ཕྱུག་འབར༔ ཕྱག་མཚན་མདའ་གཞུ་འབར་བའི་དབང་༔ དབང་མཆོག་དེས་ནི་དབང་བསྐུར་རོ༔ ཨཱོཾ་མ་ནུ་ཧ་རཾ་ ཨ་བྷི་ཥཱིཉྩ་ཧཱུྃ༔ བདེན་དང་བྲལ་བའི་ཆུང་མ་སྟེ༔ ནོར་སྲུངས་དཀར་མོ་དབང་ཕྱུག་འབར༔ ཕྱག་མཚན་གཏེར་གྱི་བུམ་པའི་དབང་༔ དབང་མཆོག་དེས་ནི་

དབང་བསྐུར་རོ༔ སི་ཏི་ཀ་ཡ་ཨ་བྷི་ཥཱིཉྩ་ཧཱུྃ༔ རླུང་ལྷ་ཆེན་པོའི་ཆུང་མ་སྟེ༔ རླུང་ལྷ་སྔོན་མོ་དབང་ཕྱུག་འབར༔ ཕྱག་མཚན་བ་དན་འབར་བའི་དབང་༔
[ 282 ]
དབང་མཆོག་དེས་ནི་དབང་བསྐུར་རོ༔ བ་ཡ་བཻ་ཨ་བྷི་ཥཱིཉྩ་ཧཱུྃ༔ ༈ ༔མ་ཧཱ་དེ་ཝའི་ཆུང་མ་སྟེ༔ རྡོ་རྗེ་ལྗང་ནག་དབང་ཕྱུག་འབར༔ ༔

ཕྱག་མཚན་རལ་གྲི་འབར་བའི་དབང་༔ དབང་མཆོག་དེས་ནི་དབང་བསྐུར་རོ༔ མ་ཧཱ་མ་ར་ན་ཨ་བྷི་ཥཱིཉྩ་ཧཱུྃ༔ མེ་ལྷ་དྲང་སྲོང་ཆུང་མ་སྟེ༔ མེ་མོ་ དམར་མོ་དབང་ཕྱུག་འབར༔ ཕྱག་མཚན་གསལ་ཤིང་འབར་བའི་དབང་༔ དབང་མཆོག་དེས་ནི་དབང་བསྐུར་རོ༔ བཛྲ་ཨགྣེ་ཡེ་ཨ་བྷི་ཥཱིཉྩ་ ཧཱུྃ༔ ས་བདག་ཆེན་པོའི་ཆུང་མ་སྟེ༔ རྡོ་རྗེ་ནག་མོ་དབང་ཕྱུག་འབར༔ ཕྱག་མཚན་མཆེ་ཞགས་འབར་བའི་དབང་༔ དབང་ཆོག་‚མཆོག་དེས་ནི་ དབང་བསྐུར་རོ༔ བ་ར་ཧི་ཨ་བྷི་ཥཱིཉྩ་ཧཱུྃ༔ རྡོ་རྗེ་དམར་མོ་ཞིང་ཆུང་ཟ༔ རྡོ་རྗེ་རྩ་མུན་དབང་ཕྱུག་འབར༔ འཆི་བདག་གཤིན་རྗེ་བཟློག་པའི་ཕྱིར༔

དབང་མཆོག་དེས་ནི་དབང་བསྐུར་རོ༔ ཙ་མུན་ཏི་ཨ་བྷི་ཥཱིཉྩ་ཧཱུྃ༔ ནག་པོ་ཆེན་པོའི་ཆུང་མ་སྟེ༔ རྡོ་རྗེ་དཀར་མོ་དབང་ཕྱུག་འབར༔ ཕྱག་མཚན་ཐོད་
[ 283 ]
༄༅། །རླན་འབར་བའི་དབང་༔ དབང་མཆོག་དེས་ནི་དབང་བསྐུར་རོ༔ སུ་ཏ་ནི་ཨ་བྷི་ཥཱིཉྩ་ཧཱུྃ༔ བ་རུ་ན་ཡི་ཆུང་མ་སྟེ༔ ཆུ་

ལྷའི་ལྷ་མོ་དབང་ཕྱུག་འབར༔ ཕྱག་མཚན་སྦྲུལ་ཞགས་འབར་བའི་དབང་༔ དབང་མཆོག་དེས་ནི་དབང་བསྐུར་རོ་༔ བ་རུ་ནི་ཨ་བྷི་ཥཱིཉྩ་ཧཱུྃ༔ ༔ ༈ ༔བྱི་ན་ཡ་གའི་ཆུང་མ་སྟེ༔ རྡོ་རྗེ་ནག་མོ་དབང་ཕྱུག་འབར༔ ཕྱག་མཚན་ལྕགས་ཀྱུ་འབར་བའི་དབང་༔ དབང་ཆོག་‚མཆོག་དེས་ནི་དབང་བསྐུར་རོ༔ ཨཱོཾ་བཛྲ་མ་ཧཱ་ཀཱ་ལཱ་ཨ་བྷི་ཥཱིཉྩ་ཧཱུྃ༔ འདོད་པ་ཅན་གྱི་ཆུང་མ་སྟེ༔ རྡོ་རྗེ་སེར་མོ་དབང་ཕྱུག་འབར༔ ཕྱག་མཚན་ཞགས་པ་འབར་བའི་དབང་༔ ༔ དབང་མཆོག་དེས་ནི་དབང་བསྐུར་རོ༔ བཛྲ་ཙ་ཀ་ལཾ་ཨ་བྷི་ཥཱིཉྩ་ཧཱུྃ༔ བུམ་སྣ་ཆེན་པོའི་ཆུང་མ་སྟེ༔ རྡོ་རྗེ་དམར་ནག་དབང་ཕྱུག་འབར༔ ཕྱག་མཚན་

ལྕགས་སྒྲོག་འབར་བའི་དབང་༔ དབང་ཆོག་‚མཆོག་དེས་ནི་དབང་བསྐུར་རོ༔ བུམ་པ་ཀརྞ་ཨ་བྷི་ཥཱིཉྩ་ཧཱུྃ༔ གསུས་འཛིན་ཆེན་པོའི་ཆུང་མ་སྟེ༔ རྡོ་རྗེ་
[ 284 ]
ལྗང་ནག་དབང་ཕྱུག་འབར༔ ཕྱག་མཚན་དྲིལ་བུ་འབར་བའི་དབང་༔ དབང་མཆོག་དེས་ནི་དབང་བསྐུར་རོ༔ ཨཱོཾ་ལཾ་པོ་དྷ་ར་བཛྲ་ཨ་བྷི་ཥཱིཉྩ་ཧཱུྃ༔

འོ་སྐལ་ལྡན་རིགས་ཀྱི་བུ་ཁྱོད་ལ་ཁྲག་འཐུང་འབར་བ་ལྔ་བཅུ་རྩ་བརྒྱད་ཀྱི་དབང་བསྐུར་བས༔ རྟོགས་ཚོགས་ཀྱི་ཕུང་པོ་དབྱིངས་སུ་དག་ནས་ཞི་ཁྲོ་

དམ་པ་རིགས་བརྒྱའི་སྐུ་དང་དབྱེར་མེད་དུ་སངས་རྒྱ་བའི་དབང་དམ་པ་ཐོབ་པར་གྱུར་ཅིག༔ སྐུ་རྒྱ༔ གསུང་རྒྱ༔ ཐུགས་རྒྱ༔ ༔
[ 285 ]
ཏ༽ ༄༅᫷ རྫོགས་པ་ཆེན་པོ་ཡང་ཏིག་ནག་པོ་གསེར་གྱི་འབྲུ་གཅིག་པའི་གསང་དབང་ཆེན་མོ་བཞུགས་སོཿ
[ 286 ]
༄༅᫷ ༔མཎྜལ་ཕུལ་ལཿ དེ་ནས་གསང་དབང་ཆེན་པོ་ཆོས་སྐུའི་ཞིང་ཁམས་སུ་དབང་བསྐུར་བ་ནིཿ དང་པོ་རང་རྒྱུད་

འཛིན་པ་བཟློག་པའི་ཕྱིརཿ ཁྱེད་རྣམས་སུ་ཡིན་ཅེས་དྲི‚ཞེས་དྲིསཿ སྐལ་ལྡན་སེམས་ཀྱི་བུ་ཡིན་ལགསཿ ཞེས་ལན་གདབཿ དེ་ནས་ ཆོས་སྐུའི་ཞིང་ཁམས་སྒོ་དབྱེ་བ་ནིཿ སློབ་བུ་རྣམས་ལངས་ནས་ཐལ་མོ་སྦྱར་ཏེཿ སློབ་དཔོན་གྱིས་འདི་སྐད་བརྗོད་དོཿ ཀྱཻ།

རིགས་ཀྱི་བུ་དང་བུ་མོ་རྣམས་ཉོན་ཅིགཿ འདི་ནས་ཤར་ཕྱོགས་ཀྱི་འཇིག་རྟེན་གྱི་ཁམས་ན་མངོན་པར་དགའ་བའི་ཞིང་ཁམས་ཞེས་བྱ་
[ 287 ]
༄༅᫷ ༔བ་མཛེས་ཤིང་ཡིད་དུ་འོང་བ་ན་སངས་རྒྱས་མི་བསྐྱོད་པ་ཞེས་བྱ་བ་བཞུགས་སོཿ སོ་སོ་རང་རང་རང་‚གི་འཁོར་ལ་ཆོས་སྟོན་ཏོཿ

སེམས་དཔའ་དམ་པ་འོད་གསལ་བ་གསང་སྔགས་ཀྱི་དེ་ཁོ་ན་ཉིད་ཀྱི་ཆོས་སྟོན་ཏེཿ མ་བྲིས་པའི་དཀྱིལ་འཁོར་ཡོད་དོཿ རྫོགས་ཆེན་ ལྷའི་དཀྱིལ་འཁོར་དང་ཞིང་ཁམས་ཡོད་དོཿ ལྟ་སྟངས་ཀྱིས་ལྟོས་ཤིགཿ འཕུར་སྟོངས་‚སྟངས་ཀྱིས་འཕུར་ཅིགཿ སྐྱེ་བ་མེད་པའི་

གནས་རྟོན་ཅིགཿ འགྱུར་བ་མེད་པའི་ས་ཟུང་ཟུང་ཅིག‚ཞིགཿ སེམས་འགྱུ་བའི་འཕེལ་བ་སླར་ལ་མ་ལོག་ཅིགཿ པྲ་བེ་ཤ་ཡ་ཨ་ཨཿ ཡང་
[ 288 ]
རིགས་ཀྱི་བུ་དང་བུ་མོ་རྣམས་ཉོན་ཅིགཿ འདི་ནས་ལྷོ་ཕྱོགས་ཀྱི་འཇིག་རྟེན་གྱི་ཁམས་ན་དཔལ་དང་ལྡན་པ་ཞེས་བྱ་བའི་ཞིང་ཁམས་མཛེས་ཤིང་ཡིད་དུ་འོང་བ་ན་སངས་

རྒྱས་རིན་ཆེན་ཏོག་ཞེས་‚ཅེས་བྱ་བ་བཞུགས་ཏེཿ སོ་སོ་རང་རང་གི་འཁོར་ལ་ཆོས་སྟོན་ཏོཿ སེམས་དཔའ་དམ་པ་འོད་གསལ་བ་གསལ་‚གསང་སྔགས་ཀྱི་དེ་ཁོ་ན་ཉིད་ཀྱི་ཆོས་ སྟོན་ཏེཿ མ་བྲིས་པའི་དཀྱིལ་འཁོར་ཡོད་དོཿ རྫོགས་ཆེན་ལྷའི་དཀྱིལ་འཁོར་དང་ཞིང་ཁམས་ཡོད་དོཿ ལྟ་སྟངས་ཀྱིས་ལྟོས་ཤིགཿ འཕུར་སྟངས་ ཀྱིས་འཕུར་ཅིགཿ སྐྱེ་བ་མེད་པའི་གནས་རྟོན་ཅིགཿ འགྱུར་བ་མེད་པའི་ས་ཟུང་ཞིག‚ཿ སེམས་འགྱུ་བའི་འཕེལ་བ་སླར་ལ་མ་ལོག་ཅིགཿ པྲ་བེ་ཤ་ཡ་ཨ་ ཨཿ ཀྱཻ་ རིགས་ཀྱི་བུ་དང་བུ་མོ་རྣམས་ཉོན་ཅིག᫷༔ འདི་ནས་ནུབ་ཀྱི་ཕྱོགས་ཀྱི་འཇིག་རྟེན་གྱི་ཁམས་ན་བདེ་བ་ཅན་ཞེས་བྱ་བའི་ཞིང་ཁམས་ན་སངས་རྒྱས་འོད་

དཔག་ཏུ་མེད་པ་ཞེས་བྱ་བ་བཞུགས་ཏེཿ སོ་སོ་རང་རང་གི་འཁོར་ལ་ཆོས་སྟོན་ཏོཿ སེམས་དཔའ་དམ་པ་འོད་གསལ་བ་༝ གསང་སྔགས་ཀྱི་དེ་ཁོ་ན་ཉིད་ཀྱི་
[ 289 ]
༄༅᫷ ༔ཆོས་སྟོན་ཏེཿ མ་བྲིས་པའི་དཀྱིལ་འཁོར་ཡོད་དོཿ རྫོགས་ཆེན་ལྷའི་དཀྱིལ་འཁོར་དང་ཞིང་ཁམས་ཡོད་དོཿ ལྟ་སྟོངས་‚སྟངས་ཀྱིས་ལྟོས་

ཤིགཿ འཕུར་སྟངས་ཀྱིས་འཕུར་ཅིགཿ སྐྱེ་བ་མེད་པའི་གནས་རྟོན་ཅིགཿ འགྱུར་བ་མེད་པའི་ས་ཟུང་ཞིགཿ སེམས་འགུ་‚འགྱུ་བའི་འཕེལ་བ་སླར་ལ་མ་ལོག་ ཅིགཿ པྲ་བེ་ཤ་ཡ་ཨ་ཨཿ ཀྱཻ་ རིགས་ཀྱི་བུ་དང་བུ་མོ་རྣམས་ཉོན་ཅིགཿ འདི་ནས་བྱང་ཕྱོགས་ཀྱི་འཇིག་རྟེན་གྱི་ཁམས་ན་ལས་རབ་གྲུབ་པ་ཞེས་བྱ་མཛེས་ ཤིང་ཡིད་‚ཡིད་དུ་འོང་བ་ཡོད་དོཿ དེ་ན་སངས་རྒྱས་གདོན་མི་ཟ་བར་ངེས་པ་ཞེས་བྱ་བ་བཞུགས་ཏེཿ སོ་སོ་རང་རང་གི་འཁོར་ལ་ཆོས་སྟོན་ཏོཿ སེམས་དཔའ་དམ་པ་ འོད་གསལ་བ་གསང་སྔགས་ཀྱི་དེ་ཁོ་ན་ཉིད་ཀྱི་ཆོས་སྟོན་ཏེཿ མ་བྲིས་པའི་དཀྱིལ་འཁོར་ཡོད་དོཿ རྫོགས་ཆེན་ལྷའི་དཀྱིལ་འཁོར་དང་ཞིང་ཁམས་ཡོད་དོཿ ༔

ལྟ་སྟངས་ཀྱིས་ལྟོས་ཤིགཿ འཕུར་སྟངས་ཀྱིས་འཕུར་ཅིགཿ སྐྱེ་བ་མེད་པའི་གནས་རྟོན་ཅིགཿ འགྱུར་བ་མེད་པའི་ས་ཟུང་ཞིགཿ སེམས་འགྱུ་བའི་
[ 290 ]
འཕེལ་བ་སླར་ལ་མ་ཅིག‚མ་ལོག་ཅིགཿ པྲ་བེ་ཤ་ཡ་ཨ་ཨཿ ཀྱཻ་ རིགས་ཀྱི་བུ་དང་བུ་མོ་རྣམས་ཉོན་ཅིགཿ འདི་ནས་དབུས་ཕྱོགས་ཀྱི་འཇིག་རྟེན་གྱི་ཁམས་ན་འོག་མིན་སྟུག་

པོ་བཀོད་པ་ཞེས་བྱ་བའི་ཞིང་ཁམས་མཛེས་ཤིང་ཡིད་དུ་འོང་བ་ནཿ སངས་རྒྱས་འོད་མི་འགྱུར་བ་ཞེས་བྱ་བ་བཞུགས་ཏེཿ སོ་སོ་རང་རང་གི་འཁོར་ལ་ཆོས་སྟོན་ ཏོཿ སེམས་དཔའ་དམ་པ་འོད་གསལ་བ་གསང་སྔགས་ཀྱི་དེ་ཁོ་ན་ཉིད་ཀྱི་ཆོས་སྟོན་ཏེཿ མ་བྲིས་པའི་དཀྱིལ་འཁོར་ཡོད་དོཿ རྫོགས་ཆེན་ལྷའི་དཀྱིལ་ འཁོར་དང་ཞིང་ཁམས་ཡོད་དོཿ ལྟ་སྟངས་ཀྱིས་ལྟོས་ཤིགཿ འཕུར་སྟངས་ཀྱིས་འཕུར་ཅིགཿ སྐྱེ་བ་མེད་པའི་གནས་རྟོན་ཅིགཿ འགྱུར་བ་མེད་པའི་ ས་ཟུང་ཞིགཿ སེམས་འགྱུ་བའི་འཕེལ་བ་སླར་ལ་མ་ལོག་ཅིགཿ པྲ་བེ་ཤ་ཡ་ཨ་ཨཿ དེ་ནས་དབང་གི་ཆེ་ཡོན་བཤད་ཅིང་᫷ཿ དབང་བསྐུར་རྒྱལ་པོའི་རྒྱུད་

ལས་ཀྱང་༔ དང་པོ་དབང་གིས་མ་སྨིན་ནཿ ཐེག་པའི་ཆོས་ཀྱིས་གྲོལ་མི་འགྱུརཿ ཅེས་‚ཞེས་པ་དང་᫷ཿ ཡང་ཏིག་གི་རྒྱུད་ལསཿ རང་རྒྱུད་དབང་གིས་མ་
[ 291 ]
༄༅᫷ ༔སྨིན་ནཿ᫷ རང་སེམས་མངོན་དུ་མི་འགྱུར་རོཿ ཅེས་‚ཞེས་པས་དབང་བསྐུར་བ་གལ་ཆེ་སྟེཿ དབང་བསྐུར་བ་དངོས་ནིཿ དབུས་ཀྱི་བུམ་

པ་སློབ་མའི་མགོ་ཐོག་ཏུ་བཞག་(ཏེ‚སྟེ༽ཿ ཧཱུྃ་ བུམ་པ་བཀྲ་ཤིས་ཡིད་འོང་ལྷ་ཡི་གནསཿ ཡབ་ཡུམ་གཉིས་མེད་བྱང་ཆུབ་ཆུ་ཡིས་གཏམསཿ ཆོས་ཉིད་ཇི་ལྟར་སྣང་ ཡང་ལོངས་སྤྱོད་རྒྱནཿ ནང་རྟགས་ཕྱིར་བསྟན་བྱང་སེམས་བུམ་པའི་དབང་᫷ཿ སྐལ་ལྡན་རིགས་ཀྱི་བུ་ལ་དབང་བསྐུར་རོཿ ལུས་ངག་ཡིད་གསུམ་སྒྲིབ་པ་ བྱང་གྱུར་ནསཿ རྩ་བ་གསུམ་དང་སྐལ་བ་མཉམ་པར་ཤོགཿ ཞི་ཁྲོའི་རྩ་སྔགས་ལཿ ཀ་ཡ་ཨ་བྷི་ཥཱིཉྩ་ཨོཾཿ ཅེས་‚ཞེས་བུམ་པའི་དབང་བསྐུར་རོཿ ཐོད་པ་ མཚན་ལྡན་དུ་ཆང་དང་བདུད་རྩི་ཀ་ར་བུ་རམ་རྩ་བ་གསུམ་གྱི་བྱང་སེམས་སྦྱར་ལཿ ཧཱུྃ་ བྷནྡྷ་མཚན་ལྡན་ཡེ་ཤེས་གཞལ་ཡས་ཆེཿ བདུད་རྩི་གཉིས་མེད་བྱང་

ཆུབ་སེམས་ཀྱི་དབང་᫷ཿ ནང་གི་དབང་མཆོག་འདི་ཡི་དབང་བསྐུར་བསཿ དབྱིངས་དང་ཡེ་ཤེས་གཉིས་མེད་དབང་ཐོབ་ཤོགཿ རྩ་སྔགས་ལཿ མ་ཧཱ་བྷོ་དྷི་
[ 292 ]
ཙིཏྟ་ཨ་ཧོ་སུ་ཁ་ཨ་བྷི་ཥཱིཉྩ་ཨཱཿ མེ་ལོང་གཏད་ལཿ བདེ་བ་ཆེན་པོ་ཁྱབ་བདལ་འདུས་མ་བྱསཿ ཡབ་ཡུམ་གཉིས་མེད་ཟག་མེད་བདེ་བ་ཆེཿ གསང་

བའི་དབང་མཆོག་འདི་ཡི་དབང་བསྐུར་བསཿ ཟག་མེད་བདེ་ཆེན་ངང་དུ་གྲོལ་བར་ཤོགཿ རྩ་སྔགས་ལཿ བྷུདྡྷ་བཛྲ་རཏྣ་པདྨ་ཀརྨ་ཨཱཿ ཨཱོཾ་གྷུ་ཧྱ་ཨ་བྷི་ ཥཱིཉྩ་ཧཱུྃཿ མཎྜལ་ཕུལ་ལཿ ཚིག་དབང་བསྐུར་བ་ནིཿ ཧཱུྃཿ རྩ་གསུམ་དབྱེར་མེད་རང་བྱུང་ཡེ་ཤེས་ལྷཿ ཚིག་དང་ཡི་གེར་མི་མཚོན་རང་གི་སེམསཿ ༔ སྤྲོས་བྲལ་ཡེ་ནས་མ་བཅོས་ཆོས་ཀྱི་སྐུཿ རང་སེམས་སྤྲོས་བྲལ་ལྷུན་གྲུབ་རྟོགས་པར་ཤོགཿ ཨོཾ་བྷོ་དྷི་ཙིཏྟ་མ་ཧཱ་སུ་ཁ་ཛྙཱ་ན་དྷརྟུ་ཨཱཿ ཨ་བྷི་ཥཱིཉྩ་ཨཱཿ དེ་ནས་སློབ་མ་རྣམས་རྣམ་སྣང་ཆོས་བདུན་བྱས་ལཿ རང་རང་གི་སྙིང་གི་དཀྱིལ་དུ་དཀྱིལ་འཁོར་ལྷ་དང་བཅས་པ་ལ་སེམས་ཅུང་ཟད་བཟུང་ཿ᫷ དེ་ལྟ་བུའི་

དཀྱིལ་འཁོར་རྩ་དབུ་མའི་རྒྱུད་ལ་ཞུགས་ཏེ་སྤྱི་བོ་ཚངས་པའི་བུ་ག་ནས་ཐོནཿ དཀྱིལ་འཁོར་ལྔ་བརྩེགས་བསྒོམཿ དེ་ཡང་ནམ་མཁའ་ལ་ཇེ་མཐོ་ཇེ་མཐོ་
[ 293 ]
༄༅᫷ ༔རྒྱངས་ཀྱིས་བཏང་᫷ཿ དེ་འགྲོ་ན་འགྲོ་ས་འདུག་གམཿ ལོག་ན་ལོག་ས་འདུག་གམ་ལྟར་གཞུགཿ དེ་ནི་ལུས་སེམས་ཕྱེ་བའི་

དབང་᫷ཿ སེམས་ཅན་ཉིས་སྟོང་ལྔ་བརྒྱ་དང་᫷ཿ གྲངས་མེད་སེམས་ཅན་ཐམས་ཅད་ཀྱང་᫷ཿ འཕོ་བ་ཆེན་པོ་འདིས་འབྱུང་གིཿ དེ་ཁོ་ན་ཉིད་ཀྱི་དབང་ནི་ བརྡ་ལ་བརྟེན་ནས་མིག་ལ་བསྐུརཿ ཅེས་‚ཞེས་གསུངས་པསཿ རྡོ་རྗེ་སློབ་དཔོན་གྱིས་རྡོ་རྗེ་དང་དྲིལ་བུ་བཟུང་ལཿ བཞེངས་ནས་ཕྱག་གཡས་ཀྱི་བསྡིགས་‚སྡིགས་ མཛུབ་ནམ་མཁའ་ལ་སྦྲེངསཿ གཡོན་གྱི་བསྡིགས་‚སྡིགས་མཛུབ་རང་གི་མིག་ལ་(བཙུག‚བཙུགས༽ཿ གཡས་ཀྱི་ལན་གསུམ་བྱུགས་ཏེཿ ནམ་མཁའ་འདི་རྒྱ་རེ་ཆེཿ ནམ་ མཁའ་འདི་རྒྱ་རེ་ཆེཿ ནམ་མཁའ་འདི་རྒྱ་རེ་ཆེཿ ཅེས་‚ཞེས་བརྗོདཿ རིགས་ཀྱི་བུ་དང་བུ་མོ་རྣམསཿ མདུན་གྱི་ནམ་མཁའ་འདི་ལ་ལྟོསཿ གསལ་

ལ་དངས་‚དྭངས་པ་ཐ་སྙད་བྲལཿ གང་ཡང་འཛིན་མེད་བདེ་ཆེན་འདིཿ དུས་གསུམ་སངས་རྒྱས་ཀུན་གྱི་གནསཿ འདི་ཉིད་དོན་ལ་གནས་པར་གྱིསཿ ཨ་ཏི་པུ་
[ 294 ]
ཧོཿ པྲ་ཏི་ཛཿཧོཿ དེ་ཡང་སྤྲོས་བཅས་ཞི་ཁྲོ་རབ་འབྱམས་ཀྱི་དབང་᫷ཿ སྤྲོས་མེད་དཀྱིལ་འཁོར་ཡོངས་འདུས་ཀྱི་དབང་᫷ཿ རབ་ཏུ་སྤྲོས་མེད་བརྡའི་

དབང་དང་᫷ཿ ཤིན་ཏུ་སྤྲོས་མེད་བརྡ་ལམ་ཕྱེ་བའི་དབང་᫷ཿ སྤྲོས་བཅས་སྤྲོས་མེད་གཉིས་དེ་བསྐུར་ཐོན་ནསཿ རབ་ཏུ་སྤྲོས་མེད་བརྡའི་དབང་བསྐུར་བ་ བ་ནིཿ མན་ཤེལ་གྱི་དབང་བསྐུར་ཏེཿ ཧཱུྃཿ དུས་གསུམ་སངས་རྒྱས་ཐམས་ཅད་ཀྱིཿ མི་ཟད་རྒྱན་གྱི་འཁོར་ལོའི་སྐུཿ སྐུ་དབང་མན་ཤེལ་འོད་ཀྱི་‚ཀྱིས་ བསྐུརཿ སྣང་སྟོང་ཟུང་འཇུག་ངོ་སྤྲོད་བྱཿ དྲིལ་བུའམ་རྔ་གཏད་ལཿ དུས་གསུམ་སངས་རྒྱས་ཐམས་ཅད་ཀྱིཿ མི་ཟད་རྒྱན་གྱི་འཁོར་ལོའི་གསུང་᫷ཿ གསུང་དབང་འུར་དིར་སྒྲ་ཡི་བསྐུརཿ གྲག་‚གྲགས་སྟོང་ཟུང་འཇུག་ངོ་སྤྲོད་བྱཿ མར་མེ་གཏད་ལཿ དུས་གསུམ་སངས་རྒྱས་ཐམས་ཅད་ཀྱིཿ མི་ཟད་རྒྱན་གྱི་

འཁོར་ལོའི་ཐུགསཿ ཐུགས་དབང་ཞུན་མར་མར་མེས་བསྐུརཿ སྣང་སྟོང་ཟུང་འཇུག་ངོ་སྤྲོད་བྱཿ མེ་ལོང་ངོས་བསྟན་ལཿ དུས་གསུམ་སངས་
[ 295 ]
༄༅᫷ ༔རྒྱས་ཐམས་ཅད་ཀྱིཿ མི་ཟད་རྒྱན་གྱི་ཡོན་ཏན་ལྷཿ ཡོན་ཏན་མེ་ལོང་གཟུགས་བརྙན་འཆར་བས་བསྐུརཿ ཡོན་ཏན་ལྷུན་གྲུབ་ངོ་

སྤྲོད་བྱཿ རླུང་གཡབ་ལཿ དུས་གསུམ་སངས་རྒྱས་ཐམས་ཅད་ཀྱིཿ འཕྲིན་ལས་མི་ཟད་རྒྱན་གྱི་འཁོར་ལོ་ཡིཿ དྲག་པོའི་དབང་ནི་རླུང་གིས་བསྐུརཿ འཕྲིན་ལས་རྩལ་རྫོགས་ངོ་སྤྲོད་བྱཿ མེ་ལོང་བསྟན་ལཿ ཤིན་ཏུ་སྤྲོས་མེད་དབང་བསྐུར་བ་ནིཿ བཅོམ་ལྡན་བཛྲ་ཧེ་རུ་ཀསཿ ཆོས་ཀྱི་དབྱིངས་ནས་ འདི་སྐད་གསུངསཿ ཐོག་མར་ལྷུན་གྱིས་གྲུབ་པའི་གནསཿ སྟོན་པ་ཐིག་ལེ་ཉག་ཅིག་སྐུཿ འཁོར་རྣམས་རྣམ་རྟོག་རང་བྱུང་གནསཿ རྣམ་རྟོག་བཀག་ པས་མི་ཁེགས་ཀྱིཿ ཐིག་ལེའི་ངང་དུ་ལྷན་གྱིས་ཞོགཿ ཤེས་རབ་ཆེན་པོ་གཅིག་ཏུ་གསལཿ རང་གྲོལ་ཉིད་དུ་མངོན་སངས་རྒྱསཿ ཡང་ཏིག་གསེར་གྱི་འབྲུ་

གཅིག་ཡིནཿ ལྟ་བ་རང་ཤར་ཆེན་པོ་ལཿ བསྒོམ་པ་རང་གྲོལ་ཆེན་པོ་ཡིནཿ སྤྱོད་པ་ཚོགས་དྲུག་ལྷུག་པ་ལཿ འབྲས་བུ་ཡུལ་སྣང་མེད་པ་ཡིནཿ
[ 296 ]
བཛྲ་ཧེ་རུ་ཀ་ཨ་ཏི་པཱུ་ཧོཿ པྲ་ཏི་ཛཿཧོཿ བརྡ་ལ་བརྟེན་ནས་མིག་ལ་བསྐུརཿ ཞེས་པའི་དོན་ནིཿ བསྐྱེད་པ་མ་ཧཱ་ཡོ་གའི་ཚུལ་དུ་འཇིམ་པའི་མི་མོ་ལ་ངོ་སྤྲདཿ

ལུང་ཨ་ནུ་ཡོ་གའི་ཚུལ་དུ་རྡོ་རྗེ་སེམས་དཔའི་མེ་ལོང་ལ་ངོ་སྤྲདཿ རྫོགས་པ་ཆེན་པོ་ཨ་ཏི་ཡོ་གའི་ཚུལ་དུ་ཐིག་ལེ་ཉག་ཅིག་ལ་ངོ་སྤྲོད་དོཿ དེ་ནི་ངོ་སྤྲོད་སྤྲས་པའི་ རྒྱུད་ལས་ཤེས་པར་བྱའོཿ སྤྲོས་བཅས་དག་དང་བྲལ་བའི་ངང་ནསཿ བུ་ཇི་ཙམ་རིག་པ་གསལ་ལ་མ་འགག་པར་ལུས་སེམས་ལྷོད་ཀྱིས་ཀློད་ལ་ཞོགཿ མེ་ ལོང་བསྟན་ལཿ གསལ་ལ་ངོས་བཟུང་མེད་པ་ཡིཿ མེ་ལོང་ལྟ་བུའི་ཡེ་ཤེས་རྟོག་པར་ཤོགཿ དབང་དོན་ངོ་སྤྲད་པ་ནིཿ བདེ་གཤེགས་ལྷུན་གྲུབ་ གནས་མཆོག་ནཿ བདེ་ཆེན་རང་བྱུང་ཡེ་ཤེས་བཞུགསཿ ཅིར་ཡང་མི་རྟོག་ས་ལེར་བཞུགསཿ ལྷ་དབང་ལུས་ལ་བསྐུརཿ སྔགས་དབང་ངག་ལ་བསྐུརཿ

ཆོས་དབང་སེམས་ལ་བསྐུར་བ་ནིཿ ཨེ་མ་༝ རྩ་བ་གསུམ་དང་གཉིས་སུ་མེདཿ གཞན་ནས་མ་བཙལ་ཆོས་སྐུ་སྐྱེ་བ་མེདཿ རང་བྱུང་སེམས་ལ་
[ 297 ]
༄༅᫷ ༔རང་དབང་ཐོབ་པར་ཤོགཿ ཅེས་བརྗོདཿ མེ་ལོང་གི་ཁར་ཤེལ་བཞག་ལཿ རིག་པ་དྲི་མ་མེད་པ་ཤེལ་ལྟ་བུཿ གསལ་ལ་མ་

བསྒྲིབ་ཉི་མ་འདྲཿ འོད་ཟེར་སྣ་ཚོགས་ཤར་ཡང་ཤེལ་ལས་མ་གཡོས་པརཿ རང་སེམས་ཆོས་སྐུའི་ངང་ལས་གཡོ་བ་མེདཿ ཅེས་སོཿ ཚིག་བཤད་ནིཿ རང་སེམས་སྐྱེ་མེད་ཆོས་སྐུ་ལཿ འགག་མེད་ལོངས་སྐུ་སྤྲུལ་སྐུར་ཤརཿ བདེ་ཆ་‚བ་ཆེན་པོའི་ལྷ་རུ་གཅིག‚ཤརཿ རྡོ་རྗེའི་སྐུ་ལ་འགྱུར་བ་མེདཿ ཅེས་སོཿ ཆོས་སྐུ་ཀུན་ཏུ་བཟང་པོ་ཡངས་པའི་ཀློང་ལསཿ ལོངས་སྤྱོད་རྫོགས་སྐུ་འོད་དཔག་མེདཿ སྣང་བ་མཐའ་ཡས་དེ་ཡི་རྣམ་སྤྲུལ་ལསཿ ཞི་བ་ཐུགས་ རྗེ་ཆེན་པོ་༝ ཁྲོས་པས་ཁྲོ་བོ་རྟ་མགྲིན་དབང་ཿ᫷ འཕྲིན་ལས་ཀྱི་རྩལ་ལས་༝ པདྨ་འབྱུང་གནས་བཀའ་སྡོད་མཁའ་འགྲོ་དང་བཅས་པའི་དབང་འདི་ཐོབ་པ་ན་༝

དཀྱིལ་འཁོར་མཐོང་བ་ཙམ་གྱིས་ངན་སོང་གི་སྒོ་ཁེགསཿ དྲན་པ་ཙམ་གྱི་‚གྱིས་བདེ་བ་ཅན་དུ་སྐྱེཿ བསྒྲུབ་པ་ཙམ་གྱིས་ཕྱིར་མི་བཟློག་པའི་ས་ཐོབ་པ་ཡིན་པས་སྤྲོ་བ་སྐྱེད་
[ 298 ]
ཅིགཿ གུ་རུ་པདྨ་འབྱུང་གནས་ཀྱི་དབང་ཐོབ་པས་ན་༝ སློབ་དཔོན་ཉིད་ཀྱིས་ཇི་ལྟར་མཁྱེན་པའི་ཆོས་ཐམས་ཅད་ཀྱི་དབང་ཐོབ་པ་ཡིན་པས་༝ ཐུགས་ལ་

བཞག་ཅིང་སྤྲོ་བ་སྐྱེད་ཅིགཿ སྤྱིར་རྡུལ་ཚོན་གྱི་དཀྱིལ་འཁོར་བྲིས་པ་ལ་བརྟེན་ནསཿ རང་བཞིན་གྱི་དཀྱིལ་འཁོར་ངོ་ཤེས་པའི་དགོས་པ་ཡོད་དོཿ སྔོན་འགྲོ་ སྟ་གོན་གྱི་ཆོ་ག་ལ་བརྟེན་ནས་བཀྲ་ཤིས་པའི་དགོས་པ་ཡོད་དོཿ བུམ་པའི་དབང་བསྐུར་བས་གཞན་དོན་དང་འབྲེལ་བའི་དགོས་པ་ཡོད་དོཿ གསང་བའི་དབང་བསྐུར་ བས་ཤ་ལྔ་བདུད་རྩི་ལྔ་དང་འབྲེལ་བའི་དགོས་པ་ཡོད་དོཿ ཤེས་རབ་ཡེ་ཤེས་ཀྱི་དབང་བསྐུར་བས་ཤེས་རབ་མ་དང་འབྲེལ་བའི་དགོས་པ་ཡོད་དོཿ བཞི་པ་ཚིག་དབང་ རིན་པོ་ཆེ་བསྐུར་བས་འཁོར་འདས་མཉམ་པ་ཉིད་དུ་རྟོགས་པའི་དགོས་པ་ཡོད་དོཿ གཏང་རག་གི་མཆོད་པ་ཕུལ་བས་བྱས་པ་ཤེས་ཤིང་དྲིན་དུ་གཟོ་བའི་དགོས་པ་ཡོད་

དོཿ དེས་ནི་ཞི་ཁྲོའི་དབང་ཆོག་ཡོངས་སུ་རྫོགས་སོཿ ས་མ་ཡཱཿ རྒྱ་རྒྱ་རྒྱཿ གྷུ་ཧྱཿ ཁ་ཐཾཿ ༔ ༔
[ 299 ]
ཏ༽ ༄༅། །ཡང་གསང་རྫོགས་པ་ཆེན་པོའི་ཟབ་ཁྲིད་མན་ངག་གནད་ཀྱི་ཡོངས་ཞུན་སྙིང་པོའི་བཅུད་བསྡུས་རྡོ་རྗེའི་ཚིག་རྐང་ཞེས་བྱ་བ་བཞུགས་སོ། །
[ 300 ]
༄༅། །རྫོགས་པ་ཆེན་པོ་ཡང་ཟབ་གནད་ཀྱི་མན་ངག་སྙིང་པོའི་བཅུད་བསྡུས་རྡོ་རྗེའི་ཚིག་རྐང་ཞེས་བྱ་བ། སྐུ་གསུམ་

དབྱེར་མེད་བདེ་ཆེན་ལྷན་ཅིག་སྐྱེས། །སྒྲིབ་གསུམ་བྲལ་བ་རང་རིག་ཀུན་ཏུ་བཟང་། །མཁྱེན་གསུམ་ཡེ་ཤེས་རང་ངོ་སྤྲད་མཛད་ པ༑ །མཆོག་གསུམ་བླ་མ་དད་བརྒྱའི་གཙུག་གིས་མཆོད། །ཆོས་ཀུན་རྩ་བ་སྙིང་པོ་བྱང་ཆུབ་སེམས། །དེ་ཡི་གནས་ལུགས་གཞི་

ལམ་འབྲས་བུའི་ཚུལ། །གསུམ་དུ་བསྡུས་ཏེ་རང་དང་རང་འདྲའི་དོན། །ཟབ་ལམ་སྙིང་པོའི་མན་ངག་འདི་བསྟན་བྱ། །ཨ་ཧོཿ
[ 301 ]
༄༅། །འཁོར་འདས་མ་གྲུབ་ཐོག་མའི་གང་དག་ན། །གཞི་ཡི་གནས་ལུགས་སྐུ་གསུམ་འཆར་གཞིའི་ཚུལ། །

དངོས་པོ་མཚན་མར་མ་གྲུབ་ངོ་བོས་སྟོང་། །ཕྱང་ཆད་མཁའ་འདྲ་མ་ཡིན་རང་བཞིན་གསལ། །བེམས་སྟོང་འཇའ་འདྲ་མ་ ལགས་མཁྱེན་ཆར་གནས། །དེ་གསུམ་སོ་སོ་མ་ཡིན་ཐ་མི་དད། །གཅིག་ཏུ་མ་ཡིན་འགག་མེད་ཅིར་ཡང་སྣང་། །དུ་མར་མ་

གྱུར་མཚོན་པའི་ཡུལ་ལས་འདས། །ཟབ་ཅིང་བརྟགས་དཀའ་བློ་ཡི་ཡུལ་མ་གྱུར། །གྲུབ་མཐའི་ཚིག་དང་རྟོག་གེའི་ཐ་སྙད་ཀྱིས། །
[ 302 ]
མཚོན་པར་མི་ནུས་གང་གིས་ཕན་གནོད་བྲལ། །ནང་དབྱིངས་ཀ་དག་གནས་ལུགས་ནང་གསལ་གནས། །དེ་ཡི་ངང་ལས་འཁོར་འདས་གྱེས་བཞིའི་ཚུལ། །ནང་

གསལ་གནས་ལུགས་རིག་རྩལ་རླུང་གིས་གཡོས། །དཔེར་ན་ཤེལ་དང་ཉི་ཟེར་ཕྲད་པ་ལྟར། །ནང་གསལ་ཕྱིར་འཆར་སྟོང་དབྱིངས་འོད་ལྔར་སྣང་། །རིག་ཆས་ གཞལ་བས་ཡུལ་དང་ཡུལ་ཅན་གྱུར། །དེ་ཚེ་རིག་དང་མ་རིག་ཁྱད་པར་གྱི། །སངས་རྒྱས་སེམས་ཅན་གཉིས་ཀྱི་སྒོ་གཉིས་འགྱུར། །ཀུན་བཟང་གྲོལ་ ཚུལ་གཞི་སྣང་ཤར་དུས་དེར། །ཡུལ་སྣང་རང་མདངས་ཡུལ་ཅན་རང་རིག་པས། །ཐེ་ཚོམ་སྒྲོ་འདོགས་སྐད་ཅིག་དེར་ཆོད་ནས། །ཕྱི་གསལ་ནང་ཐིམ་སྔོན་ བཞིན་གཞིར་བཞུགས་པས། །ཐོག་མའི་སངས་རྒྱས་ཀུན་ཏུ་བཟང་པོ་ཞེས། །རྒྱལ་བ་ཀུན་གྱི་སྤྱི་མེས་དེ་ལ་བྱ། །མ་རིག་སེམས་ཅན་འཁྲུལ་ཚུལ་གཞི་སྣང་

དེ༑ །རང་མདངས་ངོ་མ་ཤེས་པས་ཡུལ་དུ་བཟུང་། །ཡུལ་ཅན་རང་རིག་མ་ཤེས་ཀུན་ཏུ་རྟོག །ལྷན་སྐྱེས་བདག་ཉིད་ཀུན་བརྟགས་མ་རིག་པས། །རྒྱུ་བྱས་
[ 303 ]
༄༅། །རྐྱེན་བཞིས་ཁམས་གསུམ་འཁོར་བར་འཁྲུལ། །འབྲས་བུ་སྣོད་བཅུད་འཇིག་རྟེན་སྣ་ཚོགས་བྱུང་། །རྨི་ལམ་བཞིན་དུ་བདེ་སྡུག་སྣ་ཚོགས་

མྱོང་༑ །དེ་ལྟར་འཁྲུལ་ཡང་གདོད་མའི་གནས་ལུགས་དེ། །ཆེ་ཆུང་བཟང་ངན་མེད་པར་ཀུན་ལ་གནས། །དེ་ཕྱིར་ལུང་ལས་སྙིང་པོ་ཁྱབ་ཅེས་གསུངས། །དེ་ ལྟར་གཞི་ཡི་གནས་ལུགས་གྲོལ་འཁྲུལ་ཚུལ། །དོན་བསྡུས་མདོ་ཙམ་དེ་སྐད་བསྟན་པ་ལགས། །ལམ་གྱི་ཆོས་ནི་ཀུན་མཁྱེན་རྒྱལ་བ་ཡིས། །གདུལ་བྱའི་ དོན་དུ་ཆོས་སྒོ་མཐའ་ཡས་ཀྱང་། །གཉེན་པོ་དབང་པོ་བསྡུས་པའི་དོན་དགོངས་ནས། །བརྒྱད་ཁྲི་བཞི་སྟོང་ཆོས་སྒོ་ཕྱི་ནང་ཚུལ། །དྲང་ངེས་བསྐོར་ཚུལ་རིམ་དང་ གཅིག་ཆར་སོགས། །རྣམ་པ་དུ་མར་སྣང་བ་གདུལ་བྱའི་བློ། །འདིར་ནི་རྡོ་རྗེ་ཐེག་པའི་ཉེ་ལམ་མཆོག །དེ་ལ་ཕྱི་ནང་ཐབས་ཤེས་གཉིས་མེད་རྒྱུད། །ཀུན་

གྱི་ཡོངས་རྩེ་ཡང་གསང་རྫོགས་པ་ཆེ། །ལམ་མཆོག་འདིར་ཞུགས་དབང་གིས་སྨིན་བྱས་ནས། །གྲོལ་ལམ་བསྐྱེད་རྫོགས་གཉིས་མེད་ཉམས་བླངས་པའི། །
[ 304 ]
ཐོག་མར་ལོ་རྒྱུས་དག་གིས་ཡིད་ཆེས་བསྐྱེད། །དེ་ནས་མཚན་ཉིད་བདུན་ལྡན་གདམས་པར་འཇུག །བླ་མ་མཚན་ལྡན་སློབ་མ་སྣོད་ལྡན་དང་། །དེ་བཞིན་བསྟན་

ཚུལ་གནས་གྲོགས་ཡོ་བྱད་དུས། །མཚན་ཉིད་ཀུན་ལྡན་གདམས་པར་འཇུག་པ་ལས། །དབང་རབ་བརྩོན་འགྲུས་རབ་རྣམས་འདིར་གྲོལ་ཐབས། །དབང་ འབྲིང་བརྩོན་འགྲུས་འབྲིང་རྣམས་བར་དོ་དང་། །དབང་པོ་བརྩོན་འགྲུས་ཐ་མ་སྤྲུལ་སྐུའི་ཞིང་། །དབུགས་དབྱུང་ཐབས་དང་གདམས་པ་གསུམ་དག་ལས། ། ཐོག་མར་དབང་རབ་ཚེ་འདིར་གྲོལ་ཐབས་ལ། །སྔོན་འགྲོ་དངོས་གཞི་རྗེས་དང་མཐའ་བརྟེན་བཞི། །སྔོན་འགྲོ་ཐུན་མོང་ཐུན་མོང་མ་ཡིན་པ། །ཁྲེག་ཆོད་གདབ་ ཚུལ་གསུམ་ལས་དང་པོ་ནི།། །།དལ་འབྱོར་རྙེད་དཀའ་འཆི་བ་མི་རྟག་དང་། །འཁོར་བའི་ཉེས་དམིགས་ལས་ཀྱི་རྒྱུ་འབྲས་ལ། །སྙིང་

ནས་བསམ་ལ་འཁོར་བར་ཞེན་བློ་ལྡོག །སྲིད་པའི་སྡུག་བསྔལ་གཞན་གྱིས་སྐྱོབ་དཀའ་བས། །དཀོན་མཆོག་གསུམ་ལ་སྐྱབས་འགྲོ་བློ་གཏད་བཅའ། །
[ 305 ]
༄༅། །འགྲོ་དྲུག་སེམས་ཅན་ཕ་མ་དྲིན་ཆེན་ལ། །བྱམས་དང་སྙིང་རྗེ་བྱང་ཆུབ་སེམས་མཆོག་བསྐྱེད། །སྣོད་བཅུད་ཟང་ཟིང་ལོངས་སྤྱོད་ལུས་

དང་ཡིད། །ཁ་ཞེ་མེད་པར་གུས་པས་མཎྜལ་ཕུལ། །སྔོན་ནས་ད་བར་བསགས་པའི་སྡིག་སྒྲིབ་རྣམས། །རྡོར་སེམས་བསྒོམ་བཟླས་སྒྲིབ་སྦྱངས་བཤགས་སྡོམ་ བྱ༑ །མཚན་ལྡན་བླ་མ་སྤྱི་བོར་སྒོམ་བྱས་ལ། །སྙིང་ཁོང་རུས་གཏིང་གསོལ་གདབ་དབང་བཞི་བླང་། །དེ་དག་གཞན་དང་མཐུན་ཕྱིན་ཐུན་མོང་ཞེས། །ཐུན་ མོང་མ་ཡིན་སྔོན་འགྲོ་རྣམ་གསུམ་ལས། །ཕྱི་ལྟར་ལུས་ངག་ཡིད་གསུམ་རུ་ཤན་དབྱེ། །སྔོན་དུ་འགྲོ་བ་གཉིས་གཉིས་དག་ལས་ནི། །ལུས་ཀྱི་རུ་ཤན་སྲིད་ ཞིའི་སྤྱོད་ལམ་དང་། །སྔོན་འགྲོ་རྡོ་རྗེ་རྩེ་གསུམ་འདུག་སྟངས་བྱ། །ངག་གི་རུ་ཤན་སྲིད་ཞིའི་སྒྲ་སྐད་དང་། །སྔོན་འགྲོ་རྒྱས་གདབ་རྩལ་སྦྱངས་གཉན་བཙལ་

ཞིང་༑ །ལམ་དུ་ཞུགས་པ་བཞི་ལ་ནན་ཏན་བྱ། །སེམས་ཀྱི་རུ་ཤན་སྲིད་ཞིའི་བསམ་དཔྱོད་དང་། །སྔོན་འགྲོ་བྱུང་གནས་འགྲོ་གསུམ་རྩད་གཅོད་བྱ། །ནང་
[ 306 ]
ལྟར་རུ་ཤན་དབྱེ་ཞིང་སྒྲིབ་སྦྱངས་ནི། །རིགས་དྲུག་ས་བོན་འབྲུ་གསུམ་སྙིང་པོས་སྦྱོང་། །གསང་བ་སྒོ་གསུམ་རྣལ་དབབ་སོར་ཡང་འཇུག །སྒོ་གསུམ་བྱ་བྱེད་སྨྲ་

བརྗོད་བསམ་བློ་སྤངས། །འདེར་ཚོ་ལྐུགས་པ་དུར་ཁྲོད་རོ་བཞིན་རྣལ། །སོར་འཇུག་ཉན་ཐོས་བྱང་སེམས་ཁྲོ་བོ་ཡིན། །བལྟ་སྟངས་གསུམ་དང་བཞུགས་སྟངས་ གསུམ་གྱིས་འཇུག །ཉན་ཐོས་བལྟ་སྟངས་མིག་ནི་ཐུར་དུ་དབབ། །བཞུགས་སྟངས་ཆོས་བདུན་བཅའ་ལ་ཞི་གནས་བཙལ། །དེ་ཡང་མཚན་བཅས་མཚན་ མེད་སེམས་འཛིན་གྱི། །དམིགས་པ་གང་འཐད་བློ་དང་སྦྱར་ལ་བསྟན། །སྐབས་ཀྱི་སྐྱོན་བསལ་ཞི་གནས་སྐྱེས་ཙ་ན། །བྱང་ཆུབ་སེམས་དཔའི་བལྟ་ སྟངས་ཐད་ཀར་བལྟ། །བཞུགས་སྟངས་སེམས་དཔའི་སྐྱིལ་དཀྲུང་གཡོ་མེད་བྱ། །བློ་དང་གང་འཚམ་སྒྲིམ་ཀློད་སྤེལ་བ་དང་། །ངང་བཞག་དག་གིས་

གནས་པ་བརྟན་པར་བྱ། །ཁྲོ་བོའི་ལྟ་སྟངས་མིག་ནི་འབྲུ་ཚུགས་སུ། །བར་སྣང་འམ་‚ངམ་ནི་ནམ་མཁའི་དབྱིངས་སུ་གཏད། །བཞུགས་སྟངས་རྐང་པ་གྱད་ཀྱི་
[ 307 ]
༄༅། །དོར་ཐབས་སུ། །ལངས་ནས་ཤེས་པ་ཕྱལ་གྱིས་བཏང་ལ་བཞག །དེ་ཡིས་ཕྱོགས་གཅིག་ཨ་འཐས་བདེན་འཛིན་གྲོལ། །སྔོན་འགྲོ་

གསུམ་པ་ཁྲེག་ཆོད་གདབ་ཚུལ་ནི། །གནས་ལུགས་ལྟ་བ་གཏན་ལ་འབེབ་བྱའི་ཕྱིར། །དང་པོ་རྟོག་པ་རྩད་བཅད་སྔོན་འདས་ནས། །ད་བར་འཁོར་བར་འཁྱམས་ མཁན་གང་གིས་བྱས། །འདི་ནས་མ་འོངས་འཁོར་འདས་བྱེད་མཁན་གང་། །དགག་བསྒྲུབས་སྤངས་བླངས་བྱེད་པ་པོ་ནི་གང་། །ལེགས་པར་བརྟགས་ལ་ གདར་ཤ་ཆོད་པར་བྱ། །བར་དུ་སེམས་ཀྱི་མཚངས་བརྩལ་འདི་ལྟར་བྱ། །ལུས་ངག་ཡིད་གསུམ་གཅིག་གམ་ཐ་དད་གང་། །གཅིག་ན་སོ་སོར་སྣང་བ་ཇི་ལྟར་ རིག །ཡང་ན་སེམས་ལ་དངོས་པོ་མ་གྲུབ་བཞིན། །ལུས་དང་ངག་ཀྱང་དེ་ལྟར་གྲུབ་དགོས་ཤིང་། །ཐ་དད་ཡིན་ན་ལུས་དངོས་གྲུབ་པ་བཞིན། །ངག་དང་

སེམས་ཀྱང་དེ་ལྟར་གྲུབ་དགོས་པས། །དེ་སོགས་འགལ་འདུའི་རྣམ་པ་མང་གིས་ཀྱང་། །གཅིག་དང་ཐ་དད་ཡིན་མིན་དགག་བསྒྲུབས་སོགས། །བྱེད་
[ 308 ]
པ་པོ་ནི་སྒོ་གསུམ་གཙོ་གང་ཆེ། །ལེགས་པར་བརྟགས་དཔྱད་གཞིག་འདྲལ་བྱས་ནས་ནི། །སེམས་ཀྱི་མཚངས་དོན་རྟོགས་པའི་ཕུ་ཐག་བཅད། །ཐ་མར་

བྱུང་གནས་འགྲོ་གསུམ་རྩད་བཅད་པ། །སེམས་འདི་ཐོག་མར་བྱུང་བ་གང་ནས་བྱུང་། །བར་དུ་གནས་པས་གང་གནས་མཐར་གར་འགྲོ། །བྱུང་བ་བྱུང་ མཁན་གནས་པ་གནས་མཁན་གང་། །འགྲོ་ས་འགྲོ་མཁན་བལྟ་བྱ་བལྟ་བྱེད་སོགས། །བརྟགས་དཔྱད་མཁན་པོ་‚པོས་རང་གི་ངོ་བོར་བརྟགས། །གཞན་ཡང་ གཅིག་དང་ཐ་དད་གཟུགས་ཁ་དོག །གནས་འགྱུ་བདེ་གསལ་མི་རྟོགས་ཉམས་ལ་བརྟགས། །གཅིག་དང་ཐ་དད་བརྟགས་པས་བརྟགས་རྒྱུ་དང་། །བརྟགས་ མཁན་སེམས་ལ་གཉིས་སུ་འདུག་གྱུར་ན། །བརྟགས་ཏུ་བརྟགས་མཁན་སོ་སོར་འདི་འདྲ་ཞེས། །མཐོང་ན་གཟུགས་དབྱིབས་ཁ་དོག་ཅི་འདྲ་འདུག །གཟུགས་

དང་ཁ་དོག་མ་གྲུབ་ཅེ་ན་ནི། །གཟུགས་མེད་ཇི་ལྟར་མཐོང་བའི་ཡུལ་དུ་གྱུར། །དེས་ཀྱང་མ་རྟོག་གལ་ཏེ་གཉིས་གྱུར་ན། །གཅིག་སངས་རྒྱས་ཚེ་
[ 309 ]
༄༅། །གཅིག་ནི་འཁོར་བར་འཁྱམས། །འགྲོ་ལ་སེམས་གཉིས་མི་མངའ་ལུང་ལས་གསུངས། །བློ་ཡིས་བརྟགས་དུས་བརྟགས་རྒྱུ་བརྟགས་

མཁན་གཉིས། །དུས་གཅིག་འཕྲད་དམ་རིག་པས་བརྟགས་ན་གསལ། །གཅིག་ན་ཡུལ་དང་ཡུལ་ཅན་བདག་གཞན་དང་། །གཉིས་སྣང་སྣ་ཚོགས་སྣང་བ་ འདི་ཅི་ཞིག །དེ་སོགས་འགལ་འདུ་མང་ཡང་རང་ངོར་བརྟགས། །གཞན་དུ་མི་བརྟགས་བརྟགས་མཁན་རང་ལ་དཔྱོད། །གཅིག་དང་ཐ་དད་ཡོད་མེད་སྤྲོས་ པ་གཅོད། །གཞི་གནས་ལུགས་རྟོགས་ན་ངོ་སྤྲོད་གདབ། །ཨ་ཧོཿ སྐལ་ལྡན་བུ་དག་ཚུར་གསོན་དང་། །སེམས་ཞེས་བྱ་བ་ཀུན་གྱི་གཞི་མ་སྟེ། ། འཁོར་འདས་བདེ་སྡུག་དུ་མར་སྣང་ན་ཡང་། །དོན་ལ་འགྱུར་བ་མེད་དེ་ནམ་མཁའ་དང་། །གསེར་ལས་བྱས་པའི་རྫ་བཞིན་བཟང་ངན་མེད། །ནམ་

མཁའ་ལས་ནི་འཇའ་སྤྲིན་ཁུ་རླངས་དང་། །གློག་དང་ཐོག་ཆར་ཇི་ལྟར་སྣང་ན་ཡང་། །ནམ་མཁའ་ལ་ནི་བཟང་ངན་འགྱུར་བ་མེད། །དེ་བཞིན་སེམས་ཀྱི་
[ 310 ]
ངོ་བོ་སྟོང་པ་ལ། །འཁོར་འདས་བདེ་སྡུག་སྣ་ཚོགས་ཅི་ཤར་ཡང་། །གང་ཡང་མ་གྲུབ་བཟང་ངན་འགྱུར་བ་མེད། །གསེར་གྱི་རྒྱུ་ལས་རྒྱལ་བའི་སྐུ་གཟུགས་

དང་༑ །སྐྱེ་འགྲོའི་གཟུགས་དང་མི་གཙང་སྣོད་ལ་སོགས། །ཇི་ལྟར་བཟོས་ཀྱང་གསེར་གྱི་ངོ་བོ་ལ། །བཟང་ངན་མེད་ཀྱང་གཞན་ངོར་བཟང་ངན་ལྟར། ། སངས་རྒྱས་སེམས་ཅན་དོན་ལ་གཅིག་མོད་ཀྱང་། །གཞན་ངོར་བཟང་ངན་གཉིས་སུ་སྣང་བ་ལགས། །འཁྲུལ་དང་མ་འཁྲུལ་གཞི་ལ་མ་གྲུབ་ཀྱང་། །བློ་ བུར་འཁྲུལ་པ་གཉིད་ཀྱི་རྨི་ལམ་ལྟར། །དོན་ལ་མེད་ཀྱང་གཟུང་འཛིན་དབང་གིས་སྣང་། །ལུང་ལས། སེམས་ཅན་རྣམས་ནི་སངས་རྒྱས་ཉིད། །འོན་ ཀྱང་བློ་བུར་དྲི་མས་སྒྲིབ་ཅེས་གསུངས། །དེ་ཕྱིར་གཞི་དོན་ཉམས་སུ་ལེན་པ་ལ། །ཐོས་བསམ་སྒོམ་པས་གནས་ལུགས་གཏན་ལ་དབབ། །ཁྱད་པར་

འདི་བཞིན་ཉམས་སུ་བླངས་བྱས་ལ། །ལྟ་སྒོམ་སྤྱོད་པས་གོལ་སྒྲིབ་གདར་ཤ་གཅོད། །ཁྱད་པར་ལྟ་བ་གཏན་ལ་འབེབས་པ་ལ། །གནས་ལུགས་
[ 311 ]
༄༅། །གཞི་ཡི་རང་བཞིན་ཤེས་པ་གཅེས། །གནས་ལུགས་གཞི་ཡི་རང་བཞིན་ཤེས་པ་ལ། །ཁྲེག་ཆོད་དོན་གྱི་དགོངས་པ་ལོན་པ་གཅེས། །

དེ་ཡི་གནད་འགག་དཔྱད་སྒོམ་འཇོག་སྒོམ་དང་། །བརྟགས་ཤིང་གཞིག་འདྲལ་རང་ངོ་བལྟ་བ་གཅེས། །དེ་ལྟར་བརྟགས་པས་སེམས་ཀྱི་ངོ་བོ་དེ། །ཅིར་ཡང་ གྲུབ་པ་མེད་དེ་སྟོང་སོང་ངེ། །དེ་ནི་ངོ་བོ་‚བོསསྟོང་པ་ཆོས་ཀྱི་སྐུ། །སྟོང་པ་ཕྱོགས་གཅིག་ཕྱང་སྟོང་མ་ཡིན་ཞིང་། །སྟོང་པའི་རང་མདངས་རང་སྣང་གསལ་ལྷང་ ངེ་༑ །དེ་ནི་རང་བཞིན་གསལ་བ་ལོངས་སྐུའོ། །དེ་གཉིས་སོ་སོ་ཐ་དད་མ་ཡིན་པར། །གཉིས་སུ་མེད་པའི་རིག་པ་རྗེན་ཅེ་རེ། །ཅིར་ཡང་རིག་ཅིང་ཤེས་པ་མི་ འགགས་པས། །ཐུགས་རྗེ་‚རྗེས་ཀུན་ཁྱབ་ཡེ་ཤེས་སྤྲུལ་པའི་སྐུ། །ཡེ་ཐོག་གཞི་གནས་ཡེ་ཤེས་སྐུ་གསུམ་ཚུལ། །མདོར་ན་གཞི་གནས་ཀ་དག་ལྷུན་གྲུབ་

གཉིས༑ །ལམ་གྱི་དུས་ན་ཁྲེག་ཆོད་ཐོད་རྒལ་{བར་དོའི་སྐབས་སུ་འཆི་ཁ་འོད་གསལ་གྱི་བར་དོ་དང་། ཆོས་ཉིད་བར་དོ་ཕྱི་གསལ་ལྷུན་གྲུབ་ཀྱི་སྣང་ཆའོ། །}ཞེས། ཀ་དག་ཅེས་བྱ་མ་
[ 312 ]
བཅོས་རང་ཀ་མ། །གཉེན་པོའི་བློ་དང་རྩོལ་བའི་འཛིན་པ་བྲལ། །རང་བབས་གཤིས་ལུགས་རང་ཀའི་ཤེས་པ་ཉིད། །ལུང་མ་བསྟན་དང་འཁྲུལ་ཕྱིར་མ་

ཡེངས་པ། །ཀུ་ས་ལི་རྣམས་ཐ་མལ་ཤེས་པ་ཟེར། །མཁས་རྣམས་རྣམ་པར་མི་རྟོགས་ཡེ་ཤེས་ཞེས། །སྣང་སྲིད་འཁོར་འདས་ཆོས་ཀུན་དེར་རྫོགས་ པས༑ །ཨ་ཏི་རྫོགས་པ་ཆེན་པོ་ཞེས་ཀྱང་བྱ། །སྣང་སྟོང་འཁོར་འདས་གཉིས་མེད་མཉམ་སྦྱོར་བས། །དེ་ཕྱིར་ཕྱག་རྒྱ་ཆེན་པོ་ཞེས་སུ་བཏགས། །མཐའ་ བརྒྱད་སྤྲོས་པའི་མཐའ་ལས་རྣམ་གྲོལ་ཕྱིར། །དེ་ཕྱིར་མཐའ་བྲལ་དབུ་མ་ཞེས་སུ་གྲགས། །འདི་ཉིད་ཤེས་བྱ་ཀུན་ལས་རབ་མཆོག་པས། །ཤེས་རབ་ཕ་ རོལ་ཕྱིན་པ་ཞེས་ཀྱང་བྱ། །ལམ་འདིར་མཐར་ཐུག་འབྲས་བུ་མངོན་གྱུར་ཕྱིར། །ལམ་འབྲས་ཞེས་བྱ་མིང་དུ་བཏགས་པར་ཟད། །ཉོན་མོངས་བག་

ཆགས་འཁྲུལ་རྟོག་སྡུག་བསྔལ་ཀུན། །ཞི་བར་བྱེད་པས་ཞི་བྱེད་ཅེས་སུ་གྲགས། །སྣང་ཞེན་འཁྲུལ་སྣང་གཉིས་འཛིན་ཞེན་ཆགས་བདུད། །ཐད་ཀར་གཅོད་
[ 313 ]
༄༅། །པས་གཅོད་ཡུལ་ཞེས་སུ་བཏགས། །དེ་སོགས་མིང་གི་རྣམ་གྲངས་དུ་མ་དང་། །བཟང་འདོགས་སྙན་མིང་མང་པོ་ཅི་བཏགས་ཀྱང་། །

དོན་ལ་ད་ལྟའི་ཤེས་པ་འདི་ཀ་ཡིན། །འདི་ལས་གཞན་པའི་ལྷག་པ་སུ་འདོད་པ། །གླེན་པ་རང་གིས་རང་ཉིད་ཚོལ་བཞིན་ནོ། །དེས་ན་རང་ལས་གཞན་དུ་མ་ཚོལ་བར། ། རང་གི་རང་ངོ་རང་གིས་ཤེས་པར་བྱ། །རང་བྱུང་ཡེ་ཤེས་རང་ལ་གནས་པ་ལས། །སངས་རྒྱས་གཞན་དུ་ཚོལ་བ་ཡང་རེ་འཁྲུལ། །ད་ལྟ་རང་གི་ཤེས་རིག་འདི་ཀ་ལ། ། རང་ལས་གཞན་དུ་བརྟགས་པ་ཡང་རེ་འཁྲུལ། །མ་བཅོས་རང་གར་བཞག་པས་ཆོག་པ་ལ། །བཟང་འདོད་བློ་ཡིས་བཅོས་པ་ཡང་རེ་འཁྲུལ། །གདོད་མའི་གནས་ལུགས་ རང་གཤིས་དེ་ཀ་ལ། །རང་འདོད་རྩོལ་བས་བསྒོམས་པ་ཡང་རེ་འཁྲུལ། །རང་བབས་ངང་དུ་རང་བཞིན་གནས་པ་ལས། །སེམས་འཛིན་གནས་པས་འཆིངས་པ་ཡང་རེ་

འཁྲུལ༑ །རྩོལ་མེད་རང་ལུགས་ལྟ་བའི་རྒྱལ་པོ་ལ། །འབད་རྩོལ་གཉེན་པོས་བཅོས་པ་ཡང་རེ་འཁྲུལ། །རང་བཞིན་རང་གར་བཞག་པས་ཆོག་པ་ལ། །ཆོད་དུ་རྩོལ་
[ 314 ]
སྒྲུབ་བྱེད་པ་ཡང་རེ་འཁྲུལ། །དེ་ཕྱིར་གཞི་ཡི་གནས་ལུགས་དེ་ཉིད་ལ། །བཟང་འདོད་གཉེན་པོའི་བློ་ཡི་འབད་རྩོལ་གྱི། །ཞེ་འདོད་འཛིན་པས་རང་ཉིད་མ་འཆིང་བར། །

མ་བཅོས་རང་བབས་རྩོལ་མེད་ངང་དུ་ཞོག །དེ་ལྟར་གནས་ལུགས་ལྟ་བ་ངོ་འཕྲོད་ནས། །བསྒོམས་ནས་གོམས་པ་རབ་ཏུ་གཅེས་པའི་ཕྱིར། །ཅོག་བཞག་གསུམ་གྱི་ གནས་ལུགས་ཤེས་པར་བྱ། །རི་བོ་ཅོག་བཞག་རང་ལུས་གཡོ་མེད་བཞག །རྒྱ་མཚོ་ཅོག་བཞག་མིག་ནི་མི་འགུལ་བཞག །རིག་པ་ཅོག་བཞག་ཤེས་པ་མ་བཅོས་བཞག ། དེ་ཡི་ངང་ལས་དྲན་རྟོག་གང་ཤར་གྱི། །རྗེས་སུ་མི་འབྲང་གཉེན་པོས་མི་འགུག་པར། །བློ་ཡིས་མི་འཛིན་རང་བབས་ངང་དུ་ཀློད། །ཀློད་དྲགས་རྒྱ་ཡན་ལུང་མ་བསྟན་གྱུར་ནས། ། ཅི་བྱས་མ་ཚོར་ཚོར་ཙམ་རྟོག་རྗེས་འབྲང་། །ཡང་ན་བྱིང་རྨུག་གཏི་མུག་གཉིད་ཀྱིས་ནོན། །དེ་ལ་མ་ཡེངས་དྲན་པས་རྒྱང་སོ་འཛུག །རང་བཞིན་རང་བབས་མ་གཏོགས་ཆེད་

གཉེར་གྱིས། །རྩོལ་བས་གནས་གནས་བདེ་བདེ་མི་བཙལ་བར། །གློད་ཆགས་རང་གཤིས་རང་བབས་ངང་དུ་བཞག །དེ་ལ་ཡུན་དུ་གོམས་པ་ཕྲ་རགས་ཀྱི། །རྟོག་པ་
[ 315 ]
༄༅། །གང་ཤར་ངོས་ཟིན་འཛིན་བློ་དང་། །སྤངས་གཉེན་ཕྱོགས་ཞེན་གོལ་སྒྲིབ་སྐྱོན་ངོས་བཟུང་། །རང་གྲོལ་གསུམ་གྱིས་བོགས་དབྱུང་རྐྱེན་དང་བསྲེ། །

དེ་ཡང་འདོད་ཆགས་ཞེ་སྡང་གཏི་མུག་གི །རྟོག་པ་ཕྲ་རགས་གཉིས་ལས་རགས་པ་ནི། །ཡུལ་ཅན་ལས་བྱུང་དགའ་དང་མི་དགའ་བའི། །གཉེན་དང་དགྲ་དང་འདོད་ དང་མི་འདོད་སོགས། །འདོད་ཆགས་ཞེ་སྡང་གཉིས་ཀྱིས་རྐྱེན་བསྐྱེད་པ། །བར་མ་ས་རྡོ་རི་བྲག་འགྲོ་བ་གཞན། །ཕན་གནོད་མེད་པ་རྟོག་མེད་ལུང་མ་བསྟན། །གཏི་ མུག་ཡིན་ཕྱིར་དེ་གསུམ་ནས་སྐྱེས་ཚེ། །ཡུལ་རྗེས་མི་འབྲང་ཡུལ་ཅན་རང་ངོས་བཟུང་། །ཅེར་གྱིས་བལྟས་པས་བལྟ་མཁན་ངོ་བོས་སྟོང་། །གང་ཡང་མ་གྲུབ་རང་བཞིན་ རྗེས་པར་རྟོགས། །སྤང་བྱ་མ་གྲུབ་གཉེན་པོ་གཞན་མ་དགོས། །རང་གིས་རང་གྲོལ་སྤྲུལ་གྱི་མདུད་པ་བཞིན། །རང་གི་གཉེན་པོ་རང་གིས་གྲོལ་བའོ། །དེ་བཞིན་

དུག་ལྔ་ཉོན་མོངས་གང་སྐྱེས་ཀྱང་། །དེ་རྗེས་མི་འབྲང་རང་ངོར་བལྟས་པས་སྟོང་། །འདམ་བུ་ཚར་བུ་ཆུ་ཡི་དཔེ་བཞིན་དུ། །ཐམས་ཅད་རང་སྟོང་གཤིས་ལུགས་
[ 316 ]
ཡིན་ཤེས་བྱ། །ཕྲ་བ་མཉམ་པར་བཞག་ཚེ་འདོད་པས་རྩོལ། །གནས་ཚེ་དགའ་བས་དེ་ལ་ཆགས་ཤིང་ཞེན། །མི་གནས་འཕྲོ་རྒོད་བྱུང་དུས་མི་སྡོད་སྡང་། །བྱིངས་

རྨུགས་འཐིབ་མྱོས་བཏང་སྙོམས་ལུང་མ་བསྟན། །དེ་གསུམ་ཕྲ་བ་ནང་གི་དུག་གསུམ་སྟེ། །རང་ངོ་བལྟས་ལ་འཛིན་པས་མ་བཟུང་བར། །མ་ཡེངས་རང་བབས་ གློད་ཆགས་རྒན་པོའི་ཚུལ། །བྱར་མེད་རྩོལ་བྲལ་ལས་ཟིན་སྐྱེས་བུ་འདྲ། །རང་བཞིན་གྱི་ནར་འདུག་པ་མན་ངག་གནད། །མདོར་ན་ཐ་མལ་ཡེངས་པར་མ་སོང་ཞིང་། ། ཆེད་དུ་འབད་རྩོལ་བློ་ཡིས་མི་བསྒོམས་པར། །རང་ལུགས་དང་བཞག་སྒོམ་པའི་རྒྱལ་པོ་མཆོག །གཞན་ཡང་སྒོ་ལྔ་ཚོགས་དྲུག་ཡུལ་རྣམས་ལ། །འཛིན་པས་མི་བཟུང་ རང་ངོར་བལྟ་བྱས་ལ། །དེར་བློ་མི་འཇུག་ངང་བཞག་རང་ཀློད་པས། །གཟུང་ཡུལ་མི་དམིགས་བློ་ཡི་འཛིན་པ་ཁྲོལ། །དེས་ན་ཡུལ་གྱིས་མི་འཆིངས་

ཞེས་པས་འཆིངས། །འཛིན་ཞེན་གྲོལ་ན་སྤྱོད་པའི་རྒྱལ་པོ་ཞེས། །རྣལ་འབྱོར་དབང་ཕྱུག་རྣམས་ཀྱིས་གཤེགས་ཤུལ་ཡིན། །གཞན་ཡང་སྤྱོད་ལམ་
[ 317 ]
༄༅། །རྣམ་བཞི་གང་སྤྱོད་ཀྱང་། །ཐ་མལ་མི་ཡེངས་རང་ལུགས་གཤིས་ཀྱིས་སྤྱོད། །སྤངས་བླངས་མི་བྱ་དམིགས་གཏད་ཞེན་པ་དོར། །དེ་

དག་རྣམས་ནི་ཀ་དག་ཁྲེག་ཆོད་ཀྱི། །གནས་ལུགས་གཏན་ལ་འབེབས་པའི་གདམས་པའོ།། །།གཞི་དོན་ལམ་སློང་འབྲས་བུར་སྨིན་པ་ནི། ། དེ་ཡང་ལྟ་བ་ཐག་བཅད་བསྒོམས་པས་གོམས། །དུས་དང་འབྲེལ་པའི་སྤྱོད་པ་གང་འཚམ་སྤྱོད། །ཀློང་དུ་གྱུར་ཚེ་ཐམས་ཅད་ཆོས་སྐུའི་ཞིང་། ། འཁོར་འདས་མཉམ་ཉིད་བཟང་ངན་བླང་དོར་བྲལ། །བསྒོམས་དང་མི་བསྒོམས་ཡེངས་དང་མ་ཡེངས་མེད། །ཐམས་ཅད་རང་གྲོལ་ཀུན་ཏུ་བཟང་པོའི་ ཀློང་༑ །འབྲས་བུ་འགྱུར་མེད་རང་གནས་བཙན་ས་ཟིན། །རང་རིག་མ་གཏོགས་སངས་རྒྱས་གཞན་མེད་ཕྱིར། །ཐོབ་འདོད་རེ་བའི་རྩོལ་བསྒྲུབས་ཀུན་

དང་བྲལ། །སེམས་ཉིད་དོན་ལ་འཁོར་རྒྱུ་འཁོར་མཁན་མེད། །རང་རིག་རྟོགས་ན་སྡུག་བསྔལ་རྒྱུ་དང་བྲལ། །དེ་ཕྱིར་འཁོར་བའི་གཡང་ས་‚སར་ལྷུང་
[ 318 ]
དོགས་མེད། །རེ་དོགས་ཀུན་བྲལ་འབྲས་བུའི་རྒྱལ་པོ་ཡིན། །དེ་ལྟར་རྫོགས་ཆེན་ཡང་གསང་བླ་མེད་ཀྱི། །སྙིང་པོ་ཡང་ཞུན་གཞི་ལམ་འབྲས་

བུའི་ཚུལ། །སྔོན་འགྲོ་རྣམ་གསུམ་ཁྲེག་ཆོད་ཀ་དག་གི །གནས་ལུགས་གཏན་ལ་དབབ་པའི་མན་ངག་གནད། །མདོར་བསྡུས་ཚིག་བཅད་པདྨ་ མ་ཏི་ལ། །བཤེས་གཉེན་དགེ་ལ་སྦྱོར་བའི་གྲོགས་མཆོག་འགས། །མོས་པས་བསྐུལ་ནས་བྲིས་པའི་དགེ་བ་གང་། །མ་གྱུར་འགྲོ་རྣམས་ སངས་རྒྱས་ཐོབ་ཕྱིར་བསྔོ། །ཉེས་སྐྱོན་མ་རྟོག་འཁྲུལ་གྱུར་མཁས་རྣམས་དང་། །མཁའ་འགྲོ་དམ་ཅན་རྣམས་ལ་བཟོད་པར་གསོལ།། །། {ཞེས་པ་འདི་ནི་རྫོགས་པ་ཆེན་པོའི་དོན་ལ་ངེས་ཤེས་ཅུང་ཟད་རྒྱུད་ལ་འབྱོར་པའི་མདོ་ཁམས་ཀྱི་བནྡེ་ཀ་མ་ལ་མ་ཏིས་ལྷོ་སྨར་ཁམས་སྒང་གི་སའི་ཆར། གནས་ཆེན་རྡོ་རྗེ་གྲོ་ལོད་ཀྱི་གཡོན་ངོས་བཞུགས་ཁྲིའི་

སྟེང་དུ་སྦྱར་བའོ། །དངོས་གཞི་ཟག་མེད་ཡེ་ཤེས་བསྐྱེད་ཚུལ་ནི། །འདི་རུ་མ་བསྟན་སྙན་རྒྱུད་མན་ངག་གནད། །བློ་དམན་ཐེག་མཆོག་སྣོད་མིན་རྣམས་ལ་གསང་། །དེ་ཕྱིར་གསང་བའི་དོན་འདི་བརྡ་ཐིམ་རྒྱ། །དགེའོ།། །།}
[ 319 ]
ཏ༽ ༄༅། །ཡང་གསང་སྙིང་ཐིག་གི་དངོས་གཞི་འོད་གསལ་སྙིང་པོ་དོན་ཁྲིད་ཀྱི་རྩ་བ་གནད་ཀྱི་སྤྱི་ཆིངས་བཞུགས་སོ།། །།
[ 320 ]
༄༅། །དངོས་གཞི་འོད་གསལ་སྙིང་པོའི་དོན་ཁྲིད་རྩ་བ་གནད་ཀྱི་སྤྱི་ཆིངས་ཞེས་བྱ་བ། ཀ་དག་རང་གནས་ཆོས་ཀྱི་སྐུ། །

ལྷུན་གྲུབ་རང་གསལ་ལོངས་སྤྱོད་རྫོགས། །ཐུགས་རྗེ་རང་ཤར་སྤྲུལ་པའི་སྐུ། །སྐུ་གསུམ་རང་བྱུང་སྟོན་པར་འདུད། །རྒྱལ་བ་ ཀུན་གྱི་གསང་ལམ་མཆོག །ཡོངས་‚ཡང་རྩེ་རྫོགས་པ་ཆེན་པོ་ཡི། །དངོས་གཞི་ཟག་མེད་ཡེ་ཤེས་ཀྱི། །འོད་གསལ་ལམ་དུ་ཞུགས་

པའི་ཁྲིད། །ཉིན་མཚན་གཉིས་ཀྱི་རྣལ་འབྱོར་ནི། །མཚན་མོ་རྒྱ་མཚོ་ཨར་གཏད་ཀྱི། །མུན་པའི་རྣལ་འབྱོར་གཞན་དུ་ཤེས། །
[ 321 ]
༄༅། །ཉིན་མོའི་རྣལ་འབྱོར་མཆོག་གསང་ལ། །སྔོན་འགྲོ་དངོས་གཞི་རྗེས་གསུམ་ལ། །སྔོན་འགྲོ་སྤྱི་དང་བྱེ་

བྲག་གི །ཁྲེག་‚ཁྲེགས་ཆོད་ཡན་ཆད་སྔོན་སོང་ནས། །ཁྱད་པར་སྔོན་འགྲོ་ལ་ཡང་གསུམ། །སྒོ་གསུམ་བྱ་བཏང་གནད་གཟིར་ཚུལ། ། ཡེ་ཤེས་གསང་ལམ་མཚོན་ཚུལ་ལས། །དང་པོ་ལུས་ངག་ཡིད་གསུམ་གྱི། །ཕྱི་ནང་གསང་བའི་བྱ་བ་བཏང་། །ལུས་ཕྱི་ཡི་

འཇིག་རྟེན་བྱ་སྤྱོད་སྤངས། །ནང་གི་བྱ་བ་ཕྱག་སྐོར་དང་། །གསང་བ་ཕྱག་རྒྱ་བསྒྱུར་སོགས་བཏང་། །མདོར་ན་འདོར་ཚོ་‚མདོར་རྩ་ལྟ་
[ 322 ]
བུར་གནས། །ངག་ཕྱི་ཡི་བྱ་བ་འཁྲུལ་གཏམ་དང་། །ནང་གི་ཁ་ཐོན་བཟླས་བརྗོད་སྤངས། །གསང་བ་ཤུབ་བུ་ཙམ་མི་བྱ། །མདོར་ན་ལྐུགས་པ་ལྟ་བུར་གནས། །

ཡིད་ཕྱིའི་བྱ་བ་འཁྲུལ་བསམ་དང་། །ནང་གི་ལྷ་ཡི་བསྐྱེད་རིམ་དང་། །གསང་བ་སེམས་འཛིན་ལྟ་བསྒོམ་སྤངས། །མདོར་ན་དྲན་བསམ་བྲལ་བར་བཞག ། ཡོན་ཏན་སྒོ་གསུམ་འཁྲུལ་རྒྱུན་ཆད། །མ་བཏང་སྐྱོན་ནི་བྱར་མེད་དོན། །མི་རྟོགས་རིག་པའི་དོན་མི་རྙེད། །ཚད་ནི་གང་ལའང་མི་འཇུག་པའོ། །འདི་དུས་ ཚེ་ཡི་བར་ཆད་ཀྱང་། །ཕྱི་མ་འདི་འཕྲད་ལྷག་མེད་དུའོ། །ཕལ་ཆེར་བར་དོ་དང་པོར་གྲོལ། །གཉིས་པ་སྒོ་གསུམ་གནད་གཟིར་ཚུལ། །ལུས་གནད་བཞུགས་ སྟངས་གཟིགས་སྟངས་གསུམ། །ཆོས་སྐུ་སེང་གེ་ལོངས་སྐུ་གླང་། །སྤྲུལ་སྐུ་དྲང་སྲོང་ཙོག་པུ་སྟེ། །གཟིགས་སྟངས་སྨིན་དཔྲག་མཁའ་བར་སྣང་། །མི་

འགུལ་ཟུར་དང་ཟིམ་བུས་བལྟ། །ཡོན་ཏན་འཁྲུལ་གྲོལ་དོན་ལ་སྤྱོད། །སྣང་བ་རང་སྤྲུལ་ {ཆོས་སྐུ་རྡོ་རྗེའི་སྤྱན་ཕྱེ་བཙུམ་མེད་པ་}རྡོ་རྗེ་དང་། །{ལོངས་སྐུ་པདྨའི་སྤྱན་གསོལ་
[ 323 ]
༄༅། །མེད་པ་}པདྨ་ཆོས་{སྤྲུལ་སྐུ་ཆོས་ཀྱི་སྤྱན་རྡུལ་མེད་པ། ཞེས་བི་མ་ལས་གསུངས་སོ། །}ཀྱི་སྤྱན་གྱིས་མཐོང་། །སྐྱོན་ནི་འབྱུང་ཟད་རླུང་མི་ཟིན། །

དྲོད་མེད་རིག་པ་སྣང་མི་ནུས། །ངག་གནད་སྨྲ་བ་བཅད་ལ་བསླབ། །གནས་ས་བརྟན་ཅིང་ལ་ཡང་བཟླ། །ཡོན་ཏན་རྐྱེན་ཟད་མྱ་ངན་འདའ། །སྐྱོན་ནི་བརྗོད་མེད་དོན་མི་ རྟོགས༑ །སེམས་གནད་རླུང་རིག་གཉིས་ཡིན་ཏེ། །རླུང་གནད་དལ་ལ་དཔང་པོར་གཏད། །སེམས་གནད་སྨྲིན་‚སྨིན་དཔྲག་མཁའ་ལའོ། །ཡོན་ཏན་རིག་པ་སྐུ་གསུམ་ འཆར༑ །སྐྱོན་ནི་དབྱིངས་རིག་མི་མཐོང་ངོ་། །ཡེ་ཤེས་གསང་ལམ་མཚོན་ཚུལ་ནི། །འཆར་བྱེད་སྒོ་དང་འཆར་གཞི་ཡུལ། །འཆར་བ་རླུང་རིག་གནད་གསུམ་ ལས༑ །སྒོ་ནི་རྒྱང་ཞགས་ཆུའི་སྒྲོན་མ། །ཁྱད་པར་ཀ་ཏི་ཤེལ་སྦུགས་‚སྦུག་ཅན། །རྒྱང་ཞགས་ནང་གསལ་ཡེ་ཤེས་སྒོ། །འཁྲུལ་སྣང་མི་འཛིན་འོད་གསལ་ལམ། །སྒོ་

གནད་བཟློག་ཕབ་ཟུར་གྱིས་བལྟ། །ཡུལ་གནད་ཕྱི་དབྱིངས་སྤྲིན་བྲལ་མཁའ། །ནང་ནི་སྒྲོན་མའི་ལམ་དུའོ། །རླུང་གནད་དལ་སྙོམས་ཕྱི་རུ་མདུར།‚འདུར། །རིག་
[ 324 ]
གནད་ལུག་རྒྱུད་བརྩོན་དུ་བཟུང་། །ཡོན་ཏན་ཡེ་ཤེས་མངོན་སུམ་མཐོང་། །མཐར་མ་ཕྱིན་ཀྱང་སྤྲུལ་པར་དབྱུང་། །སྐྱོན་ནི་རིག་པའི་དོན་དང་འགྱང་། །དངོས་

གཞི་དེ་ཉིད་ངོ་སྤྲད་ཚུལ། །མངོན་སུམ་ཡེ་ཤེས་རང་སྣང་དེ། །སྐུ་གསུམ་མཆོག་གསུམ་ལྔ་ཚན་བདུན། །སྒོ་གསུམ་སྐུ་གསུམ་མཆོག་གསུམ་ཉིད། །སྐུ་ལྔ་ ཡེ་ཤེས་རིགས་ལྔ་དང་། །རླུང་ལྔ་འོད་ལྔ་ཤེས་རབ་ལྔ། །མཁའ་འགྲོ་ལྔར་གནས་རང་བཞིན་གསལ། །གཞན་ན་མེད་དེ་རང་བྱུང་གི །ཡེ་ཤེས་རང་གདངས་‚མདངས་དེ་ ཉིད་དོ། །རྗེས་ནི་རྣལ་འབྱོར་བཞི་ཡི་ཚུལ། །ལྟ་སྒོམ་སྤྱོད་འབྲས་རྣམ་བཞི་ལས། །ལྟ་བ་མངོན་སུམ་སྣང་བ་ལ། །ཡིད་དཔྱོད་ཚིག་གི་ལྟ་དང་བྲལ། །ཉམས་ བླངས་ཕྱི་ཡུལ་སྒྱུ་མར་མཐོང་། །ནང་རྟོག་ན་བུན་ལྟ་བུར་ཡལ། །སྒོམ་པ་དེ་དོན་རྒྱུན་དུ་གནས། །ཁྱད་པར་ཐུན་བཞིར་ཉམས་ལེན་ནི། །ནམ་ལངས་ཉི་མ་རྩེ་ཤར་

བར༑ །ཁ་ཏོན་དཔེ་བལྟ་ལ་སོགས་བྱ། །ཉི་ཤར་གུང་བར་ཐོད་རྒལ་བསྒོམས། །གུང་ལ་ཕྱག་སྐོར་ལ་སོགས་བྱ། །ཕྱི་དྲོ་ཐོད་རྒལ་རྒོངས་‚དགོང་མོ་ལ། །གཏོར་མ་
[ 325 ]
༄༅། །ཆོས་སྤྱོད་བཤགས་སྡོམ་བྱ། །སྲོད་ལ་མི་རྟག་བསྐྱེད་རིམ་བཟླས། །གུང་ལ་གཉིད་ཀྱི་རྣལ་འབྱོར་དང་། །ཐོ་རངས་བླ་མའི་རྣལ་

འབྱོར་རྗེས། །ཁྲེག་‚ཁྲེགས་ཆོད་བདེ་སྟོང་གཏུམ་མོ་བསྒོམས། །ཁྱད་པར་ཉིན་དུས་འོད་གསལ་དང་། །མཚན་མོའི་སྲོད་ལ་དབང་པོ་བསྡུ། །གུང་ལ་ཤེས་བྱ་བུམ་པར་ གཞུག །ཐོ་རངས་རིག་པ་སྟོང་གསལ་གཏད། །སྤྱོད་པ་རང་ཤར་རང་གྲོལ་སྤྱོད། །སྤྱོད་ཚུལ་དང་པོས་ཆོས་སྤྱོད་བཅུ། །བར་པས་སྒོ་གསུམ་རུ་ཤན་དབྱེ། །དེ་ ནས་བརྟུལ་ཞུགས་གསང་སྤྱོད་བྱ། །བུང་བ་ལྟ་བུའི་‚བུས་ཆོས་ཀུན་མྱོང་། །རི་དྭགས་ལྟ་བུས་ཡུལ་རྐྱེན་སྤངས། །ལྐུགས་པ་ལྟ་བུ་‚བུས་བརྗོད་མེད་གནས། །ཐི་བྱ་ལྟ་བུས་ ཐེ་ཚོམ་བཅད། །སྨྱོན་པ་ལྟ་བུས་ངེས་མེད་རྒྱུ། །སེང་གེ་ལྟ་བུས་འཇིགས་པ་བྲལ། །ཁྱི་ཕག་ལྟ་བུས་གཙང་སྨེ་སྤངས། །ཉམས་བླངས་ཤུགས་འབྱུང་འགག་

མེད་སྤྱོད། །འབྲས་བུ་མི་འགྱུར་བཙན་ས་ཟིན། །བརྟན་པ་ཐོབ་པས་རྐྱེན་མི་གནོད། །ལས་དང་བག་ཆགས་སྒྲིབ་ཀུན་གྲོལ། །ལྟ་བསྒོམ་གྲུབ་མཐའི་ཞེ་འདོད་
[ 326 ]
བྲལ་༑ །རེ་དོགས་རྩོལ་མེད་བློ་བདེའོ། །སྤྱི་དོན་གསུམ་པ་རྗེས་སྣང་བཞིའི‚བཞིས། །ཉམས་སུ་བླངས་པའི་འཆར་ཚུལ་ལས། །མངོན་སུམ་གོང་འཕེལ་ཚད་ཕེབ་‚ཕེབས་དང་། །

ཆོས་ཉིད་ཟད་པའི་སྣང་བཞི་ལས། །དང་པོ་ཆོས་ཉིད་མངོན་སུམ་ནི། །བཞུགས་སྟངས་གཟིགས་སྟངས་གནད་གཟིར་བས། །རིག་པའི་རང་འོད་མཁའ་ དབྱིངས་སུ། །རྣམ་དག་སྒྲོན་མ་འཇའ་ཚོན་ནམ། །རྨ་བྱའི་མདོངས་ལྟར་འཆར་བའི་ནང་། །ཐིག་ལེ་སྟོང་སྒྲོན་ཉ་མིག་ལྟར། །ཡུངས་འབྲུའམ་ནི་སྲན་འབྲུ་ཙམ། ། དེ་ནང་རིག་པ་ལུ་གུ་རྒྱུད། །རྟ་རྔ་མདུད་དམ་མུ་ཏིག་ཕྲེང་། །གཉིས་འབྲེལ་གསུམ་འབྲེལ་ཚུན་ཚད་‚ཆད་འཆར། །དབྱིངས་དང་ཡེ་ཤེས་སྐུ་ཡི་རྟགས། །འོད་ཁྱིམ་ཐིག་ ལེ་ལུག་རྒྱུད་དོ། །ཚད་ནི་མཐོང་ཚད་གོམས་ཚད་དང་། །བརྟན་ཚད་གསུམ་ལས་དང་པོ་ནི། །མཐིང་ག་དབྱིངས་ཚད་ཟླུམ་གསལ་སྒྲོན། །ཕྲ་ལ་འགུལ་བ་རིག་

པའི་ཚད། །གོམ་‚གོམས་ཚད་ཁ་དོག་ལྔ་ལྡན་འོད། །ཁྲུ་གང་ཙམ་དུ་སྣང་བའོ། །བརྟན་ཚད་སེམས་ཀྱང་བཟུང་སར་ཟིན། །འདབ་ཆགས་སྙི་ལ་ཟིན་པ་བཞིན། །
[ 327 ]
༄༅། །འཕྲོ་བར་སྣང་ཡང་ཟིན་པ་ཡིན། །ཡོན་ཏན་བདེན་པ་མཐོང་གནད་ཀྱིས། །འཁོར་བར་མི་ལྡོག་མ་མཐོང་སྐྱོན། །ཡིད་དཔྱོད་ལྟ་བས་འཁོར་

བར་ལྡོག །དགོས་པ་ཡིད་དཔྱོད་ཚིག་ལས་འདས། །དགེ་སྡིག་མི་གོས་ཕྱིར་མི་ལྡོག །གཉིས་པ་ཉམས་སྣང་གོང་འཕེལ་ནི། །ཤེས་ཉམས་{དག་བྱའི་དུ་བ་ལ་སོགས་ རྟགས་བཅུ།} བློ་ཡི་འཛིན་པ་ སྟེ༑ །ས་ཟིན་མེད་ཕྱིར་འདིར་མ་བསྟན། །སྣང་ཉམས་ཡེ་ཤེས་འོད་མི་འགྱུར། །སྣང་བ་དེ་དག་གོང་དུ་མཆེད། །གྱེན་འགྲེང་རྩིབས་ ཤར་མདུད་རྩེ་དང་། །དྲ་བ་དྲ་ཕྱེད་པདྨ་དང་། །མཆོད་རྟེན་ཕྱག་མཚན་མིག་མར་‚མང་རིས། །ཟ་འོག་བེར་ཁྱིམ་ལ་སོགས་པ། །འོད་ཀྱི་སྣང་བས་ལུང་ པ་ཁེངས། །ཐིག་ལེའི་ནང་དུ་ཡི་གེ་དང་། །ཕྱག་མཚན་ཐོར་གཙུག་ལ་སོགས་པ། །ཕྱེད་ཞལ་སྐུ་རྐྱང་ཕྲ་མོ་སོགས། །སྣང་བ་མཆོག་ཏུ་གོམས་ཚད་དོ། །སེམས་

ཀྱང་འཕྲོ་འདུ་ཤས་ཆུང་བ། །རིམས་ཀྱིས་‚རིམ་གྱིས་ཟིན་པའི་མི་བཞིན་འགྱུར། །ཡེ་ཤེས་རང་རིག་སྔར་བས་གསལ། །མངོན་ཤེས་རྫུ་འཕྲུལ་ཏིང་འཛིན་འགྲུབ། །ཡོན་ཏན་
[ 328 ]
བར་དོའི་སྣང་ཆོད་བས།‚པས། །ལོངས་སྐུ་ངོས་ཟིན་བར་དོ་སྟོངས། །མ་འཕེལ་བར་དོར་གྲོལ་མི་འགྱུར། །དགོས་པ་ཉམས་སྣང་ཡོན་ཏན་ཐོབ། །བར་དོའི་སྣང་བ་རང་

གྲོལ་ལོ། །གསུམ་པ་རིག་པ་ཚད་ཕེབ་‚ཕེབས་ནི། །ཐམས་ཅད་འོད་སྣང་གདལ་བའི་ཞིང་། །ཐིག་ལེའི་ནང་དུ་སྐུ་ལྔ་ནི། །ཡབ་ཡུམ་ཟུང་འབྲེལ་ཚོམ་བུའི་སྐུ། །རང་ ལུས་འོད་ཀྱི་འཁོར་ལོར་འཁྱིལ། །དེ་ཚེ་སྐུ་ཡི་ཐུགས་ཀ་ནས། །ཟེར་ཐག་རང་གི་སྙིང་ཀ་འབྲེལ། །ཕྱི་སྣང་འབྱུང་བཞི་ནང་སྒྱུ་ལུས། །འོད་དུ་གྲོལ་བས་གདོས་ བཅས་ནུབ། །གསང་བ་གཟུང་འཛིན་འཁྲུལ་སྣང་ནུབ། །རི་བྲག་རྣམས་ལ་ཟང་ཐལ་འགྲོ། །སེམས་ཀྱང་མི་འཕྲོ་རླུང་དག་ཕྱིར། །འབྲུམ་ནད་བྱང་བའི་སྐྱེས་བུ་ བཞིན༑ །ཡོན་ཏན་གཟུང་འཛིན་གདོས་བཅས་གྲོལ། །མ་ཕེབ་‚ཕེབས་འཛིན་སྣང་དག་མི་འགྱུར། །དགོས་པ་མ་བསྒོམས་ཀྱང་ནི་ཆོག །ལོངས་སྐུ་བདེ་ཆེན་ཞིང་ལ་

སྤྱོད༑ །བཞི་པ་ཆོས་ཉིད་ཟད་པ་ནི། །གདོས་བཅས་ལུས་དང་སེམས་རྟོག་ཟད། །སྣང་བའི་འཕེལ་ཟད་ཆོས་དབྱིངས་དང་། །རྟག་ཏུ་འཕོ་འགྱུར་མེད་པར་
[ 329 ]
༄༅། །གནས༑ །འདི་དུས་སེམས་ཅན་དོན་བྱེད་ན། །སྐབས་སུ་ལག་སོར་ལ་གཏད་པས། །སྣང་བ་དེ་ལས་རང་ལོག་ནས། །སྣང་བྱེད་ཆུ་ཟླ་ལྟ་

བུའི་ཚུལ། །སྐྱེ་ཤི་མེད་པ་རྡོ་རྗེའི་སྐུ། །པད་འབྱུང་བི་མ་ལ་ལྟ་བུ། །འཕོ་བ་ཆེན་པོའི་སྐུ་ཞེས་བྱ། །བཞི་པ་མཐའ་བརྟེན་མན་ངག་ནི། །མི་འགུལ་གསུམ་ དང་སྡོད་ས་གསུམ། །ཐོབ་གསུམ་གདིང་བཞིའི་ཚད་བསྟན་པ། །མི་འགུལ་གསུམ་ལ་གཞི་བཅའ་སྟེ། །འདུག་སྟངས་གསུམ་ལས་ལུས་མི་འགུལ། །རྩ་རླུང་ རང་སོ་རྟོག་པ་འགགས། །གཟིགས་སྟང་‚སྟངས་གསུམ་ལས་མིག་མི་འགུལ། །མངོན་སུམ་གསལ་བས་ཡིད་དཔྱོད་བྲལ། །རླུང་རིག་དལ་བས་སེམས་མི་འགུལ། ། ཆོས་ཉིད་མ་བུ་དབྱེར་མེད་འདྲེས། །གདོད་མར་གནས་པའི་དགོས་པ་ཡོད། །སྡོད་ས་གསུམ་གྱི་ཚད་བཟུང་པ།‚བ། །ཕྱི་སྣང་སྡོད་‚བསྡད་པས་རྐྱེན་གྲོགས་འཆར། །ནང་

ལུས་སྡོད་‚བསྡད་པས་འཁྲུལ་བྱ་བྲལ། །གསང་བ་སེམས་སྡོད་རྣམ་རྟོག་འགགས། །འདི་སྐབས་ཚད་ནི་རྨི་ལམ་བཟུང་། །རྟགས་ནི་ལུས་ངག་ཡིད་ལ་འཆར། །
[ 330 ]
བརྩོན་འགྲུས་རབ་ལ་རྨི་ལམ་འགགས། །འབྲིང་ལ་རྨི་ལམ་རྨི་ལམ་ཤེས། །ཐ་མ་རྨི་ལམ་བཟང་པོར་འགྱུར། །རྟགས་ནི་བཞི་ལས་མངོན་སུམ་དུས། །ལུས་ནི་

རུ་སྦལ་མཁར་གཞོང་བཞིན། །ངག་ནི་ལྐུགས་བཞིན་སྨྲ་བརྗོད་མེད། །སེམས་ནི་བྱ་སྙི་ལ་ཟིན་བཞིན། །འཕྲོ་བར་སྣང་ཡང་གཞིར་མ་གཡོས། །གོང་འཕེལ་ དུས་ནི་མི་གང་ཞིག །ནད་ཀྱི་གདུང་བཞིན་བྱི་དོར་བྲལ། །ངག་ནི་སྨྱོན་པའི་ཚིག་བཞིན་ཏེ། །སེམས་ནི་དུག་ཐེབ་‚ཐེབས་ཇི་བཞིན་དུ། །འཁོར་བར་མི་ལྡོག་ཐག་ཆོད་ དོ༑ །ཚད་ཕེབ་‚ཕེབས་དུས་སུ་ལུས་གླང་ཆེན། །འདམ་བྱིང་སྐད་ཅིག་ཐོན་པ་ལྟར། །རི་བྲག་ལ་ཡང་ཐོགས་པ་མེད། །ངག་ནི་གྲུལ་བུམ་སྐད་ལྟར་སྙན། །སེམས་ ནི་འབྲུམ་ནད་བྱང་བ་བཞིན། །འཁོར་བས་མི་འཇིགས་གདིང་དང་ལྡན། །ཟད་དུས་ལུས་ནི་དུར་ཁྲོད་ཀྱི། །རོ་བཞིན་གང་ལའང་ཉམས་‚ཉམ་ང་མེད། །ངག་ནི་བྲག་

ཆ་ལྟར་རྗེས་ཟློས། །སེམས་ནི་ན་བུན་ལྟ་བུར་ཡལ། །ཐོབ་པ་གསུམ་གྱི་གཟེར་གདབ་པ། །སྐྱེ་བ་ལ་ནི་དབང་ཐོབ་པས། །གདོས་བཅས་མི་སྣང་དོན་བྱེད་ན། །
[ 331 ]
༄༅། །ལག་སོར་རིག་པ་གཏད་པ་ན། །སྣང་བ་རང་ལོག་ཆུ་ཟླའི་ཚུལ། །དོན་བྱེད་མི་སོགས་སེམས་ཅན་ལ། །རིག་པ་བཅུག་ན་སྡིག་ཅན་ཀྱང་། །

འབྱུང་བ་རང་དག་འཚང་རྒྱའོ། །བེམས་པོར་གཏད་ཀྱང་འགུལ་སྐད་འབྱིན། །འཇུག་པ་ལ་ནི་དབང་ཐོབ་པས། །རང་ལུགས་བཞག་པས་མི་སྣང་དེངས། ། རླུང་སེམས་ལ་ནི་དབང་ཐོབ་པས། །རླུང་གི་ཡོན་ཏན་ཐམས་ཅད་འབྱུང་། །ཚེ་འཕོས་གཞན་ལ་སེམས་གཏད་པས། །སྡིག་ཅན་ཡིན་ཀྱང་གྲོལ་བར་འགྱུར། ། གདིང་བཞིའི་གྲོལ་ཚད་བསྟན་པ་ནི། །སངས་རྒྱས་ཡོན་ཏན་ཐོབ་རེ་དང་། །མ་ཐོབ་དགོས་མེད་ཡར་གདིང་གཉིས། །ངན་སོང་སྡུག་བསྔལ་ལྷུང་དགོས་དང་། ། བདེ་ལ་མི་རེ་མར་གདིང་གཉིས། །ཡོན་ཏན་གོང་མ་མཐའ་རུ་ཕྱིན། །མེད་ན་ཉམས་ལེན་མཐར་མི་ཕྱིན། །དགོས་པ་དོན་གྲུབ་མཐར་ཕྱིན་ཏོ། །དེ་དག་

དབང་རབ་བརྩོན་འགྲུས་རབ། །ཚེ་འདིར་གྲོལ་བའི་གདམས་པའོ། །གཉིས་པ་དབང་པོ་བརྩོན་འགྲུས་འབྲིང་། །བར་དོར་གྲོལ་བའི་གདམས་ངག་ལ། །
[ 332 ]
བར་དོ་སྤྱི་ཡི་རྣམ་བཞག་‚གཞག་དང་། །བྱེ་བྲག་ཉམས་ལེན་ཚུལ་གཉིས་ལས། །དང་པོ་དབྱེ་བ་ས་མཚམས་དང་། །གནས་ལུགས་སྣང་ལུགས་རྣམ་བཞི་ལས། །

དང་པོ་རང་བཞིན་འཆི་ཁ་དང་། །ཆོས་ཉིད་སྲིད་པའི་བར་དོ་བཞིའོ། །ས་མཚམས་སྐྱེས་ནས་འཆི་ནད་ཀྱིས། །ཐེབ་‚ཐེབས་པ་ཚུན་ཆད་དང་པོའོ། །ནང་དབུགས་ ཆད་ཚུན་གཉིས་པའོ། །དབུགས་ཆད་འོད་གསལ་ཤར་བ་ནས། །ཐིམ་པ་ཚུན་ཆད་གསུམ་པའོ། །དེ་ནས་མངལ་དུ་ཚུད་པའི་བར། །བཞི་པ་ཡིན་ཏེ་ གནས་ལུགས་ནི། །གདོས་བཅས་གྲུབ་པས་ཡེ་ཤེས་འགགས། །འབྱུང་བ་འཁྲུག་‚འཁྲུགས་པས་སྡུག་བསྔལ་ཞིང་། །ལུས་ཀྱི་རྟེན་བོར་ཆོས་ཉིད་སྤྱོད། །དབང་ པོ་ཀུན་ཚང་ཐོག་མེད་ལྡན། །སྣང་ཚུལ་ཕུང་ཁམས་ཉོན་མོངས་གཡོས། །ལང་ལིང་བན་བུན་སྡུག་བསྔལ་སྣང་། །འོད་སྐུ་ཐིག་ལེ་སྒྲ་དང་ཟེར། །ཕྱད་

ཕྱོད་ཡད་ཡུད་རྨི་ལམ་ལྟར། །རིགས་དྲུག་སྣང་ཚུལ་སྣ་ཚོགས་སུ། །གཉིས་པ་ཉམས་བླངས་ཚུལ་བཞི་ལས། །རང་བཞིན་བར་དོར་ཤེས་བྱ་ཡི། །
[ 333 ]
༄༅། །སྒྲོ་འདོགས་ཆོད་པའི་གདམས་ངག་དང་། །འཆི་ཁའི་བར་དོར་གསལ་གདབ་པ། །སྒེགས་‚སྒེག་མོ་མེ་ལོང་བལྟ་བཞིན་དང་། །ཆོས་ཉིད་

བར་དོར་རང་སྣང་ལ། །ཡིད་ཆེས་མ་པང་བུ་འཇུག་དང་། །སྲིད་པར་ལས་ཀྱི་འཕྲོ་མཐུད་པར། །ཡུར་བ་རྐང་ཆག་ལྔ་འཇུག་གི །གདམས་ངག་བཞི་ལས་ དང་པོ་ནི། །དཔེར་ན་ཐེ་བྱ་ཚང་འཇུག་ལྟར། །ཐེ་ཚོམ་སྒྲོ་འདོགས་བཅད་དེ་བསྒོམས། །གཉིས་པ་འཆི་ཁའི་བར་དོ་ལ། །གདམས་ཚུལ་སྡུད་ཚུལ་ངོ་ སྤྲོད་ཚུལ། །དང་པོ་ཚེ་འདིའི་ཞེན་སྤངས་ནས། །གདམས་ངག་རང་གི་གསལ་བ་དང་། །གཞན་ལ་ལྟོས་པ་གང་ཡིན་ཀྱང་། །སྐད་ཅིག་མ་ཡེངས་གསལ་ བའོ༑ །སྡུད་ཚུལ་འབྱུང་བ་སོ་སོ་ལ། །ཐིམ་པའི་རྟགས་རྣམས་ཤེས་བྱས་ནས། །ངོ་སྤྲོད་གདམས་པ་གསལ་བར་གདབ། །གསུམ་པ་ཆོས་ཉིད་བར་དོ་ལ། །

རང་སྣང་ངོ་ཤེས་ཡིད་ཆེས་པ། །མ་བུ་འཕྲད་པ་ལྟ་བུ་ནི། །རླུང་སེམས་རྣམ་ཤེས་ལ་ཐིམ་པས། །ནང་དབུགས་ཆད་དེ་རྣམ་ཤེས་ནི། །ནམ་མཁར་ཐིམ་
[ 334 ]
པས་རང་བཞིན་ཡལ། །ལུས་སེམས་འབྲེལ་འཆད་འོད་སྣང་ཤར། །འཁོར་འདས་རྒྱབ་གྱེས་དེ་ཡི་ཚེ། །ནམ་མཁའ་འོད་གསལ་ལ་ཐིམ་པས། །ཕྲ་རགས་

སྣང་བ་ཀུན་འགགས་ཏེ། །སྟོན་སེར་ནམ་མཁའ་དྭངས་པ་ལྟར། །ངོས་ཟིན་ཀ་དག་གཞི་ལས་གྲོལ། །དེ་ནས་མཁའ་ལ་ཡེ་ཤེས་ཀྱི། །ཟེར་གདངས་ཚོན་ སྣའི་གྲུ་གུ་ལྟར། །མིག་ནས་ཟུག་སྟེ་གསང་ལམ་གཏད། །རིག་པ་དེ་ལས་མ་ཡེངས་ན། །ཡར་གྱི་ཟངས་ཐལ་སྐད་ཅིག་གྲོལ། །དེ་ཚེ་ཕྱིར་སྣང་གདོས་ བཅས་ནུབ། །ནང་འོད་ཆོས་ཉིད་ཞིང་ཁམས་ཀྱི། །འཇིག་རྟེན་ཐམས་ཅད་གདལ་བར་འཆར། །དེ་ཡང་ཁ་དོག་ལྔ་ལྡན་འོད། །གསལ་འཚེར་ལྷུན་སྡུག་ གཟི་བརྗིད་འབར། །དེ་ཚེ་རང་སྣང་ངོས་བཟུང་སྟེ། །རང་ངོ་ཤེས་པས་སྐད་ཅིག་གྲོལ། །དེ་ནས་འོད་གསལ་ཟུང་འཇུག་ལ། །ཐིམ་པས་ཞི་ཁྲོའི་དཀྱིལ་

འཁོར་སྣང་། །སྒྲ་འོད་ཟེར་དང་མཚོན་ཆའི་ཆར། །རྒྱོབ་སོད་སྒྲ་སོགས་འཇིགས་སྔངས་སྐྲག །རང་སྣང་མ་ཤེས་བདུད་དུ་སོང་། །རང་སྣང་ཤེས་ན་སྐད་
[ 335 ]
༄༅། །ཅིག་ལ། །ཁྲོ་བོའི་སྐུར་གྲོལ་འཚང་རྒྱའོ། །དེ་ནས་ཞག་ལྔར་སྣང་སྲིད་ཀུན། །འོད་སྐུ་ཚམ་བུར་སྣང་བ་སྟེ། །རིགས་ལྔ་ཡབ་ཡུམ་

གཙོ་འཁོར་སོགས། །ཞི་བའི་ལྷ་ཚོགས་གྲངས་མེད་པར། །ནམ་མཁའ་གང་བར་སྣང་བ་ལས། །རང་ལུས་འོད་ཀྱི་སྙིང་ཀ་ནས། །དེ་དག་ཐུགས་ཀར་ འོད་ཟེར་འབྲེལ། །འདི་དུས་གནད་ཀྱི་གདམས་པ་གསུམ། །འཇུག་པ་གྲོལ་བ་མཐར་ཕྱིན་པ། །ཤེས་པ་ལུས་དང་ངེས་པའི་གནད། །གསུམ་ལས་དང་ པོ་ལ་ཡང་གཉིས། །རིག་པ་འོད་ལ་ཕར་འཇུག་དང་། །འོད་རིག་ཚུར་ལ་འཇུག་པ་གཉིས། །དང་པོ་རང་གི་སྙིང་ཀ་ནས། །འོད་ཀྱི་ཟེར་ཐག་སྐུ་རྣམས་ ཀྱི༑ །ཐུགས་ཀར་འབྲེལ་ལ་ཤེས་པ་ཟིན། །གཉིས་པ་ཚོམ་བུའི་འོད་སྣང་གི །སྐུ་རྣམས་རང་ལ་ཐིམ་པའོ། །གཉིས་པ་གྲོལ་བ་ལུས་གནད་ནི། །ཕུང་

པོ་འབྱུང་བ་ཉོན་མོངས་པ། །འོད་གསལ་བདེ་ཆེན་ཡེ་ཤེས་སུ། །ཐིམ་པས་ཟུང་འཇུག་ཡེ་ཤེས་སོ། །གསུམ་པ་མཐར་ཕྱིན་ངོ་ཤེས་གནད། །སྣང་བ་དེ་
[ 336 ]
ལ་ཡིད་ཆེས་པས། །སྔར་འདྲིས་ཕྱིས་ཕྲད་ངོ་ཤེས་ལྟར། །རང་ངོ་ཤེས་པས་མི་འགྱུར་བ། །གསེར་ཐུར་ལྟ་བུའི་གདམས་ངག་སྟེ། །དཔེར་ན་སྙིང་ཆུ་འདྲེན་པ་

ལྟར༑ །ཡིད་ཆེས་རྒྱུན་གྱི་ཏིང་འཛིན་སྐྱེ། །རིག་པ་ལྷུན་གྲུབ་ལ་ཐིམ་ཚེ། །ཡེ་ཤེས་ལྷུན་གྲུབ་ཐིམ་ཞེས་བྱ། །རང་སྣང་རྣམ་དག་འོད་གསལ་ཞིང་། །སངས་ རྒྱས་ཞིང་དང་སྤྲུལ་པའི་ཞིང་། །འགྲོ་དྲུག་སྣང་བ་དུ་མ་འཆར། །དེ་ཡང་འཆར་ལུགས་བརྒྱད་ཀྱི་ཚུལ། །ཐུགས་རྗེ་འོད་སྐུ་ཡེ་ཤེས་དང་། །གཉིས་མེད་ མཐའ་གྲོལ་དག་མ་དག །དེ་ཚེ་མངོན་མཁྱེན་དྲུག་ཕྲག་དྲུག །དབང་སེམས་ཤེས་རབ་ཡེ་ཤེས་ཆོས། །སངས་རྒྱས་ཀྱིས་གཟིགས་མངོན་ཤེས་སོ། །དགུ་ཡང་ འཆར་ཏེ་སྐུ་ཡི་གསུམ། །སྐྱེ་མེད་རང་གསལ་སྐྱེ་གནས་ཤེས། །གསུང་གི་གསུམ་དང་ཐུགས་ཀྱི་གསུམ། །བརྗོད་མེད་གསལ་གདངས་རིགས་དྲུག་སྐད། །ཀ་དག་

ལྷུན་གྲུབ་འཁོར་འདས་ཤེས། །རྗེས་དྲན་དྲུག་ནི་བླ་མ་དང་། །གདམས་ངག་ལྟ་བསྒོམ་‚སྒོམ་སྤྱོད་པ་དང་། །ལྷ་དང་སྐྱེས་‚སྐྱེ་གནས་རྗེས་དྲན་དྲུག །མི་རྗེད་གཟུང་‚བརྗེད་གཟུངས་
[ 337 ]
༄༅། །དང་ཏིང་འཛིན་ཐོབ། །ཐོས་དང་མ་ཐོས་ཆོས་རྣམས་འཆར། །ཆོས་ཉིད་བར་དོ་ཞེས་བྱའོ། །དེ་ནས་སྐད་ཅིག་གསུམ་པ་ལ། །ལྷུན་

གྲུབ་ས་ལ་གདིང་རྙེད་པས། །ཐིམ་ལུགས་བརྒྱད་པོ་དུས་གཅིག་འབྱུང་། །ཐུགས་རྗེ་ཡེ་ཤེས་སྐུ་དང་ནི། །གཉིས་མེད་མཐའ་གྲོལ་དག་མ་དག །སོ་སོ་རང་ རང་ལ་ཐིམ་པས། །ཉི་མའི་ཟེར་དང་མ་བུ་དང་། །འཇའ་ཚོན་ནམ་མཁའ་བུམ་པའི་སྐུ། །ཆུ་བོ་ཆུ་བོ་ནམ་མཁའི་མཁའ། །སྦྲ་ཆེན་སེང་གེ་གངས་ཟིན་ ལྟར༑ །ཀ་དག་ས་ལ་རྣམ་པར་གྲོལ། །དབང་པོ་རྣོ་རྟུལ་འབྲིང་གསུམ་ལས། །ཐ་མ་འབྲིང་དང་རབ་རྩེ་མོ། །ཕུལ་‚ཕལ་དང་མཆོག་དང་མཐར་ཕྱིན་པས། ། བདུན་བདུན་སྦྱར་བས་ཉི་ཤུ་གཅིག །དེ་ལ་ཡེ་ཤེས་སྣང་ཚུལ་རེ། །འཁྲུལ་གཞི་རེ་དང་རྟོག་‚རྟོགས་ཚད་རེ། །ལྟ་ལུགས་རེ་དང་གྲོལ་ལུགས་རེ། །སོ་སོར་

འབྱུང་བས་ཤེས་པར་བྱ། །མདོར་བསྡུས་རབ་འབྲིང་ཐ་མ་གསུམ། །རབ་ནི་སྐད་ཅིག་གསུམ་ལ་གྲོལ། །འབྲིང་པོ་ཞག་ལྔ་བརྟན་པ་ཐོབ། །ཐ་མ་
[ 338 ]
ཉེར་གཅིག་ངེས་པའོ། །ཡང་མཐའ་སྤྲུལ་པར་དབུགས་འབྱིན་ནས། །བར་དོ་མེད་པར་འཚང་རྒྱའོ། །སྐད་ཅིག་མ་དང་བསམ་གཏན་ཞག །གྲོལ་ཆ་

གནས་ཆའི་ཁྱད་པར་རོ། །བཞི་པ་སྲིད་པ་བར་དོ་ལ། །ལས་འཕྲོ་མཐུད་པ་ཡུར་ཆད་ལ། །ཝ་འཛུག་ལྟ་བུའི་གདམས་ངག་ནི། །འདི་ཡི་སྒོར་ཞུགས་ སྔོན་འགྲོ་ཡི། །སྤྱོད་པ་སྤྱད་ཚེ་བར་ཆད་ན། །ལས་བཟང་འཕྲོ་མཐུད་འཁོར་མི་ལྡོག །དེ་ཡང་ཐ་མའི་རབ་རྣམས་ཀྱི། །མངལ་སྒོ་འགག་སྟེ་བཟློག་པ་ ནི༑ །བར་དོའི་ཡིད་ལུས་ཐོགས་མེད་ལྡན། །ཀུན་ལ་འཇུག་ཅིང་ཤི་བར་ཤེས། །སྡུག་བསྔལ་སྔར་བས་དྲན་པ་གསལ། །ལུས་ཚོལ་འགྲོ་དུས་ཕོ་མོ་ ཡི༑ །སྦྱོར་བ་མཐོང་དུས་བླ་མའམ། །ཡི་དམ་མོས་བྱས་མཉམ་པར་བཞག །ཡང་ན་ཞེན་ལོག་དེ་མི་འཇུག །དེ་དུས་རིགས་དྲུག་འོད་སྣང་དྲུག །

གར་སྐྱེས་གནས་དང་མགོ་བསྟན་ཕྱོགས། །ཤེས་པས་མི་འཇུག་གཟབ་པར་བྱ། །འབྲིང་གི་སྒྱུ་མར་བསྐྱེད་རིམ་གྱི། །རང་བཞིན་བསྒོམས་ལ་ངང་དུ་
[ 339 ]
༄༅། །བཞག །ཐ་མ་སྐྱབས་འགྲོས་བཟློག་པར་བྱ། །དེ་ནི་མངོན་སུམ་ཡེ་ཤེས་ཀྱི། །ངོ་སྤྲོད་མ་ཐོབ་དབང་དུ་སྟེ། །ཐོབ་ན་རང་

བཞིན་སྤྲུལ་པར་གྲོལ། །སྤྱི་དོན་གསུམ་པ་དབང་པོ་དམན། །བརྩོན་འགྲུས་ཐ་མ་སྤྲུལ་པའི་ཞིང་། །དབུགས་དབྱུང་གདམས་པ་ཐ་མ་རྣམས། །མངོན་སུམ་ མཐོང་ཡང་མ་གོམས་པས། །ཆོས་ཉིད་བར་དོར་མ་ཟིན་ཏེ། །ཁ་འཁྱལ་སྲིད་པའི་སྣང་བ་ལས། །རྨི་ལམ་སད་བཞིན་སྤྲུལ་ཞིང་སྐྱེ། །དེ་ཡང་མངོན་དགའ་ དཔལ་དང་ལྡན། །པདྨ་བརྩེགས་དང་ལས་རབ་གྲུབ། །ཤེལ་གསེར་པདྨ་ཨིན་ཉིལ།‚ཨིནྡྲ་ནཱིལ། །ས་གཞི་རིན་ཆེན་གཞལ་ཡས་ཁང་། །སྒོ་གྲུ་རྟ་བབས་ཆོས་འཁོར་ སོགས༑ །བཀོད་པ་དུ་མས་མཛེས་པ་ལས། །ཁོད་སྙོམས་ཡིད་འོང་བདུད་རྩིའི་ཆུ། །མཆོད་པའི་ལྷ་མོས་གླུ་ལེན་ཅིང་། །འབྱུང་བའི་གནོད་བྲལ་ཉོན་

མོངས་མེད། །མི་བསྐྱོད་རིན་འབྱུང་འོད་དཔག་མེད། །དོན་གྲུབ་ལྔ་པོས་རང་རང་གི །རིགས་ཀྱི་གདུལ་བྱ་འདུལ་བ་ལ། །ཆོས་སྒྲ་དུས་བཞིར་
[ 340 ]
སྒྲོགས་‚སྒྲོག་པའི་དྲུང་། །རང་ཡང་དེར་སྐྱེས་གཞོན་ནུའི་ཚུལ། །རང་རང་སྟོན་པའི་ཞལ་མཐོང་ཞིང་། །དབང་བསྐུར་ལུང་བསྟན་དབུགས་དབྱུང་སྟེ། །ཞེ་སྡང་

ང་རྒྱལ་འདོད་ཆགས་དང་། །ཕྲག་དོག་གྲོལ་ཏེ་ལོ་བརྒྱ་དང་། །ཉི་ཤུ་ལྔར་གནས་ལྔ་བརྒྱའོ། །དེ་མཐར་ནམ་མཁར་དུར་ཁྲོད་ཆེ། །འཇིགས་པའི་མེ་འབར་ ཁྲོ་བོའི་ཞིང་། །ཨ་ལ་ཞེས་སྒྲོག་དེ་མཐོང་བས། །སྐད་ཅིག་ཉིད་ལ་གདོད་མར་གྲོལ། །དེ་དག་ཐ་མའི་གྲོལ་ཚུལ་ལོ།། །།མཐར་ཐུག་འབྲས་ བུའི་གྲོལ་ཚུལ་ལས། །གསུམ་སྟེ་གནས་སྐབས་མཐར་ཐུག་གོ། །འབྲས་བུ་ཞར་ལ་རྫོགས་པའི་ཚུལ། །དང་པོ་ལ་གསུམ་ས་གནོན་ཚུལ། །སངས་ རྒྱས་རྟགས་འབྱུང་ཚུལ་གསུམ་ལས། །དང་པོ་བདེན་མཐོང་གང་ཟག་ལ། །ས་རྣམས་རིམ་རྫོགས་འདི་ལྟ་སྟེ། །མངོན་སུམ་མཐོང་བས་རབ་དགའ་འོ། །

རང་སྣང་ཤེས་པས་དྲི་མ་མེད། །དེ་ལ་གོམས་པས་འོད་བྱེད་པ། །འོད་སྣང་ཆེར་རྒྱས་འོད་འཕྲོ་སྟེ། །ཉོན་མོངས་སྦྱངས་པས་སྦྱོངས་‚སྦྱང་དཀའ་བ། །ཐིག་
[ 341 ]
༄༅། །ལེ་སྐུར་མཐོང་མངོན་དུ་གྱུར། །མཐར་ཕྱིན་ཉོན་མོངས་རིང་དུ་སོང་། །ཡོན་ཏན་རྫོགས་པས་མི་གཡོ་བ། །མཐར་ཕྱིན་མི་འགྱུར་

ལེགས་བློ་གྲོས། །ཡེ་ཤེས་ལྷུག་པ་ཆོས་ཀྱི་སྤྲིན། །དེ་དག་དབུགས་མ་གྲོལ་བར་གནོན། །དབུགས་བོར་ནས་ནི་འཁྲུལ་སྣང་འགགས། །ཚོམ་བུའི་སྣང་ཤར་ ཀུན་ཏུ་འོད། །དེ་ལ་མ་ཆགས་པདྨ་སྤྱན།‚ཅན། །འོད་ཀྱི་འཁོར་ལོ་ཚོགས་ཆེན་པོ། །ཡེ་ཤེས་ནང་གནས་བདེ་བ་ཆེ། །ལྷུན་གྲུབ་ངེས་རྙེད་རྡོ་རྗེ་འཛིན། །ཀ་དག་ ས་གནས་ཡེ་ཤེས་བླ། །བཅུ་དྲུག་པ་སྟེ་ས་གནོན་ཚུལ། །སངས་རྒྱས་ཚུལ་ནི་ཐུན་མོངས་‚མོང་དང་། །བསྟུན་ནས་གདོས་བཅས་བོར་མ་ཐག །སངས་རྒྱས་ གཟུགས་སྐུ་ལྷག་བཅས་ཏེ། །ཆོས་སྐུ་ལྷག་མེད་འདའ་བར་འདོད། །གྲོལ་རྟགས་ལུས་དེ་བོར་བའི་ཚེ། །འོད་གསལ་སྒྲོན་མ་རླུང་དབྱིངས་སྐུ། །བརྟན་

པ་ཐོབ་རྟགས་འོད་དང་གདུང་། །སྒྲ་དང་ས་གཡོ་སྐུ་འབྱུང་ངོ་། །གཞན་ཡང་མེ་འོད་དུད་པའི་རྟགས། །དུད་པ་གཡས་འཁྱིལ་མེ་འོད་དཀར། །མེ་ལྕེ་
[ 342 ]
ཡིག་འབྲུ་ཕྱག་མཚན་དབྱིབས། །སྐུ་ཐོབ་རྟགས་སུ་གདུང་རིགས་ལྔ། །གསུང་ཐོབ་རྟགས་སུ་མེ་འོད་སྒྲ། །ཐུགས་རྟགས་འཇའ་ཚོན་ནམ་མཁའ་དངས།‚དྭངས། །

དེ་ལྟར་རྟགས་མཐོང་བར་དོར་གྲོལ། །མངོན་སངས་རྒྱས་པ་ཞེས་བྱ་བ། །ལྷག་མེད་ཚེ་འདིར་གྲོལ་ཚད་ལ། །ཡང་དག་རྫོགས་སངས་རྒྱས་ཞེས་བྱ། །མཐར་ ཐུགས་སྐུ་གསུམ་འདུ་འབྲལ་མེད། །ཕྱིར་གསལ་ནང་ཐིམ་གདོད་མའི་གཞིར། །བཙན་ས་ཟིན་ཏེ་ཕྱིར་མི་ལྡོག །སྟོང་གསལ་ཀུན་ཁྱབ་སྐུ་གསུམ་གཞིར། ། ནང་དབྱིངས་དག་པ་ཆོས་ཀྱི་སྐུ། །སྤྲོས་མེད་སྤྲོས་བྲལ་དྲན་བསམ་བྲལ། །རོལ་པ་འགག་མེད་འགྲོ་དོན་འབྱུང་། །དེ་ཡི་མདངས་ལས་ལོངས་སྐུའི་ཆ། ། རིགས་ལྔའི་སངས་རྒྱས་ཆུ་ཟླའི་ཚུལ། །སྣང་ལ་དངོས་མེད་ཡིག་དྲུག་སྒྲ། །ཡེ་ཤེས་མཚན་དཔེ་ཆོས་རང་སྟོན། །དེ་ལས་སྤྲུལ་སྐུར་སྣང་བ་ནི། །རང་

བཞིན་སྤྲུལ་སྐུ་ས་བཅུ་ཡི། །བྱང་སེམས་དོན་མཛད་འགྲོ་འདུལ་དྲུག །སྣ་ཚོགས་སྤྲུལ་སྐུ་གང་འདུལ་གཟུགས། །གདུལ་བྱའི་སྣང་ངོར་མཚན་དཔེས་
[ 343 ]
༄༅། །སྤྲས༑ །ཡན་ལག་དྲུག་ཅུ་ཐམས་ཅད་མཁྱེན། །བསམ་གྱིས་མི་ཁྱབ་དོན་མཛད་དོ། །གདུལ་བྱ་ཡོད་ན་མཐུན་པར་སྣང་། །མེད་

ན་སྤྲུལ་སྐུ་ལོངས་སྐུར་ཐིམ། །ལོངས་སྐུ་ཆོས་སྐུར་རང་དབྱིངས་ཐིམ། །མདོར་ན་སྒོ་གསུམ་གཟུང་འཛིན་སངས། །སྐུ་གསུང་ཐུགས་ཡོན་ཕྲིན་ལས་ རྒྱས༑ །སངས་རྒྱས་སྐུ་ལྔའི་བདག་ཉིད་ཅན། །སྐུ་གསུམ་སྤྲོས་བྲལ་མཚན་དཔེར་གསལ། །སྣ་ཚོགས་སྣང་ཕྱིར་བཏགས་པ་ཙམ། །ངོ་བོ་མི་འགྱུར་ རྡོ་རྗེའི་སྐུ། །རང་བཞིན་དག་པས་དྲི་མ་མེད། །རང་ངོ་ཤེས་པས་གློ་བུར་གྱི། །དྲི་མ་དག་པས་གཉིས་ལྡན་ཏེ། །མངོན་བྱང་སྐུ་ནི་དམིགས་པ་མེད། ། ཐུགས་རྗེའི་ཕྲིན་ལས་རྒྱུན་མི་ཆད། །དེ་ལྟར་སྐུ་ལྔ་གདོད་མའི་གཞིར། །མཐཪ་ཕྱིན་ལྷུན་གྲུབ་འབྲས་བུ་སྟེ། །ཕྱིར་མི་ལྡོག་པའི་ཡེ་ཤེས་བརྙེས། །དེ་

དག་འབྲས་བུའི་‚བུས་གྲོལ་ཚུལ་ལོ། །ཞར་ལ་རྫོགས་པ་མཇུག་གི་དོན། །ཕན་ཡོན་ལོ་རྒྱུས་སྨོན་ལམ་ལས། །ཕན་ཡོན་ཆེ་བརྗོད་ལྟ་ཚུལ་བཤད། །མཐོང་
[ 344 ]
གྲོལ་དགེ་སྡིག་རང་སར་གྲོལ། །འདི་མིན་མི་གྲོལ་དོན་དང་ལྡན། །མཁའ་འགྲོས་སྐྱོང་བའི་ཕན་ཡོན་ལྔ། །ཆེ་བ་ཁྱད་པར་འཕགས་པའི་དོན། །བལྟ་ཚུལ་

ཚོགས་འཁོར་བཤམས་ནས་བལྟ། །ལོ་རྒྱུས་པད་མས་བོད་ཡུལ་དུ། །ཆོས་རྒྱལ་མཚོ་རྒྱལ་རྣམས་ལ་གདམས། །འགྲོ་དོན་གཏེར་སྦས་ཕྱིས་ནས་སྟོན། ། སྨོན་ལམ་རང་གཞན་དོན་སླད་ཏུ། །བླ་མེད་བྱང་ཆུབ་ཐོབ་གྱུར་ནས། །གཞན་དོན་ལྷུན་གྲུབ་གྱུར་ཅིག་པའོ། །དེ་ལྟར་རྫོགས་ཆེན་ཡང་གསང་གི །སྙིང་ པོའི་བཅུད་བསྡུས་ཟབ་ཁྲིད་ཀྱི། །དོན་གསལ་གནད་ཀྱི་མེ་ལོང་འདི། །སྙིགས་དུས་མཐའ་འཁོབ་ཡུལ་སྐྱེས་པའི། །བཙུན་པ་པདྨ་མ་ཏི་ཡིས། །པདྨའི་ བཀའ་དང་དྲི་མེད་ལུང་། །དཔང་བཙུག་‚བཙུགས་རང་བཟོ་མ་ཡིན་ཞིང་། །རང་གིས་ཅུང་ཟད་ཉམས་བླངས་པས། །གོ་ཚུལ་ཕྱོགས་ཙམ་འདིར་སྡེབས་‚བསྡེབས་པས། །ཉེས་

གྱུར་དམ་པ་རྣམས་དང་ནི། །མཁའ་འགྲོ་དམ་ཅན་བཟོད་པར་བཞེས། །ལེགས་ཚོགས་དགེ་བ་གང་མཆིས་པ། །རྩ་རྒྱུད་བླ་མའི་དགོངས་རྫོགས་ཤིང་། །
[ 345 ]
༄༅། །མཁའ་འགྲོ་དམ་ཅན་དགྱེས་པའི་སྤྱན། །སྐད་ཅིག་འབྲལ་མེད་གཟིགས་གྱུར་ནས། །རྒྱལ་བསྟན་དར་ཞིང་སྙིང་པོའི་ཆོས། །མི་ནུབ་

རྒྱལ་མཚན་ཕྱོགས་བཅུར་བསྒྲོང་‚སྒྲོངས། །བསྟན་འཛིན་སྐུ་ཚེ་ཕྲིན་ལས་རྒྱས། །བསྟན་ཞུགས་ཆོས་བཞིན་སྤྱོད་པ་དང་། །འགྲོ་ཀུན་བདེ་ལྡན་དམ་ཆོས་སྤྱོད། །མྱུར་

དུ་བྱང་ཆུབ་ཐོབ་གྱུར་ཅིག། །།དགེའོ།། །།དགེའོ།། །།དགེའོ།། །།
[ 346 ]
 
[ 347 ]
ཏ༽ ༄༅། །བཀའ་རྫོགས་པ་ཆེན་པོ་ཡང་ཟབ་དཀོན་མཆོག་སྤྱི་འདུས་ཀྱི་ཁྲིད་ཡིག་གུ་རུའི་དགོངས་རྒྱན་ལས་སྔོན་འགྲོའི་འདོན་ཆ་ཟུར་བཀོལ་ཐར་པའི་ བདེ་ལམ་ཞེས་བྱ་བ་བཞུགས་སོ།། །།
[ 348 ]
༄༅། །ན་མ་‚མོ་གུ་རུ་པདྨ་ཀ་རཱ་ཡ། {དགེ་བའི་ལས་འཕྲོ་དང་ཟབ་ལམ་གྱི་སྐལ་བ་ལྡན་པ་དག་ཐོག་མར་སྔོན་འགྲོའི་རིམ་པ་ལ་འཇུག་པར་སྤྲོ་ན། འདི་

ལ་གཉིས་སུ་ཤེས་པར་བྱ་སྟེ། རིམ་གཉིས་སྤྱིའི་སྔོན་འགྲོ་དང་། རྫོགས་ཆེན་སྒོས་ཀྱི་སྔོན་འགྲོའོ། །དང་པོ་ལའང་སྤྱི་དང་བྱེ་བྲག་གཉིས་ལས། སྤྱིར་ཐུན་ ཐམས་ཅད་ཀྱི་མགོར་བར་ཆད་ཞི་ཞིང་བྱིན་རླབས་འཇུག་པའི་གསོལ་འདེབས་བྱ་བ་ནི། གནས་དབེན་པར་བདེ་བའི་གདན་ལ་ལུས་གནད་བསྲང་། རླུང་རོ་ལན་གསུམ་

བསལ་བའི་ཚེ་ལུས་ངག་ཡིད་གསུམ་གྱི་སྡིག་སྒྲིབ་དག་པར་མོས་ལ།} མདུན་མཁར་པད་ཉི་ཟླ་སྟེང་པད་འབྱུང་དང་། །བླ་མ་དབྱེར་མེད་རིག་འཛིན་
[ 349 ]
༄༅། །འཇའ་ཚོན་སྙིང་། །པཎ་ཞུ་ཆོས་གོས་གསུམ་གསོལ་ཕྱག་གཉིས་ཀྱིས། །རྡོ་རྗེ་ཕུར་གདེངས་ཤངས་སྒོར་ཨ་དཀར་

གསལ༑ །འཇའ་ཚོན་གཤོག་པ་ཁྲོ་བོ་ཁྲོ་མོ་སྤྲོ། །སྐྱིལ་མོ་ཀྲུང་བཞུགས་གནས་གསུམ་འབྲུ་གསུམ་མཚན། །ཡེ་ཤེས་འོད་ཟེར་རབ་འཕྲོས་ བྱིན་བརླབས་གྱུར། །བླ་མ་ལ་གསོལ་བ་འདེབས་སོ། །བླ་མ་ཆོས་ཀྱི་སྐུ་ལ་གསོལ་བ་འདེབས་སོ། །བླ་མ་ལ་གསོལ་བ་༝ བླ་མ་ལོངས་སྤྱོད་

རྫོགས་པའི་སྐུ་ལ་༝ བླ་མ་ལ་གསོལ་བ་༝ བླ་མ་སྤྲུལ་པའི་སྐུ་ལ་༝ སྐྱབས་མཆོག་ཀུན་འདུས་བླ་མ་རིན་པོ་ཆེ་ལ་གསོལ་བ་འདེབས་སོ། །
[ 350 ]
བདག་ལ་མཆོག་ཐུན་མོང་གི་དངོས་གྲུབ་མ་ལུས་པ་མྱུར་དུ་སྩལ་‚བསྩལ་དུ་གསོལ། {ཞེས་ལན་གྲངས་ཅི་འགྲུབ་མཐར།} ཧྲཱིཿ མ་བཅོས་ལྷུན་གྲུབ་ཀ་དག་རང་བྱུང་{སོགས་རིག་འཛིན་ཉིད་ཀྱི་ཞལ་གསུངས་‚གསུང་

གསོལ་འདེབས་འདིའང་དགོས་པ་དང་ཕན་ཡོན་མཆོག་ཏུ་ཆེ་བས་ལན་གཅིག་གམ་གསུམ་ལ་སོགས་པ་བརྗོད། དེ་ནས་སྐུའི་གནས་གསུམ་འབྲུ་གསུམ་ལ་སེམས་གཏད་དེ།} ཨོཾ་ཨཱཿཧཱུྃ། {ཞེས་བཟླས་པའི་མཐར་ དམིགས་མེད་དུ་བཞག་གོ །བྱེ་བྲག་རིམ་གཉིས་སྤྱིའི་སྔོན་འགྲོ་ལ་གསུམ། ཐུན་མོང་དང་། ཐུན་མོང་མ་ཡིན་པ་དང་། ཁྱད་པར་གྱི་སྔོན་འགྲོའོ། །དང་པོ་བློ་ཆོས་སུ་སྐུལ་བ་ལ་དལ་འབྱོར་རྙེད་དཀའ་བསམ་ པ་ནི།} དལ་འབྱོར་འདི་ནི་ཤིན་ཏུ་རྙེད་པར་དཀའ། །སྐྱེས་བུས་དོན་གྲུབ་ཐོབ་པར་གྱུར་པ་ལ། །གལ་ཏེ་འདི་ལ་ཕན་པ་མ་བསྒྲུབས་ན། །ཕྱིས་འདི་ཡང་དག་འབྱོར་པ་ག་ལ་འགྱུར། ། {འཆི་བ་མི་རྟག་པ་བསམ་པ་ནི།} སྲིད་གསུམ་མི་རྟག་སྟོན་ཀའི་སྤྲིན་དང་འདྲ། །འགྲོ་བའི་སྐྱེ་འཆི་གར་ལ་ལྟ་དང་མཚུངས། །འགྲོ་བའི་ཚེ་འགྲོ་ནམ་མཁའི་གློག་འདྲ་སྟེ། །རི་གཟར་འབབ་

ཆུ་བཞིན་དུ་མྱུར་མགྱོགས་འགྲོ། །{ལས་རྒྱུ་འབྲས་བསམ་པ་ནི།} དུས་ཀྱིས་བསྙེན་ནས་རྒྱལ་པོ་འགྲོ་འགྱུར་ན། །ལོངས་སྤྱོད་མཛའ་དང་གཉེན་བཤེས་རྗེས་མི་འབྲང་། །སྐྱེས་བུ་དག་
[ 351 ]
༄༅། །ནི་གར་གནས་གར་འགྲོ་ཡང་། །ལས་ནི་གྲིབ་མ་བཞིན་ཏུ་རྗེས་སུ་འབྲས།‚འབྲངས། །{འཁོར་བའི་ཉེས་དམིགས་བསམ་པ་ནི།} སྲིད་སྲིད་‚སྲེད་མ་རིག་དབང་གིས་སྐྱེ་བོ་རྣམས། །

མི་དང་ལྷ་དང་ངན་སོང་རྣམ་གསུམ་པོ། །འགྲོ་བ་ལྔ་པོ་དག་ཏུ་མི་མཁས་འཁོར། །དཔེར་ན་རྫ་མཁན་འཁོར་ལོ་འཁོར་བ་བཞིན། །སྲིད་གསུམ་རྒ་དང་ནད་ཀྱི་སྡུག་བསྔལ་འབར། །འདི་ན་ འཆི་མེ་རབ་འབར་མགོན་མེད་དེ། །སྲིད་ལས་བྱུང་ལ་འགྲོ་བ་རྟག་ཏུ་རྨོངས། །བུམ་པར་ཆུད་པའི་བུང་བ་འཁོར་བ་བཞིན། །{ཅེས་རྫོགས་པའི་སངས་རྒྱས་ཀྱི་བཀའ་དྲི་མ་མེད་པ་སྟེ་འདོན་བསྒོམ་ ནན་ཏན་དུ་བྱའོ། །གཉིས་པ་ཐུན་མོངས་‚མོང་མ་ཡིན་པའི་སྔོན་འགྲོ་ལ་བཞི། དང་པོ་ཐེག་པ་ཆེ་ཆུང་ཐམས་ཅད་ཀྱི་གཞི་རྟེན་སྐྱབས་སུ་འགྲོ་བ་ནི།} དག་པའི་ཞིང་གི་མཁའ་ལ་འཇའ་སྤྲིན་གྱིས། །བཏེགས་ པའི་རིན་ཆེན་པད་བརྩེགས་རིམ་པ་གསུམ། །དབུས་ཀྱི་ཟེའུ་འབྲུར་སངས་རྒྱས་ཀུན་གྱི་དངོས། །བླ་མ་པད་འབྱུང་འོད་ཕུང་འཛུམ་བཅས་བཞུགས། །དེ་མཐར་པདྨའི་ས་གཞི་དང་པོ་ལ། །

རྩ་བ་ཡན་ལག་བརྒྱུད་པའི་བླ་མས་བསྐོར། །གཉིས་པར་རྒྱུད་སྡེ་བཞི་དྲུག་ཡི་དམ་ལྷ། །གསུམ་པར་མཁའ་འགྲོ་ཡེ་ཤེས་ཆོས་སྐྱོང་ཚོགས། །དེ་རྒྱབ་ཕྱོགས་བཞིར་པད་སྡོང་རབ་རྒྱས་
[ 352 ]
སྟེང་༑ །མདུན་ཏུ་ཤཱཀ་ཐུབ་ཕྱོགས་དུས་སངས་རྒྱས་བཅས། །གཡས་སུ་སྤྱན་རས་གཟིགས་དབང་བྱང་སེམས་ཚོགས། །རྒྱབ་ཏུ་ལུང་རྟོགས་དམ་ཆོས་གླེགས་བམ་ཚུལ། །

གཡོན་དུ་ཤཱ་རིའི་བུ་ལ་ཉན་རང་བསྐོར། །སྤྲིན་གསེབ་ལྷ་དང་ལྷ་མོས་མཆོད་རྫས་འབུལ། །དེ་མདུན་བདག་དང་མཁའ་མཉམ་སེམས་ཅན་ཀུན། །དུས་འདི་ནས་བཟུང་བྱང་ཆུབ་ སྙིང་པོའི་བར། །སྒོ་གསུམ་གུས་པ་ཆེན་པོས་སྐྱབས་སུ་འགྲོ། །{ཞེས་གསོལ་བ་བཏབ་ལ།} ཨོཾ་ཨཱཿཧཱུྃ༔ སྐྱབས་གནས་དམ་པ་རྣམས་ལ་སྐྱབས་སུ་མཆི༔ {ཞེས་གྲངས་བསགས་ ལ་མཐར།} བླ་མ་སངས་རྒྱས་བླ་མ་ཆོས། །དེ་བཞིན་བླ་མ་དགེ་འདུན་ཉིད། །བླ་མ་དཔལ་ཆེན་ཧེ་རུ་ཀ །ཀུན་བྱེད་རྒྱལ་པོ་བླ་མ་ཡིན། །དཀོན་མཆོག་རྩ་གསུམ་འདུས་པའི་གཙོ། ། གུ་རུ་རཏྣར་སྐྱབས་སུ་མཆིའོ། །{ཞེས་པའང་ཅི་ནུས་བརྗོད། འདིར་སྔོན་འགྲོ་བསགས་སྐབས་གོང་གི་ཚིག་རྐང་གཅིག་པོ་ཕྱག་རེ་རེ་དང་སྦྲགས་ནས་ཕྱག་དང་སྐྱབས་འགྲོ་འབུམ་ཐེར་མཉམ་ཐོན་མཛད་པའི་ཕྱག་

སྲོལ་ཡོད་དོ། །ཐུན་བསྡུ་བའི་ཚེ།} སྐྱབས་ཡུལ་རྣམས་ལས་འོད་ཟེར་དཀར་པོ་བྱུང་། །བདག་སོགས་འགྲོ་བའི་སྒྲིབ་དག་འོད་དུ་ཞུ། །སྐྱབས་ཡུལ་ལ་ཐིམ་འཁོར་རྣམས་གཙོ་
[ 353 ]
བོར་འདུས། །དེ་ཡང་སྤྲོས་བྲལ་ཆོས་དབྱིངས་བརྗོད་མེད་དོ། །{གཉིས་པ་ཅི་བྱས་བྱང་ཆུབ་ཀྱི་ལམ་དུ་བསྒྱུར་བ་སེམས་བསྐྱེད་པ་ནི།} མཁའ་ཁྱབ་འགྲོ་ཀུན་བདག་

གི་ཕ་མ་སྟེ། །བདེ་བ་འདོད་ཀྱང་སྡུག་བསྔལ་འབའ་ཞིག་སྒྲུབ། །ཐར་མེད་འཁོར་བར་འཁྱམས་པ་སྙིང་རེ་རྗེ། །དེ་རྣམས་བདག་གིས་ཅི་ནས་བསྒྲལ་བར་བྱ། །དེ་ཡི་ཕྱིར་དུ་ཟབ་ ལམ་བླ་སྒྲུབ་ཀྱི། །རིམ་གཉིས་རྣལ་འབྱོར་མཐའ་རུ་ཕྱིན་པར་བགྱི། །{ཞེས་མོས་ལ།} རྒྱུ་དྲུག་འཁོར་བར་འཁྱམས་པའི་ཕ་མ་རྣམས༔ བཟོད་མེད་གདུང་བས་སངས་རྒྱས་འཐོབ་ བྱའི་ཕྱིར༔ ཀུན་ཀྱང་བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་དོ༔ {ཞེས་གྲངས་གསོག །བར་སྐབས་རྣམས་སུ་དབུགས་ཕྱིར་འགྲོ་བ་དང་མཉམ་དུ་བདག་གི་དགེ་བའི་རྩ་བ་ཐམས་ཅད་འོད་ཟེར་ཟླ་ཞུན་ལྟ་བུར་སོང་ནས་ སེམས་ཅན་ཐམས་ཅད་ལ་ཕོག་པས་བདེ་བ་ཆེན་པོ་དང་ལྡན། དབུགས་ཚུར་རྔུབས་‚བརྔུབས་པ་དང་ལྷན་ཅིག་སེམས་ཅན་རྣམས་ཀྱི་སྡིག་སྒྲིབ་སྡུག་བསྔལ་མ་ལུས་པ་ནག་འུབས་ཀྱིས་འདུས་ནས་བདག་ལ་ཐིམ། བདག་གིས་ལམ་ཟབ་མོ་

ཡིད་ལ་བྱས་པའི་དེ་མ་ཐག་ཏུ་སང་གིས་དག་པར་བསམས་ཏེ་བཏང་‚གཏོང་ལེན་དམིགས་པ་ཅི་ནུས་བྱ་ཞིང་། ཚད་མེད་བཞི་ལ་བློ་བཞག་སྟེ།} སེམས་ཅན་ཐམས་ཅད་བདེ་བ་དང་བདེ་བའི་རྒྱུ་དང་ལྡན་པར་གྱུར་ཅིག །
[ 354 ]
སྡུག་བསྔལ་དང་སྡུག་བསྔལ་གྱི་རྒྱུ་དང་བྲལ་བར་གྱུར་ཅིག །སྡུག་བསྔལ་མེད་པའི་བདེ་བ་དམ་པ་དང་མི་འབྲལ་བར་གྱུར་ཅིག །ཉེ་རིང་ཆགས་སྡང་གཉིས་དང་བྲལ་བའི་བཏང་

སྙོམས་ཚད་མེད་པ་ལ་གནས་པར་གྱུར་ཅིག །{ཅེས་པའང་ལན་གསུམ་ལ་སོགས་པ་བརྗོད་དོ། །གལ་ཏེ་རྒྱུན་གྱི་ཉམས་ལེན་ལྟ་བུར་བསྡུ་ན། སྐྱབས་སེམས་དམིགས་པ་གོང་སྨོས་སྦྲེལ། འདོན་བྱའང་ སྐྱབས་འགྲོ་ཚིག་རྐང་གཅིག་དང་། སེམས་བསྐྱེད་ཚིག་རྐང་གསུམ་སྟེ་གཏེར་གཞུང་ཤློོ་ཀ་གཅིག་སྦྲེལ་ནས་གྲངས་བསགས་པའི་མཐར། སྐྱབས་ཡུལ་བསྡུས་ནས་རྡོར་སེམས་ལ་འཇུག་པས་ཆོག་གོ། །གསུམ་པ་ སྡིག་སྒྲིབ་དག་པར་བྱེད་པ་རྡོ་རྗེ་སེམས་དཔའི་སྒོམ་བཟླས་ནི།} རང་ཉིད་ཐ་མལ་སྤྱི་གཙུག་ཏུ༔ རིགས་འདུས་རྡོར་སེམས་འོད་ཀྱི་སྐུ༔ དཀར་འཚེར་རྡོར་དྲིལ་རིན་ཆེན་བརྒྱན༔ སྐྱིལ་ ཀྲུང་ཞལ་འཛུམ་བརྩེ་བའི་ཉམས༔ ཐུགས་ཀར་ཧཱུྃ་ལ་ཡིག་བརྒྱས་བསྐོར༔ འོ་རྒྱུན་ལྟ་བུའི་བདུད་རྩི་བབ༔‚བབས༔ སྤྱི་གཙུག་རྐང་མཐིལ་ཡན་ཆད་ཀྱི༔ ནད་གདོན་སྡིག་སྒྲིབ་

ཐམས་ཅད་དག༔ ཤེལ་བུམ་ཞོ་ཡིས་བཀང་བ་ལྟར༔ གསལ་སྟོང་འོད་ཀྱི་རང་བཞིན་གྱུར༔ ཨོཾ་བཛྲ་སཏྭ་ས་མ་ཡ༔ མ་ནུ་པཱ་ལ་ཡ༔ བཛྲ་སཏྭ་ཏྭེ་ནོ་པ་ཏིཥྛ༔ དྲྀ་ཌྷོ་མེ་བྷ་
[ 355 ]
༄༅། །ཝ༔ སུ་ཏོ་ཥྱོ་མེ་བྷ་ཝ༔ སུ་པོ་ཥྱོ་མེ་བྷ་ཝ༔ ཨ་ནུ་རཀྟོ་མེ་བྷ་ཝ༔ སརྦ་སིདྡྷིམྨེ་པྲ་ཡཙྪ༔ སརྦ་ཀརྨ་སུ་ཙ་མེ་ཙིཏྟཾ༔ ཤྲི་ཡཿཀུ་རུ་ཧཱུྃ༔ ཧ་ཧ་ཧ་ཧ་ཧོ༔

བྷ་ག་ཝཱན་སརྦ་ཏ་ཐཱ་ག་ཏ༔ བཛྲ་མཱ་མེ་མུཉྩ༔ བཛྲཱི་བྷ་ཝ༔ མ་ཧཱ་ས་མ་ཡ་སཏྭ་ཨཱཿཧཱུྃ༔ {ཞེས་བཟླ། སྔོན་འགྲོ་ཆེད་དུ་བསགས་སྐབས་པད་དཀར་འདབ་མ་འབྲེལ་པ་ནམ་མཁའ་ཁེངས་པའི་འདབ་ མ་རེ་རེའི་སྟེང་དུ་རྡོར་སེམས་སྔགས་འཁོར་བཅས་རེ་རེ། འོག་ཏུ་སེམས་ཅན་རེ་རེ་གནས་པ་དང་། ཐུགས་ཀའི་སྔགས་འོད་ཀྱིས་དོན་གཉིས་བྱས་ནས་བྱིན་རླབས་བསྡུས། བདུད་རྩི་འདེབས་‚འབེབས་སྦྱོང་སོགས་ཀྱི་ དམིགས་པ་གཞུང་གསལ་ལྟར་ལ། མཐར་ཡང་།} རྡོ་རྗེ་སེམས་དཔའ་སེམས་དཔའ་ཆེ། །རྡོ་རྗེ་དེ་བཞིན་གཤེགས་པ་ཀུན། །རྡོ་རྗེ་དང་པོ་ཀུན་ཏུ་བཟང་། །ཕྱག་འཚལ་རྡོ་རྗེ་སེམས་དཔའ་ ལའོ། །{ཞེས་པས་བསྟོད།} མགོན་པོ་བདག་ནི་མི་ཤེས་རྨོངས་པ་ཡིས། །དམ་ཚིག་ལས་ནི་འགལ་ཞིང་ཉམས། །བླ་མ་མགོན་པོས་བསྐྱབ་མཛོད་ཅིག །གཙོ་བོ་རྡོ་རྗེ་འཛིན་པ་ནི། །

ཐུགས་རྗེ་ཆེན་པོའི་བདག་ཉིད་ཅན། །འགྲོ་བའི་གཙོ་ལ་བདག་སྐྱབས་མཆི། །{ཞེས་བདག་གཞན་ཐམས་ཅད་གྱི་ཉེས་ལྟུང་བཤགས་པས།} རྡོ་རྗེ་སེམས་དཔའི་ཞལ་ནས་རིགས་ཀྱི་བུ་ཁྱོད་ཀྱིས་
[ 356 ]
གཙོར་བྱས་སེམས་ཅན་ཐམས་ཅད་ཀྱི་སྡིག་སྒྲིབ་དུས་དེ་རིང་ནས་དག་གོ་ཞེས་བཀའི་གནང་བ་སྩལ་‚བསྩལ་བར་གྱུར། སྐུ་ཡི་འོད་ཀྱིས་བདག་སོགས་སྡིག་སྒྲིབ་དག །རྡོར་སེམས་སྐུར་གྱུར་

སྤྱི་བོའི་བླ་མར་ཐིམ། །ཀུན་ཀྱང་འོད་ཞུ་གཙོ་བོ་ཉིད་ལ་འདུས། །དེ་ཡང་མཐའ་ནས་དབུས་ཡལ་སྟོང་ཉིད་དོ། །{རྒྱུན་ཁྱེར་སྐབས་སུ་དེ་དག་མི་དགོས་པས་ཡིག་བརྒྱ་བཟླས་པའི་འཕྲོས་སུ།} རྡོར་སེམས་འོད་ཞུ་རང་ལ་བསྡུ། །{ཞེས་པ་ཙམ་གྱིས་ཆོག་གོ། །བཞི་པ་ཚོགས་མྱུར་དུ་རྫོགས་པ་མཎྜལ་འབུལ་བ་ལ། ཚོགས་ཞིང་གསལ་གདབ་པ་ནི།} མདུན་གྱི་བར་སྣང་རིན་ཆེན་ས་གཞིའི་ དབུས༑ །སེང་ཁྲི་པད་ཉི་ཟླ་སྟེང་པདྨ་འབྱུང་། །དེ་སྟེང་སྤྱན་རས་གཟིགས་དབང་གངས་ཆེན་མཚོ། །དེ་སྟེང་དང་པོའི་སངས་རྒྱས་འོད་མི་འགྱུར། །དགོངས་བརྡ་སྙན་ཁུངས་ མཁའ་འགྲོ་གཏད་རྒྱ་དང་། །བཀའ་བབས་དབང་བསྐུར་རྟོགས་པ་དོན་གྱི་བརྒྱུད། །དཔའ་བོ་རྣལ་འབྱོར་མ་ཚོགས་རྒྱ་མཚོས་བསྐོར། །དེ་རྒྱབ་ཕྱོགས་བཞིར་སངས་རྒྱས་ཆོས་

དགེ་འདུན། །ཡེ་ཤེས་ཆོས་སྲུང་ཐམས་ཅད་བཞུགས་པར་གྱུར། །{ཞེས་མོས་ལ། ཐོག་མར་བསགས་སྦྱང་བྱ་བ་ནི། བདག་སོགས་འགྲོ་ཀུན་བྱ་བྱེད་སྤྱོད་ལམ་མཐུན་པས་ཡན་ལག་བདུན་པ་
[ 357 ]
༄༅། །ཚུལ་བཞིན་བགྱིད་པར་བསམས་ལ།} ཨོཾ་ཨཱཿཧཱུྃ༔ ཆོས་རྣམས་ཐམས་ཅད་སྐུ་གསུམ་རང་བཞིན་ལ༔ གཉིས་མེད་ཀློང་ཡངས་ཆེན་པོར་ཕྱག་འཚལ་ལོ༔

མ་བཅོས་མཐའ་བྲལ་མཉམ་པ་ཉིད་ཀྱིས་མཆོད༔ རང་སེམས་སངས་རྒྱས་མ་རྟོགས་མཐོལ་ལོ་བཤགས༔ གནས་ལུགས་རང་རིག་ངང་དུ་ཡི་རང་ངོ་༔ འཛིན་མེད་ཁྱབ་བརྡལ་རོལ་པའི་ ཆོས་འཁོར་བསྐོར༔ འཁོར་འདས་དབྱེར་མེད་བཞུགས་པར་གསོལ་བ་འདེབས༔ ཆོས་དབྱིངས་ལྷུན་གྲུབ་ཆེན་པོར་བསྔོ་བར་བྱ༔ ཟུང་འཇུག་ཀུན་ཁྱབ་བདེ་ཆེན་མཆོག་ཐོབ་ ཤོག༔ {ཅེས་བདུན་རྣམ་དག་གྲངས་ཅི་རིགས་བྱ། དེ་ནས་མཎྜལ་དངོས་ལ་སྤྱིར་འབུལ་བ་ན། ལག་ལེན་རྣམས་ཁྲིད་ཡིག་ལྟར་བྱས་ལ།} ཨོཾ་བཛྲ་བྷཱུ་མི་ཨཱཿཧཱུྃ། གཞི་རྣམ་པར་དག་པ་དབང་ཆེན་ གསེར་གྱི་ས་གཞི། ཨོཾ་བཛྲ་རེ་ཁེ་ཨཱཿཧཱུྃ། ཕྱི་ལྕགས་རི་ཁོར་ཡུག་གི་ར་བས་ཡོངས་སུ་བསྐོར་བའི་དབུས་སུ། ཧཱུྃ། རིའི་རྒྱལ་པོ་རི་རབ་{ཅེས་སོགས་ཚོམ་བུ་སོ་བདུན་མ་ཡོངས་གྲགས་ལྟར་

བཀོད་ཅིང་སོ་སོའི་དམིགས་པ་གསལ་བས་འབུལ་ལ།} ས་གཞི་སྤོས་ཆུས་བྱུགས་ཤིང་མེ་ཏོག་བཀྲམ། །རི་རབ་གླིང་བཞི་ཉི་ཟླས་བརྒྱན་པ་འདི། །སངས་རྒྱས་ཞིང་དུ་དམིགས་ཏེ་ཕུལ་བ་
[ 358 ]
ཡིས༑ །འགྲོ་ཀུན་རྣམ་དག་ཞིང་ལ་སྤྱོད་པར་ཤོག །{ཅེས་ལན་གྲངས་ཅི་‚ཇི་ལྟར་རིགས་པས་དཀོན་མཆོག་རྩ་གསུམ་སྤྱིར་འབུལ། བྱེ་བྲག་བླ་མ་སྐུ་གསུམ་གྱི་མཎྜལ་ནི་རྫོགས་ཆེན་སྒོམ་པའི་སྔོན་འགྲོ་ལྟ་

བུར་ཤེས་ཤིང་སྤྲོ་ན་ཚེ་སྒྲུབ་གནམ་ལྕགས་རྡོ་རྗེའི་ཆོས་སྡེ་བི་མ་ལའི་ཆོས་བརྗོད་དཔག་བསམ་རབ་རྒྱས་ལས་འབྱུང་བ་ལྟར་ཚིགས་བཅད་ལྷུག་རྣམས་ཀྱིས་ཅི་ནུས་སུ་ཕུལ་ན་འབྲེལ་ཆགས་ཤིང་ཤིན་ཏུ་ལེགས་ལ། འདིར་ དཀྱུས་སུ་བསྟན་པ་ནི།} ཨོཾ་ཨཱཿཧཱུྃ༔ ཆོས་དབྱིངས་མཎྜལ་རིག་པས་བརྒྱན་པ་འདི༔ བ་མ་སངས་རྒྱས་ཆོས་ཀྱི་སྐུ་ལ་འབུལ༔ རང་ལུས་མཎྜལ་དབང་པོས་བརྒྱན་པ་འདི༔ བླ་མ་ལོངས་སྤྱོད་རྫོགས་པའི་སྐུ་ལ་འབུལ༔ རིན་ཆེན་མཎྜལ་གསེར་གཡུས་བརྒྱན་པ་འདི༔ བླ་མ་ཐུགས་རྗེ་སྤྲུལ་པའི་སྐུ་ལ་འབུལ༔ {ཅེས་‚ཞེས་འབུལ། འབུམ་ཐེར་བསགས་སྐབས་ ཀྱང་གྲངས་ཀྱི་གཙོ་བོ་འདི་ལ་བཟུང་ངོ་། །མཐར།} ཐུགས་རྗེས་འགྲོ་བའི་དོན་དུ་བཞེས་སུ་གསོལ། །བཞེས་ནས་དབང་བསྐུར་བྱིན་གྱིས་བརླབ་ཏུ་གསོལ། །གུ་རུ་རཏྣ་མཎྜལ་ཀཾ་ནིརྻཱ་‚ནིརྱཱ་ཏ་

ཡཱ་མི། ཚོགས་ཞིང་རྣམས་ལས་འོད་འཕྲོས་འགྲོ་ཀུན་ལ། །ཕོག་པས་སྒྲིབ་བྱང་དག་པའི་ཞིང་དུ་གཤེགས། །སྐུ་གསུམ་འཁོར་བཅས་འོད་ཞུ་རང་ཉིད་ལ། །ཐིམ་པས་
[ 359 ]
༄༅། །ཚོགས་གཉིས་ཡོངས་སུ་རྫོགས་པར་གྱུར། །{གསུམ་པ་ཁྱད་པར་གྱི་སྔོན་ཏུ་འགྲོ་བ་བླ་མའི་རྣལ་འབྱོར་ནི།} ཨེ་མ་ཧོཿ རང་ལུས་འོད་ཕུང་རྡོ་རྗེ་རྣལ་འབྱོར་མ། །

མདངས་གསལ་མེ་འོད་གསལ་སྟོང་ལྷག་གེའི་ངང་། །ཕྱོགས་མཚམས་ནམ་མཁའ་འཇའ་འོད་ཟེར་གྱི་ཀློང་། །སྤྱི་བོར་བླ་མ་གུ་རུ་ཡིད་བཞིན་ནོར། །བརྒྱུད་པའི་བླ་མ་པད་འབྱུང་སྤྱན་ རས་གཟིགས། །རིགས་ཀྱི་བདག་པོ་སྣང་བ་མཐའ་ཡས་དང་། །གཞན་ཡང་མདོ་རྒྱུད་བསྟན་བཅོས་མན་ངག་སོགས། །རྒྱ་བོད་མཁས་གྲུབ་བླ་མ་ཐམས་ཅད་བཞུགས། །{ཞེས་ བརྒྱུད་པའི་བླ་མ་རྣམས་ཐོ་བརྩེགས་དང་རྩ་གསུམ་སྤྱི་ཁྲོམ་ཚོགས་སུ་བཞུགས་པའི་གནས་གསུམ་འབྲུ་གསུམ་བཅས་གསལ་བཏབ་ལ། མོས་གུས་གདུང་ཤུགས་རྩེ་གཅིག་པས།} ཨོཾ་ཨཱཿཧཱུྃ། ཐོག་མའི་ སངས་རྒྱས་ཀུན་བཟང་སྣང་མཐའ་ཡས། །གངས་ཅན་མགོན་པོ་ཁ་སར་པ་ཎི་དང་། །འཇའ་ལུས་སྣང་སྲིད་དབང་སྡུད་པདྨ་འབྱུང་། །ཡང་སྤྲུལ་རིག་འཛིན་སྙིང་པོའི་མཚན་ཅན་ལ། །

གསོལ་བ་འདེབས་སོ་བྱིན་གྱིས་བརླབ་ཏུ་གསོལ། །ཀ་དག་ལྷུན་གྲུབ་གཞི་ཐོག་ཕེབས་པ་དང་། །ཁྲེགས་ཆོད་ཐོད་རྒལ་ལམ་ལ་རྩལ་འབྱོངས་ཏེ། །སྐུ་དང་ཡེ་ཤེས་དབྱེར་མེད་མངོན་
[ 360 ]
གྱུར་ཞིང་། །མཐའ་ཡས་འགྲོ་ཀུན་སྤྲུལ་པས་འདྲེན་པར་ཤོག །{ཅེས་གསོལ་འདེབས་ཚིག་རྐང་དགུ་མ་འདི་ཉིད་གྲངས་གསོག །འབུམ་ཐེར་འཕྲལ་སོགས་དགོས་པ་ལྟ་བུས་མི་ནུས་ན། དེ་ཉིད་ཅི་འགྲུབ་

དང་༑} སྣང་མཐའ་སྤྱན་གཟིགས་པད་འབྱུང་སྲོང་བཙན་སྒམ། །བཀའ་བརྒྱུད་གཙུག་རྒྱན་དྭགས་པོ་ལྷ་རྗེ་སོགས། །ཀུན་གྱི་རྣམ་འཕྲུལ་འཇའ་ཚོན་སྙིང་པོ་ལ། །གསོལ་བ་འདེབས་ སོ་བྱིན་གྱིས་བརླབ་ཏུ་གསོལ། །{ཞེས་པ་ལ་གྲངས་བཟུང་ཡང་རུང་བ་སྟེ་སྔ་ཕྱི་གཉིས་ཀ་རིག་འཛིན་ཆེན་པོ་ཉིད་ཀྱི་ཞལ་གསུང་བྱིན་རླབས་ཆེ་མཉམ་ཡིན་ནོ། །ཐུན་མཐར་ཟུར་དུ་གསལ་བའི་བརྒྱུད་འདེབས་རྒྱས་ བསྡུས་རྣམས་ཀྱང་འདོན། རྒྱུན་ཁྱེར་ལྟ་བུར་འདི་ནས་དབང་ལེན་ལ་འཇུག་པས་ཆོག་ལ་སྔོན་འགྲོ་བསགས་སྐབས་སོགས་སུ།} མོས་གུས་སྟོབས་ཀྱིས་བརྒྱུད་པའི་བླ་མ་རྣམས། །འོད་ཞུ་རིམ་ཐིམ་རྩ་ བའི་བླ་མ་ཉིད། །གཟི་བརྗིད་འོད་དུ་འབར་ཞིང་ཐུགས་རྗེ་ཆེས། །བདག་ལ་དགོངས་ཏེ་བྱིན་གྱིས་བརླབས་པར་གྱུར། །ཧཱུྃ༑ ཨོ་རྒྱན་ཡུལ་གྱི་ནུབ་བྱང་མཚམས༔ པདྨ་གེ་སར་

སྡོང་པོ་ལ༔ ཡ་མཚན་མཆོག་གི་དངོས་གྲུབ་བརྙེས༔ པདྨ་འབྱུང་གནས་ཞེས་སུ་གྲགས༔ འཁོར་དུ་མཁའ་འགྲོ་མང་པོས་བསྐོར༔ ཁྱེད་ཀྱི་རྗེས་སུ་བདག་སྒྲུབ་ཀྱིས༔
[ 361 ]
༄༅། །བྱིན་གྱིས་བརླབ་ཕྱིར་གཤེགས་སུ་གསོལ༔ {ཞེས་ཚིག་བདུན་གསོལ་འདེབས་དང་།} ཨོཾ་ཨཱཿཧཱུྃ་བཛྲ་གུ་རུ་པདྨ་ཐོད་ཕྲེང་རྩལ་བཛྲ་ས་མ་ཡ་ཛཿསིདྡྷི་ཕ་ལ་ཧཱུྃ་ཨཱ༔ {ཞེས་

དང་༑} ཨོཾ་ཨཱཿཧཱུྃ་བཛྲ་གུ་རུ་པདྨ་སིདྡྷི་ཧཱུྃ༔ {ཞེས་པ་རྣམས་ཀྱང་ཐོག་མར་གསོལ་འདེབས་ཀྱི་བསྙེན་པའི་དོན་དུ་འབུམ་ཐེར་ལ་སོགས་པའི་གྲངས་ཆ་མཉམ་དུ་གསག་གོ། །མཐར་དབང་ལེན་པ་ནི།} བླ་མ་གུ་རུ་ཡིད་ བཞིན་ནོར་བུ་ཡི། །དཔྲལ་བའི་ཨོཾ་ལས་འོད་དཀར་སྐར་མདའ་ལྟར། །རང་གི་དཔྲལ་བར་ཐིམ་པས་བུམ་དབང་ཐོབ། །ལུས་ཀྱི་སྒྲིབ་དག་ས་བརྒྱད་མི་གཡོ་ནོན། །འབྲས་བུ་སྤྲུལ་སྐུ་ འཐོབ་པའི་ས་བོན་བཞག །བསྐྱེད་རིམ་མ་ཧཱ་ཡོ་ག་བསྒོམ་ལ་དབང་། །མགྲིན་པའི་ཨཱཿལས་འོད་དམར་མར་མེ་ལྟར། །རང་གི་མགྲིན་པར་ཐིམ་པས་གསང་དབང་ཐོབ། །ངག་གི་ སྒྲིབ་དག་ལེགས་པའི་བློ་གྲོས་ནོན། །འབྲས་བུ་ལོངས་སྐུ་འཐོབ་པའི་རྟེན་འབྲེལ་བསྒྲིགས། །ཨ་ནུའི་རྫོགས་རིམ་རང་བྱིན་བརླབ་ལ་དབང་། །ཐུགས་ཀའི་ཧཱུྃ་འོད་མཐིང་ག་སྤོས་

དུད་ལྟར། །རང་གི་སྙིང་གར་ཐིམ་པས་ཤེར་དབང་ཐོབ། །ཡིད་ཀྱི་སྒྲིབ་དག་ས་བཅུ་ཆོས་སྤྲིན་ནོན། །འབྲས་བུ་ཆོས་སྐུ་འཐོབ་པའི་ནུས་པ་སྨིན། །ཨ་ཏི་དཀྱིལ་འཁོར་འཁོར་ལོ་
[ 362 ]
བསྒོམ་ལ་དབང་། །གནས་ལྔའི་འོད་ཟེར་ལྔ་ལྡན་འཇའ་ཚོན་ལྟར། །གནས་ལྔར་ཐིམ་པས་ཡེ་ཤེས་དབང་ཆེན་ཐོབ། །སྒོ་གསུམ་སྒྲིབ་དག་བཅུ་གཅིག་ཀུན་འོད་ནོན། །ངོ་

བོ་ཉིད་སྐུ་འཐོབ་པའི་སྐལ་ཅན་བྱས། །རྩོལ་བྲལ་ཀ་དག་ལྷུན་གྲུབ་བསྒོམ་ལ་དབང་། །བླ་མ་ཚངས་བུག་ནས་བྱོན་སྙིང་དབུས་བཞུགས། །ཡེ་ཤེས་བདུད་རྩིའི་རྒྱུན་བབས་ བདག་ལུས་གང་། །བདེ་ཆེན་འོད་ཞུ་བདག་གི་སྒོ་གསུམ་དང་། །གསང་བ་གསུམ་པོ་དབྱེར་མེད་རོ་གཅིག་གྱུར། །{ཅེས་མོས་གུས་ཀྱི་རང་སོ་མ་ཉམས་པའི་བཟོ་མེད་ལྷུག་པའི་རང་ངོ་ཅི་གནས་ སུ་བསྐྱངས་ལ་མཐར།} དཔལ་ལྡན་རྩ་བའི་བླ་མ་རིན་པོ་ཆེ། །བདག་གི་སྙིང་གར་པདྨའི་ཟེའུ་འབྲུ་ལ། །འབྲལ་བ་མེད་པར་རྟག་པར་བཞུགས་ནས་ཀྱང་། །སྐུ་གསུང་ཐུགས་ ཀྱི་དངོས་གྲུབ་སྩལ་དུ་གསོལ། །ཀྱེ་‚སྐྱེ་བ་ཀུན་ཏུ་ཡང་དག་བླ་མ་{སོགས་དང་།} དགེ་བ་འདི་ཡིས་༝ དཔལ་ལྡན་བླ་མ་{སོགས་བསྔོ་སྨོན་རྣམ་པར་དག་པའང་བྱའོ། །གཉིས་པ་རྫོགས་ཆེན་

སྒོས་ཀྱི་སྔོན་འགྲོ་ཐུན་མོང་མ་ཡིན་པ་རྣམས་ནི་ཁྲིད་ཡིག་གི་དཀྱུས་ལྟར་ལ། ཁྱད་པར་བླ་མའི་རྣམ་འབྱོར་ནི།} རང་ལུས་སྣང་སྟོང་འོད་ཀྱི་རང་བཞིན་ནང་། །རྩ་གསུམ་འཁོར་ལོ་ལྔ་པོ་སྒྲིབ་
[ 363 ]
༄༅། །བྲལ་དབུས། །སྤྱི་བོར་བུདྡྷ་ཐོད་ཕྲེང་ཡབ་ཡུམ་དཀར། །མགྲིན་པར་པདྨ་ཐོད་ཕྲེང་ཡབ་ཡུམ་དམར། །སྙིང་གར་བཛྲ་ཐོད་ཕྲེང་ཡབ་ཡུམ་མཐིང་། །

ལྟེ་བར་རཏྣ་ཐོད་ཕྲེང་ཡབ་ཡུམ་སེར། །གསང་བར་ཀརྨ་ཐོད་ཕྲེང་ཡབ་ཡུམ་ལྗང་། །འཁོར་ལོ་རྡོ་རྗེ་རིན་ཆེན་པདྨ་དང་། །རྒྱ་གྲམ་དྲིལ་འཛིན་འཁོར་ལོས་སྒྱུར་བའི་ཆས། །པད་ ཟླའི་གདན་ལ་རོལ་པའི་སྟབས་ཀྱིས་བཞུགས། །འཇའ་ཚོན་འོད་ཟེར་ཐིག་ལེ་ཐིག་ཕྲན་འཁྲིགས། །གདོད་ནས་རང་གསལ་ལྷུན་གྲུབ་ཆེན་པོ་ཡི། །འོད་ཀྱིས་བསྐུལ་བས་ཨོ་རྒྱན་ ཐོད་ཕྲེང་རྩལ། །དབྱིངས་ནས་སྤྱན་དྲངས་མདུན་མཁར་བཞུགས་པར་གྱུར། །{ཚིག་བདུན་གསོལ་འདེབས་ལན་གསུམ་གྱིས་བྱིན་དབབ། ཏིང་ངེ་འཛིན་གྱིས་སྤྲུལ་པའི་ཕྱི་ནང་གསང་མཆོད་ཡིད་ཀྱིས་འབུལ་ ལ༑} ཧྲཱིཿ དུས་གསུམ་གྱི་བླ་མ་ཡི་དམ་མཁའ་འགྲོ་སངས་རྒྱས་བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱི་སྐུ་གསུང་ཐུགས་ཡོན་ཏན་ཕྲིན་ལས་གཅིག་ཏུ་བསྡུས་པའི་ངོ་བོར་གྱུར་ཅིང་

མཛད་པའི་ཕྲིན་ལས་ལ་ཐ་དད་མི་མངའ་བར་གྱུར་པ། ཨོ་རྒྱན་ཆེན་པོ་གུ་རུ་པདྨ་འབྱུང་གནས་ལ་གསོལ་བ་འདེབས་སོ། །ལུས་ངག་ཡིད་གསུམ་སྨིན་ཅིང་གྲོལ་བར་མཛད་དུ་གསོལ། །
[ 364 ]
{ཅེས་‚ཞེས་སོགས་གནས་ལུགས་རྟོགས་པའི་གསོལ་བ་ཕུར་ཚུགས་སུ་བཏབ་པའི་མཐར།} བླ་མའི་སྐུ་ལས་བྱིན་རླབས་བདུད་རྩིའི་རྒྱུན། །ལྔ་ལྡན་འཇའ་འོད་རྣམ་པ་ལྷུག་ལྷུག་བབ། །རང་ལུས་

འཁོར་ལོ་སོ་སོའི་ལྷ་ལ་ཐིམ། །འོད་གསལ་ཡེ་ཤེས་ཆེན་པོ་རྒྱུད་ལ་འཕོས། །ཕྱི་ནང་བླ་མ་འཁོར་ལོ་སོ་སོར་ཐིམ། །སྟོང་གསལ་ངོས་བཟུང་བྲལ་བའི་རང་རིག་པ། །སྐུ་ གསུམ་དབྱེར་མེད་བླ་མ་པད་འབྱུང་ངོ་། །{ཞེས་མཉམ་པར་བཞག་གོ། །ནང་གི་རུ་ཤན་དབྱེ་བ་རིགས་དྲུག་གནས་སྤྱོད་དཀྱུས་སུ་བསྟན་པ་དེས་ཀྱང་འཐུས་མོད། ཁྱད་པར་པའི་ཉམས་ལེན་འདི་ཉིད་གཞུང་ ཁྲིད་མ་རྫོགས་པའམ་རྒྱུན་ཏུ་ཉམས་ལེན་ལྟ་བུར་བྱས་ཀྱང་ཤིན་ཏུ་ཟབ་ཅིང་ལེགས་པས་འདི་ལྟར།} རང་ལུས་རྡོ་རྗེ་རྣལ་འབྱོར་མར་གསལ་བའི། །ལུས་ནང་དབུ་མར་ཧཱུྃ་མཐིང་རོ་མར་ཨཱཿ དམར་ གསལ་རྐྱང་མར་ཨོཾ་དཀར་འོད་ཟེར་འབར། །རྡོ་རྗེ་གསུམ་གྱི་ངོ་བོར་གདོད་ནས་བཞུགས། །སྤྱི་བོར་ཨ་དཀར་མགྲིན་པར་སུ་སེར་པོ། །སྙིང་གར་ཎྲྀ་ལྗང་ལྟེ་བར་ཏྲི་མཐིང་ག །

གསང་བར་པྲེ་དམར་རྐང་མཐིལ་དུ་དུད་ཀ །རིགས་དྲུག་སྐྱེ་འགྱུར་ལས་དང་བག་ཆགས་ཀུན། །ས་བོན་དྲུག་ལ་འུབས་ཀྱིས་འདུས་པ་ལ། །འབྲུ་གསུམ་དག་པ་ཡེ་ཤེས་མེ་
[ 365 ]
༄༅། །དཔུང་གིས། །རིགས་དྲུག་ས་བོན་ཐུལ་གྱིས་བསྲེགས་པར་གྱུར། །ཨོཾ་ཨཱཿཧཱུྃ་མ་མ་ཀོ་ལིཾ་ས་མནྟ། {ཞེས་པ་ངག་བཅད་བདུན་འབུམ་བཟླ། མཐར། }ཕཊ།

{དྲུག་བརྗོད་པས་འབྲུ་གསུམ་ལས་ཡེ་ཤེས་ཀྱི་རླུང་བྱུང་བསྲེགས་པའི་ཐལ་བ་འོག་སྒོར་བུན་བུན་གཏོར་བར་བསམ། དེ་ནས།} འབྲུ་གསུམ་མཐའ་རུ་ཡིག་བརྒྱའི་སྔགས་ཕྲེང་ནི། །དཀར་དམར་མཐིང་ གསུམ་བསྐོར་ལས་བདུད་རྩིའི་རྒྱུན། །བབས་པས་དྲི་མ་ཆ་ཤས་བཅས་ཏེ་བཀྲུས། །རང་ལུས་དྲི་མེད་ཤེལ་རྒོང་‚སྒོང་འཇའ་ཚོན་ལྟར། །རང་བྱུང་གདོད་མའི་སངས་རྒྱས་ཉིད་དུ་གྱུར། ། {ཅེས་པའི་ཡི་གེ་བརྒྱ་པ་ཅི་ནུས་བཟླས་པས་སྡིག་སྒྲིབ་དག་པའི་རྟགས་སྤྱི་དང་མཚུངས་པར་འབྱུང་ངོ་། །མདོར་ན་རིགས་དྲུག་གི་གནས་བདེ་བླག་ཏུ་སྦྱོང་བ་དང་། མྱུར་དུ་འཚང་རྒྱ་བ་སོགས་ཕན་ཡོན་ཚད་མེད་པ་རྒྱུད་ལས་ གསུངས་པས་ནན་ཏན་ཏུ་བྱའོ།། །།འདིས་ཀྱང་ལམ་ཟབ་ཕྲིན་ལས་རྒྱུན། །ཐུབ་བསྟན་ཇི་སྲིད་དར་ཞིང་རྒྱས། །ལུས་ཅན་མཐའ་དག་ཆོས་འདི་ཡི། །གདུལ་བྱར་གྱུར་ནས་རྣམ་གྲོལ་ཤོག །ཅེས་

པའང་ཟབ་མོའི་གནས་ལ་འདུན་པ་བླ་མ་ཀརྨ་བཀྲ་ཤིས་དགེ་ལེགས་དང་ཀརྨ་བསོད་ནམས་ཟུང་གིས་བསྐུལ་ངོར། པདྨའི་སྔགས་རིག་འཛིན་པ་པདྨ་གར་གྱི་དབང་ཕྱུག་རྩལ་གྱིས་ཙཱ་འདྲ་རིན་ཆེན་བྲག་གི་སྒྲུབ་གནས་སུ་སྦྱར་བ་དགེ་ལེགས་འཕེལ།། །།}
[ 366 ]
 
[ 367 ]
ཏ༽ ༄། །རྫོགས་པ་ཆེན་པོ་ཡང་ཟབ་བླ་སྒྲུབ་དཀོན་མཆོག་སྤྱི་འདུས་ཀྱི་ཁྲིད་ཡིག་གུ་རུའི་དགོངས་རྒྱན་ཉིན་བྱེད་སྙིང་པོ་ཞེས་བྱ་བ་བཞུགས་སོ།། །།
[ 368 ]
༄༅། །ཨོཾ་སྭ་སྟི། ན་མོ་གུ་རུ་ཨཱ་དི་བུདྡྷ་པདྨ་པྲ་བྷཱ་ས་ཛྭ་ལ་ཙ་ར་ཎཱ་ཡ། བླ་མ་གདོད་མའི་སངས་རྒྱས་པདྨ་འོད་འབར་གྱི་ཞབས་ལ་

ཕྱག་འཚལ་ལོ། །རྫོགས་པ་ཆེན་པོ་ཡང་ཟབ་བླ་སྒྲུབ་དཀོན་མཆོག་སྤྱི་འདུས་ཀྱི་ཁྲིད་ཡིག་གུ་རུའི་དགོངས་རྒྱན་ཉིན་བྱེད་སྙིང་པོ་ཞེས་བྱ་བ་དཔལ་ མགོན་རྩ་བའི་བླ་མར་ཕྱག་འཚལ་ལོ། །ཀུན་ཁྱབ་སྤྲོས་བྲལ་ཡེ་ཤེས་ཆོས་ཀྱི་དབྱིངས། །རང་བཞིན་འོད་གསལ་ལྷུན་རྫོགས་བདེ་བ་ཆེ། །

ཕྱོགས་དུས་ཆ་མེད་ཀུན་འགྲོ་གདོད་མའི་མགོན། །སངས་རྒྱས་ཀུན་ཏུ་བཟང་པོར་ཕྱག་འཚལ་འདུད། །སྲིད་ཞི་བྱང་ཆུབ་སེམས་ཀྱི་ཕུན་
[ 369 ]
༄༅། །ཚོགས་མ་ལུས་དབྱིངས་གྱུར་པ། །གཅིག་དང་དུ་མའི་སྤྲོས་བྲལ་ཆོས་ཉིད་ཡོངས་གྲུབ་རྟག་བརྟན་ཁམས། །རྒྱ་

ཆད་ཕྱོགས་ལྷུང་ཡོངས་བྲལ་མཚན་དཔེ་ཡོངས་རྫོགས་རྡོ་རྗེའི་སྐུ། །འོད་སྣང་མཐའ་ཡས་མགོན་པོ་གང་དེར་འདུད་དོ་དགེ་ལེགས་སྩོལ། ། རྒྱལ་ཀུན་ཐུགས་ཀྱི་ཡེ་ཤེས་གཅིག་ཏུ་འཁྱིལ་པའི་རྒྱ་མཚོ་ལས། །དོན་དམ་འོད་གསལ་ལས་སྐྱེས་དམིགས་མེད་བརྩེ་ཆེན་པདྨོའི་

དབུས༑ །རང་བྱུང་རྡོ་རྗེའི་སྐུ་མཆོག་རྣམ་ཀུན་མཆོག་ལྡན་རྣམ་པ་ཐམས་ཅད་པ། །རེས་འགའ་རྡོ་རྗེ་སློབ་དཔོན་ཚུལ་ཤར་མགོན་དེར་
[ 370 ]
སྙིང་ནས་འདུད། །གང་གི་གསང་གསུམ་སྒྱུ་འཕྲུལ་འཇའ་ཚོན་ལྟར་བཀྲ་སྙིང་པོའི་གར། །འགྲོ་འདུལ་ནུས་ལྡན་བདེ་གཤེགས་མཆོག་གི་ས་འཛིན་རྡོ་རྗེ་ཅན། །ཡེ་

ཤེས་ཀློང་གསལ་སྐུ་གཉིས་སྙིང་པོའི་སྤྱི་དཔལ་བདེ་བ་ཆེ། །པད་འབྱུང་ངོ་བོ་བླ་མས་བདག་སྙིང་དབུས་སུ་རྟག་རྩེན་མཛོད། །གང་གི་ཐུགས་སྒྲུབ་རིན་ཆེན་མཆོག་གྱུར་བརྒྱ་ ཕྲག་དུ་མ་ཡི། །སྙིང་པོ་ལྟ་བུ་ཡང་ཟབ་བསམ་འཕེལ་ཡིད་བཞིན་ནོར་བུ་ལྟར། །དཀོན་མཆོག་རྒྱལ་བ་སྤྱི་འདུས་དགོངས་པའི་བཅུད་གྱུར་གསང་བ་ཆེ། །མན་ངག་ཁྲིད་ རིམ་བླ་མའི་ཞལ་ལུང་གཞུང་དོན་གསལ་བ་ཞིག །བདག་གི་འདྲེན་མཆོག་ཆོས་འདིར་རྟག་དགྱེས་དེ་ཡི་ཞབས་ཏོག་ཆེད། །ལམ་འདིར་མོས་པའི་སྐལ་ལྡན་རྣམས་ཀྱི་ཡིད་ཀྱི་རེ་ སྐོང་དུ། །བླ་མའི་བྱིན་རླབས་མཐུ་ལ་བརྟེན་ནས་འབད་པས་བགྱིས་པ་འདི། །དོན་མེད་མ་ཡིན་དོན་ལྡན་ཕུན་ཚོགས་རྒྱལ་བའི་བཙས་སུ་སེམས། །གཞན་ནི་ཆོས་འདི་འཛིན་པས་

བོད་ཀུན་ཁོངས། །ཁྲིད་འཆད་པོ་ཡང་སྡེ་ཚོགས་འཐུག་པོར་གྱུར། །དེས་ན་བདག་གིས་ངལ་བས་ཅི་བྱ་ཡང་། །ལྷག་བསམ་དག་པས་བརྗོད་ལ་སྐྱོན་ཡོད་མིན།། ༈ །།
[ 371 ]
༄༅། །དེ་ཡང་དམ་པའི་ཆོས་ཚུལ་ཐ་དག་པའི་གལ་མདོ་རྡོ་རྗེ་ཐེག་པ་མ་ལུས་པའི་སྙིང་པོ་སྒྲུབ་ཐབས་ཐམས་ཅད་ཀྱི་གནད་དྲིལ་བ། ཡོ་ག་གསུམ་གྱི་དགོངས་བཅུད་ཕྱུང་

བ་ཡང་གསང་རྫོགས་པ་ཆེན་པོའི་མན་ངག །དུས་གསུམ་རྒྱལ་བ་ཐམས་ཅད་ཀྱི་བགྲོད་པ་གཅིག་པའི་ལམ། རྣལ་འབྱོར་རིག་པ་འཛིན་པ་ཐ་དག་གི་དགོངས་ཉམས། ཡང་ཟབ་ རྨད་དུ་བྱུང་བ་བླ་ན་མེད་པའི་ཆོས་བླ་མའི་སྒྲུབ་པ་ལས་ཁྱད་པར་དུ་གྱུར་པ་རིག་འཛིན་ཆེན་པོ་འཇའ་ཚོན་སྙིང་པོས་རྔོད་ཧོམ་འཕྲང་ལྕགས་ཀྱི་སྒོ་མོ་བྲག་རི་རྡོ་རྗེ་གྱེན་ལངས་ལྟ་བུ་ནས་སྤྱན་ དྲངས་པའི་ཡང་ཟབ་དཀོན་མཆོག་སྤྱི་འདུས་ཀྱི་ཁྲིད་བཀའ་ཟབ་མོ་བསྟན་པར་བྱ་བ་ལ་དཔོན་སློབ་གནས་དུས་ཀྱི་རྟེན་འབྲེལ་ལེགས་པར་འགྲིགས་པའི་སྐབས་སུ་ཁྲིད་ལ་འཇུག་པར་བྱ་སྟེ། དེ་ལ་སྤྱིར་སྔོན་དུ་འགྲོ་བ་སྦྱོར་དངོས་ཐམས་ཅད་ཀྱི་ཐུན་མགོར་བར་ཆད་ཞི་ཞིང་བྱིན་རླབས་འཇུག་པའི་ཆད་དུ་དབེན་པའི་གནས་བདེ་བའི་གདན་ལ་ལུས་གནད་དཀྱུས་མཐུན་བཅས་རླུང་རོ་

ལན་གསུམ་བསལ་ནས་སྒོ་གསུམ་གྱི་བར་ཆད་སྡིག་སྒྲིབ་ཞི་ཞིང་དག་པར་བསམས་ལ། མདུན་གྱི་ནམ་མཁར་པདྨ་ཉི་ཟླའི་གདན་སྟེང་དུ་པདྨ་འབྱུང་གནས་དང་རྩ་བའི་བླ་མ་དབྱེར་
[ 372 ]
མ་མཆིས་པའི་ངོ་བོ་རིག་འཛིན་ཧཱུྃ་ནག་མེ་འབར་རབ་བྱུང་ཆ་ལུགས་པཎ་ཞུ་ཆོས་གོས་ཅན་ཕྱག་གཡས་རྡོ་རྗེ་ཐུགས་ཀར་འགྱིངས་‚འགྱིང་སྟབས་ཀྱིས་འཛིན་ཅིང་གཡོན་ལྕགས་ཀྱི་ཕུར་པ་ཟུར་

གསུམ་གདེངས་པ་ཞབས་རྡོ་རྗེའི་སྐྱིལ་ཀྲུང་གིས་བཞུགས་པ། དཔུང་པ་གཡས་གཡོན་དུ་ཡེ་ཤེས་ཀྱི་རང་འོད་འཇའ་ཚོན་གྱི་གཤོག་པ་བཀྲ་ཞིང་། གཡས་ནས་ཁྲོ་བོ་དང་ གཡོན་ནས་ཁྲོ་མོའི་ཚོགས་སྐར་ལྟར་འཕྲོ་བ། ཤངས་སྒོར་ཡི་གེ་ཨ་དཀར་པོ་ཟ་བ་འབུམ་གྱི་འོད་ཟེར་ཟིལ་གྱིས་གནོན་པ་ཡེ་ཤེས་ཀྱི་རླུང་དང་འགྲོགས་ཏེ་གནས་པ། དེ་ལྟ་ བུའི་སྐུ་ཡི་གནས་གསུམ་དུ་ཨོཾ་ཨཱཿཧཱུྃ་དཀར་དམར་མཐིང་གསུམ་གྱིས་སྤྲས་ཤིང་སྐུའི་འོད་ཟེར་གྱིས་རང་གི་ཐོ་ཕྱི་གནས་ཡུལ་ཐམས་ཅད་གཏམས་པར་བསམས་ལ། ངག་ ནས༑ བླ་མ་ལ་གསོལ་བ་འདེབས་སོ། །བླ་མ་ཆོས་ཀྱི་སྐུ་ལ་གསོལ་བ་འདེབས་སོ། །བླ་མ་ལ་གསོལ་བ་འདེབས་སོ། །བླ་མ་ལོངས་སྤྱོད་རྫོགས་པའི་སྐུ་ལ་

གསོལ་བ་འདེབས་སོ། །བླ་མ་ལ་གསོལ་བ་འདེབས་སོ། །བླ་མ་སྤྲུལ་པའི་སྐུ་ལ་གསོལ་བ་འདེབས་སོ། །སྐྱབས་མཆོག་ཀུན་འདུས་བླ་མ་རིན་པོ་ཆེ་ལ་གསོལ་བ་
[ 373 ]
༄༅། །འདེབས་སོ། །བདག་ལ་མཆོག་ཐུན་མོང་གི་དངོས་གྲུབ་མ་ལུས་པ་མྱུར་དུ་སྩལ་དུ་གསོལ། །ཞེས་གསོལ་བ་ཕུར་ཚུགས་སུ་འདེབས་ཤིང་ཨོཾ་ཨཱཿཧཱུྃ་ཅི་

རིགས་བཟླས་པའི་མཐར་དམིགས་མེད་ཀྱི་ངང་དུ་དར་ཅིག་མཉམ་པར་བཞག་ཅིང་། དེ་ནས་ཁྲིད་ཐུན་གང་རུང་ལ་འཇུག་པར་བྱ་སྟེ་སྔོན་དུ་འགྲོ་བ་སྤྱིའི་ཆོས་སོ།། ༈ །། བྱེ་བྲག་སྔོན་དུ་འགྲོ་བ་ལ། ཐུན་མོང་དང་ཐུན་མོང་མ་ཡིན་པ་དང་ཁྱད་པར་གྱི་སྔོན་དུ་འགྲོ་བ་གསུམ་མོ། །དེ་རྣམས་རིམ་པ་བཞིན་ཉམས་ལེན་གྱིས་རྒྱུད་སྦྱང་བར་བྱ་སྟེ། དེ་ ཡང་ཐོག་མར་ཐུན་མོང་གི་སྔོན་དུ་འགྲོ་བ་སངས་རྒྱས་སྒྲུབ་པའི་རྟེན་དལ་འབྱོར་རིན་པོ་ཆེ་རྙེད་པར་དཀའ་བའི་ངང་ཚུལ་ལ་སེམས་པ་དང་། འདུས་བྱས་ཀྱི་ཆོས་ཐམས་ཅད་མི་རྟག་པའི་ རང་བཞིན་མྱུར་དུ་འཆི་བའི་ངང་ཚུལ་བསམས་པ་དང་། ལས་རྒྱུ་འབྲས་ཀྱི་རང་གཟུགས་བསླུ་བ་མེད་པས་འཁོར་བ་སྡུག་བསྔལ་གྱི་རང་བཞིན་དུ་གནས་ཤིང་འཁོར་བའི་བདེ་བ་ལ་

ཡིད་བརྟན་མི་ཐུབ་པའི་ཚུལ་ལ་སེམས་པ་དང་། དེས་ན་གཏན་གྱི་བདེ་བ་རྫོགས་པའི་སངས་རྒྱས་ཀྱི་གོ་འཕང་བསྒྲུབ་འདོད་ཐུན་མོང་མ་ཡིན་པ་ཐར་པའི་ཕན་ཡོན་ལ་ནན་ཏན་དུ་
[ 374 ]
བསམ་པ་སོགས་བྱང་ཆུབ་ལམ་གྱི་རིམ་པ་སྐྱེས་བུ་གསུམ་གྱི་ཁྲིད་སྤྱི་དང་མཐུན་པར་འཆད་ཅིང་ཉམས་སུ་ལེན་པ་གལ་ཆེ་ཞིང་། ཆོས་བཀའ་འདི་དང་འབྲེལ་མཚུངས་སྔོན་

འགྲོ་བཞི་སྦྱོར་ཞེས་གཏེར་སྟོན་སངས་རྒྱས་གླིང་པས་ཡང་གཏེར་དུ་བཙས་པ་རིག་འཛིན་འཇའ་ཚོན་སྙིང་པོས་བཏོན་པ་དེ་ཉམས་ཁྲིད་དུ་བྱས་པས་ཀྱང་འབྲེལ་ཆགས་ཤིང་ཆོས་ཐུན་ གྱི་རྣམ་གྲངས་ནི་རགས་རྩིས་སུ་བཞི་དང་། གཞན་ཅི་རིགས་ལྟར་སྐབས་དང་སྦྱར་ཏེ་བྱའོ།། ༈ །།གཉིས་པ་ཐུན་མོང་མ་ཡིན་པའི་སྔོན་དུ་འགྲོ་བ་ལ་བཞི་སྟེ་ དང་པོ་སྐྱབས་སུ་འགྲོ་བ་ནི། རང་ཉིད་གང་ན་གནས་པའི་ས་ཕྱོགས་དག་པའི་ཞིང་ཁམས་སུ་གྱུར་པའི་མདུན་གྱི་བར་སྣང་གི་མཁའ་ལ་ཤིན་ཏུ་མཛེས་པའི་སྤྲིན་ཁ་དོག་ལྔ་ལྡན་ གྱིས་ལེགས་པར་བཏེགས་པའི་སྟེང་དུ་རིན་པོ་ཆེ་སྣ་ཚོགས་ལས་བྱས་པ་པདྨའི་འདབ་མ་ལས་འདབ་མ་འབྲེལ་པ་ཡངས་ཤིང་རྒྱ་ཆེ་བའི་དབུས་ཀྱི་གེ་སར་ཟེའུ་འབྲུའི་སྟེང་དུ་ཉི་

ཟླའི་གདན་ལ་རྩ་བའི་བླ་མ་དང་དབྱེར་མ་མཆིས་ཤིང་། དུས་གསུམ་སངས་རྒྱས་ཐམས་ཅད་འདུས་པའི་ངོ་བོ་པདྨ་འབྱུང་གནས་མཚན་དཔེས་བརྒྱན་པའི་སྐུ་བེར་ཕོད་ཆོས་
[ 375 ]
༄༅། །གོས་པད་ཞུ་རིན་ཆེན་རྒྱན་ཆ་ཅན་རྡོ་རྗེ་བུམ་ཐོད་ཁ་ཊྭཱཾ་ག་འཆང་བ་ཞབས་རྡོ་རྗེའི་སྐྱིལ་ཀྲུང་དུ་བཞུགས་ཤིང་འོད་ཟེར་དཔག་མེད་འཕྲོ་བའི་སྙིང་པོར་གནས་པའི་ཕྱི་

རོལ་པདྨའི་ས་གཞི་བང་རིམ་གྱི་རྣམ་པ་མཐོ་དམན་ཅུང་ཟད་གྱུར་པའི་རིམ་པ་གསུམ་གྱི་དང་པོ་ལ། ཀུན་ཏུ་བཟང་པོ་འོད་དཔག་མེད་ཐོད་ཕྲེང་སྡེ་ལྔ་གུ་རུ་མཚན་བརྒྱད་སོགས་རྩ་བ་དང་ ཡན་ལག་གི་བརྒྱུད་པའི་བླ་མ་རྣམས་མཚན་དཔེ་གཟི་བརྗིད་འབར་བ་ཚོམ་བུའི་ཚུལ་དུ་བཞུགས་པ་དང་། པདྨའི་ས་གཞི་གཉིས་པ་ལ། ཡི་དམ་དྲག་པོ་མེའི་ཕྲེང་བ་ཅན་དང་རྟ་ཕག་ཡིད་བཞིན་ནོར་ བུ་ལ་སོགས་པའི་བླ་མེད་རྣལ་འབྱོར་བྱ་སྤྱོད་ཀྱི་དཀྱིལ་འཁོར་ལྷ་ཚོགས་མ་ལུས་པ་དང་། པདྨའི་རིམ་པ་གསུམ་པར་བཅོམ་ལྡན་འདས་མ་སེང་གེའི་གདོང་པ་ཅན་སོགས་མཁའ་འགྲོ་ཆོས་སྐྱོང་སྲུང་ མ་ཡེ་ཤེས་ཀྱི་སྤྱན་དང་ལྡན་པ་བསམ་གྱིས་མི་ཁྱབ་པས་བསྐོར་བར་བསམ་ཞིང་། དེ་ལྟར་པདྨའི་གདན་དབུས་ཀྱི་ཕྱོགས་བཞིར་དེ་དང་ཆ་མཐུན་པའི་གདན་རེ་གནས་པའི་མདུན་

དབུས་སུ་རྒྱལ་བ་ཤཱཀྱ་སེང་གེ་ལ་རྫོགས་པའི་སངས་རྒྱས་ཆགས་བྲལ་མཆོག་གི་སྤྲུལ་པའི་སྐུའི་ཆ་བྱད་ཅན་བསམ་གྱིས་མི་ཁྱབ་པ་དང་། གཡས་ཀྱི་དབུས་སུ་འཕགས་པ་སྤྱན་
[ 376 ]
རས་གཟིགས་དབང་ཕྱུག་ལ་བྱང་ཆུབ་སེམས་དཔའི་དགེ་འདུན་གྱི་ཚོགས་དང་། གཡོན་གྱི་དབུས་སུ་ཤཱ་རིའི་བུ་ལ་ཉན་ཐོས་དང་རང་སངས་རྒྱས་འཕགས་པའི་ཚོགས་བགྲང་ལས་

འདས་པས་བསྐོར་བ། རྒྱབ་ཀྱི་པདྨར་རྒྱལ་བའི་གསུང་རབ་མ་ལུས་ཤིང་ལུས་པ་མེད་པ་དམ་པ་ཆོས་ཀྱི་གླེགས་བམ་གངྒཱ་ཀླུང་གི་བྱེ་མའི་ཉག་མ་བཞིན་བགྲངས་ཀྱིས་མི་ལངས་ཤིང་ རི་རབ་ཀྱི་ངོས་ལྟར་ཡངས་ཤིང་བརྗིད་པ་ཨཱ་ལི་ཀཱ་ལིའི་རང་སྐད་དི་རི་རི་སྒྲོགས་‚བསྒྲགས་ཏེ་གནས་པ། གཞི་སྤྲིན་གྱི་གསེབ་ནས་ལྷའི་བུ་དང་། བུ་མོ་མང་པོས་མཆོད་སྤྲིན་སྣ་ཚོགས་པ་ ཐོགས་ནས་སྐྱབས་ཡུལ་མཆོད་པ་ལ་བརྩོན་པ། སྐྱབས་ཡུལ་གྱི་མདུན་དུ་ཁམས་གསུམ་འགྲོ་བ་རིགས་དྲུག་ནམ་མཁའི་མཐའ་དང་མཉམ་པའི་སེམས་ཅན་ཐམས་ཅད་ཀྱིས་ བདག་དང་ལྷན་ཅིག་པར་དུས་འདི་ནས་བཟུང་བྱང་ཆུབ་སྙིང་པོ་ལ་མཆིས་ཀྱི་བར་དུ་སྐྱབས་ཀྱི་དམ་པ་དཀོན་མཆོག་གསུམ་ལ་སྙིང་ཁོང་རུས་པའི་གཏིང་ནས་སྐྱབས་སུ་འགྲོ་བའི་ལུས་ཀྱི་

སྤྱི་བོར་ཐལ་མོ་པདྨ་ཁ་འབུས་པ་ལྟར་སྦྱར་ཞིང་ངག་སྙན་ཅིང་འཇིབས་‚ཞིང་འཇེབས་པས་སྐྱབས་འགྲོའི་ཚིག་བརྗོད་པར་མོས་པ་དང་། ཁྱད་པར་བདག་གིས་སྙིང་བརྩེ་བས་སེམས་ཅན་དེ་རྣམས་
[ 377 ]
༄༅། །འཁོར་བ་སྡུག་བསྔལ་གྱི་རྒྱ་མཚོ་ལས་མྱུར་དུ་སྒྲོལ་བའི་ཕྱིར་སྐྱབས་སུ་འགྲོ་བའི་བློ་དུང་དུང་རྩེ་གཅིག་པས། ངག་ནས། ཨོཾ་ཨཱཿཧཱུྃ༔ སྐྱབས་གནས་དམ་

པ་རྣམས་ལ་སྐྱབས་སུ་མཆིའོ༔ ཞེས་གཏེར་གཞུང་རྡོ་རྗེའི་ཚིག་དང་། བླ་མ་སངས་རྒྱས་བླ་མ་ཆོས༔ དེ་བཞིན་བླ་མ་དགེ་འདུན་ཉིད༔ བླ་མ་དཔལ་ཆེན་ཧེ་རུ་ཀ༔ ཀུན་བྱེད་ རྒྱལ་པོ་བླ་མ་ཡིན༔ དཀོན་མཆོག་རྩ་གསུམ་འདུས་པའི་གཙོ༔ གུ་རུ་རཏྣར་སྐྱབས་སུ་མཆིའོ༔ ཞེས་རྒྱུད་ཚིག་གི་མཐའ་ཅུང་ཟད་གསོས་པ་སྟེ་དེ་ལྟར་ཅི་ནུས་སུ་བརྗོད། དེ་ནས་ཐུན་བསྡུ་བའི་སྐབས་སུ། སྐྱབས་ཡུལ་རྣམས་ཀྱི་ཐུགས་ཀ་ནས་འོད་ཟེར་དཀར་པོ་བྱུང་བདག་དང་མཐའ་ཡས་པའི་སེམས་ཅན་རྣམས་ལ་ཕོག་སྡིག་སྒྲིབ་དག །ལུས་ འོད་ཀྱི་གོང་བུར་གྱུར་སྐྱབས་ཡུལ་རྣམས་ལ་ཐིམ། སྐྱབས་ཡུལ་ཡང་འཁོར་རྣམས་གཙོ་བོར་འདུས་ཤིང་དེ་ཡང་གུ་རུ་ལ་ཐིམ། གུ་རུ་ཡང་འོད་ཀྱི་གོང་བུ་ནམ་མཁའི་སྙིང་པོར་

ཐིམ་པར་བསམས་ལ་སེམས་སྤྲོས་བྲལ་གྱི་ངང་དུ་ཅི་གནས་མཉམ་པར་བཞག་པ་ནི་དོན་དམ་པའི་སྐྱབས་འགྲོའོ། །དེ་ལྟར་སྐྱབས་སུ་འགྲོ་བའི་དགེ་བ་བསྔོ་སྨོན་གྱིས་རྒྱས་
[ 378 ]
བཏབ་པ་ནི། དུས་གསུམ་གཤེགས་པའི་རྒྱལ་བ་ཐམས་ཅད་ཀྱིས། །བསྔོ་བའི་མཆོག་ཏུ་གང་ལ་བསྔགས་པ་དེས། །བདག་གི་དགེ་བའི་རྩ་བ་འདི་ཀུན་ཀྱང་། །བཟང་པོ་

སྤྱོད་པའི་ཕྱིར་དུ་བསྔོ་བར་བགྱི། །བསོད་ནམས་འདི་ཡིས་ཐམས་ཅད་གཟིགས་པ་ཉིད། །ཐོབ་ནས་ཉེས་པའི་དགྲ་རྣམས་ཕམ་བྱས་ནས། །སྐྱེ་རྒ་ན་འཆིའི་དབའ་རླབས་འཁྲུགས་ པ་ཡི། །སྲིད་པའི་མཚོ་ལས་འགྲོ་བ་སྒྲོལ་བར་ཤོག །ཅེས་བརྗོད་དོ། །ནུབ་མོ་ཉལ་བའི་སྐབས་སུ་སྐྱབས་ཡུལ་རྣམས་མ་བསྡུས་པའི་མདུན་པད་ཟླའི་གདན་ལ་རང་ཉིད་ ཉལ་བར་བསམ་པ་ནི་སྐྱབས་འགྲོའི་དམིགས་པའི་ཡན་ལག་གོ། །དེས་ནི་དཀྱུས་ཀྱི་ཁྲིད་རིམ་དམིགས་སྐོར་དང་པོ་སྟེ་སྐྱབས་འགྲོའི་ཁྲིད་ཚར། མགྱོགས་ཁྲིད་སྐབས་ ཞག་གསུམ་སོགས་ཅི་‚ཇི་ལྟར་འོས་པ་སྐྱབས་འགྲོ་ལ་ནན་ཏན་འབད་ཅིང་རྗེས་སུ་ཡང་ཐུན་མགོ་ཐམས་ཅད་དུ་རྒྱས་བསྡུས་ཅི་རིགས་མ་ཆད་པར་བྱའོ། །སྐབས་འདིར་སློབ་

མས་ཀྱང་འཆད་པའི་དོན་གོ་ཞིང་དགོས་པ་དང་བླ་མས་ཀྱང་ཆོས་ལ་འཆད་ནུས་ཤིང་གཉིས་ཀས་འཆད་ཉན་སྤྲོ་ན་སྐྱབས་སུ་འགྲོ་བའི་རྣམ་བཞག་ཕན་ཡོན་སོགས་རྒྱ་ཆེར་
[ 379 ]
༄༅། །བཤད་པར་བྱ་སྟེ། སྔར་དེ་མ་གོ་བས་བློ་སྣ་ཆོས་ལ་ཇི་བཞིན་མ་ཞུགས། ད་གོ་བས་བློ་སྣ་ཆོས་ལ་ཡང་དག་ཞུགས་པ་སོགས་དགོས་གལ་ཡང་ཆེ་བ་

ཡིན༑ གཉིས་པ་སེམས་བསྐྱེད་པའི་ཁྲིད་ནི། སྐྱབས་འགྲོའི་དམིགས་པ་གྲུབ་འཕྲལ་ལེགས་པར་བསམ་སྟེ། འདི་ལྟར་ནམ་མཁའི་མཐའ་འཛད་པ་མེད་པ་མཐའ་དག་སེམས་ ཅན་གྱིས་ཡོངས་སུ་ཁེངས་ཤིང་དེ་རྣམས་བདག་གི་ཕ་མའི་རང་བཞིན་ཡིན་ལ་ཀུན་གྱིས་བདེ་བ་འདོད་ཀྱང་དེའི་ཐབས་ལ་མི་མཁས་པས་ཉོན་མོངས་པའི་རྒྱ་མཚོར་བྱིང་ཞིང་། སྡུག་ བསྔལ་གྱི་མེ་འོབས་ཆེན་པོར་ལྷུང་བ་སྙིང་རེ་རྗེ། དེ་རྣམས་འཁོར་བ་སྡུག་བསྔལ་ལས་ཅི་ནས་ཀྱང་བདག་གིས་སྒྲོལ་བར་བྱ་དགོས་ལ་དེའི་ཆེད་དུ་ཡང་ཟབ་བླ་མའི་སྒྲུབ་པ་དཀོན་ མཆོག་སྤྱི་འདུས་ཀྱི་མན་ངག་རྡོ་རྗེའི་རྣལ་འབྱོར་ལ་མཆོག་ཏུ་འབད་དེ་མྱུར་དུ་སངས་རྒྱས་ཐོབ་པར་བྱ་སྙམ་ནས། ངག་ཏུ། རྒྱུ་དྲུག་འཁོར་བར་འཁྱམས་པའི་ཕ་མ་རྣམས༔

བཟོད་མེད་གདུང་བས་སངས་རྒྱས་ཐོབ་བྱའི་ཕྱིར༔ ཀུན་ཀྱང་བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་དོ༔ ཞེས་ཅི་ནུས་བཀླག་ཅིང་‚བཀླགས་ཤིང་བར་སྐབས་རྣམས་སུ་བདག་གི་དགེ་བའི་རྩ་བ་
[ 380 ]
ཐམས་ཅད་འོད་ཟེར་ཟླ་བའི་ཞུན་མ་ལྟ་བུར་དབུགས་ཕར་བཏང་བ་དང་འགྲོགས་ཏེ་སེམས་ཅན་རྣམས་ལ་ཕོག་བདེ་བ་མཆོག་གི་གོ་འཕང་བརྟས། ཚུར་དབུགས་རྔུབ་པ་དང་ལྷན་

ཅིག་སེམས་ཅན་གྱི་སྡིག་སྒྲིབ་སྡུག་བསྔལ་མ་ལུས་པ་དུད་འཚུབས་ཀྱི་རྣམ་པ་ལྟ་བུར་འདུས་ནས་བདག་ལ་ཐིམ། བདག་གིས་ཀྱང་ལམ་ཟབ་མོ་ཡིད་ལ་བྱས་པས་སྐད་ཅིག་དེ་ མ་ཐག་ཏུ་བྱང་བར་བསམ་སྟེ་དབུགས་འབྱིན་འཇུག་གི་སྒོ་ནས་དགེ་སྡིག་བཏང་ལེན་གྱི་དམིགས་པ་འདི་རྒྱལ་སྲས་རྣམས་ཀྱིས་བསླབ་འོས་མཆོག་དང་། ཕུལ་དུ་གྱུར་པ་ཡིན་ན་ ནན་ཏན་གྱིས་འབད་པར་བྱ་ཞིང་། ཐུན་བསྡུ་བའི་ཚེ་དམིགས་མེད་སྤྲོས་བྲལ་གྱི་ངང་དུ་ཅི་གནས་བཞག་སྟེ་དེ་ནི་དོན་དམ་པའི་སེམས་བསྐྱེད་དོ། །སྤྱིར་དུས་རྟག་ཏུ་སེམས་ ཅན་ཐམས་ཅད་བདག་གི་ཡིད་དུ་འོང་བ་འབའ་ཞིག་བསམ་པ་བྱམས་པ། བདག་གི་ཤིན་ཏུ་གཅེས་པའི་བཤེས་མེ་ལ་འཚིག་པ་བློས་མི་བཟོད་པ་ལྟ་བུ་སེམས་ཅན་ཐམས་ཅད་

ལ་སྙིང་རྗེ། བུ་གཅིག་པུ་གཡུལ་དུ་སོང་ནས་རང་གནས་སུ་ལོག་ཚེ་མ་ཡི་སེམས་ལ་བདེ་བ་ཐོབ་པ་བཞིན་བདག་གི་ཡིད་ལ་དགའ་བ་བསྐྱེད་པ། གནས་སྐབས་ཀྱི་དགྲ་
[ 381 ]
༄༅། །གཉེན་སོགས་ལ་ཡིད་བརྟན་མི་ཐུབ་པ་སྒྱུ་མ་ལྟ་བུར་ཤེས་ཤིང་ཕྱོགས་རིས་མེད་པར་སེམས་ཅན་གྱི་དོན་སྤྱོད་པ་བཏང་སྙོམས་ཏེ། དེ་ལྟར་ཚད་མེད་བཞི་

ལ་རྟག་ཏུ་སེམས་ཤིང་བསླབ་པར་བྱ་བ་ཡང་གལ་ཆེ་ཞིང་། གཞན་ཡང་སྤྱོད་ལམ་ཀུན་ཏུ་མཆོད་འོས་མི་བསླུ་བ་དང་སེམས་བསྐྱེད་པ་ལ་མི་སྨོད་པ་དང་། སེམས་ཅན་ལ་ གཡོ་སྒྱུ་སྤོང་བ་དང་དགེ་བའི་ལས་ལ་འགྱོད་པ་མི་སྐྱེད་པ་སྟེ་དཀར་པོའི་ཆོས་བཞི་ཞེས་དེ་ལ་ཡང་ནན་ཏན་ཆེན་པོས་རྟག་ཏུ་བསླབ་པར་བྱའོ། །མཐར་བསྔོ་སྨོན་སོགས་ཀྱང་སྐྱབས་ འགྲོའི་སྐབས་ལྟར་བྱ། དམིགས་ཐུན་གཉིས་པ་སེམས་བསྐྱེད་ཀྱི་ཁྲིད་ཚར། འདི་ཡང་གོང་ལྟར་ཞག་གསུམ་སོགས་ཇི་ལྟར་རིགས་‚རིག་པ་བསྒོམ་ཞིང་། སྤྱིར་སྐྱབས་ སེམས་གཉིས་ནི་ཆོས་སྤྱོད་ཐམས་ཅད་ཀྱི་སྔོན་འགྲོ་ཡིན་པས་ཐུན་ལ་འཇུག་རེས་ཀྱི་སྔོན་དུ་བྱ་བ་གལ་ཆེའོ། །འདིར་ཡང་དགོས་ཤིང་ནུས་པ་དང་སྤྲོ་ན་བྱང་ཆུབ་སེམས་ཀྱི་རྣམ་

བཞག་སྨོན་འཇུག་ཚད་མེད་བཞི་ཕར་ཕྱིན་དྲུག་བྱང་སེམས་ཀྱི་བསླབ་པ་ཕན་ཡོན་དང་བཅས་རྒྱས་པར་བཤད་དོ།། ༈ །།གསུམ་པ་རྡོ་རྗེ་སེམས་དཔའི་སྒོམ་བཟླས་ཀྱི་
[ 382 ]
ཁྲིད་ནི། ཐུན་མགོར་སྐྱབས་འགྲོ་སེམས་བསྐྱེད་གྲུབ་འཕྲལ། རང་ཉིད་ཐ་མལ་དུ་གནས་པའི་སྤྱི་བོའི་སྟེང་ཐད་པདྨ་དཀར་པོའི་སྙིང་པོ་གེ་སར་ཟེའུ་འབྲུ་དང་བཅས་ཤིང་དེའི་འདབ་

མ་ལ་འདབ་མ་འབྲེལ་བའི་པད་འདབ་ཚད་བཟུང་ལས་འདས་པ་ནམ་མཁའི་ཁྱོན་ཡོངས་སུ་ཁེངས་པ་ལ་བུ། འདབ་མ་རེ་རེའི་འོག་ཏུ་སེམས་ཅན་རེ་རེ་གནས་ཤིང་འདབ་མ་རེ་རེ་ བཞིན་དང་གེ་སར་ཟེའུ་འབྲུའི་སྙིང་པོར་ཟླ་བའི་དཀྱིལ་འཁོར་རེ་རེ་དང་། དེ་རེ་རེའི་སྟེང་དུ་རིགས་ཐམས་ཅད་འདུས་པའི་བཅོམ་ལྡན་འདས་དཔལ་རྡོ་རྗེ་སེམས་དཔའ་མཚན་དཔེ་ ཡོངས་རྫོགས་ཕྱག་ན་རྡོར་དྲིལ་འཛིན་ཅིང་རིན་པོ་ཆེ་དང་རྒྱན་གྱི་ཆས་ཡོངས་སུ་རྫོགས་པ་སེམས་དཔའི་སྐྱིལ་ཀྲུང་ཅན། ཐུགས་ཀར་ཟླ་སྟེང་ཧཱུྃ་མཐར་ཡི་གེ་བརྒྱ་པའི་ཕྲེང་བས་ བསྐོར་བ་དེ་ལས་འོད་ཟེར་འཕྲོས། རྒྱལ་བ་རྣམས་ལ་སྐུ་གསུང་ཐུགས་དགྱེས་པའི་མཆོད་པ་འབུལ། ཐུགས་རྗེ་བྱིན་རླབས་ཐམས་ཅད་སྔགས་ཀྱི་འཁོར་ལོའི་རྣམ་པར་སྤྱན་

དྲངས༑ ཐུགས་ཀའི་སྔགས་འཁོར་ལ་ཐིམ་པས། དེ་ལས་སྐུ་གསུང་ཐུགས་ཀྱི་བདུད་རྩིའི་རྒྱུན་བྱུང་། རྡོ་རྗེ་སེམས་དཔའི་སྐུ་ལུས་ཁེངས་ནས་མ་ཤོང་ལུད་པའི་ཚུལ་
[ 383 ]
༄༅། །གྱིས་བ་སྤུའི་བུ་ག་དང་ཞབས་ཀྱི་སོར་རྩེ་ནས་བདུད་རྩིའི་རྒྱུན་བབ། བདག་དང་སེམས་ཅན་ཐམས་ཅད་ཀྱི་སྤྱི་བོ་ཚངས་པའི་བུ་ག་ནས་ཞུགས་ལུས་

ཀྱི་ནང་ཐམས་ཅད་ཁེངས་པས་ནད་ཐམས་ཅད་རྣག་ཁྲག་ཆུ་སེར། གདོན་ཐམས་ཅད་ཤིག་སྲོ་སྡོམ་སྡིག །སྡིག་སྒྲིབ་དུད་ཁུ་འཇའ་ཚོན་སྔོ་དམར་གྱི་རྣམ་པར་བུ་ག་དགུ་ དང་བ་སྤུའི་སྒོ་ནས་ཐོན། ས་རིམ་པ་དགུའི་འོག་ཏུ་སོང་རང་ལུས་ཤ་ཁྲག་རུས་པ་ལྗན་ལྗིན་དངོས་པོ་དང་བྲལ་བ་ཕྱི་ནང་ཟང་ཐལ་ཤེལ་གྱི་གོང་བུ་ལྟ་བུར་བསམས་ལ་ཡི་གེ་ བརྒྱ་པ་ལ་ཅན་ཏན་དུ་འབད་པར་བྱ་སྟེ། དེ་ལྟར་རྩ་བ་གཏེར་གཞུང་རྡོ་རྗེའི་ཚིག་གིས་གསལ་བཏབ་པ་ནི། རང་ཉིད་ཐ་མལ་སྤྱི་གཙུག་ཏུ༔ རིགས་འདུས་རྡོར་སེམས་འོད་ ཀྱི་སྐུ༔ དཀར་འཚེར་རྡོར་དྲིལ་རིན་ཆེན་བརྒྱན༔ སྐྱིལ་ཀྲུང་ཞལ་འཛུམ་བརྩེ་བའི་ཉམས༔ ཐུགས་ཀར་ཧཱུྃ་ལ་ཡིག་བརྒྱས་བསྐོར༔ འོ་རྒྱུན་ལྟ་བུའི་བདུད་རྩི་བབ༔

སྤྱི་གཙུག་རྐང་མཐིལ་ཡན་ཆད་ཀྱི༔ ནད་གདོན་སྡིག་སྒྲིབ་ཐམས་ཅད་དག༔ ཤེལ་བུམ་ཞོ་ཡིས་བཀང་བ་ལྟར༔ གསལ་སྟོང་ངང་ནས་བཟླས་པ་བྱ༔ ཨོཾ་
[ 384 ]
བཛྲ་སཏྭ་ས་མ་ཡ། མ་ནུ་པཱ་ལ་ཡ། བཛྲ་སཏྭ་ཏེ་ནོ་པ་ཏིཥྛ། དྲྀ་ཌྷོ་མེ་བྷ་ཝ། སུ་ཏོཥྱོ་མེ་བྷ་ཝ། སུ་པོཥྱོ་མེ་བྷ་ཝ། ཨ་ནུ་རཀྟོ་མེ་བྷ་ཝ། སརྦ་སིདྡྷི་མྨེ་པྲ་ཡཙྪ།

སརྦ་ཀརྨ་སུ་ཙ་མེ་ཙིཏྟཾ། ཤྲེ་ཡཿཀུ་རུ་ཧཱུྃ། ཧ་ཧ་ཧ་ཧ་ཧོཿ བྷ་ག་ཝཱན་སརྦ་ཏ་ཐཱ་ག་ཏ་བཛྲ་མཱ་མེ་མུཉྩ། བཛྲཱི་བྷ་ཝ་མ་ཧཱ་ས་མ་ཡ་ས་ཏྭ་ཨཱཿཧཱུྃ། འབུམ་ཁྲི་སྟོང་བརྒྱ་ཉེར་ གཅིག་བདུན༔ རབ་འབྲིང་ཐ་མ་རྟགས་དང་སྦྱར༔ ཞེས་པ་ལྟར་ཅི་ནུས་བཟླས་ཤིང་ཐུན་མཐར་ཐལ་མོ་སྦྱར་ལ། རྡོ་རྗེ་སེམས་དཔའ་སེམས་དཔའ་ཆེ། །རྡོ་རྗེ་དེ་ བཞིན་གཤེགས་པ་ཀུན། །རྡོ་རྗེ་དང་པོ་ཀུན་ཏུ་བཟང་། །ཕྱག་འཚལ་རྡོ་རྗེ་སེམས་དཔའ་ལའོ། །ཞེས་པས་བསྟོད། མགོན་པོ་བདག་ནི་མི་ཤེས་རྨོངས་པ་ཡིས། ། དམ་ཚིག་ལ་ནི་འགལ་ཞིང་ཉམས། །བླ་མ་མགོན་པོས་སྐྱབས་མཛོད་ཅིག །གཙོ་བོ་རྡོ་རྗེ་འཛིན་པ་ནི། །ཐུགས་རྗེ་ཆེན་པོའི་བདག་ཉིད་ཅན། །འགྲོ་བའི་གཙོ་ལ་

བདག་སྐྱབས་མཆིའོ། །ཞེས་བདག་དང་མཐའ་ཡས་པའི་སེམས་ཅན་ཐམས་ཅད་ཀྱི་སྡིག་པ་ཉེས་ལྟུང་བཤགས་པས། རྡོ་རྗེ་སེམས་དཔའི་ཞལ་ནས་རིགས་ཀྱི་བུ་
[ 385 ]
༄༅། །ཁྱོད་ཀྱི་གཙོ་བྱས་སེམས་ཅན་ཐམས་ཅད་ཀྱི་སྡིག་སྒྲིབ་དུས་དེ་རིང་ནས་དག་གོ་ཞེས་བཀའ་ཡི་གནང་བ་བྱིན་ནས་རྡོ་རྗེ་སེམས་དཔའི་མཛོད་སྤུ་དང་ཐུགས་ཀ་

དང་ཞབས་ཀྱི་མཐེ་བོང་ནས་འོད་ཟེར་བྱུང་བདག་དང་སེམས་ཅན་རྣམས་ལ་ཕོག །སྡིག་སྒྲིབ་དག་སྟེ་རྡོ་རྗེ་སེམས་དཔའི་སྐུར་གྱུར། རང་གི་སྤྱི་བོའི་རྡོ་རྗེ་སེམས་དཔའི་ཐུགས་ ཀར་ཐིམ། འདབ་མ་ལ་གནས་པའི་རྡོ་རྗེ་སེམས་དཔའ་རྣམས་པདྨའི་ཟེའུ་འབྲུར་གནས་པའི་རྡོ་རྗེ་སེམས་དཔར་ཐིམ། དེ་ཡང་ཐུགས་ཀའི་ཟླ་བ་སྔགས་ཕྲེང་ཧཱུྃ་ཡིག་ལ་ཐིམ། ཧཱུྃ་ཡིག་ཀྱང་ཐིག་ལེ་ནཱ་དའི་མཐར་སྟོང་པ་ཉིད་ལ་ཅི་གནས་སུ་མཉམ་པར་བཞག །དེ་ལས་ལྡང་ནས། དགེ་བ་འདི་ཡིས་མྱུར་དུ་བདག །རྡོ་རྗེ་སེམས་དཔའ་འགྲུབ་གྱུར་ ནས༑ །འགྲོ་བ་གཅིག་ཀྱང་མ་ལུས་པ། །ཐམས་ཅད་དེ་ཡི་ས་ལ་འཁོད་པར་ཤོག །ཅེས་དང་གོང་བཞིན་བསྔོ་སྨོན་གྱིས་རྒྱས་གདབ། དམིགས་སྐོར་གསུམ་པ་རྡོ་རྗེ་སེམས་

དཔའི་བསྒོམ་བཟླས་ཀྱི་ཁྲིད་ཚར། འདི་ལ་ལོང་ཁྱབ་དང་ལྡན་ན་སྒོམ་བཟླས་ཟླ་བ་ཁ་ཤས་ཀྱི་བར་དུ་གཉུག་བསྲིང་ཞིང་སྡིག་སྒྲིབ་དག་པའི་རྟགས་སྤྱི་དང་མཐུན་པར་དངོས་
[ 386 ]
ཉམས་རྨི་ལམ་དུ་ཡིད་ཆེས་ཐོབ་པ་ཡང་ཡང་མ་བྱུང་གི་བར་ནན་ཏན་དུ་བྱའོ། །མགྱོགས་ཁྲིད་སྐབས་སུ་ཡང་འདིའི་སྒོམ་བཟླས་ཞག་གསུམ་མམ་བདུན་སོགས་ཅི་‚ཇི་ལྟར་འོས་

པར་བྱ་ཞིང་ཁྲིད་མ་རྫོགས་ཀྱི་བར་ཐུན་དང་པོའི་མགོ་རུ་སྒོམ་བཟླས་འཇུར་‚འགྱུར་བ་རེ་མ་ཆད་པར་བྱའོ། །སྐབས་འདིར་དགོས་ནུས་སྤྲོ་ན། སྡིག་པའི་ཉེས་དམིགས་བཤགས་ སྡོམ་བྱེད་ཚུལ། སྒོམ་བཟླས་ཅི་‚ཇི་ལྟར་བྱ་བའི་ཚུལ་རྒྱས་པར་བཤད་དོ།། ༈ །།བཞི་པ་མཎྜལ་གྱི་ཁྲིད་ནི། སྐྱབས་སེམས་སྔོན་དུ་སོང་བའི་རྗེས་ཐོག་ཏུ། དེ་ ནས་ཚོགས་ཞིང་སྐྱབས་ཡུལ་ལྷར་གསལ་བཏབ་པའམ། ཡང་ན་རིན་པོ་ཆེའི་ས་གཞི་མཎྜལ་བར་སྣང་དུ་བཞག་པ་ལྟ་བུའི་དབུས་སུ་སེང་ཁྲི་པདྨ་ཉི་ཟླའི་གདན་ལ་གུ་རུ་པདྨ་ འབྱུང་གནས་སྤྲུལ་པའི་སྐུའི་ཆ་བྱད་ཕྱག་མཚན་རྒྱན་ཆ་ལུགས་ཡོངས་སུ་རྫོགས་པ་དེའི་སྟེང་ཐད་དུ་འཕགས་པ་སྤྱན་རས་གཟིགས་ལོངས་སྤྱོད་རྫོགས་པ་ཨ་རོ་ལྀཀ་གི་ཆ་བྱད་ཅན་

གངས་ཆེན་མཚོའི་བདག་ཉིད་ཅན། དེའི་སྤྱི་བོའི་སྟེང་ཐད་དུ་དང་པོའི་སངས་རྒྱས་འོད་མི་འགྱུར་བ་དམར་པོ་རྒྱན་མེད་མཉམ་གཞག་རྡོ་རྗེའི་སྐྱིལ་ཀྲུང་ཅན། དེ་ལྟར་སྐུ་
[ 387 ]
༄༅། །གསུམ་ཐོ་བརྩེགས་སུ་བཞུགས་པ་ལ་བླ་མ་ཆོས་ཀྱི་སྐུའི་མཐའ་བསྐོར་དུ་རྒྱལ་བ་དགོངས་བརྒྱུད་སངས་རྒྱས་ལོངས་སྤྱོད་རྫོགས་པའི་སྐུ་ཞི་བ་དང་ཁྲོ་བོ་དང་ཞི་

མ་ཁྲོ་ཡབ་ཡུམ་ཁ་སྦྱོར་དང་འཁྱུད་པ་དང་རྒོད་པ་དང་ལྟ་བའི་ཚུལ་ཅན་རྒྱུད་སྡེའི་ལྷ་དང་རྫོགས་ཆེན་སྟོན་པ་བཅུ་གཉིས་མཆོག་གི་སྤྲུལ་པའི་སྐུ་ཆགས་བྲལ་གོ་ཟློག་ཡུམ་དང་བཅས་ པ་སོགས་དགོངས་བརྒྱུད་བླ་མའི་ཚོགས་བསམ་གྱིས་མི་ཁྱབ་པ་དང་། བླ་མ་ལོངས་སྤྱོད་རྫོགས་པའི་སྐུ་ལ་རིག་འཛིན་བརྡ་བརྒྱུད་རྒྱལ་བ་ས་བཅུ་རྒྱུན་གྱི་ཐ་མ་ལ་གནས་པའི་ ཚུལ་ཅན་འཇམ་དཔལ་འཇིག་རྟེན་དབང་ཕྱུག་གསང་བའི་བདག་པོ་སྒྲིབ་པ་རྣམ་སེལ་སོགས་རྒྱལ་སྲས་ཐུ་བོར་གྲགས་པ་རིག་འཛིན་ཆེ་མཆོག་རྣམས་དང་། གཞན་ཡང་དག་པའི་ས་ གསུམ་ལ་གནས་པའི་འཕགས་ཚོགས་རིག་འཛིན་རྒྱ་མཚོས་བསྐོར་བ། བླ་མ་སྤྲུལ་པའི་སྐུ་ལ་གང་ཟག་སྙན་བརྒྱུད་མཁའ་འགྲོ་གཏད་རྒྱ་བཀའ་བབས་ལུང་བསྟན་སྨོན་

ལམ་དབང་བསྐུར་བྱིན་རླབས་རྟོགས་པའི་བརྒྱུད་པ་སྣ་ཚོགས་ཀྱིས་བསྐོར་བ་སྟེ་རྒྱ་གར་གྱི་རིག་འཛིན་བརྒྱད་གྲུབ་ཆེན་བརྒྱད་ཅུ་འཛམ་གླིང་རྒྱན་དྲུག །བོད་ཀྱི་རྗེ་འབངས་ཉི་ཤུ་
[ 388 ]
རྩ་ལྔ། སྤྲུལ་སྐུ་གཏེར་སྟོན་བརྒྱ་རྩ་སོགས་གྲུབ་པ་མཆོག་གི་ས་ལ་གཤེགས་པའི་ཚོམ་བུ་འབུམ་སྡེ་བྱེ་བ་ཕྲག་ཇི་སྙེད་པ་དང་དཔའ་བོ་རྣལ་འབྱོར་མ་ཚོགས་མཁའ་འགྲོ་རྒྱ་མཚོས་

བསྐོར་བར་གསལ་ཞིང་། དེའི་ཕྱོགས་བཞིར་རིན་པོ་ཆེའི་ཁྲི་ལ་མདུན་རྒྱབ་ཏུ་སངས་རྒྱས་དང་དམ་ཆོས། གཡས་གཡོན་ཐེག་པ་ཆེ་ཆུང་གི་དགེ་འདུན། དེ་རྣམས་ཀྱི་ མཐའ་བསྐོར་མུ་ཁྱུད་ཀྱི་ཚུལ་དུ་ཆོས་སྐྱོང་སྲུང་མ་ཡེ་ཤེས་ཀྱི་སྤྱན་དང་ལྡན་པ་རྣམས་བཞུགས་ཏེ་ཡོད་པར་བསམས་ལ། དེའི་མདུན་དུ་བདག་དང་སེམས་ཅན་ཐམས་ཅད་བྱ་ བྱེད་སྤྱོད་ལམ་མཐུན་པས་ཐོག་མར་ཡན་ལག་བདུན་འབུལ་བ་ནི། །ཨོཾ་ཨཱཿཧཱུྃ༔ ཆོས་རྣམས་ཐམས་ཅད་སྐུ་གསུམ་རང་བཞིན་ལ༔ གཉིས་མེད་ཀློང་ཡངས་ཆེན་པོར་ ཕྱག་འཚལ་ལོ༔ མ་བཅོས་མཐའ་བྲལ་མཉམ་པ་ཉིད་ཀྱིས་མཆོད༔ རང་སེམས་སངས་རྒྱས་མ་རྟོགས་མཐོལ་ལོ་བཤགས༔ གནས་ལུགས་རང་རིག་ངང་དུ་ཡི་རང་

ངོ་༔ འཛིན་མེད་ཁྱབ་གདལ་རོལ་པའི་ཆོས་འཁོར་བསྐོར༔ འཁོར་འདས་དབྱེར་མེད་བཞུགས་པར་གསོལ་བ་འདེབས༔ ཆོས་དབྱིངས་ལྷུན་གྲུབ་ཆེན་པོར་བསྔོ་བར་
[ 389 ]
༄༅། །བྱ༔ ཟུང་འཇུག་ཀུན་ཁྱབ་བདེ་ཆེན་མཆོག་ཐོབ་ཤོག༔ ཅེས་བདུན་རྣམ་པར་དག་པ་དང་། དེ་ནས་མཎྜལ་ལག་ཏུ་བླངས་ཏེ་རྡུལ་ཕྱིས་པས་བདག་

སོགས་སེམས་ཅན་ཐམས་ཅད་ཀྱི་སྡིག་སྒྲིབ་དག་པར་བསམ། དེ་ནས་དྲི་བཟང་གི་ཆུས་བརླན་ཏེ་བྱང་ཆུབ་སེམས་ཀྱིས་རྒྱུད་བརླན་པར་བསམ། ཨོཾ་བཛྲ་བྷཱུ་མི་ཨཱཿཧཱུྃ། ཞེས་ བརྗོད་ཅིང་མེ་ཏོག་སིལ་མ་བཀྲམ་པས་མཎྜལ་གཞི་གསེར་གྱིས་གཞི་ཡངས་ཤིང་རྒྱ་ཆེ་བ་དྲི་བཟང་ཆུ་ཡན་ལག་བརྒྱད་ལྡན་གྱི་རྒྱ་མཚོ་གྲུབ་པར་བསམ། ཨོཾ་བཛྲ་རེ་ཁེ་ཨཱཿཧཱུྃ། ཞེས་ པས་སྲིན་ལག་གི་མཎྜལ་མཐའ་བསྐོར་བས་ཕྱི་རོལ་རྡོ་རྗེའི་རྭ་བ་མུ་ཁྱུད་ཅན་གྱིས་བསྐོར་བར་བསམ། དབུས་སུ་ཧཱུྃ་ཞེས་དྲི་བཟང་ཆུས་ཐིག་ལེ་བྱས་པས་མཎྜལ་གྱི་བགེགས་ སྦྱངས་ཤིང་བསྲུང་བར་བསམ། དེ་ནས་རི་གླིང་མཆོད་པའི་ལྷ་མོ་རྒྱལ་སྲིད་ཉི་ཟླ་སོགས་ཚོམ་བུ་བཀོད་ཅིང་ངག་འདོན་ལྟར་ཡིད་ཀྱིས་གསལ་བཏབ་སྟེ་མཎྜལ་རྒྱས་པར་འབུལ་

མཐར༑ ས་གཞི་སྤོས་ཆུས་བྱུགས་ཤིང་མེ་ཏོག་བཀྲམ། །རི་རབ་གླིང་བཞི་ཉི་ཟླས་བརྒྱན་པ་འདི། །སངས་རྒྱས་ཞིང་དུ་དམིགས་ཏེ་ཕུལ་བ་ཡིས། །འགྲོ་ཀུན་
[ 390 ]
རྣམ་དག་ཞིང་ལ་སྤྱོད་པར་ཤོག །ཅེས་ལན་གྲངས་ཅི་ནུས་སུ་དཀོན་མཆོག་རྩ་གསུམ་སྤྱིར་འབུལ། དེ་ནས་སྐུ་གསུམ་གྱི་མཎྜལ་འབུལ་བ་ནི། གཏེར་གཞུང་རྩ་བ་ཡོ་ག་

གསུམ་གྱི་སྒྲུབ་ཐབས་ལས། མཎྜལ་ནི་ཞི་ཁྲོ་སྐུ་གསུམ་མཎྜལ་སོགས་གང་རུང་བྱའོ། །ཞེས་གསུངས་པ་ལྟར་སྤྲུལ་སྐུ་གཏེར་སྟོན་ཆེན་པོ་རང་ཉིད་ཀྱིས་སྔོན་འགྲོ་ངག་ འདོན་དུ་གོང་བཞིན་གྱིས་འབུལ་ཏེ། ཨོཾ་ཨཱཿཧཱུྃ༔ ཆོས་དབྱིངས་མཎྜལ་རིག་པས་བརྒྱན་པ་འདི༔ བླ་མ་སངས་རྒྱས་ཆོས་ཀྱི་སྐུ་ལ་འབུལ༔ ཞེས་པས་བླ་མ་ཆོས་སྐུ་ དགོངས་བརྒྱུད་སངས་རྒྱས་དཀོན་མཆོག་རྣམས་ལ་དམིགས་ཏེ་འབུལ། རང་ལུས་མཎྜལ་དབང་པོས་བརྒྱན་པ་འདི༔ བླ་མ་ལོངས་སྤྱོད་རྫོགས་པའི་སྐུ་ལ་འབུལ༔ ཞེས་ པས་བླ་མ་ལོངས་སྐུ་བརྡ་བརྒྱུད་ཆོས་དཀོན་མཆོག་རྣམས་ལ་དམིགས་ཏེ་འབུལ། རིན་ཆེན་མཎྜལ་གསེར་གཡུས་བརྒྱན་པ་འདི༔ བླ་མ་ཐུགས་རྗེ་སྤྲུལ་པའི་སྐུ་ལ་འབུལ༔

ཞེས་པས་བླ་མ་སྤྲུལ་སྐུ་སྙན་བརྒྱུད་སོགས་ཐེག་པ་ཆེ་ཆུང་གི་དགེ་འདུན་དཀོན་མཆོག་རྣམས་ལ་དམིགས་ཏེ་འབུལ། དེ་ནས་སྤྱིར་དམིགས་ལ། ཐུགས་རྗེས་འགྲོ་བའི་
[ 391 ]
༄༅། །དོན་དུ་བཞེས་སུ་གསོལ། །བཞེས་ནས་དབང་བསྐུར་བྱིན་གྱིས་བརླབ་ཏུ་གསོལ། །གུ་རུ་རཏྣ་མཎྜ་ལ་ཀཾ་ནིརྻཱ་‚རྱཱ་ཏ་ཡཱ་མཱི། །ཞེས་མཎྜལ་གྱི་འདོད་

དོན་གསོལ་བ་གདབ་པའོ། །དེ་ལྟར་བླ་མ་སྐུ་གསུམ་སྐུ་ཡི་བཀོད་པ་ཐ་དད་ལས་དོན་གྱི་ངོ་བོ་ཐ་དད་དང་བཟང་ངན་གཏན་ནས་མེད་པ་ཤེས་དགོས་ཤིང་འཁོར་རྣམས་ཀྱང་ཉི་མ་ དང་འོད་ཟེར་གྱི་ཚུལ་དེ་དང་དེ་ཡི་སྒྱུ་འཕྲུལ་གྱི་རོལ་པ་ཤར་བ་ཡིན་ལ། ཆོས་སྐྱོང་སྲུང་མ་ཡེ་ཤེས་ཀྱི་སྤྱན་ལྡན་རྣམས་ནི་ཐེག་ཆེན་དགེ་འདུན་གྱི་ནང་ཚན་དུ་འདུ་ལ། ཡང་ན་སྐུ་ གསུམ་གྱི་མཎྜལ་ཡང་སྤྱི་ཁྱབ་ཏུ་འབུལ་ན་ཤིན་ཏུ་ལེགས་པར་འགྱུར་བ་ཡིན་ནོ། །འདིར་བཤད་པའི་དགོངས་བརྡ་སྙན་བརྒྱུད་ཀྱི་རྣམ་བཞག་སྤྱི་དང་མི་མཐུན་ནོ་སྙམ་པའི་ལོག་ རྟོག་མི་བྱ་སྟེ་སངས་རྒྱས་སྐུ་གསུམ་ལ་དགོངས་བརྡ་སྙན་བརྒྱུད་ཚར་རེ་སྦྱོར་དུ་ཡོད་པ་སྔགས་རྙིང་མའི་གཞུང་རྣམ་པར་དག་པ་ནས་འབྱུང་ན་འགལ་བ་མེད་པའི་ལེགས་བཤད་ཁོ་ན་

ཡིན་ནོ། །དེ་ནས་ཐུན་བསྡུ་བའི་སྐབས་སུ་ཚོགས་ཞིང་རྣམས་ཀྱི་ཐུགས་ཀ་ནས་འོད་ཟེར་འཕྲོས་སེམས་ཅན་རྣམས་ལ་ཕོག་པས་སྡིག་སྒྲིབ་དག །དག་པའི་ཞིང་དུ་གཤེགས་
[ 392 ]
པར་གྱུར། ཚོགས་ཞིང་འཁོར་རྣམས་གཙོ་བོ་ལ་ཐིམ། དེ་ཡང་གུ་རུའི་སྐུ་ལ་ཐིམ། གུ་རུ་རིན་པོ་ཆེ་འོད་ཀྱི་གོང་བུར་གྱུར་ཏེ་རང་གི་སྤྱི་བོ་ནས་མར་ཞུགས། བདག་

གི་བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་ཡོངས་སུ་རྫོགས་ཤིང་གུ་རུའི་ཐུགས་དང་རང་སེམས་དབྱེར་མེད་དུ་གྱུར་པར་བསམས་ལ་ཅི་གནས་སུ་མཉམ་པར་བཞག །དེ་ནས་དགེ་ བ་བསྔོ་བ་སོགས་སྤྱི་ལྟར་བྱ། དམིགས་སྐོར་བཞི་པ་མཎྜལ་གྱི་ཁྲིད་ཚར། ལོང་ཁྱབ་ལྡན་ན་དམིགས་ཐུན་འདི་ལ་ཟླ་བ་སོགས་བསོད་ནམས་འཕེལ་བའི་རྟགས་ཉམས་ སྣང་གསལ་པོའམ་རྨི་ལམ་ཡང་ཡང་བཏུད་‚བསྟུད་མར་མ་བྱུང་གི་བར་དུ་བྱ་ཞིང་དངོས་སུ་ཡང་རྡོར་སེམས་སྒོམ་བཟླས་དང་འདི་གཉིས་ཀར་ཤེས་པ་གསལ་ཞིང་གཉིད་དང་ལེ་ལོ་ཆགས་ སྡང་ཆུང་། རིག་པ་དྭངས། ངེས་འབྱུང་སྐྱོ་ཤས་སྐྱེ། དད་པ་དང་མོས་གུས་སྔར་ལས་ཆེ་བ་སྐྱེ་ཞིང་བརྟན་པར་འགྱུར་ན་ཁྱད་པར་གྱི་རྟགས་སོ། །མགྱོགས་ཁྲིད་

སྐབས་སུ་ཞག་གསུམ་སོགས་ཅི་རིགས་ཉམས་སུ་ལེན་ཞིང་ཁྲིད་མ་ཚར་གྱི་བར་ཐུན་དང་པོའི་མགོར་མ་ཆག་པར་ཉམས་སུ་ལེན་ནོ། །ཆོས་ཐུན་འདིའི་སྐབས་སུ་ཡང་
[ 393 ]
༄༅། །དགོས་ནུས་སྤྲོ་ན་མཎྜལ་གྱི་ཚུལ་འཇིག་རྟེན་ཁམས་ཀྱི་རྣམ་པར་གཞག་པ་དང་། སྐུ་གསུམ་མཎྜལ་གྱི་གོ་དོན་ཡང་དག་པ་ཚོགས་བསགས་པ་

དགོས་པའི་ཚུལ་ཕན་ཡོན་དང་བཅས་པ་རྒྱས་པར་བཤད་དོ།། ༈ །།གསུམ་པ་ཁྱད་པར་གྱི་སྔོན་དུ་འགྲོ་བ་ནི། རྡོ་རྗེ་ཐེག་པའི་དགོངས་སྙིང་ཡང་ཟབ་བླ་མའི་ རྣལ་འབྱོར་ཉམས་སུ་ལེན་པ་སྟེ། སྐྱབས་སེམས་སྔོན་དུ་འགྲོ་བས་རང་ཉིད་གནས་པའི་ས་ཕྱོགས་དག་པའི་ཞིང་ཁམས་འཇའ་ཟེར་འོད་གུར་འཁྲིགས་པའི་དབུས་སུ་བདག་ ལུས་ཡི་དམ་ལྷའི་སྐུ་རུ་གསལ་བཏབ་པར་བྱ་སྟེ། གཏེར་སྟོན་རིག་འཛིན་མཆོག་གི་ཞལ་གསུངས་‚གསུང་ཡང་ཟབ་ཀྱི་སྔོན་འགྲོ་རྒྱུན་ཁྱེར་དུ་ཡི་དམ་རྡོ་རྗེ་རྣལ་འབྱོར་མ་བསྒོམ་པར་ གསུང་ཞིང་‚གསུངས་ཤིང་ཆོས་འདི་འཛིན་པའི་སྤྲུལ་པའི་སྐྱེས་མཆོག་ཁྱད་པར་ཅན་གཞན་གྱིས་ཀྱང་དེ་དང་མཐུན་པར་མཛད་པ་ཤས་ཆེ་ཡང་ཕྱིས་བྱུང་ཁ་ཅིག་གིས་གུར་དྲག་བྱས་པ་ཡོད་

ཀྱང་དོན་མི་འཕྱུགས་མོད། འོན་ཀྱང་འདི་ནི་གཏེར་སྟོན་རིན་པོ་ཆེའི་གསུང་རྒྱུན་ཁོ་ན་ལྟར་བྱ་སྟེ། དེ་ཡང་པདྨ་དང་ཉི་མ་དང་ཟླ་བ་དང་བམ་རོ་བརྩེགས་པའི་གདན་གྱི་སྟེང་
[ 394 ]
དུ་རང་རིག་པའི་ངོ་བོ་རང་བཞིན་གྱི་འོད་གསལ་བ་ཆོས་སྐུ་ཡེ་ཤེས་ཀྱི་མཁའ་འགྲོ་རྡོ་རྗེ་རྣལ་འབྱོར་མའི་སྐུའི་རྣམ་པར་གྱུར་པ་ནི་སྐུ་མདོག་དམར་སེར་ཨོ་རྒྱན་ག་ཛ་ནི་ཡི་སིནྡྷུ་རའི་

ཁ་དོག་ལྟ་བུ་ཞི་མ་ཁྲོ་ཆགས་པའི་ཉམས་ཅན་བཞད་པའི་ཞལ་ཚེམས་ཕྲེང་དཀར་ཞིང་མཆེ་བའི་མྱུ་གུ་བཞི་གཙིགས་པ། སྤྱན་གསུམ་ནམ་མཁར་ཧྲིག་གེ་གཟིགས་ཤིང་ གཞོན་ནུ་བཅུ་དྲུག་ལང་ཚོ་རྒྱས་པའི་ཉམས་ཅན་ནུ་མ་འབུར་ཞིང་གསང་གནས་རྒྱས་པ། ཕྱག་གཉིས་གཡས་རྡོ་རྗེས་ཡུ་བ་བྱས་པའི་ཟངས་གྲི་དོམ་ཐབས་སུ་འཕྱར་བ། གཡོན་དུང་ཆེན་ཁྲག་གིས་བཀང་བ་ཐུགས་ཀར་འཛིན་ཅིང་ཞལ་དུ་གསོལ་བ། ཞབས་གར་སྟབས་གཡས་བསྐུམ་པའི་རྟིང་པ་བྷ་ག་ལ་གཏད་པ། གཡོན་བརྐྱང་པས་ བདག་མེད་རོ་ཡི་སྙིང་གར་བརྫིས་པ། དབུ་སྐྲ་རལ་པ་དམར་སེར་གྱེན་དུ་བརྫེས་པའི་དབུས་སུ་ཕག་ཞལ་ནག་པོ་རྣམས་‚རྔམ་ལ་བརྗིད་པ། ཐོད་སྐམ་ལྔའི་དབུ་རྒྱན་

དང་ཐོད་རློན་ལྔ་བཅུའི་དོ་ཤལ་ཅན། ཕྱག་རྒྱ་ལྔས་མཛེས་ཤིང་དར་དང་རིན་པོ་ཆེའི་རྒྱན་གྱིས་བརྒྱན་པ། སྙན་ཆ་གསེར་གྱི་འཁོར་ལོ་དྲིལ་བུས་མཚན་པ་དང་།
[ 395 ]
༄༅། །ཕྱག་ཞབས་གསེར་གྱི་གདུ་བུ་གཡེར་ཁ་འཁྲོལ་བ། བལྟ་བས་མི་བཟོད་པའི་ཡེ་ཤེས་ཀྱི་འོད་ཟེར་ལྔ་དང་མེ་དཔུང་གི་དབུས་སུ་བཞུགས་པའོ། །དེའི་

སྤྱི་བོར་པད་ཉི་ཟླ་བའི་གདན་གྱི་སྟེང་དུ་རང་གི་དྲིན་ཅན་རྩ་བའི་བླ་མ་སངས་རྒྱས་ཐམས་ཅད་འདུས་པའི་ངོ་བོ་གུ་རུ་པདྨ་ཡིད་བཞིན་ནོར་བུའི་ཆ་ལུགས་ཅན། མཚན་དཔེ་ལྷུན་ སྡུག་གཟི་བརྗིད་འོད་དུ་འབར་ཞིང་ཕྱག་མཉམ་གཞག་ཡིད་བཞིན་གྱི་ནོར་བུ་འཛིན་ཅིང་སྤྱན་ལྟ་སྟངས་ཏིང་ངེ་འཛིན་ལས་གཡོ་བ་མེད་པར་བཞུགས་པ་དེའི་སྟེང་ནས་ཡར་ལ་ བརྒྱུད་པའི་བླ་མ་རྣམས་མདུང་ཚུག་གམ་ཐོ་‚ཚུགས་སམ་མཐོ་བརྩེགས་ཀྱི་ཚུལ་དུ་བསྒོམ་པར་བྱ་སྟེ། གཏེར་སྟོན་ནས་རྩ་བའི་བླ་མའི་བར་རང་རང་གི་བརྒྱུད་ཚུལ་ཐ་དད་པ་ལས་འདིར་རྩ་བའི་བླ་ མའི་སྤྱི་བོའི་ཐད་སྟེང་དུ་པད་ཉི་ཟླ་གདན་ལ་རིག་འཛིན་ཆེན་པོ་པདྨ་བདེ་ཆེན་གླིང་པ་སྐུ་མདོག་དམར་སྨུག་སྟོད་གཡོགས་སྔོན་པོ་ཤམ་ཐབས་དཀར་པོ་མནབ་‚མནབས་གཟན་དམར་པོ་གསོལ་

བ༑ དབུ་ལ་པཎ་ཞུ་མཛེས་པ། ཕྱག་གཡས་གནམ་ལྕགས་ཀྱི་ཕུར་པ་དང་གཡོན་ཐོད་པ་བདུད་རྩིས་བཀང་བ་འཛིན་པ། དེའི་སྤྱི་བོར་པད་ཉི་ཟླ་གདན་ལ་རིག་འཛིན་ཀློང་
[ 396 ]
གསལ་སྙིང་པོ་སྐུ་མདོག་སྔོ་སངས་ཨག་ཚོམ་བྲང་གི་རྒྱ་མདོར་སྙེགས་པ། སྤྱན་འབྲུ་ཚུགས་ཅན། དབུ་ལ་རས་དཀར་གྱི་ལ་ཐོད་དང་སྐུ་ལ་མདུང་དམར་བཞེས་ཤིང་ཟ་འོག་

གི་བེར་ཕྱམ་གསེར་གྱི་ཁ་དོག་ཅན་གསོལ་བ། ཕྱག་གཉིས་རྡོ་རྗེ་དང་སྡིག་པ་འཛིན་པའོ། །དེའི་སྤྱི་བོར་ཁྲག་འཐུང་བདུད་འདུལ་ནུས་ལྡན་རྡོ་རྗེ་སྐུ་མདོག་དཀར་གསལ་སྤྱན་ ཟིམ་བུས་གཟིགས་པ། དབུ་ལ་པད་ཞུ་པདྨ་མཐོང་གྲོལ་དང་། སྐུ་ལ་ཕོད་ཀ་དང་ཤམ་ཐབས་དཀར་པོ་ཅན། ཟ་འོག་གི་བེར་ཕྱམ་གསོལ་བ། ཕྱག་གཡས་ས་གནོན་ དང་གཡོན་མཉམ་གཞག་ཐོད་པ་བདུད་རྩིས་བཀང་བ་འཛིན་པའོ། །དེའི་སྤྱི་བོར་རིག་འཛིན་འཇའ་ཚོན་སྙིང་པོ་རབ་ཏུ་བྱུང་བའི་ཆ་བྱད་ཅན་སྐུ་མདོག་དཀར་སྨུག་དབུ་ལ་པད་ཞུ་ དང་སྐུ་ལ་ཆོས་གོས་གསོལ་བ། ཕྱག་གཡས་རྡོ་རྗེ་འགྱིང་ཐབས་‚སྟབས་ཀྱིས་འཛིན་ཅིང་གཡོན་གནམ་ལྕགས་ཀྱི་ཕུར་པ་གསོར་བ། དཔུང་པ་ན་འཇའ་ཚོན་གྱི་གཤོག་པ་ཅན།

དེའི་སྤྱི་བོར་པད་ཉི་ཟླ་གདན་ལ་རྒྱལ་ཡུམ་ཡེ་ཤེས་མཚོ་རྒྱལ་སྐུ་མདོག་དཀར་ལ་སྔོ་བའི་མདངས་ཆགས་པ། ཟར་མའི་མེ་ཏོག་ལྟ་བུ་དབུ་སྐྲ་ཕྱེད་གྱེན་དུ་བཅིངས་ཤིང་ཕྱེད་
[ 397 ]
༄༅། །ཐུར་དུ་འཕྱང་བ། ཟ་འོག་གི་འདུང་གོས་རིན་པོ་ཆེའི་རྒྱན་དུ་མས་ཉེ་བར་སྤྲས་པ། ཕྱག་མཉམ་གཞག་ཐོད་པ་བདུད་རྩིས་བཀང་བ་འཛིན་པའོ། །དེའི་

སྤྱི་བོར་པད་ཉི་ཟླ་གདན་ལ་སློབ་དཔོན་པདྨ་འབྱུང་གནས་སྐུ་མདོག་དཀར་དམར་མཚན་དཔེ་ཡོངས་སུ་རྫོགས་པ་རྒྱན་ཆ་ལུགས་སྤྱི་དང་མཐུན་པ། དེའི་སྤྱི་བོར་ཐུགས་རྗེ་ཆེན་པོ་གངས་ ཆེན་མཚོ་ཁ་སར་པ་ཎིའི་ཆ་བྱད་ཅན། དེའི་སྤྱི་བོར་ཀུན་བཟང་སྣང་བ་མཐའ་ཡས་སྐུ་མདོག་དམར་པོ་གཅེར་བུ་ཕྱག་མཉམ་གཞག་ཞབས་རྡོ་རྗེའི་སྐྱིལ་ཀྲུང་ཅན། རང་འོད་འོད་ གསལ་ཕྱག་རྒྱ་ཆེན་མོ་ལ་འཁྱུད་པ། དེ་ཐམས་ཅད་ཀྱང་གཟི་བརྗིད་མཆོག་ཏུ་འབར་ཞིང་གནས་གསུམ་སངས་རྒྱས་ཐམས་ཅད་ཀྱི་སྐུ་གསུང་ཐུགས་རྡོ་རྗེ་གཅིག་ཏུ་བསྡུས་པའི་ རང་བཞིན་ཨོཾ་དཀར་ཨཱཿདམར་ཧཱུྃ་མཐིང་གསུམ་གྱིས་མཚན་པ། སྐུ་འོད་ཁྱིམ་ཐིག་ལེ་འཇའ་ཚོན་གྱི་དབུས་སུ་བཞུགས་པའི་མཐའ་བསྐོར་དུ་སངས་རྒྱས་བྱང་སེམས་རིག་འཛིན་

གྲུབ་ཐོབ་ཡི་དམ་མཁའ་འགྲོ་ཆོས་སྐྱོང་སྲུང་མ་རྣམས་གངས་ཀྱི་རི་བོ་ལ་སྤྲིན་གྱི་ཕུང་པོ་གཏིབ་‚པོས་གཏིབས་པ་ལྟ་བུར་བཞུགས་པར་བསམ་ཞིང་། རྒྱུན་ཁྱེར་གྱི་ངག་འདོན་ཚིགས་བཅད་
[ 398 ]
གཏེར་སྟོན་གྱི་ཞལ་གསུངས་‚གསུང་ཀྱིས་གསལ་བཏབ་པ་ནི། ཨེ་མ་ཧོཿ རང་ལུས་འོད་ཕུང་རྡོ་རྗེ་རྣལ་འབྱོར་མ། །མདངས་གསལ་མེ་འོད་གསལ་སྟོང་ལྷག་གེའི་ངང་། །ཕྱོགས་

མཚམས་ནམ་མཁའ་འཇའ་འོད་ཟེར་གྱི་ཀློང་། །སྤྱི་བོར་བླ་མ་པད་འབྱུང་སྤྱན་རས་གཟིགས། །རིགས་ཀྱི་བདག་པོ་སྣང་བ་མཐའ་ཡས་དང་། །གཞན་ཡང་མདོ་རྒྱུད་ བསྟན་བཅོས་མན་ངག་སོགས། །རྒྱ་བོད་མཁས་གྲུབ་བླ་མ་ཐམས་ཅད་བཞུགས། །དེ་ལ་ཡིད་རྩེ་གཅིག་མོས་གུས་ཀྱི་གདུང་ཤུགས་དྲག་པོ་བསྐྱེད་ནས་དེའི་མདུན་དུ་རང་གི་ ལུས་ལོངས་སྤྱོད་དུས་གསུམ་གྱི་དགེ་རྩ་དང་བཅས་ཏེ་ལྟོས་པ་མེད་པར་ལིང་གིས་འབུལ་ཞིང་ལེགས་ཉེས་སྐྱིད་སྡུག་ཅི་མཛད་ཁྱེད་ཤེས། སྐྱབས་དང་རེ་ས་གཞན་ན་མེད་ དོ་སྙམ་པའི་བློ་དུང་དུང་པོས་ཕུར་ཚུག་‚ཚུགས་ནེར་ཚུག་‚ཚུགས་གི་སྒོ་ནས་གསོལ་བ་གདབ་པར་བྱ་སྟེ། དེ་ཡང་གསོལ་འདེབས་རྒྱུན་ཁྱེར་གྱི་རྣལ་འབྱོར་ལས་བྱུང་བ་ནི། ཨོཾ་ཨཱཿཧཱུྃ།

ཐོག་མའི་སངས་རྒྱས་ཀུན་བཟང་སྣང་མཐའ་ཡས། །གངས་ཅན་མགོན་པོ་ཁ་སར་པ་ཎི་དང་། །འཇའ་ལུས་སྣང་སྲིད་དབང་སྡུད་པདྨ་འབྱུང་། །ཡང་སྤྲུལ་རིག་འཛིན་
[ 399 ]
༄༅། །སྙིང་པོ་མཚན་ཅན་ལ། །གསོལ་བ་འདེབས་སོ་བྱིན་གྱིས་བརླབ་ཏུ་གསོལ། །ཀ་དག་ལྷུན་གྲུབ་གཞི་ཐོག་ཕེབས་པ་དང་། །ཁྲེགས་ཆོད་ཐོད་རྒལ་

ལམ་ལ་རྩལ་འབྱོངས་ཏེ། །སྐུ་དང་ཡེ་ཤེས་དབྱེར་མེད་མངོན་གྱུར་ཞིང་། །མཐའ་ཡས་འགྲོ་ཀུན་སྤྲུལ་པས་འདྲེན་པར་ཤོག །ཅེས་གཏེར་སྟོན་གྱི་ཞལ་གསུངས་‚གསུང་ཏེ་འཕྲི་ བསྣན་མེད་པར་དེ་ཁོ་ན་བཞིན་བཀླགས་ལ། གཞན་བླ་མ་བརྒྱུད་རིམ་གྱི་གསོལ་འདེབས་གོང་དུ་ཡོད་པ་ལྟར་སྐབས་འདིར་སྦྱར་བར་བྱ་ལ། མཐར་མོས་གུས་སྟོབས་ཀྱིས་བླ་མ་ བརྒྱུད་རིམ་རྣམས་གོང་མ་འོག་མ་ལ་རིམ་པར་མཐར་རྩ་བའི་བླ་མ་ལ་ཐིམ། དེ་སྐུ་གཟི་བརྗིད་འོད་དུ་འབར་ཞིང་ཐུགས་བརྩེ་བས་བདག་ལ་དགོངས་ཏེ་བྱིན་གྱིས་བརླབ་པར་ བསམས་ནས་ཚིག་བདུན་གསོལ་འདེབས་དང་། ཨོཾ་ཨཱཿཧཱུྃ་བཛྲ་གུ་རུ་པདྨ་ཐོད་ཕྲེང་རྩལ་བཛྲ་ས་མ་ལ་ཛཿསིདྡྷི་ཕ་ལ་ཧཱུྃ་ཨཱཿ ཨོཾ་ཨཱཿཧཱུྃ་བཛྲ་གུ་རུ་པདྨ་སིདྡྷི་ཧཱུྃ༔ ཞེས་

སེམས་གཞན་ལ་མ་ཡེངས་པར་མོས་གུས་ཀྱི་ཤུགས་བསྐྱེད་ལ་བརྒྱ་རྩ་སོགས་ཅི་ནུས་བཟླ། དེ་ཡང་རིག་འཛིན་འདུས་པ་རྩ་བའི་རྒྱུད་ལས། བསྙེན་དུས་བླ་མ་སྤྱི་བོར་བསྒོམ།
[ 400 ]
གསོལ་འདེབས་ཚུལ་དུ་ཛཔ྄་འདི་བཟླ། །ཞེས་གསུངས་པའི་མན་ངག་གི་སྙིང་པོ་ཡང་འདི་ཁོ་ནར་འདུའོ། །དེ་ནས་བླ་མའི་དཔྲལ་བའི་ཨོཾ་ལས་འོད་ཟེར་ཟླ་བ་ཞུན་མ་ལྟ་བུ་རང་

གི་དཔྲལ་བར་ཐིམ་པས། བུམ་པའི་དབང་ཐོབ། ལུས་ཀྱི་སྒྲིབ་པ་དག །ས་བརྒྱད་པ་མི་གཡོ་བ་ནོན། འབྲས་བུ་སྤྲུལ་པའི་སྐུ་ཐོབ་པའི་སྐལ་བ་ཅན་དུ་གྱུར། ལམ་དུས་སུ་བསྐྱེད་རིམ་མ་ཧཱ་ཡོ་གའི་རྣལ་འབྱོར་བསྒོམ་པ་ལ་དབང་བར་གྱུར། མགྲིན་པའི་ཨཱཿལས་འོད་ཟེར་མར་མེའི་རྩེ་མོ་ལྟ་བུ་བྱུང་། བདག་གི་མགྲིན་པར་ཐིམ་ པས༑ གསང་བའི་དབང་ཐོབ། ངག་གི་སྒྲིབ་པ་དག །ས་དགུ་པ་ལེགས་པའི་བློ་གྲོས་ནོན། འབྲས་བུ་ལོངས་སྐུ་ཐོབ་པའི་སྐལ་བ་ཅན་དུ་གྱུར། ལམ་དུས་སུ་ རྫོགས་རིམ་ཨ་ནུ་ཡོ་ག་སྟེ་རང་བྱིན་གྱིས་བརླབ་པར་བསྒོམ་པ་ལ་དབང་བར་གྱུར། ཐུགས་ཀའི་ཧཱུྃ་ལས་འོད་ཟེར་སྤོས་རེང་‚རིང་གི་དུད་པ་ལྟ་བུ་བྱུང་བ་བདག་གི་སྙིང་ཁར་ཐིམ།

ཤེས་རབ་ཡེ་ཤེས་ཀྱི་དབང་ཐོབ། ཡིད་ཀྱི་སྒྲིབ་པ་དག །ས་བཅུ་པ་ཆོས་ཀྱི་སྤྲིན་ནོན། འབྲས་བུ་ཆོས་ཀྱི་སྐུ་ཐོབ་པའི་སྐལ་པ་ཅན་དུ་གྱུར། ལམ་དུས་སུ་ཨ་ཏི་ཡོ་ག་
[ 401 ]
༄༅། །སྟེ་དཀྱིལ་འཁོར་འཁོར་ལོ་བསྒོམ་པ་ལ་དབང་བར་གྱུར། སྐུ་ཡི་གནས་ལྔ་ཀ་ནས་འོད་ཟེར་ཁ་དོག་ལྔ་ལྡན་ནམ་མཁའ་ནས་འཇའ་ཤར་བ་ལྟ་བུ་བྱུང་།

བདག་གི་གནས་ལྔར་ཐིམ། བཞི་པ་ཡེ་ཤེས་ཆེན་པོའི་དབང་ཐོབ། སྒོ་གསུམ་གྱི་སྒྲིབ་པ་དག །ཐོབ་བྱ་བཅུ་གཅིག་ཀུན་ཏུ་འོད་ཀྱི་ས་དང་འབྲས་བུ་ངོ་བོ་ཉིད་སྐུ་ཐོབ་པའི་ སྐལ་པ་ཅན་དུ་བྱས། ལམ་དུས་སུ་ཨ་ཏི་ཡང་གསང་རྡོ་རྗེའི་སྙིང་པོ་རྫོགས་ཆེན་བྱ་རྩོལ་བྲལ་བའི་དོན་ཀ་དག་ལྷུན་གྲུབ་ཀྱི་ཡེ་ཤེས་བསྒོམ་པ་ལ་དབང་བར་གྱུར། དེ་ནས་བླ་ མ་རང་གི་ཚངས་པའི་བུ་ག་ནས་མར་བྱོན། སྙིང་པདྨ་འདབ་བརྒྱད་ཀྱི་དབུས་སུ་བཞུགས་ཤིང་སྐུ་ལས་བདུད་རྩིའི་རྒྱུན་བབས་ནས་བདག་གི་ལུས་མེར་གྱིས་ཁེངས། དེ་མཐའ་བླ་ མ་ཡང་བདེ་བ་ཆེན་པོའི་རང་བཞིན་འོད་དུ་ཞུ། བདག་གི་ལུས་ངག་ཡིད་གསུམ་དང་བླ་མའི་སྐུ་གསུང་ཐུགས་དབྱེར་མི་ཕྱེད་པར་རོ་མཉམ་ཐིག་ལེ་ཉག་གཅིག་ཏུ་གྱུར་པར་

བསམས་ལ་རིག་པ་སྟོང་གསལ་དུ་ཅི་གནས་མཉམ་པར་བཞག །ཡང་གོང་ལྟར་བསྐྱར་ཞིང་ཡང་ནས་ཡང་དུ་བསྒོམ་པ་ལ་ནན་ཏན་དུ་བྱ། ཐུན་མཐར། དཔལ་
[ 402 ]
ལྡན་རྩ་བའི་བླ་མ་རིན་པོ་ཆེ། །བདག་གི་སྙིང་ཁར་པདྨའི་ཟེའུ་འབྲུ་ལ། །འབྲལ་བ་མེད་པར་རྟག་ཏུ་བཞུགས་ནས་ཀྱང་། །སྐུ་གསུང་ཐུགས་ཀྱི་དངོས་གྲུབ་སྩལ་དུ་

གསོལ༑ །སྐྱེ་བ་ཀུན་ཏུ་ཡང་དག་བླ་མ་དང་། །འབྲལ་མེད་ཆོས་ཀྱི་དཔལ་ལ་ལོངས་སྤྱོད་ཅིང་། །ས་དང་ལམ་གྱི་ཡོན་ཏན་རབ་རྫོགས་ནས། །རྡོ་རྗེ་སེམས་དཔའི་ གོ་འཕང་མྱུར་ཐོབ་ཤོག །དགེ་བ་འདི་ཡིས་མྱུར་དུ་བདག །དཔལ་ལྡན་བླ་མ་འགྲུབ་གྱུར་ནས། །འགྲོ་བ་གཅིག་ཀྱང་མ་ལུས་པ། །ཐམས་ཅད་དེ་ཡི་ས་ལ་འཁོད་ པར་ཤོག །ཞེས་པ་སོགས་བསྔོ་སྨོན་བཟང་པོས་རྒྱས་བཏབ། དམིགས་སྐོར་ལྔ་པ་བླ་མའི་རྣལ་འབྱོར་གྱི་ཁྲིད་ཚར། འདི་ནི་བྱིན་རླབས་ཀྱི་འཇུག་སྒོ་དགེ་སྦྱོར་སྐྱེ་ བའི་རྟེན་ཁྱད་པར་ཅན་ཡིན་པས་ལོ་དང་ཟླ་བ་སོགས་ཡུན་ཅི་རིང་དུ་ཉམས་སུ་ལེན་པ་གལ་ཆེ་ཞིང་། མགྱོགས་ཁྲིད་ཀྱི་སྐབས་སུ་ཡང་གཞན་ལས་འདི་ཅུང་ཟད་གཉུག་

བསྲིངས་ཏེ་བྱ། ཁྲིད་ཐུན་འཛིན་པའི་ཐུན་མགོ་ཀུན་ཏུ་ཅི་ལྕོགས་རེ་མ་ཆད་པར་བྱེད། འདི་སྐབས་སུ་བླ་མའི་མཚན་ཉིད་སློབ་མས་བསྟེན་ཚུལ་དམ་ཚིག་གི་རྣམ་
[ 403 ]
༄༅། །བཞག་མོས་གུས་ཀྱི་ཕན་ཡོན། བླ་མའི་རྣལ་འབྱོར་ལ་འབད་དགོས་ཚུལ་རྣམས་སློབ་མས་སྔར་མ་ཐོས་ཤིང་མི་ཤེས་ན་ཅི་ནུས་ཀྱིས་བཤད་པར་གཅེས་སོ། །

དེ་ལྟར་སྔོན་དུ་འགྲོ་བའི་རིམ་པ་རྣམས་གཏེར་གཞུང་རྩ་བ་ལྟ་སྒོམ་སྤྱོད་གསུམ་གྱི་གཞུང་ཁྲིད་ལས། རྒྱས་པར་ཁྲིད་ཚུལ་ནི། འབྱུང་བ་ལྔ་ལས་གྲུབ་པའི་མི་ལུས་གཙང་མ་ལ༔ བདེ་གཤེགས་སྙིང་པོ་བྱ་བ་དེ་ཡོད་པས༔ དེ་ལ་འཆི་བ་མི་རྟག་པས་བསྐུལ་ཏེ་གདོད་བྱ་དང་ལོང་ཡོད་ཐམས་ཅད་སྒྱུ་མའམ་རྨི་ལམ་ལྟར་ཤེས་པར་བྱས༔ གར་སྐྱེས་གར་ གནས་ཐམས་ཅད་སྡུག་བསྔལ་འབའ་ཞིག་ཏུ་གོ་བས་ལས་རྒྱུ་འབྲས་བསླུ་བ་མེད་པ་ལ་འཕྲིག་ཚུད་ཅིང་སྐྱབས་འགྲོ་དང་ཡིག་བརྒྱ་ལ་རྟགས་ཐོན་པར་ཉམས་ལེན་སྐྱོང་༔ བྱང་ ཆུབ་མཆོག་ཏུ་སེམས་ཁ་ཙམ་ཚིག་ཙམ་མ་ཡིན་པར་བསྐྱེད་དེ་རྒྱུ་ཚུལ་ཁྲིམས་གཙང་མ་ལ་བསླབ༔ སྨོན་འཇུག་ཚང་བའི་སྒོ་ནས་བླ་མ་མཚན་ལྡན་ལ་གསོལ་བ་འདེབས་ཀྱིན་

བཀའ་སྒྲུབ༔ ཅེས་པས་ཁྲིད་ཀྱི་སྔོན་འགྲོ་རྣམས་ངེས་པར་བསྟན་ཅིང་དེ་བཞིན་གཏེར་སྟོན་རིག་འཛིན་ཆེན་པོ་རང་ཉིད་ཀྱིས་སྐལ་ལྡན་སློབ་མའི་ངོར་རྒྱུད་ཀྱི་ཡང་འགྲེལ་
[ 404 ]
མཛད་པའི་ཁྲིད་ཀྱི་རྐང་སྡོམ་ལས། ཁྱད་པར་དུ་ཟབ་ཁྲིད་དང་བསྟུན་ན། དང་པོ་ཡིད་ཆེས་ཁུངས་བཙུན་ལོ་རྒྱུས་རྣམས་བཀའ་འགྲེལ་དང་རྣམ་ཐར་ནས་བཤད། སྔོན་

འགྲོ་ཐུན་མོང་ནི། དལ་འབྱོར་རྙེད་དཀའ་དང་། འཆི་བ་མི་རྟག་པ་དང་། ལས་རྒྱུ་འབྲས་བསླུ་མེད། འཁོར་བའི་ཉེས་དམིགས། ཐར་པའི་ཕན་ཡོན་རྣམས་ཞུས་ ལན་ནས་བཤད་ཅིང་། དེའི་རྒྱབ་ཆོས་སུ་པདྨ་ཐང་ཡིག་དང་རིག་འཛིན་བརྒྱུད་པའི་རྣམ་ཐར་ལ་སོགས་སོ་སོའི་སྐབས་དང་བསྟུན་ལ་བཤད་དོ། །ཐུན་མོང་མ་ཡིན་པའི་སྔོན་ འགྲོ་ལ་སྐྱབས་སེམས། ཡིག་བརྒྱ། མཎྜལ། བླ་མའི་རྣལ་འབྱོར་རྣམས་མ་ཧཱ་ཡོ་གའི་བསྐྱེད་རིམ་ནས་བཤད། གོང་དུ་བསྟན་པ་བཞིན་དུ་སྔོན་འགྲོ་རྣམས་རྟགས་ཐོན་ པར་བྱའོ། །ཞེས་པས་སྔོན་འགྲོའི་ས་བཅད་གསལ་བར་ཕྱེས་པ་བཞིན། དེའི་ངག་འདོན། སྐྱབས་སེམས། ཡན་ལག་བདུན་པ། རྡོར་སེམས། མཎྜལ་གྱི་

གོ་རིམ་ཡོ་ག་གསུམ་གྱི་སྒྲུབ་ཐབས་དབུར་བཞུགས་པ་དང་རྒྱུད་ཀྱི་བཀའ་འགྲེལ་རི་རྒྱལ་ལྷུན་པོར་སྐྱབས་འགྲོ་ཕྱི་ནང་གསང་གསུམ། སྨོན་འཇུག་དོན་དམ་གྱི་སེམས་བསྐྱེད།
[ 405 ]
༄༅། །གཞན་ཡང་ཕྱི་ནང་གསང་བའི་སྡོམ་བཟུང་དམ་བཅའ་ཚུལ། ཡན་ལག་བདུན་པ་མཎྜལ་ཡིག་བརྒྱ་སྒོམ་བཟླས་བསྔོ་སྨོན་གྱི་རྣམ་བཞག་བླ་མ་བསྒོམ་པའི་

ཕན་ཡོན་རྣམས་མདོ་རྒྱུད་ལུང་འདྲེན་བཅས་རྒྱས་པར་བཀྲལ་ཞིང་། མདོ་དོན་ཉང་བན་གྱི་ཞུས་ལན་དུ། གུ་རུའི་ཞལ་ལུང་ལྷུག་པར་སྩལ་བ་སོགས་རྡོ་རྗེའི་གསུང་གིས་ལེགས་ པར་ཟིན་པ་དེ་རྣམས་ཀྱི་དགོངས་དོན་སྒོམ་རིམ་གནད་རགས་པ་རྣམས་བསྡུས་ཏེ་འདིར་བཤད་པ་ཡིན་ལ། གཞན་གྱི་གདུལ་བྱའི་བློ་ཡི་བབ་དང་མཐུན་པར་དམིགས་པའི་རྣམ་གྲངས་ དུ་མར་འགྱུར་བ་ཡང་གོ་ཞིང་རྟོགས་པར་བྱའོ། །གཞན་ཡང་སྔོན་དུ་འགྲོ་བ་འདི་རྣམས་སྒོ་གསུམ་གྱི་དགེ་སྦྱོར་དང་འགྲུས་པར་བྱ་བ་ཤིན་ཏུ་གལ་ཆེ་སྟེ། ཡང་འགྲེལ་ལེའུ་བཞི་ པའི་བཤད་པ་ལས། སྒྲུབ་པ་ཕྱི་ནང་གསང་བ་དེ་ཉིད་ལས་མཐའ་དང་བཅས་པར། མདོར་ན་བསྐྱེད་རིམ་རྫོགས་རིམ་གང་དང་གང་ལ་འཇུག་ཀྱང་རབ་ཀྱི་སྔོན་འགྲོ་ལ།

སྐྱབས་སུ་འགྲོ་བ་དང་། སེམས་བསྐྱེད་དང་། ཕྱག་འབུམ་སྡེ། ཡིག་བརྒྱ་འབུམ་སྡེ། མཎྜལ་འབུམ་སྡེ། གསོལ་འདེབས་འབུམ་སྡེ་ལ་སོགས་སྔོན་དུ་སོང་ན།
[ 406 ]
དངོས་གཞི་ཤུགས་ཀྱིས་བསྒྲུབ་པ་རྣམས་བར་ཆད་མེད་ཅིང་རྟགས་མྱུར་དུ་ཐོན་པ་དང་། སྒྲུབ་ཐབས་སུ་ཅི་‚ཇི་ལྟར་གསུངས་པ་བཞིན་དུ་འབྲས་སུ་འབྱིན་ནུས་སོ། །དེ་ནི་གུ་རུ་

རིན་པོ་ཆེའི་ཞལ་ལུང་། བདག་འཇའ་ཚོན་པས་ཉམས་མྱོང་ངེས་པ་ཅན་དུ་ལགས། ཞེས་གསུངས་པ་ལྟར་ཇི་བཞིན་ལག་ལེན་དུ་གདབ་པ་གལ་ཆེ་ལ། ལར་ནི་སྔོན་ འགྲོའི་ཡོན་ཏན་ཆ་ཤས་ཞིག་རྒྱུད་ལ་མ་སྐྱེས་ན་དངོས་གཞིའི་ཡོན་ཏན་རྒྱུད་ལ་སྐྱེ་བར་མི་འགྱུར་བས། སྔོན་འགྲོ་ལ་ནན་ཏན་དུ་བྱེད་པ་ཤིན་ཏུ་གཅེས་སོ། །འདིར་སྨྲས་པ། གུ་རུའི་ཐུགས་སྒྲུབ་གདམས་ངག་སྙིང་པོའི་དོན། །བླ་མའི་བཀའ་ལས་གསལ་བར་ཕྱེས་པ་གང་། །སྔོན་འགྲོའི་རིམ་པ་ལེགས་པར་བཤད་པའི་གཏམ། འདིས་ ཀྱང་ཐར་འདོད་གསོས་སུ་ཅིས་མི་འགྱུར། །སྡུག་བསྔལ་རྒྱ་མཚོ་བརྒལ་འདོད་རྣམས་ཀྱི་གྲུ། །རྙེད་དཀའི་དལ་འབྱོར་མྱུར་དུ་མི་རྟག་འཇིག །སྐྱོ་བས་བསམ་བཞིན་

དགེ་སྡིག་ལས་འབྲས་གཞིག །ཐར་མཆོག་ལམ་ལ་ད་རེས་ཅིས་མི་འཇུག །མཆོག་ལ་སྐྱབས་འགྲོ་དམན་ལ་སྙིང་བརྩེ་བའི། །གདམས་པ་འདི་ནི་རྒྱལ་ཀུན་
[ 407 ]
༄༅། །འཇུག་སྒོ་ཡིན། །སྒྲིབ་སྦྱོང་ཚོགས་བསགས་ཚེགས་ཆུང་དོན་ཆེ་བ། །ཡིག་བརྒྱ་མཎྜལ་འདི་ཡང་རྨད་བྱུང་ཉིད། །དུས་གསུམ་རྒྱལ་བའི་གཤེགས་

ཤུལ་སྙིང་པོའི་ཆོས། །མེད་ཐབས་མེད་པ་བླ་མའི་རྣལ་འབྱོར་ཏེ། །ཡེ་ཤེས་འཕོ་བའི་བདུད་རྩིའི་རྒྱུན་འབེབས་འདི། །སྐལ་ལྡན་སྙིང་གི་བུམ་པར་ཅིས་མི་འཛིན། །ཚུལ་ འདིར་སྤྱོད་རྣམས་ཚེ་ལྡན་འབྲས་ཡོད་དེ། །མྱུར་ལམ་དབྱང་གིས་རིང་མིན་བདེ་བའི་བཙས། །ཚོགས་གཉིས་ལྷུན་གྲུབ་ནོར་བ་ཐོབ་དེས་ན། །ཀུན་གྱིས་སྤྲོ་བཞིན་འབད་ པས་བསྒོམ་པར་ཤོག ། །།ཅེས་རྫོགས་ཆེན་ཡང་ཟབ་དཀོན་མཆོག་སྤྱི་འདུས་ཀྱི་ཁྲིད་ཡིག་གུ་རུའི་དགོངས་རྒྱན་ཉིན་བྱེད་སྙིང་པོའི་སྔོན་དུ་འགྲོ་བ་བཤད་པའི་སྐབས་ཏེ་དང་ པོའོ།། ༈ །།རྒྱལ་ཀུན་ཡེ་ཤེས་རང་གཟུགས་རྡོ་རྗེའི་སྐུ། །མཚན་དཔེ་ཡོངས་རྫོགས་འོད་འབར་ཐོད་ཕྲེང་རྩལ། །མ་བྱས་ལྷུན་རྫོགས་ཆས་

གསུམ་ཟུང་འཇུག་ཕྱག །རྡོ་རྗེ་ཐོད་པ་འཆང་དེར་ཕྱག་འཚལ་འདུད། །དེ་ནས་ད་ནི་སྤྱི་དོན་གཉིས་པ་ཁྲིད་རིམ་དངོས་གཞི་སྟོན་པར་བྱེད་པ་ལ་ཡང་གཏེར་གཞུང་རྩ་བར་
[ 408 ]
མ་ཧཱ་ཨ་ནུ་ཨ་ཏི་ཡོ་ག་གསུམ་དང་ལྟ་སྒོམ་སྤྱོད་པ་གསུམ་གྱི་ཁྲིད་རིམ་གཏུམ་མོ་འཕོ་བ་རྣམས་རིམ་པར་བསྟན་པ་ལས། འདིར་དེ་རྣམས་ཀྱི་དགོངས་པ་ཁྲིགས་སུ་བསྡེབས་

ནས་བསྟན་ན་སྤྲུལ་སྐུ་ལམ་དུ་བྱེད་པ་སྐུ་རྡོ་རྗེ་མ་ཧཱ་ཡོ་ག་ལྟར་བསྐྱེད་རིམ་བསྒོམ་བཟླས་ཏིང་ངེ་འཛིན་གྱི་ཁྲིད། ལོངས་སྐུ་ལམ་དུ་བྱེད་པ་གསུང་རྡོ་རྗེ་ཨ་ནུ་ཡོ་ག་ལྟར་རྫོགས་ རིམ་ཐབས་ལམ་ཙཎྜ་ལཱི་ཡི་ཁྲིད། ཆོས་སྐུ་ལམ་དུ་བྱེད་པ་ཐུགས་རྡོ་རྗེ་ཨ་ཏི་ཡོ་ག་ལྟར་རྫོགས་ཆེན་ཀ་དག་ཁྲེགས་ཆོད་ཕྱི་ཁྲིད། ངོ་བོ་ཉིད་སྐུ་ལམ་དུ་བྱེད་པ་ཡེ་ཤེས་རྡོ་ རྗེ་ཡང་གསང་བླ་མེད་རྡོ་རྗེ་སྙིང་པོ་ལྟར་ལྷུན་གྲུབ་འོད་གསལ་ཐོད་རྒལ་གྱི་ཁྲིད་དེ། དེ་ལྟར་རྡོ་རྗེ་བཞི་ཡི་ཁྲིད་སྤྱི་དོན་བཞིར་བཞག་སྟེ་དབང་བཞིའི་ལས་རིམ་དང་གུང་མཐུན་ པར་འཆད་པ་ཡིན་ལ། དེ་ཡང་ཁྲིད་ཞུ་སློབ་མ་རྣམས་དངོས་གཞི་ལ་འཇུག་པའི་སྐབས་འདིར་གསང་སྔགས་བླ་མེད་སྤྱིའི་དཀྱིལ་འཁོར་དུ་དབང་བསྐུར་བ་ཚུལ་ལྡན་

དང་༑ བྱེ་བྲག་ཡང་ཟབ་བླ་མའི་བྱིན་རླབས་རྩ་བའི་དབང་བཞི་བུམ་པ་ཐོད་པ་ཁ་ཊྭཱཾ་རྡོ་རྗེ་སེམས་དཔའི་མེ་ལོང་ལ་བརྟེན་པ་ཚིག་གི་ན་ཡམ་ཙམ་མ་ཡིན་པར་ཏིང་ངེ་འཛིན་
[ 409 ]
༄༅། །གསལ་ཞིང་བརྡ་དོན་འཕྲོད་པ་ཐོབ་པར་བྱེད་པ་ནི་སྔགས་ཀྱི་འཇུག་སྒོ་མེད་ཐབས་མེད་པ་ཡིན་པས་ངེས་པར་གལ་ཆེ་ལ། དེ་བཞིན་སྒྲུབ་པ་ལུང་བྱིན་གླེགས་

བམ་དབང་དང་སྲུང་མའི་གཏོར་དབང་ཡང་བསྐུར། དེ་ནས་བསྐྱེད་པའི་ཁྲིད་ལ་དངོས་དང་རྗེས་འབྲེལ་གཉིས། དེའི་དང་པོ་ལ་ཡང་ཏིང་ངེ་འཛིན་རྣམ་པ་གསུམ་གྱི་གཞི་བཟུང་བ། ཕྱི་ནང་གསང་བ་ཡང་གསང་གི་སྒྲུབ་པའི་གཞུང་བསྲང་བ། ཕྲིན་ལས་རྣམ་པ་བཞིའི་ཁ་ཚར་གདབ་པ། ཚེ་ཡི་སྒྲུབ་པས་མཐའ་རྒྱས་སུ་བྱེད་པ་སྟེ་བཞིའོ། །དེ་ལ་དང་པོ་ ནི༑ ཡིད་དང་མཐུན་པའི་གནས་སུ་བདེ་བའི་སྟན་ལ་འཁོད་དེ་སྐྱབས་སེམས་བླ་མའི་རྣལ་འབྱོར་སོགས་སྔོན་དུ་འགྲོ་བའི་རིམ་པ་རྣམས་གྲུབ་པར་བྱས་ཤིང་དེ་འཕྲལ་ལུས་ བསམ་གཏན་གྱི་ཆོས་དང་མཐུན་པ་མིག་ལྟ་སྟངས་གཡོ་མེད་དང་ཐོག་མར་རླུང་རོ་ལེགས་པར་བསལ་ལ། དེ་རྗེས་རང་བབ་ཏུ་གློད། དེ་ནས་ཏིང་འཛིན་རྣམ་གསུམ་གྱི་དང་པོ་

མཉམ་པར་བཞག་པ་དེ་བཞིན་ཉིད་ཀྱི་ཏིང་ངེ་འཛིན་ནི། ཐོག་མར་རྡོ་རྗེའི་ཚིག་འདིས་གསལ་བཏབ་སྟེ། ཨོཾ་ཨཱཿཧཱུྃ༔ འདི་ལྟར་སྣང་སྲིད་གཉིས་བསྡུས་ཆོས་རྣམས་ཀུན༔
[ 410 ]
ཡེ་ནས་སྟོང་ཞིང་ནམ་མཁའ་ལྟ་བུ་ལ༔ བྱེད་སྤྱོད་བླང་དོར་འཛིན་པའི་མཐའ་ལས་འདས༔ ཞེས་ངག་ཏུ་བརྗོད་ནས་དེ་ཡི་དོན་འདི་ལྟར་བདག་གཞན་འཁོར་འདས་སྣང་སྲིད་

གཉིས་བསྡུས་ཀྱི་ཆོས་རྣམ་པར་ཤར་བ་ཀུན་ཡེ་ནས་སྟོང་ཞིང་སྤྲོས་པ་དང་བྲལ་བ་ནམ་མཁའ་ལྟ་བུ་དེ་ལ་སྐྱེ་འགག་གནས་པ་དང་རྒྱུ་རྐྱེན་འབྲས་བུ་ལས་འདས་པ་གདོད་མའི་ཁམས་ རྣམ་པར་དག་པ་ཆོས་ཀྱི་དབྱིངས་འདུས་མ་བྱས་པའི་རང་བཞིན་འོད་གསལ་སྟོང་ཉིད་གཟུང་འཛིན་བྱ་བྱེད་སྤང་བླང་མཐའ་ལས་འདས་པ་ཉིད་དུ་ཤེས་པར་བྱས་ནས། རྣམ་རྟོག་ གསུམ་བྲལ་སྟོང་ཉིད་འོད་གསལ་གྱི་ངང་དུ་ཅི་གནས་སུ་མཉམ་པར་བཞག་པ་སྟེ་དམིགས་ཐུན་དང་པོའོ། །གཉིས་པ་མཉམ་ལྡང་ཀུན་ཏུ་སྣང་གི་ཏིང་ངེ་འཛིན་ནི། གོང་ གི་སྟོང་ཉིད་ལས་ལྡངས་ནས་ང་རྒྱལ་བཟུང་བའི་ཚུལ་གྱི་རྡོ་རྗེའི་ཚིག་འདིས་བསྟན་ཏེ། པདྨ་སཾ་བྷ་བདག་ནི་དེ་ལྟར་སྨྲ༔ དྷརྨ་དྷཱ་ཏུ་སྭ་བྷཱ་ཝ་ཨཱཿཧཱུྃ༔ ཞེས་བརྗོད།

དེ་ཡང་སེམས་ཅན་རྣམས་ཀྱི་ཁམས་གློ་བུར་མི་གཙང་ལྗན་ལྗིན་གྱི་དབུས་སུ་གདོད་ནས་རྣམ་པར་དག་པ་ཆོས་ཁམས་ཀ་དག་བདེ་གཤེགས་སྙིང་པོ་རྙོག་བྲལ་པདྨ་ལྟར་མ་
[ 411 ]
༄༅། །སྐྱེས་རང་བྱུང་ཡོན་ཏན་ཀུན་ལྡན་དུ་གཙང་རྟོག་བདེ་བའི་རང་བཞིན་བདག་མེད་པ་དོན་དམ་པའི་བདག་ལྷན་སྐྱེས་ཡེ་ཤེས་ཀྱི་ངོ་བོ་ནི་ནམ་ཡང་འབྲི་གང་མེད་

པར་དེ་ལྟར་གནས་ཞེས་དཔེ་ཚིག་སྨྲ་བརྗོད་ལས་འདས་ཀྱང་ཐབས་ལ་མཁས་པས་དེ་ལྟར་ཚིག་གིས་སྨྲ་བ་སྟེ། དེ་ལྟར་མ་རྟོགས་པའི་སེམས་ཅན་རྣམས་མ་རིག་གཉིས་ འཛིན་འཁྲུལ་པའི་སྣང་བར་ཞེན་པས་ཁམས་གསུམ་འཁོར་བའི་སྡུག་བསྔལ་ལ་སྤྱོད་པ་སྙིང་རེ་རྗེ། དེ་ལྟར་ན་ཡང་དེ་རྣམས་རྣམ་པར་དག་པ་ཆོས་ཀྱི་དབྱིངས་ཀྱི་རང་བཞིན་ ལས་མ་འདས་པས་གློ་བུར་དྲི་མ་མཐའ་དག་བསལ་ནས་བྲལ་འབྲས་ཆོས་སྐུ་ལ་ཅིས་ཀྱང་བཀོད་པར་བྱ་སྙམ་པའི་དམིགས་མེད་སྙིང་རྗེ་སྒྱུ་མ་ལྟ་བུ་ལ་སེམས་ཅི་གནས་སུ་ བཞག །དམིགས་ཐུན་གཉིས་པའོ། །དེ་ལྟར་དམིགས་ཐུན་དེ་གཉིས་པོ་མགྱོགས་ཁྲིད་ཀྱི་སྐབས་སུ་གཅིག་ཏུ་བསྡམས་པས་དངོས་གཞི་བསྐྱེད་རིམ་ལྷ་ཁྲིད་ཀྱི་

དམིགས་སྐོར་གཅིག་པའོ། །གསུམ་པ་མཉམ་ལངས་ཟུང་འཇུག་རྒྱུ་ལས་འབྲས་བུ་ལྷ་སྐུར་ལྡང་བ་རྩ་བ་རགས་པའི་ཚུལ་དུ་གསལ་བཏབ་པ་དང་ཡན་ལག་ཕྲ་ཞིབ་ཀྱི་ཚུལ་དུ་
[ 412 ]
བསྟན་པར་བསྒོམ་པ་གཉིས་ལས་དང་པོ་གཏེར་གཞུང་རྡོ་རྗེའི་ཚིག་གིས་གསལ་བཏབ་པ་ནི། ཧྲཱིཿ བདག་ཉིད་ཐ་མལ་རང་སེམས་བཟོ་མེད་འདི༔ དཀོན་མཆོག་སྤྱི་

འདུས་པདྨ་འོད་འབར་སྐུ༔ ཞེས་པ་སྟེ། དེ་ཡང་རྒྱུ་ཡི་རྐྱེན་རྒྱལ་བ་ཐམས་ཅད་ཀྱི་སྐུ་གསུང་ཐུགས་གཉིས་སུ་མེད་པ་ཡེ་ཤེས་རྡོ་རྗེའི་རང་སྒྲ་ཧྲཱིཿཞེས་གཞོམ་མེད་ནཱ་དའི་ དབྱངས་ཀྱིས་བསྐུལ་བས་གོང་དུ་བཤད་པ་ལྟར་མ་རིག་པའི་ཆས་བསྡུས་པའི་གཟུང་འཛིན་གྱི་བདག་འཁོར་དང་བཅས་པ་སྤངས་པའི་ཆོས་དབྱིངས་ཀྱི་བདག་འཁོར་འདས་ ཐམས་ཅད་ལ་ཁྱབ་སྟེ་བཞུགས་པའི་ངོ་བོ་ཉིད་འགྲོ་བ་རྣམས་ཀྱི་ཆོས་ཁམས་ཐ་མལ་གཉུག་མ་ཞེས་མ་བཅོས་རང་བྱུང་བྱང་ཆུབ་སེམས་ཀྱི་གཤིས་ལྷན་ཅིག་སྐྱེས་པའི་ཡེ་ ཤེས་སངས་རྒྱས་དང་སེམས་ཅན་གྱིས་གསར་དུ་བཟོ་བཅོས་ཀྱིས་བཟང་ངན་བྱར་མེད་པ་འདི་ཀ་རྣམ་པ་ཀུན་མཆོག་དང་ལྡན་པའི་སྟོང་གཟུགས་ཕྱག་རྒྱ་ཆེན་པོའི་སྐུར་ཤར་

བ་སྟེ། དེ་ཡང་ཡེ་ཤེས་ཀྱི་རང་མདངས་མཐའ་དང་མུ་མེད་པའི་འོད་ཟེར་འབྱམས་ཀླས་པའི་ཀློང་དུ་རྡོ་རྗེའི་ས་གཞི་རྭ་གུར་མེ་འོད་མཚོན་ཆ་འཕྲོ་བའི་དབུས་སུ་བདེ་སྟོང་
[ 413 ]
༄༅། །ཟུང་འཇུག་རྡོ་རྗེ་བཙུན་མོའི་མཁའི་རང་བཞིན་པད་དཀར་ཟླ་བའི་གདན་ལ་རེག་པའི་ངོ་བོ་དཀོན་མཆོག་ཡོངས་ཀྱི་སྤྱི་དཔལ་སྐུ་གསུང་ཐུགས་ཡོན་ཏན་

ཕྲིན་ལས་མི་འཛད་རྒྱན་གྱི་འཁོར་ལོ་གཅིག་ཏུ་འདུས་པའི་བདག་ཉིད། དམིགས་མེད་སྙིང་རྗེ་བདེ་བ་ཆེན་པོའི་པདྨ་རྣམ་ཀུན་མཆོག་ལྡན་སྟོང་ཉིད་འོད་གསལ་ཟུང་འཇུག་ ཚད་མེད་པའི་ཡོན་ཏན་མཆོག་ཏུ་འབར་བ་བླ་མ་ཡིད་བཞིན་ནོར་བུ་ཐུན་མོངས་དང་ཁྱད་པར་གྱི་མཚན་དཔེ་ཡོངས་སུ་རྫོགས་པའི་སྐུ་དེ་ཡང་། བདག་ཉིད་འགྱུར་མེད་ཡེ་ ནས་རྡོ་རྗེའི་སྐུ༔ ཞེས་པ་ལྟར་གདོད་ནས་རང་བྱུང་ལྷུན་གྲུབ་ཆེན་པོར་གནས་པ་ལ་རང་གསལ་གདབ་པའི་ཚུལ་གྱིས་སྣང་སྟོང་སྒྱུ་མ་ལྟ་བུར་སྐད་ཅིག་མར་ཝལ་གྱིས་ བསྐྱེད་ལ་ཅི་གནས་སུ་བཞག །དམིགས་ཐུན་དང་པོའོ། །དེ་ལྟར་ཏིང་འཛིན་གསུམ་གྱི་གཞུང་གཏེར་བྱོན་རྡོ་རྗེའི་ཚིག་ཕལ་རྣམས་ཀྱིས་ཅུང་ཟད་རྟོགས་དཀའ་བར་

སྣང་བས་འབྲུ་བཀྲལ་ཏེ་དོན་གྱི་གནད་གསལ་བར་ཕྱེས་པ་ཡིན་ལ། གཞན་ཡང་ཏིང་འཛིན་གསུམ་གྱིས་མར་སྦྱང་བྱ་འཁོར་བའི་སྐྱེ་འཆི་བར་དོའི་བག་ཆགས་དག་པར་
[ 414 ]
བྱེད་ཅིང་། ཡར་སྦྱངས་འབྲས་སྐུ་གསུམ་གྱི་གསོས་འདེབས་ཤིང་། བར་རྣལ་འབྱོར་སད་རྨི་གཉིད་འཐུག་སྒྱུ་ལུས་འོད་གསལ་ཟུང་འཇུག་གི་ལམ་དུ་བྱེད་ཅིང་།

མཐར་ཐུག་སྐུ་གསུང་ཐུགས་ཀྱི་རྡོ་རྗེ་སྒྲུབ་པའི་ཚུལ་ཁྱད་པར་ཅན་ཏེ། ཞིབ་པར་གཞུང་དོན་བླ་མའི་ཞལ་ལུང་མཉན་པར་བྱ་ལ་རང་ལུགས་སྔགས་ཀྱི་སྤྱི་གཞུང་ཆེན་པོ་ རྣམས་སུ། སྟོང་པ་ཆེན་པོ་དང་སྙིང་རྗེ་སྒྱུ་མ་དང་ཕྱག་རྒྱ་གཅིག་པ་ཞེས་གསུངས་པ་ཡང་འདི་དང་གནད་དོན་གཅིག་པ་ཁོ་ན་ཡིན་ནོ། །གཉིས་པ་ཡན་ལག་ཕྲ་ཞིབ་ ཀྱི་ཚུལ་དུ་བསྟན་པར་བསྒོམ་པ་ལ། ཐོག་མར་རྡོ་རྗེའི་ཚིག་ངག་ནས་བརྗོད་དེ་སེམས་ལ་གསལ་བཏབ་པ་ནི། དཀར་གསལ་མདངས་ལྔ་མཛེས་འཛུམ་རྒྱན་གྱིས་ སྤྲས༔ རྡོ་རྗེ་ཐོད་པ་ཚེ་བུམ་རིན་ཆེན་བརྒྱན༔ པད་ཞྭ་རྒོད་ལྡེམ་ཁ་ཊྭཱཾ་གཡོན་ནས་འཁྲིལ༔ ཕོད་ཀ་ཆོས་གོས་ཟ་འོག་བེར་ཕྱམ་ཅན༔ མཚན་དཔེ་རབ་རྒྱས་འོད་

ཀྱི་དཀྱིལ་འཁོར་མཛེས༔ མཉམ་ཉིད་བདེ་ཆེན་འཁྱིལ་པའི་སྐྱིལ་ཀྲུང་བཞུགས༔ འོད་ཀྱི་ལུས་ལ་ཡེ་ཤེས་སྙིང་པོ་ཅན༔ གསལ་སྟོང་ཐུགས་རྗེའི་འོད་ཟེར་ཀུན་
[ 415 ]
༄༅། །ལ་སྙོམས༔ མཁའ་འགྲོ་འཇའ་སྤྲིན་རྣམ་མང་འཁྲིགས་པའི་དབུས༔ སྐུ་ཡི་སྤྲུལ་པས་ཞིང་ཁམས་ཡོངས་ལ་ཁྱབ༔ ནམ་མཁའི་

ལུས་ཅན་གར་ཡང་ཐོགས་པ་མེད༔ བདེ་གཤེགས་ཀུན་གྱི་བཀོད་པ་སྐུ་ལ་རྫོགས༔ ཀུན་ཀྱང་རྒྱལ་བའི་དཀྱིལ་འཁོར་ཟང་ཐལ་ལཿ བགེགས་དང་བར་ཆད་ཅེས་ བྱའི་མིང་ཡང་མེད༔ སྣང་སྟོང་སྒྱུ་མ་ཙམ་དུ་གསལ་བར་བསྐྱེད༔ ཞེས་བརྗོད་ལ་གུ་རུ་རིན་པོ་ཆེའི་སྐུ་མདོག་ཉམས་འགྱུར་རྒྱན་ཆ་ཕྱག་མཚན་ཅོད་པཎ་‚པན་ཁྱད་པར་གྱི་ ཕྱག་རྒྱ་ན་བཟའ་མཚན་དཔེ་ཡེ་ཤེས་ཀྱི་འོད་སྣང་དག་སྦྱོར་བཅས་ཞབས་ཀྱི་བཞུགས་ཚུལ་གདན་ཡང་དེ་ཡི་ཤུགས་ཀྱིས་བསྟན་པ་སྐུ་དང་ཡེ་ཤེས་ཟུང་དུ་འཇུག་ཅིང་ཕྲིན་ལས་ཀྱི་ ཚུལ་འཁོར་ཚོགས་ཚོམ་བུ་བཀྲག་གསལ་འཐུག་པ་དང་བཅས་གསལ་བར་བསྒོམ་ཞིང་། དེ་ཡང་སྐུ་གསུམ་གྱི་རོལ་པ་སྤྲུལ་པས་གདུལ་བྱ་ཡོངས་ལ་ཁྱབ་པ། ཆོས་སྐུ་

མཁའ་ཁྱབ་སྤྲོས་བྲལ་གདལ་པ་ཆེན་པོ། རྒྱལ་བའི་དཀྱིལ་འཁོར་ལོངས་སྤྱོད་མཐའ་དག་སྐུ་ལ་རྫོགས་པ། སྐུ་གསུམ་དབྱེར་མེད་ངོ་བོ་ཉིད་སྐུ་ཟང་ཐལ་སྣང་སྲིད་
[ 416 ]
དག་པའི་དཀྱིལ་འཁོར་ཅན་ལྟར་སྣང་སྒྱུ་མ་ལྟ་བུར་གསལ་བཏབ་པ་ནན་ཏན་དུ་བྱ་དགོས་ཏེ་དམིགས་ཐུན་གཉིས་པའོ། །དམིགས་ཐུན་དེ་གཉིས་པོ་མགྱོགས་ཁྲིད་ཀྱི་སྐབས་སུ་གཅིག་

ཏུ་བསྡམས་པས་དངོས་གཞི་བསྐྱེད་རིམ་ལྷ་ཁྲིད་ཀྱི་དམིགས་སྐོར་གཉིས་པའོ།། ༈ །།དེ་ལྟར་བསྐྱེད་པའི་རིམ་པ་ལ་མཚན་ཉིད་གསུམ་གྱིས་ལེགས་པར་བསྒྲུབ་ པ་བྱ་དགོས་ཏེ། དེ་ཡང་རྣམ་པ་གསལ་བ། ང་རྒྱལ་བརྟན་པ། རྣམ་དག་དྲན་པ་གསུམ་སྟེ་དེ་རིམ་པ་ཅིག་ཅར་ཅི་ནུས་སུ་ཉམས་ལེན་བྱལ། དེ་ཡི་དང་པོ་རྣམ་པ་གསལ་བ་ནི། རེས་པད་དཀར་ཟླ་གདན་ནས་རྒོད་ལྡེམ་གྱི་བར་དུ་གསལ་བཏབ་ཅིང་། རེས་རྒོད་ལྡེམ་ནས་གདན་གྱི་བར་དུ་གསལ་བཏབ། རེས་ཐུགས་ཀ་ནས་ཕྱག་སོར་རྩེ་དང་། ཕྱག་ སོར་ནས་ཐུགས་ཀའི་བར་ཐོག་མར་སྐུ་དང་རྒྱན་ཆ་ལུགས་ཆས་རེ་རེ་ནས་གསལ་བཏབ་ཅིང་མཐར་མེ་ལོང་ངོས་ལ་ཙཀླིའི་གཟུགས་གཅིག་‚ཅིག་ཅར་དུ་འཆར་བ་བཞིན་ཆ་མེད་ཀུན་འགྲོའི་

རྣམ་པ་ཤིན་ཏུ་གསལ་བ་ལ་ཐོག་མར་ཡུན་ཐུང་གྲངས་མང་དང་མཐར་ཡུན་ཅི་རིང་གསལ་བཞིན་དུ་བསྒོམ་པ་སྟེ་དམིགས་ཐུན་གཅིག་གོ། ༈ །།ང་རྒྱལ་བརྟན་པ་
[ 417 ]
༄༅། །ནི༑ རང་གི་རིགས་རུས་གཟུགས་བརྙན་མིང་གི་བླ་བཏགས་ཀྱི་འཛིན་རྟོག་ཡོངས་སུ་སྤངས་ཏེ་ལྷ་སྐུའི་རྣམ་པ་གསལ་མི་གསལ་ཇི་ལྟར་ཡང་གཟི་བརྗིད་འོད་

དཔག་ཏུ་མེད་པའི་ངོ་བོ་གུ་རུ་པདྨའི་སྐུ་གསུང་ཐུགས་ཡོན་ཏན་ཕྲིན་ལས་ཐམས་ཅད་ཀྱི་བདག་ཉིད་ངའོ་སྙམ་པའི་ང་རྒྱལ་དང་། དེ་བཞིན་སངས་རྒྱས་ཐམས་ཅད་ཀྱི་ཐུགས་རྗེ་བྱིན་ རླབས་ནུས་མཐུ་གཅིག་ཏུ་བསྡུས་པའི་སྤྱི་དཔལ་བདག་ཉིད་དོ་སྙམ་པའི་སེམས་བརྟན་པོར་བཟུང་བ་སྟེ་དམིགས་ཐུན་གཉིས་པའོ། །རྣམ་དག་དྲན་པ་ལ། སྐུ་མདོག་ཕྱག་མཚན་ རྒྱན་ཆ་ལུགས་ཀྱི་རྣམ་དག་དང་། ལྷ་སྐུ་གསལ་སྟོང་ཟུང་འཇུག་དོན་དམ་གཉིས་ཀྱི་རྣམ་དག་དྲན་པ་སྟེ་གཉིས་སོ། །དང་པོ་ནི། དེ་ཡང་མངོན་རྟོགས་ཀྱི་འདོད་ཚིག་རེ་རེ་བཞིན་ དོན་ལ་སེམས་ན་དྲི་མ་མཐའ་དག་སྤང་བ་ཆོས་དབྱིངས་རང་བཞིན་གྱི་འོད་གསལ་བས་སྐུ་མདོག་དཀར་ཞིང་རྟོག་བྲལ་གསལ་ལ་དྭངས་པ་ཆོས་ཀྱི་དབྱིངས་ཀྱི་ཡེ་ཤེས་རང་གདངས་ཡེ་ཤེས་

བཞི་ལྷན་སྐྱེས་རང་ཆས་སུ་སྣང་བའི་མཚོན་དོན་དང་གུ་རུ་པདྨ་རྒྱལ་བ་རིགས་ལྔ་གཅིག་ཏུ་འདུས་པ་གསང་ཆེན་རིགས་གཅིག་གི་ངོ་བོར་གྲུབ་པའི་བརྡར་ཤེལ་གྱི་འོད་མདངས་ནང་ན་གནས་
[ 418 ]
པའི་ཁ་དོག་བཞིན་ཞལ་གྱི་དཀྱིལ་འཁོར་དཀར་གསལ་བལྟ་བས་མི་བཟོད་པའི་འོད་མདངས་ལྔ་རྣམ་པར་འགྱུར། བྱང་ཆུབ་སེམས་ཀྱིས་གདུལ་བྱའི་ཡིད་འཕྲོག་པས་མཛེས་པ་

དམིགས་པ་མེད་པའི་སྙིང་རྗེས་འགྲོ་ལ་ཆགས་པའི་ཚུལ་གྱིས་འཛུམ་པ། འདོད་ཡོན་མ་སྤངས་རྒྱན་དུ་ཤར་བ་རིན་ཆེན་དུ་མའི་རྒྱན་གྱིས་སྤྲས་པ་སྟེ། དཀར་གསལ་མདངས་ ལྔ་མཛེས་འཛུམ་རྒྱན་གྱིས་སྤྲས༔ ཞེས་གསུངས་པའི་དག་སྦྱོར་སྙིང་པོ་ཙམ་སྨོས་པ་དེ་ཡིས་དཔེར་མཚོན་ཏེ། སྣང་སྟོང་སྒྱུ་མ་ཙམ་དུ་གསལ་བར་བསྐྱེད༔ ཅེས་པའི་ བར་སྤྲོ་ཞིང་ནུས་ན་ཚིག་སོ་སོའི་དོན་དག་སྦྱོར་བྱས་ན་ལེགས་པར་འགྱུར་མོད་ཀྱང་འདིར་ཡིག་ཚོགས་མང་པོར་བྱུང་དོགས་ནས་མ་སྤྲོས་ལ་གནས་སྐབས་མདོ་དོན་ས་བོན་ཙམ་སྨོས་ན། དེ་ཡང་ཆོས་ཐམས་ཅད་ཐིག་ལེ་ཉག་གཅིག་གི་ཞལ། བདེན་པ་གཉིས་ཀྱི་ཕྱག །ཐབས་དང་ཤེས་རབ་ཀྱི་ཞབས་འཁོར་འདས་མཉམ་ཉིད་རྡོ་རྗེ་སྐྱིལ་ཀྲུང་དུ་བཞུགས་པ།

སྲིད་པའི་སྐྱོན་གྱིས་མ་གོས་པ་ཤེས་རབ་རང་འོད་གསལ་བའི་སྐུ་མདོག་དཀར་པོ། །ཞི་བ་ལ་མི་གནས་པ་ཐུགས་རྗེ་འགྲོ་ལ་ཆགས་པའི་སྐུ་མདོག་དཀར་ལ་དམར་བའི་མདངས་
[ 419 ]
༄༅། །ཆགས་ཤིང་ཡེ་ཤེས་ཀྱི་འོད་ལྔ་རྣམ་པར་འགྱུར་བ། དབྱིངས་རིག་འདུ་འབྲལ་མེད་པ་རྡོ་རྗེའི་སྤྱན་ཐད་ཀར་གཟིགས་ཤིང་ཚད་མེད་པའི་ཐུགས་རྗེ་ཞལ་གྱི་

དཀྱིལ་འཁོར་ལྟ་བས་ཆོག་མི་ཤེས་པ། ཕ་རོལ་ཕྱིན་པ་དྲུག་གི་ཡོན་ཏན་མ་ལུས་རྫོགས་པས་མཚན་དང་དཔེ་བྱད་ཀུན་ནས་རྒྱས་པ། ཅིར་སྣང་ཡེ་ཤེས་ཀྱི་རྒྱན་དུ་ཤར་བས་རིན་པོ་ ཆེའི་རྒྱན་ཆས་སྤྲས་པ། བསླབ་པ་གསུམ་གྱི་ཡོན་ཏན་ཡོངས་སུ་རྫོགས་པས་ཆོས་གོས་གསུམ་དང་། ཆོས་ཉིད་འགྱུར་བ་མེད་ཅིང་ཉེ་ལམ་གྱིས་སེམས་ཅན་སྒྲོལ་བས་ཕོད་ མཐིང་གསང་གོས་དང་། ཡེ་ཤེས་ལྔ་ལ་དབང་སྒྱུར་བའི་ཟ་འོག་གི་བེར་ཕྱམ་གསོལ་བ། སྐུ་གསུམ་རྒྱལ་བ་ཐམས་ཅད་ཀྱི་ཐུགས་རྗེ་ཕྲིན་ལས་ཡོན་ཏན་རྩལ་རྫོགས་སུ་དབང་ བསྐུར་བའི་པད་ཞྭ་རྒོད་ལྡེམ་ཅན་དབུ་ལ་བཞེས་པ། ཆོས་ཀྱི་དབྱིངས་སྟོང་པ་ཉིད་རྡོ་རྗེ་ལྟ་བུའི་ཏིང་འཛིན་བརྙེས་པས་ཕྱག་གཡས་ཐུགས་ཀར་རྡོ་རྗེ་དང་། མི་འགྱུར་བདེ་བ་

ཆེན་པོའི་བརྡར་ཐོད་པ་བདུད་རྩིས་བཀང་བ་དང་། བདུད་བཞི་མཐའ་དག་གཏན་ནས་བཅོམ་པས་འཆི་མེད་ཚེའི་བུམ་པ་དོན་གཉིས་ལྷུན་གྲུབ་ཡིད་བཞིན་ནོར་བུའི་ཁ་རྒྱན་ཅན་ཕྱག་
[ 420 ]
གཡོན་མཉམ་གཞག་གིས་འཛིན་པ། དུག་གསུམ་ཡེ་ཤེས་གསུམ་དུ་སྒྲོལ་བའི་བརྡར་ཁ་ཊྭཱཾ་ག་ཁ་བྱེ་བ་ཁ་སྦྱོར་སོགས་ཡན་ལག་བདུན་དང་ལྡན་པ་མཚོན་ཕྱིར་གྲུ་མོ་གཡོན་ན་

འཆང་བ། སྤྲོས་པའི་མཐའ་ཐམས་ཅད་ལས་འདས་པ་ཆོས་ཀྱི་སྐུ་ལས་མ་གཡོས་བཞིན་སེམས་ཅན་གྱི་དོན་མཛད་པ་སྐུ་ལུས་དྲང་པོ་ཉིད་དུ་སྐུ་དང་ཞིང་ཁམས་ཡེ་ནས་འདུ་ འབྲལ་མེད་པར་འཇའ་འོད་ཐིག་ལེའི་དབུས་སུ་བཞུགས་པ་སོགས་ཏེ་རང་རྒྱུད་ཀྱི་ཞེན་པ་བཟློག་ཕྱིར་རྣམ་དག་དེ་ལྟར་དྲན་པར་བྱའོ། །དམིགས་ཐུན་གསུམ་པའོ། །གཉིས་ པ་ནི་དེ་ལྟར་ལྷ་སྐུ་བསྒོམས་པ་དེ་ཡང་ཨ་འཐས་གདོས་བཅས་ཀྱི་ཕུང་པོར་སྒོམ་པ་ནི་སྨོས་ཀྱང་ཅི་འཚལ་ཏེ། ཐ་མལ་རང་སྣང་གི་ཞེན་པས་ཀྱང་བཅིང་བར་མི་བྱ་ལ། དེ་ ཡང་ཡང་དག་པར་ནི་འདུས་བྱས་ཡོངས་སུ་འདས་པ་ཆོས་ཉིད་དབྱིངས་མེ་ལོང་ལྟ་བུའི་ཡེ་ཤེས་ཅན་རང་མདངས་པྲ་ཕབ་པའི་གཟུགས་བརྙན་ལྟར་རྣམ་པ་ཐམས་ཅད་པ་སྣང་ལ་

རང་བཞིན་མེད་པ་ཆོས་ཀྱི་སྐུ་འོད་གསལ་སྟོང་པ་ཉིད་ཀྱི་གཟུགས་རང་སྣང་དག་པའི་འཁོར་ལོ་རྒྱུན་མི་འཆད་ཅིང་། སྨོན་ལམ་དབང་གིས་གཞན་སྣང་དུ་གཟུགས་ཀྱི་སྐུ་
[ 421 ]
༄༅། །སྒྱུ་མ་ཙམ་དུ་ཤར་བ་རྣམ་ཀུན་མཆོག་ལྡན་ཟབ་གསལ་དབྱེར་མེད་ཀྱི་ངོ་བོར་མི་འགྱུར་བདེ་ཆེན་གདོད་ནས་ལྷུན་གྲུབ་ཉིད་དུ་རང་ཤར་རང་གསལ་བ་བསྐྱེད་བྱ་

སྐྱེད་བྱེད་ལས་འདས་ཀྱང་གནས་སྐབས་རེ་ཞིག་དེ་ཉིད་ལམ་བྱེད་ལྟར་སྣང་ཚུལ་ཙམ་དུ་བསྐྱེད་པ་ཡང་དོན་གྱི་ངོ་བོ་དེ་ལྟར་ཡིན་པ་རྟོགས་དགོས་མོད། འོན་ཀྱང་རེ་ཞིག་ལས་དང་པོ་ པས་དེ་ལྟར་ཇི་བཞིན་ཁོང་དུ་མ་ཆུད་ཚེ་ལྷ་སྐུ་སྣང་ཡང་རང་བཞིན་སྟོང་པ་ཞེན་མེད་སྒྱུ་མ་ཙམ་དུ་ཆུ་སྣོད་དང་མེ་ལོང་གི་གཟུགས་བརྙན་ཇི་བཞིན་གསལ་བར་བསྐྱེད་པ་ཤེས་པར་བྱ་ སྟེ༑ དེ་ཡང་སེམས་ཉིད་སྟོང་པ་ལྷ་སྐུར་ཤར་ཞིང་ལྷ་སྐུའི་ངོ་བོ་སེམས་ཉིད་སྟོང་པ་ལས་གཞན་དུ་མ་གྱུར་པར་ཤེས་པ་དེ་ནི་དག་དྲན་ཐམས་ཅད་ཀྱི་སྙིང་པོ་ཡིན་ལ། རྩ་བ་ རྡོ་རྗེའི་ཚིག་ལས། སྣང་སྟོང་སྒྱུ་མ་ཙམ་དུ་གསལ་བར་བསྐྱེད༔ ཅེས་དང་། ཤེས་རབ་སྙིང་པོ་ལས། གཟུགས་སྟོང་པའོ། །སྟོང་པ་ཉིད་གཟུགས་སོ། །གཟུགས་

ལས་ཀྱང་སྟོང་པ་ཉིད་གཞན་མ་ཡིན་ནོ། །སྟོང་པ་ཉིད་ལས་ཀྱང་གཟུགས་གཞན་མ་ཡིན་ནོ། །ཞེས་པའི་དགོངས་དོན་ཏེ། དེ་ལྟ་བུའི་དོན་ལ་ནན་ཏན་གྱིས་ཁོང་དུ་ཆུད་པར་
[ 422 ]
བྱའོ། །དམིགས་ཐུན་བཞི་པའོ། །དེ་ལྟར་དམིགས་ཐུན་བཞི་མགྱོགས་ཁྲིད་ཀྱི་སྐབས་སུ་ཐུན་ཆེན་གཅིག་ཏུ་བསྡམས་པས་དངོས་གཞིའི་བསྐྱེད་རིམ་གྱི་དམིགས་སྐོར་གསུམ་

པའོ༑ །དེ་ལྟར་གསལ་དྲན་དག་པ་གསུམ་ནི་མགྱོགས་ཁྲིད་སྐབས་གོ་ངེས་པ་དང་། སླར་ནན་ཏན་གྱིས་བསྒོམ་པ་རྟགས་ཐོན་བྱེད་པ་ལ་གལ་ཆེ་ལ། འདི་བསྐྱེད་རིམ་གྱི་ཁྲིད་ ཐམས་ཅད་ལ་ཁྱབ་པའི་སྤྱི་ཆིངས་ཡིན་པས་འོག་ནས་འབྱུང་བའི་དྲག་པོ་དང་སེང་གདོང་མ་ལ་སོགས་པར་ཡང་ལྷ་རང་རང་གི་ངོ་བོ་སྐུ་མདོག་ཕྱག་མཚན་རྒྱན་ཆ་ལུགས་གསལ་བཏབ་ཚུལ་ དང་༑ དེའི་དག་དྲན་ཁྱད་པར་བ་ཐ་དད་ལས་གཞན་རིགས་འགྲེ་ཉིད་དུ་སྦྱོར་དགོས་ལ་དེར་མ་ཟད། ཡི་དམ་བསྐྱེད་རིམ་གཞན་མཐའ་དག་ལ་ཡང་ཚུལ་འདིའི་རྒྱས་གདབ་ཚུལ་ ཤེས་པར་བྱའོ། །དེ་ཡན་ཆད་བསྐྱེད་རིམ་གྱི་གཞི་གལ་ཆེ་ཤོས་ཡིན་པས་གནད་དོན་ཅི་རིགས་ཁོ་བོས་གསལ་བར་ཕྱེས་ཏེ་བཤད་པ་ཡིན་ནོ།། ༈ །།ད་ནི་སྤྱི་དོན་

གསུམ་པ་ཕྱི་ནང་གསང་བ་ཡང་གསང་གི་སྒྲུབ་ཚུལ་གཞུང་བསྲང་བ་ལ། དེ་ཡང་དང་པོ་ཕྱི་སྒྲུབ་ལྟར་ནི།‚ན། རང་ཉིད་གུ་རུ་པདྨ་འབྱུང་གནས་སུ་གསལ་བའི་གནས་རྩེ་མོ་རོ་
[ 423 ]
༄༅། །འདུས་དྲན་བཀོད་དུ་སྒྲིབ་པ་གསུམ་གཏན་ནས་སྤངས་པ་སངས་རྒྱས་ཐམས་ཅད་ཀྱི་སྐུ་གསུང་ཐུགས་རྡོ་རྗེའི་བདག་ཉིད་ཡི་གེ་འབྲུ་གསུམ་དུ་བྱིན་གྱིས་བརླབས་

པ་ཨོཾ་ཨཱཿཧཱུྃ་བཻ་ཌཱུརྻ་དང་པདྨ་རཱ་ག་དང་ཨིནྡྲ་ནཱི་ལ་ལྟར་དྭངས་གསལ་དཀར་དམར་སྔོ་བའི་འོད་ཟེར་འཕྲོ་ཞིང་གསལ་བ་ལ་ཡུན་ཅི་གནས་སུ་སེམས་གཏད། དེ་ནས་རང་གི་ཐུགས་ཀ་ནས་ འོད་ཟེར་ལྕགས་ཀྱུའི་དབྱིབས་ཅན་ནམ་མཁའི་ཁམས་ཁྱབ་ཅིང་ཁེངས་པར་འཕྲོས། ཕྱོགས་བཅུ་དུས་བཞིའི་བླ་མ་ཡི་དམ་སངས་རྒྱས་བྱང་ཆུབ་སེམས་དཔའ་ཉན་རང་གི་འཕགས་ པ་དགྲ་བཅོམ་ཡེ་ཤེས་སྤྱན་ལྡན་དཔའ་བོ་མཁའ་འགྲོ་ཆོས་སྐྱོང་སྲུང་མ་རྣམས་ཀྱི་ཐུགས་ཀར་ཕོག་པས་ཐམས་ཅད་གུ་རུ་པདྨ་འབྱུང་གནས་ཀྱི་སྐུ་གསུང་ཐུགས་ཀྱི་རྣམ་པར་གྱུར་ཏེ། དེ་ ཡང་དཀོན་མཆོག་རྩ་གསུམ་ཐམས་ཅད་ཀྱི་སྐུའི་དབྱིངས་སུ་བསྡུས་པའི་ཡོན་ཏན་བྱིན་རླབས་ནུས་མཐུ་མ་ལུས་པ་ཀུན་པདྨ་འབྱུང་གནས་ཀྱི་རྣམ་པར་གྱུར་ཏེ། ཆེ་བ་རི་རབ་ཙམ་ནས་

ཆུང་བ་ཡུངས་འབྲུ་དང་ཏིལ་འབྲུ་ཙམ། གསུང་གི་དབྱིངས་སུ་བསྡུས་པའི་ཡོན་ཏན་བྱིན་རླབས་ནུས་མཐུ་མ་ལུས་པ་ཀུན་ཡི་གེའི་རྣམ་པ་ཨཱ་ལི་ཀཱ་ལི་བཛྲ་གུ་རུ་རྒྱ་ཡིག་བོད་ཡིག་གི་
[ 424 ]
ཚུལ་ཁ་དོག་སྣ་ཚོགས་པ་དང་། ཐུགས་ཀྱི་དབྱིངས་སུ་བསྡུས་པའི་ཡོན་ཏན་བྱིན་རླབས་ནུས་མཐུ་མ་ལུས་པ་ཀུན་ཕྱག་མཚན་གྱི་རྣམ་པ་རྡོ་རྗེ་རིན་ཆེན་པདྨ་དྲིལ་བུ་བུམ་པ་ཐོད་པ་ཁ་ཊྭཱཾ་

དབྱུག་ཏོ་ལ་སོགས་པའི་ཚོགས་སུ་གྱུར་པ་ཉི་ཟེར་གྱི་རྡུལ་ལྟར་འཁྲིགས་ཤིང་ཁ་བ་བུ་ཡུག་འཚུབས་པ་ལྟར་རང་གི་ལུས་ངག་ཡིད་གསུམ་ལ་སིབ་སིབ་ཐིམ་པས་གཉིས་སུ་མེད་པར་ གྱུར་པ་ཡང་ནས་ཡང་དུ་བསམ་ཞིང་། ཁྱད་པར་རང་གི་མོས་གུས་སྟོབས་སུ་གྱུར་པའི་ཡུལ་རྩ་བརྒྱུད་བླ་མ་ཡི་དམ་སངས་རྒྱས་བྱང་སེམས་མཁའ་འགྲོ་ཆོས་སྐྱོང་རྣམས་དང་ཉམས་ སུ་ལེན་བྱའི་གླེགས་བམ་ལྷ་སོ་སོའི་ཕྱག་མཚན་རྣམས་རང་ལ་གཙོ་བོར་བསྟིམ་པ་ཡང་བྱ་ལ། དེ་ཡི་སྐབས་སུ་ཚིག་བདུན་གསོལ་འདེབས་དང་ཐོད་ཕྲེང་རྩལ་གྱི་ཛཔ྄་ཀྱིས་ བསྐུལ་བ་གལ་ཆེ་སྟེ། དེ་ཡང་། ཧྲཱིཿ སྔོན་གྱི་བསྐལ་པ་དང་པོ་ལ༔ ཨོ་རྒྱན་ཡུལ་གྱི་ནུབ་བྱང་མཚམས༔ པདྨ་གེ་སར་སྡོང་པོ་ལ༔ ཡ་མཚན་མཆོག་གི་

དངོས་གྲུབ་བརྙེས༔ པདྨ་འབྱུང་གནས་ཞེས་སུ་གྲགས༔ འཁོར་དུ་མཁའ་འགྲོ་མང་པོས་བསྐོར༔ ཁྱེད་ཀྱི་རྗེས་སུ་བདག་སྒྲུབ་ཀྱི༔ བྱིན་གྱིས་བརླབ་ཕྱིར་གཤེགས་
[ 425 ]
༄༅། །སུ་གསོལ༔ གནས་མཆོག་འདི་རུ་བྱིན་ཕོབ་ལ༔ སྒྲུབ་མཆོག་བདག་ལ་དབང་བཞི་སྐུར༔ བགེགས་དང་ལོག་འདྲེན་བར་ཆད་སོལ༔ མཆོག་དང་

ཐུན་མོང་དངོས་གྲུབ་སྩོལ༔ ཨོཾ་ཨཱཿཧཱུྃ་བཛྲ་གུ་རུ་པདྨ་ཐོད་ཕྲེང་རྩལ་བཛྲ་ས་མ་ཡ་ཛཿསིདྡྷི་ཕ་ལ་ཧཱུྃ་ཨཱཿ དེ་ལྟར་ཚིག་བདུན་གསོལ་འདེབས་ཛཔ྄་བཅས་ཚར་ཉེར་གཅིག་གམ་ བདུན་ནམ་གསུམ་སོགས་ཅི་‚ཇི་ལྟར་ནུས་པ་གདངས་དབྱངས་ཀྱིས་བརྗོད་ཅིང་གར་འཆམས་‚འཆམ་སྟངས་སྟབས་ཀྱང་བྱ། དེ་ཡང་ཀྱལ་ཁ་‚ཀ་རྩེད་མོའི་ཚུལ་དང་ཡིད་ཞུམ་པ་དང་ཐོ་ཅོར་མ་ སོང་བ་གོང་གི་བྱིན་རླབས་འབེབས་པའི་དམིགས་པ་གསལ་བ་དང་། སྣང་གྲགས་རྟོག་ཚོགས་ཀུན་རང་གི་རིག་རྩལ་སྒྱུ་མ་ཙམ་དུ་ཤེས་བཞིན་པར་བྱ། དེས་ནི་བར་ཆད་སེལ་ བྱིན་རླབས་འཇུག་མཆོག་གི་དངོས་གྲུབ་མྱུར་དུ་ཐོབ། ཐུན་མོང་དུ་ཡོངས་འགྲེལ་ལས། ཟང་ཟིང་ལོངས་སྤྱོད་ལ་སོགས་གནས་སྐབས་ཀྱི་ཡོན་ཏན་ཐམས་ཅད་ཕྱི་སྒྲུབ་ཀྱི་

ཕན་ཡོན་དུ་གསུངས་པ་ལུང་མཐུན་དུ་འདུག་ཅེས་འབྱུང་བ་ལྟར་ལྷ་འདྲེ་མི་དང་ཟས་ནོར་ཆོས་བཞིན་འདུ་བར་ངེས་ཤིང་། རྒྱུན་གྱི་རྣལ་འབྱོར་དུ་ཉི་ཤར་སོགས་ཐུན་དྲུག་ཐུན་
[ 426 ]
གསུམ་སྐབས་དང་། དཀྱིལ་འཁོར་སྒྲུབ་པ་ལ་ཞུགས་པ་ཡིན་ཚེ་ཐུན་སྐབས་གང་བདེ་རྣམས་སུ་མ་ཆག་ཅིང་མ་ཆད་པར་བྱས་ན་གོང་གི་ཡོན་ཏན་རྣམས་ངེས་པར་ཐོབ་ཅིང་།

དཀྱིལ་འཁོར་སྒྲུབ་པ་གཞན་དང་འབྲེལ་བ་ཡིན་ཡང་དེ་ལྟར་གྲུབ་ན་ཡི་དམ་གྱི་རྒྱུད་བསྐུལ་བའི་མཆོག་ཏུ་འགྱུར་ཞིང་དངོས་གྲུབ་མྱུར་དུ་ཐོབ་པའི་འཇུག་སྒོ་བླ་ན་མེད་པའོ།། །། ༈ དེ་ཡང་ཕྱི་སྒྲུབ་འདི་ལ་བསྙེན་ཚུལ་གཉིས་སུ་རྒྱུད་ཀྱི་ཡང་འགྲེལ་ལས་འབྱུང་བ་སྟེ། ཇི་སྐད་དུ། འདི་ལ་བསྙེན་ཚད་མེད། ཐུན་རྣམས་ལ་ཅི་ནུས་ཙམ་ གར་དབྱངས་དང་བཅས་ཏེ་བཟླས་པ་ལ། ཕྱི་སྒྲུབ་མིང་དུ་བཏགས་པ་ཙམ་དོན་ལ་བྱིན་འབེབས་ཡིན་འདུག་གོ །ཞེས་གསུངས་པས་བསྙེན་པའི་གྲངས་ངེས་མེད་པར་ཐུན་དང་ ཐུན་མཚམས་སུ་ཅི་ནུས་སྐྱོང་བའི་ལུགས་གཅིག་དང་། ཡང་དེ་ཉིད་ལས། རང་ཉིད་ལ་མཆོད་བསྟོད་དང་བཟླས་པ་བྱ་ཞིང་སྒྲུབ་པའོ། །ཞེས་གསུངས་པས་ཛཔ྄་

བཟླས་རིམ་པ་ངེས་ཅན་དུ་བཞེད་པར་ཡང་སྣང་བས། དེའི་ཚེ་སྔ་མའི་དགོངས་དོན་ནི་གོང་དུ་བཤད་པ་ལྟར་དང་། ཕྱི་མའི་དོན་ནི་གོང་གི་སྐུ་གསུང་ཐུགས་ཀྱི་བྱིན་རླབས་
[ 427 ]
༄༅། །བསྡུས་ཟིན་པའི་རྗེས་སུ་རྒྱལ་བའི་དཀྱིལ་འཁོར་མ་ལུས་ལུས་པ་མེད་པ་གཅིག་ཏུ་འདུས་པའི་སྤྱི་དཔལ་ངོ་བོ་བདག་ཉིད་ཡིན་པའི་ངེས་ཤེས་བརྟན་པོ་དང་

བཅས་ལས་གཞུང་ནས་བྱུང་བ་ལྟར་གྱི་མཆོད་བསྟོད་བྱས་ཤིང་། སླར་ཡང་གོང་གི་སྐུ་གསུང་ཐུགས་ཀྱི་བྱིན་རླབས་དབབ་པའི་དམིགས་པ་གསལ་བཏབ་བཞིན་ཐོད་ཕྲེང་རྩལ་ གྱི་བཟླས་པ་ཅི་ནུས་སུ་བྱ་བ་སྟེ། དེ་ཡང་། རྩ་གཞུང་རྡོ་རྗེའི་ཚིག་ཕྲིན་ལས་བཞི་སྒྲུབ་ལས། ཨོཾ་ཨཱཿཧཱུྃ་བཛྲ་གུ་རུ་པདྨ་ཐོད་ཕྲེང་རྩལ་བཛྲ་ས་མ་ཡ་ཛཿསིདྡྷི་ཕ་ལ་ཧཱུྃ་ཨཱཿ འདིས་ནི་སྣང་སྲིད་གཡོ་བར་འགྱུར༔ དུས་གསུམ་རྒྱལ་བ་གཅིག་ཏུ་སྡུད༔ བླ་མ་ཀུན་དང་འདུ་འབྲལ་མེད༔ འབྱུང་པོ་དྲེགས་པ་བརྒྱལ་ཞིང་འདར༔ མཁའ་འགྲོ་ ཆོས་སྐྱོང་སྤྲིན་བཞིན་འདུ༔ དཔའ་བོ་ཕོ་ཚོགས་མོ་ཚོགས་ཀུན༔ རང་དབང་མེད་པར་མངོན་སུམ་འོང་༔ མཆོག་དང་ཐུན་མོང་དངོས་གྲུབ་སྟེར༔ འདི་ཉིད་འགྲུབ་

རྟགས་མེད་པ་ན༔ པདྨ་བདག་གིས་སེམས་ཅན་བསླུས༔ དེ་ཕྱིར་མ་འོངས་ལས་ཅན་བུ༔ སྙིང་ལ་ཆོངས་ཤིག་ས་མ་ཡ༔ ཞེས་དང་། གུ་རུ་ཆོས་དབང་གི་གཏེར་
[ 428 ]
བྱོན་བླ་སྒྲུབ་གསང་འདུས་ལས། རེས་འགའ་ཐོད་ཕྲེང་རྩལ་གྱི་སྐུ༔ ནམ་མཁའ་གང་བར་ཆར་ཕབ་ནས༔ སྒྲུབ་པ་པོ་ཡི་སྤྱི་བོར་ཐིམ༔ ཤ་མེད་འོད་ཀྱི་གཟུགས་ཅན་ནི༔

པདྨ་འབྱུང་གནས་སྐུ་རུ་བསྒོམ༔ དེ་དུས་ཆེ་བའི་ང་རྒྱལ་བསྐྱེད༔ སྲོག་གི་སྙིང་པོ་ཐོད་ཕྲེང་རྩལ༔ བྲག་ཁ་དག་ནས་ཆུ་འབབ་བཞིན༔ དྲག་པོ་བར་མཚམས་མེད་པར་ དྲོངས༔ ང་ཉིད་རང་དབང་མེད་པར་བྱོན༔ ཞེས་དང་། སྙིང་པོ་བདེ་གཤེགས་འདུས་པའི་སྔགས༔ རྒྱལ་བ་ཀུན་འདུས་དྲིལ་སྒྲུབ་ཡིན༔ ས་ནི་བཅོ་ལྔ་ལམ་ལྔ་ཡང་༔ ང་བསྒྲུབ་ཐོད་ཕྲེང་བཟླས་པས་བགྲོད༔ དུས་གསུམ་སངས་རྒྱས་ཐམས་ཅད་ཀྱི༔ གསུང་རབ་ཐམས་ཅད་བཀླགས་དང་མཚུངས༔ ཞེས་པའི་དགོངས་པ་ཉིད་དུ་ ངེས་པས་ནན་ལྟར་དུ་བྱིན་རླབས་ཆེ་བ་ཞིག་གོ། །དེ་ནི་དངོས་གཞི་བསྐྱེད་རིམ་གྱི་དམིགས་སྐོར་བཞི་པའོ། །འདི་ནི་མགྱོགས་ཁྲིད་ཀྱི་སྐབས་སུ་ཞག་གསུམ་སོགས་དང་

ཁྲིད་མ་རྫོགས་པར་ཉིན་རེ་བཞིན་ཐུན་མཚམས་རྣམས་སུ་ཅི་ལྕོགས་ཉམས་སུ་ལེན་ལ། ཇི་བཞིན་བསྒྲུབ་པ་ལ་འཇུག་པའི་སྐབས་སུ་ཐོད་ཕྲེང་རྩལ་གྱི་བཟླས་པ་འབུམ་
[ 429 ]
༄༅། །ཕྲག་གཅིག་གམ་གསུམ་མམ་བདུན་སོགས་ཐོག་མར་བཟླས་ན་ཕན་ཡོན་ལྷག་པ་ཐོབ་པ་ལས་ཆོག་ལྷག་པའི་སྐྱོན་མེད་པ་ཁོ་བོའི་རྣམ་པར་རྟོག་པའོ། །

དེ་ལྟར་ཕྱི་སྒྲུབ་ཀྱི་ཚུལ་དུ་གཏེར་གཞུང་རྡོ་རྗེའི་ཚིག་གིས་གསལ་བར་ཟིན་པ་ཕྲིན་ལས་བཞི་སྒྲུབ་ལས། ཟབ་སྙིང་འདི་ནི་དབྱངས་ཆུང་དུ༔ སྐབས་སུ་ཐུན་པར་འཁྲབ་ཅིང་བཟླ༔ ཞེས་པ་ནས་གོང་དུ་དྲངས་ལྟར་ཐོད་ཕྲེང་རྩལ་གྱི་ཛཔ྄་སྔགས་ཕན་ཡོན་དང་བཅས་ཏེ་གསུངས་པ་དང་། མ་ཧ་ཡོ་གའི་སྒྲུབ་ཐབས་ལས། ཁྱད་པར་དུ་སྙིང་པོ་འདི་འདྲེན་པ་ དང་སྤྱན་འདྲེན་ཐུན་དྲུག་ཏུ་མ་ཆག་པར་བསྒྲུབས་ན་པདྨ་འབྱུང་གནས་རང་བཞིན་དུ་བབ་ཅིང་༔ ངེས་མེད་དུ་འོད་འཁྱུག་པ་དང་༔ གཟུངས་སྔགས་རང་བྱུང་གི་སྒྲ་སྒྲོག་པ་ དང་༔ རང་བཞིན་ཀ་དག་གི་ཉམས་བཟང་པ་རྩོལ་མེད་དུ་འབྱུང་ངོ་༔ ཞེས་དང་། ཐུགས་ཀྱི་དམ་ཚིག་ཏུ་ཐུན་དྲུག་གམ་གསུམ་མམ་མ་མཐའ་ཡང་ཉི་ཤར་གྱི་དུས་

སུ་སྤྱན་འདྲེན་བཟླས་པ་དང་མི་འབྲལ༔ ཞེས་ནན་ཏན་ཆེན་པོས་གསུངས་ཤིང་ལས་གཞུང་ནས་ཚིག་བདུན་དང་ཐོད་ཕྲེང་རྩལ་གྱི་ཛཔ྄་སྔགས་བཅས་ཏེ་བསྟན་པ་རྣམས་
[ 430 ]
ཡིན་ཏེ། འོན་ཀྱང་གཞུང་ཚིག་ཏུ་སྒྲུབ་པའི་ཐུན་མཚམས་སུ་བྱ་བ་དང་རྒྱུན་ཁྱེར་ཚུལ་གསུངས་པས་ཡང་འགྲེལ་དུ་བསྙེན་ཚད་མ་མཛད་པ་ནི་ཕྱོགས་འདི་དང་མཐུན་པར་དགོངས་

སོ༑ །སྤྱིར་ཡང་ཕྱི་ནང་གསང་བ་དེ་ཁོ་ན་ཉིད་ཀྱི་སྒྲུབ་པའི་རྣམ་པར་བཞག་པ་ནི་གཏེར་གཞུང་རྡོ་རྗེའི་ཚིག་ལས་ཤུགས་ཀྱིས་བསྟན་པར་སྣང་ཞིང་ཇི་བཞིན་གསལ་བ་ནི་གུ་རུ་པདྨ་ ཡབ་ཡུམ་གྱིས་རིག་འཛིན་ཆེན་པོ་འཇའ་ཚོན་སྙིང་པོ་ལ་དངོས་སུ་གདམས་པའི་ཞལ་ལུང་དྲི་མ་མེད་པ་རྒྱུད་ཀྱི་ཡང་འགྲེལ་དུ་མདོ་དོན་ཁྲིད་རིམ་གྱི་སྐབས་སུ་ཤིན་ཏུ་ཁ་གསལ་བར་ གསུངས་པས་མན་ངག་གི་མཐའ་ཅན་ལས་འབྱུང་བའོ།། ༈ །།གཉིས་པ་ནང་གི་སྒྲུབ་པ་ནི། རང་ཉིད་པདྨ་འོད་འབར་གྱི་སྐུ་རུ་གསལ་ནས་ཕྱི་སྒྲུབ་ཀྱི་དམིགས་ པ་བཞིན་སྤྱན་འདྲེན་ཡན་ཆད་བགྱིས་ཏེ་སྤྲོ་ན་མཆོད་བསྟོད་ཀྱང་བྱ་ལ། གང་ལྟར་ལྷ་སྐུ་གསལ་བརྟན་དག་པ་གོང་དུ་བཤད་པ་ཇི་བཞིན་ངེས་པར་བྱས་ནས། ཡེ་ཤེས་

སྔགས་ཀྱི་འཁོར་ལོ་དགོད་པའི་ཏིང་ངེ་འཛིན་ནི། རང་གི་ཐུགས་ཀར་སྙིང་གི་རྩ་འདབ་བརྒྱད་པདྨ་དཀར་པོ་འདབ་བརྒྱད་དུ་གྱུར་པའི་གེ་སར་ཟེའུ་འབྲུའི་སྟེང་ཀུན་རྫོབ་བྱང་
[ 431 ]
༄༅། །ཆུབ་ཀྱི་སེམས་ཟླ་བའི་དཀྱིལ་འཁོར་ཀུན་ཏུ་རྒྱས་པའི་དབུས་སུ་དོན་དམ་བྱང་ཆུབ་ཀྱི་སེམས་གསེར་ཞུན་མའི་ཁ་དོག་ལྟ་བུ་ཕ་ལམ་གྱི་རྡོ་རྗེ་རྩེ་ལྔ་པ་ལྟེ་བ་ཀུན་

ཟླུམ་ཐིག་ལེའི་ནང་དབུས་སུ་དུས་གསུམ་གྱི་རྒྱལ་བ་ཐམས་ཅད་ཀྱི་ཐུགས་གཉིས་སུ་མེད་པ་ཡེ་ཤེས་ཀྱི་ངོ་བོ་ཧཱུྃ་ཡིག་དཀར་པོ་ནོར་བུ་རིན་པོ་ཆེ་བསམ་འཕེལ་དབང་གི་རྒྱལ་པོ་བཞིན་ དྲི་མ་མེད་པའི་འོད་ཟེར་ལྔ་མཐའ་ཡས་པར་འཕྲོ་བ། རྡོ་རྗེའི་ལྟེ་བ་ཕྱི་རོལ་གྱི་ངོས་སམ་མཐའ་སྐོར་དུ་འོད་ལྔའི་འཁོར་ལོ་ཀུན་ཏུ་མཛེས་པའི་ངོ་བོར་རྒྱལ་བ་ཐམས་ཅད་ཀྱི་གསུང་ གི་ཆོས་ཡན་ལག་བཅུ་གཉིས་ཀྱི་ངོ་བོ་ཡི་གེ་འབྲུ་བཅུ་གཉིས་པ་མན་ཤེལ་དྭངས་མའི་ཁ་དོག་ཅན་གྱེན་འགྲེངས་སྔགས་ཀྱི་རང་སྒྲ་སྒྲོག་པ་གཡས་སྐོར་དུ་འཁོད་པར་བསྒོམ་སྟེ་ པད་ཟླ་རྡོ་རྗེ་ཧཱུྃ་དང་སྔགས་ཕྲེང་རྣམས་ཇི་བཞིན་མ་གསལ་གྱི་བར་དུ་རིམ་པ་བཞིན་དང་མཐར་ཅིག་‚གཅིག་ཆར་དུ་གསལ་མ་ཐེབས་ཀྱི་བར་ཡང་ཡང་བསྐྱར་ཞིང་ངེས་པར་གསལ་

བཏབ་པ་གལ་ཆེ་བས་ནན་ཏན་དུ་བྱའོ། །གོང་གི་སྔགས་ཕྲེང་རྡོ་རྗེའི་ལྟེ་བའི་ནང་ཧཱུྃ་ཡིག་གི་མཐར་བཀོད་པ་ཡང་མི་འགལ་ལ། མན་ངག་དམིགས་པའི་རྣམ་གྲངས་
[ 432 ]
སུ་ཤེས་པར་བྱ་སྟེ་དམིགས་ཐུན་གཅིག་པའོ། །དེ་ལྟར་ཛཔ྄་སྔགས་ཀྱི་དཀྱིལ་འཁོར་གསལ་ཅི་རིགས་ཐེབས་ནས་ཧཱུྃ་ཡིག་རྡོ་རྗེ་སྔགས་ཕྲེང་ཟླ་པད་ལ་སེམས་མ་ཡེངས་

གསལ་ལེའི་ངང་ངག་ནས་ཡི་གེ་འབྲུ་བཅུ་གཉིས་པའི་བཟླས་པ་མགྱོགས་བུལ་སྐད་གདངས་ཆེ་ཆུང་མ་ཡིན་པ་ཆུ་རྒྱུན་བཟང་པོ་འབབ་པ་ལྟར་སྔགས་གཙང་དག་ལྷུང་ལྷུང་ བཟླས་ལ། གལ་ཏེ་སྔགས་བཟླས་པའི་ཚེ་སྔགས་ཀྱི་དཀྱིལ་འཁོར་མི་གསལ་སྙམ་བྱེད་ན་གསལ་གདབ་ཅིང་། རིམ་པས་སྔགས་བཟླས་དང་ལྷན་ཅིག་པར་བསླབ། དེ་ཡང་སྔགས་ཀྱི་དཀྱིལ་འཁོར་སྒོམ་ཕྱིན་གཙོ་བོར་ཧཱུྃ་ཡིག་འོད་ཟེར་ལྔ་པ་དང་རྡོ་རྗེ་ཙམ་མི་གསལ་ན་ཡེ་མི་ཉན་པས་གསལ་བ་ལ་འབད་པ་གཅེས་སོ། །དེ་ལྟར་ཛཔ྄་ དཀྱིལ་སྔགས་བཟླས་ཚུན་གཅིག་ཏུ་བརྟན་ན་སྔགས་ཕྲེང་གི་འཁོར་ཚུལ་ནི་རྒྱུད་ཀྱི་ཡང་འགྲེལ་ལས། དབང་པོ་རབ་འབྲིང་ཐ་གསུམ་སྔགས་འཁོར་ཡང་༔ ཁོག་

ཆེན་རང་བཞིན་སྒྲ་འཁོར་དང་༔ འགལ་མེ་ལྟ་བུ་མུ་ཏིག་ཕྲེང་བ་ལྟ་བུ་དང་གསུམ་ལས་ཅི་བདེར་བྱའོ༔ ཞེས་འབྱུང་བ་ལྟར་བསྒོམ་སྟེ། དེ་ལྟར་ཛཔ྄་དཀྱིལ་
[ 433 ]
༄༅། །བཟླས་པ་དང་ལྷན་ཅིག་བསླབ་པའི་རིམ་པ་དམིགས་ཐུན་གཉིས་པའོ།། ༈ །།དེ་ལྟར་སྔགས་ཀྱི་དཀྱིལ་འཁོར་བཟླས་པ་ཟུང་འཇུག་ཏུ་

བརྟན་པར་གྱུར་ནས་སྤྲོ་བསྡུའི་བཟླས་པ་ནི། ཟླ་བ་སྔགས་ཕྲེང་དང་བཅས་པའི་འོད་ཟེར་རྡོ་རྗེ་དང་ཧཱུྃ་ཡིག་ལ་ཕོག །ཧཱུྃ་ཡིག་ལས་འོད་ཟེར་བུན་བུན་ཕྲོཾ་ཕྲོཾ་ནར་གྱི་སྤོས་རིང་ གི་དུད་པ་ལྟར་རྡོ་རྗེའི་རྭ་རྩེ་ནས་འཐོན། ལོངས་སྤྱོད་དང་བདེ་ཆེན་འཁོར་ལོ་བརྒྱུད་མཛོད་སྤུའི་གནས་ནས་ཕྱིར་ཐོན་མཁའ་ཁྱབ་སྐུ་གསུམ་རྒྱལ་བའི་ཞིང་ཅི་ཙམ་པ་དེ་ན་ བཞུགས་པའི་རྒྱལ་བ་སྐུ་གསུམ་བཙུན་མོ་སྲས་དང་སློབ་མ་གཡོག་བཅས་དཀོན་མཆོག་རྩ་གསུམ་གྱི་དཀྱིལ་འཁོར་བསམ་གྱིས་མི་ཁྱབ་པ་སྤྱི་དང་ཁྱད་པར་དེ་རྣམས་ཀྱི་ཐུགས་ རྗེའི་རང་གཟུགས་རང་ཉིད་གནས་པའི་སྟེང་གི་ཆ་ནས་ནམ་མཁའི་གནས་སུ་སྤྲིན་གྱི་ཕུང་པོ་འཁྲིགས་པ་ལྟར་བཞུགས་པ་ལ་གོང་གི་ཛཔ྄་དཀྱིལ་གྱི་འོད་ཟེར་ཕོག་པས་ཐུགས་

དམ་གྱི་རྒྱུད་བསྐུལ་སྔགས་ཀྱི་འོད་ཟེར་ལས་བྱུང་བའི་མཆོད་པའི་སྤྲིན་བསམ་གྱིས་མི་ཁྱབ་པ་ཀུན་ཏུ་བཟང་པོ་རྒྱན་གྱི་རོལ་པ་ལས་བྱུང་བས་མཆོད། དགྱེས་ཤིང་ཚིམས་
[ 434 ]
ཏེ་སྐུ་གསུང་ཐུགས་ཡོན་ཏན་ཕྲིན་ལས་མི་འཛད་པ་རྒྱན་གྱི་འཁོར་ལོ་མཐུ་སྟོབས་བྱིན་རླབས་ནུས་པ་མ་ལུས་ཤིང་ལུས་པ་མེད་པ་སྐུ་དང་ཡིག་འབྲུ་ཕྱག་མཚན་ཐིག་ལེ་འོད་ཟེར་གྱི་

ཚུལ་དུ་བུན་བུན་ཐིབ་ཐིབ་ཤ་ར་ར་བྱུང་ནས་རང་གི་ལུས་ཀྱི་ཆ་ཀུན་དང་ཁྱད་པར་མཛོད་སྤུའི་གནས་ནས་ཞུགས་སྙིང་གའི་རྡོ་རྗེའི་ལམ་བརྒྱུད་ཧཱུྃ་ཡིག་ལ་སིབ་སིབ་ཐིམ་པས་རྒྱལ་བ་ ཐམས་ཅད་ཀྱི་བྱིན་རླབས་གཅིག་ཏུ་བདག་ལ་འདུས་པས་ཛཔ྄་དཀྱིལ་སྔར་བས་ཀྱང་གཟི་བརྗིད་འོད་དུ་འབར་བར་བསམས་ལ་བཟླས་པ་བྱ་བ་སྟེ་སྤྲོ་བསྡུའི་དམིགས་པ་དང་པོ་ དམིགས་ཐུན་གསུམ་པའོ། །ཡང་ཛཔ྄་དཀྱིལ་སྔགས་ཕྲེང་གི་འོད་ཟེར་རྡོ་རྗེ་ཧཱུྃ་ལ་ཕོག་ཧཱུྃ་ལས་འོད་ཟེར་དམར་པོ་གཙོ་བོར་གྱུར་པའི་ཁ་དོག་ལྔ་འོད་ཟེར་ཐིག་གི་སྣེར་ལྕགས་ཀྱུའི་རྡུལ་ ཕྲ་མོ་ཕྲོམ་ཕྲོམ་བྲེང་བྲེང་འཕྲོས་ཏེ་རྡོ་རྗེའི་མས་ཀྱི་རྭ་ནས་ཤར་ཏེ་ཐོན། སྲིད་པ་གསུམ་གྱི་འབྱུང་པོ་ལྷ་མ་སྲིན་སྡེ་བརྒྱད་མཐུ་རྩལ་ནུས་པ་དང་ལྡན་པ་རྣམས་ཀྱི་སྤྱི་བོའམ་སྣ་

བུག་ནས་བརྒྱུད་སྙིང་གར་ཞུགས་པས་རང་སྲོག་དྭངས་མ་མདངས་གསོལ་རང་རང་གི་གཟུགས་དང་སྲོག་སྔགས་ས་བོན་ཕྱག་མཚན་གྱི་ཚུལ་རྡོ་ཁབ་ལེན་གྱིས་ལྕགས་ཕྱེ་བསྡུས་
[ 435 ]
༄༅། །པ་ལྟར་འོད་ཟེར་གྱི་སྣེ་རུ་བུངས་ཀྱིས་འདུས། ཚུར་བྱུང་རང་གི་ལྟེ་བ་ནས་རྡོ་རྗེའི་མས་ཀྱི་རྭ་ནས་བརྒྱུད་སྙིང་གི་ས་བོན་ཧཱུྃ་ཡིག་གི་ཞབས་ཀྱུ་ལ་ཐིམ་པས་དྲེགས་

པ་ཅན་མཐའ་དག་ཀྱང་སྲོག་གཏའ་རུ་ཚུད། དམ་ཚིག་ལ་འདའ་བ་མེད་པར་བདག་གི་བཀའ་ཉན་གསུང་སྡོད་རྣམ་བཞིའི་ཕྲིན་ལས་ཐོགས་པ་མེད་པར་སྒྲུབ་པར་བསམས་ལ་བཟླས་ པ་ཅི་ནུས་བྱ། སྤྲོ་བསྡུའི་དམིགས་སྐོར་གཉིས་པ་སྟེ་དམིགས་ཐུན་བཞི་པའོ།། ༈ །།ཡང་ཛཔ྄་དཀྱིལ་འོད་ཟེར་སྔགས་ཕྲེང་རྡོ་རྗེ་ཧཱུྃ་ལ་ཕོག་པ་གོང་ལྟར། དེ་ ནས་ཐུགས་སྲོག་ཧཱུྃ་ལས་འོད་ཟེར་ཁ་དོག་དྲུག་པ་རྡོ་རྗེའི་རྭ་ཡས་མས་དང་སྐུའི་ཆ་ཐམས་ཅད་ནས་ཐོན། འགྲོ་བ་དྲུག་གི་གནས་མ་ལུས་པར་ཁྱབ། དེ་ན་གནས་པའི་སེམས་ ཅན་ཐམས་ཅད་ཀྱི་སྡིག་སྒྲིབ་བ་མོ་ལ་ཉི་མ་ཕོག་པ་ལྟར་སྐད་ཅིག་གིས་དག །མི་འགྱུར་བདེ་བ་ཆེན་པོས་ཁྱབ། གུ་རུའི་སྐུ་གསུང་ཐུགས་རྡོ་རྗེའི་རང་བཞིན་དུ་གྱུར། འོད་

ཟེར་སྐུའི་ཆ་ནས་ཚུར་འདུས། འཁོར་འདས་ཀྱི་ཆོས་ཐམས་ཅད་སྒྲིབ་བྲལ་མཉམ་ཉིད་མི་འགྱུར་བདེ་ཆེན་མཆོག་གི་ཕྱག་རྒྱས་ཡང་དག་པར་ཐེབས་ནས་ཕྱིར་མི་ལྡོག་པར་བསམ་
[ 436 ]
ལ༑ འདི་ལ་དམིགས་སྐོར་ཞིབ་མོར་ཕྱེ་ན་ཐུགས་སྲོག་ནས་འཕྲོ་བའི་འོད་ཟེར་དྲུག་རིམ་བཞིན་ཁ་དོག་མཐིང་ག་ཞབས་མཐིལ་ནས་ཐོན་དམྱལ་བའི་འཇིག་རྟེན་དུ་ཕོག་པས་སྣོད་རྡོ་རྗེ་

བཀོད་པའི་ཞིང་དང་བཅུད་རྡོ་རྗེ་ཐོད་ཕྲེང་རྩལ་དུ་གྱུར་པར་བསམ་ཞིང་། དེ་བཞིན་འོད་ཟེར་དམར་པོ་གསང་གནས། མཐིང་སྐྱ་ལྟེ་བ། ལྗང་གུ་ལྟག་པ། སེར་པོ་སྨིན་ མཚམས༑ ཁ་དོག་འདྲེས་པ་ཐུགས་ཀ་ནས་འཕྲོས། ཡི་དྭགས་བྱོལ་སོང་། ལྷ་མིན། ལྷ་མི་ཡི་འཇིག་རྟེན་དུ་ཕོག་སྣོད་བཅུད་པདྨ་འཁོར་ལོ་རྒྱ་གྲམ་རིན་པོ་ཆེ་བཀོད་པ་དང་ རྒྱན་འཐུག་པོ་བཀོད་པའི་ཞིང་དུ་གྱུར། སེམས་ཅན་རྣམས་པདྨ་བུདྡྷ་ཀརྨ་རཏྣ་ཐོད་ཕྲེང་རྩལ་དང་རིགས་འདུས་པདྨ་འབྱུང་གནས་ཀྱི་སྐུ་རུ་གྱུར་པར་བསམ་པར་བྱ་སྟེ། དེ་ལྟར་ རྒྱས་བསྡུས་ཇི་ལྟར་བྱས་ཀྱང་སྤྲོ་བསྡུའི་དམིགས་པ་གསུམ་པ་སྟེ་དམིགས་ཐུན་ལྔ་པའོ།། ༈ །།ཡང་སྐབས་སུ་མཁའ་ཁྱབ་བཟླས་པའི་རྣལ་འབྱོར་ཞེས་ཕྱི་འབྱུང་བཞི་

རྡུལ་ཕྲ་རབ་རེ་རེ་ནས་དང་། ནང་སེམས་ཅན་ཐམས་ཅད་གུ་རུའི་སྐུར་གྱུར་པ་མཐའ་དག་གི་ཞལ་གྱི་སྒོ་ནས་མ་ཟད་དབུ་སྐྲ་དང་བ་སྤུའི་བུ་ག་ནས་སྔགས་ཀྱི་སྒྲ་དང་། ནམ་
[ 437 ]
༄༅། །མཁའི་ཁམས་ཁེངས་པའི་དཀོན་མཆོག་རྩ་གསུམ་ཐམས་ཅད་ཀྱིས་ཀྱང་བདག་གི་ཛཔ྄་སྔགས་སྒྲོག་པའི་གྲོགས་མཛད་ཅིང་དེ་ཐམས་ཅད་ཀྱི་རིག་སྔགས་བྱིན་

རླབས་ནུས་མཐུ་བདག་གི་སྔགས་ཕྲེང་ས་བོན་ལ་ཐིམ་ཞིང་བདག་གི་རིག་སྔགས་ཀྱི་ནུས་པས་མཐའ་ཡས་པའི་སེམས་ཅན་ཐམས་ཅད་བླ་མེད་སངས་རྒྱས་ཀྱི་གོ་འཕང་མྱུར་བ་ཉིད་དུ་འགྲུབ་ པར་བསམས་ལ་ཛཔ྄་བཟླས་ཏེ་དམིགས་ཐུན་དྲུག་པའོ།། ༈ །།ཡང་སྐབས་སུ་སྐུའི་དཀྱིལ་འཁོར་ཆ་མེད་ཀུན་འགྲོ་ལ་སེམས་མ་ཡེངས་པར་གཏད་དེ་སྔགས་བཟླ་བ་དང་། དེ་བཞིན་སྔགས་ཀྱི་ཕྲེང་བ་ཀློག་པའི་ཚུལ་གྱིས་བཟླ་བ་དང་། རྡོ་རྗེ་ཧཱུྃ་བཅས་ལ་སེམས་རྩེ་གཅིག་ཏུ་གཏད་ནས་བཟླ་བ་སོགས་གནད་དུ་གང་འགྲོ་བྱ་ཞིང་། གཙོ་བོར་ཐུགས་སྲོག་ ཧཱུྃཾ་ལ་སེམས་རྩེ་གཅིག་ཏུ་གཏད་ནས་བཟླ་བར་བྱ་སྟེ། དེས་ནི་སྐུ་གསུང་ཐུགས་ཀྱི་བཟླ་ཚུལ་དུ་ཡང་འགྱུར་ཞིང་། ཡང་སྐབས་སུ་ཛཔ྄་ཆེ་ཆུང་རན་པར་བཟླས་པའི། དེའི་

སྒྲ་རང་གི་རྣ་བར་སོན་པ་དེ་ཁོ་ནར་སེམས་གཏད་ཅིང་གཞན་དུ་མ་ཡེངས་པར་བཟླ་བ་ཡང་བླ་མའི་མན་ངག་ལས་བྱུང་བས་དེ་ལྟར་གྱིས་ཀྱང་རྩལ་སྦྱང་ངོ་། །དེ་ནི་དམིགས་ཐུན་
[ 438 ]
བདུན་པའོ།། ༈ །།ཡང་ཐུན་སྐབས་འཇོག་པ་ལ་བབ་པའི་ཚེ་སྣོད་གཞལ་མེད་ཁང་བཅུད་ལྷ་སྐུའི་རང་བཞིན་ལ་ཐིམ། ལྷ་སྐུའི་ཚོགས་བདག་ཉིད་གུ་རུ་པདྨའི་སྐུ་ལ

ཐིམ༑ དེ་ཡང་ཡས་མས་འོད་ཀྱི་གོང་བུར་འདུས་ཏེ་པད་ཟླ་སྔགས་ཕྲེང་རྡོ་རྗེ་ཧཱུྃ་ཡིག་གི་བར་གཅིག་ལ་གཅིག་ཐིམ། ཧཱུྃ་ཡིག་ཀྱང་ཀླད་ཀོར་ཐིག་ལེ་ལ་ཐིམ། དེ་ཡང་ཇེ་ཕྲ་ མཐར་སྐྲ་རྩེ་བརྒྱ་སྟོང་དུ་གཤགས་པ་ཚལ་པའི་བར་ཙམ་མོས་པས་གཞིལ་ནས། དེ་ཡང་ནམ་མཁའི་དབྱིངས་སུ་སྟོང་པར་ཡལ་བར་བསམས་ལ་རྣམ་རྟོག་གི་སྤྲོས་པ་དང་བྲལ་བར་ སེམས་ཇི་གནས་སུ་མཉམ་པར་བཞག་ཅིང་གལ་ཏེ་རྣམ་རྟོག་སྐྱེས་ཚེ་སྣོད་བཅུད་བསྡུ་བ་སྔར་བཞིན་གྱི་མཐར་སྟོང་ཉིད་ལ་བཞག་པ་ཡང་ཡང་བྱ་ལ། མཐར་དེ་ལས་ལྡང་བར་ འདོད་ཚེ། ཨོཾ་ཨཱཿཧཱུྃ་བཛྲ་གུ་རུ་པདྨ་སིདྡྷི་ཧཱུྃ༔ ཞེས་བརྗོད་པས་སྐད་ཅིག་གིས་གུ་རུ་པདྨའི་སྐུ་སྒྱུ་མ་ལྟ་བུར་ལྡང་བ་ལ་བསླབ་པར་བྱའོ། །དམིགས་ཐུན་བརྒྱད་པའོ།། །།

༈ །།དེ་ལྟར་དམིགས་ཐུན་བརྒྱད་རིམ་པ་བཞིན་དམིགས་པ་རེ་རེ་ལ་གོམས་ནས་རེ་རེ་ལ་སློབ་པ་ཡིན་མོད་ཀྱང་དེང་སང་ཆོས་ཐོབ་མགྱོགས་ཁྲིད་ལ་དགའ་བ་རྣམས་ཀྱི་ངོར་
[ 439 ]
༄༅། །ཐུན་ཆེན་གཅིག་ཏུ་བསྡམས་པས་དངོས་གཞི་བསྐྱེད་རིམ་གྱི་དམིགས་སྐོར་ལྔ་པའོ། །མགྱོགས་ཁྲིད་སྐབས་སུ་ཡང་ཞག་གྲངས་ཇི་ལྟར་རུང་དམིགས་པའི་

གོ་དོན་བློ་ལ་འཇགས་ངེས་བྱ་དགོས་པས་འོག་མ་རྣམས་ལ་ཡང་དེས་རིགས་འགྲེས་སུ་ཤེས་པ་དང་། སླར་ཅི་‚ཇི་བཞིན་སྒྲུབ་པའི་སྐབས་ནང་སྒྲུབ་འདི་དཀོན་མཆོག་སྤྱི་འདུས་ཀྱི་རྩ་བའི་ སྒྲུབ་པ་དངོས་གཞིའི་མཐིལ་ཕུར་ཡིན་པས་བསྙེན་ཚད་འབུམ་ཕྲག་བཅུ་གཉིས་དང་། དེ་ལན་བཞིར་བལྡབས་པས་འབུམ་ཕྲག་བཞི་བཅུ་ཞེ་བརྒྱད་དེ་དུས་བསྙེན་ཟླ་དྲུག་ཀྱང་ འདི་དང་འགྲིགས་པར་འགྱུར་ལ། མཆོག་སྒྲུབ་པ་ཡི་ནི་དུང་ཕྱུར་སོགས་ཚད་མེད་པ་ཉིད་དུ་བཟླ་བའོ། །དེ་ལྟར་བཟླ་བྱ་ཛཔ྄་ནི། གཏེར་གཞུང་རྡོ་རྗེ་ཚིག་ཕྲིན་ལས་རང་ གཞུང་ནས་བཟླས་པ་བསྐུལ་བ་ནི། ཨོཾ་ཨཱཿཧཱུྃ་བཛྲ་གུ་རུ་པདྨ་སིདྡྷི་ཧཱུྃ༔ ཞེས་བཟླའོ༔ ཞེས་པས་སྔགས་ཀྱི་ངོ་བོ་དང་ཡོ་ག་གསུམ་གྱི་སྒྲུབ་ཐབས་རྣལ་འབྱོར་ཆེན་པོ་

ལས༑ དེ་ཡང་བཟླས་པ་ནི། ཨོཾ་ཨཱཿཧཱུྃ་བཛྲ་གུ་རུ་པདྨ་སིདྡྷི་ཧཱུྃ༔ ཚིག་བར་མཆོད་པར་བཟླས་པས་རིག་འཛིན་གྱི་ལྷ་ཚོགས་རྣམས་ཀྱིས་རང་དབང་མེད་པར་བྱིན་གྱིས་
[ 440 ]
བརླབ་པར་འགྱུར་རོ༔ ཅིའི་ཕྱིར་ན་བདག་ཉིད་པདྨའི་ཐུགས་རྒྱུད་ཀྱི་བྱིན་རླབས་ཐམས་ཅད་ཡིག་འབྲུ་འདི་རྣམས་ལ་བསྟིམ་པ་ཡིན་པའི་ཕྱིར་རོ༔ ཞེས་པའི་ཕན་ཡོན་དང་བཅས་

པ་བསྟན་ནས་དེ་མ་ཐག་པར་ཁྱད་པར་སྙིང་པོ་འདི་འདྲེན་པ་དང་༔ ཞེས་སོགས་ཕྱི་སྒྲུབ་སྐབས་སུ་དྲངས་པ་ལྟར་གྱི་ཐོག་མར་བསྙེན་པའི་ཚུལ་དང་། དེ་ནས་མུན་ཁང་བརྟེན་པ་ ནི༔ སྤྱོད་ལམ་ཐམས་ཅད་དུ་པདྨ་འབྱུང་གནས་དངོས་སམ་ཉམས་རྨི་ལམ་ལ་མཇལ་བ་དང་ཆོས་གསུང་ལུང་བསྟན་པའི་སྣང་བ་འབྱུང་སྟེ༔ དེའི་ཚེ་དགའ་བྲོད་ཀྱི་བདུད་མ་ ཞུགས་པར་རང་བཞིན་ཀ་དག་ལྷུན་གྲུབ་ཏུ་ཤེས་པ་གལ་ཆེའོ༔ ཞེས་སྒྲུབ་པ་ལ་ཞུགས་ཚུལ་དང་། དེ་ངང་སྐབས་སུ་སྒྲུབ་རྟགས་འབྱུང་ཚུལ་དེ་ལ་ཞེན་མེད་དུ་གདམས་པ་ བཅས་ཚིག་ཉུང་དོན་གསལ་དང་། དེའི་འཕྲོར་སྤྲོས་མེད་སྒྲུབ་རྟེན་དང་། སྐུ་གསུང་ཐུགས་ཀྱི་ལམ་ཁྱེར་དང་མོས་གུས་ཀྱི་སྟོབས་བསྐྱེད་དེ་རྒྱུན་གྱི་རྣལ་འབྱོར་ལ་འབད་

པར་གདམས་པ་སོགས་དགོས་པ་མང་པོས་མི་འབྲལ་བའི་དམ་ཚིག་གསུམ་ཡང་བསྟན་པར་མཛད་མོད། གཞན་ནི་ནང་སྒྲུབ་ཏུ་གྲགས་པ་འདིའི་ཛཔ྄་དཀྱིལ་དམིགས་པའི་
[ 441 ]
༄༅། །སྤྲོ་བསྡུ་སོགས་ཀྱང་རྩ་བ་གཏེར་གཞུང་རྡོ་རྗེའི་ཚིག་ལས་ཇི་ལྟར་འབྱུང་ཞེ་ན། ལས་གཞུང་གི་རྫོགས་རིམ་བསྡུ་སྐབས། སྔགས་ཕྲེང་གསེར་གྱི་རྡོ་རྗེར་

བསྡུ༔ ཞེས་པས་མདོར་བསྟན་ཡོ་ག་གསུམ་གྱི་སྒྲུབ་ཐབས་རྣལ་འབྱོར་ཆེན་པོའི་སྐབས་སུ། རང་གི་ཐུགས་ཀར་པདྨ་དཀར་པོ་འདབ་མ་བརྒྱད་པའི་ལྟེ་བར་རྡོ་རྗེ་ཧཱུྃ་གིས་‚གྱིས་ མཚན་པའི་མཐའ་མར་སྔགས་ཕྲེང་ཞེས་པས་ཛཔ྄་ཀྱི་འཁོར་ལོ་ཇི་ལྟར་བསྒོམ་གསལ་བར་ཕྱེས་ཤིང་སྔགས་ཕྲེང་ལས་འོད་ཟེར་འཕྲོས༔ ཞིང་རབ་འབྱམས་ཀྱི་རྒྱལ་བ་ཐམས་ ཅད་ལ་མཆོད་པ་བླ་ན་མེད་པ་ཕུལ༔ སྐུ་གསུང་ཐུགས་ཀྱི་བྱིན་རླབས་ཐམས་ཅད་རང་ལ་བསྡུ༔ ཞེས་པས་སྤྲོ་བསྡུ་དང་པོ་བསྟན། བར་དུ་ལྷ་སྲིན་དྲེགས་པ་ཅན་ཐམས་ ཅད་དབང་དུ་བསྡུས་ཅི་བསྒོ་བའི་ལས་ཐམས་ཅད་ཐོགས་མེད་དུ་བསྒྲུབས༔ ཞེས་པས་སྤྲོ་བསྡུ་གཉིས་པ་བསྟན། མར་རིགས་དྲུག་གི་སེམས་ཅན་ཐམས་ཅད་ཀྱི་སྡིག་སྒྲིབ་

སྦྱངས༔ བདེ་བས་ཚིམ་པར་བྱས༔ འོད་ཟེར་འཕྲོ་འདུའི་དམིགས་པ་གསལ་བར་བསྒོམ༔ ཞེས་པས་སྤྲོ་བསྡུ་གསུམ་པ་བསྟན། དེ་ལྟར་བསྒྲུབས་པས་ཕྱི་
[ 442 ]
སྣོད་གཞལ་ཡས་ཁང་དང་ནང་བཅུད་ལྷ་ཡི་འཁོར་ལོར་མཐོང་༔ ཞེས་དེ་དངོས་བསྟན་ལྷ་སྔགས་བསྒོམས་པའི་མཐུ་ལས་གནས་སྐབས་སུ་ཕན་ཡོན་ཇི་ལྟར་འབྱུང་གསུངས་པ་

ཡིན་ཡང་དེའི་ཚིག་ཤུགས་ཀྱིས་མཁའ་ཁྱབ་བཟླས་པའི་རྣལ་འབྱོར་ཡང་ལེགས་པར་བསྟན་པ་ཡིན་ལ། འོད་གསལ་རྗེས་སྡུད་ཀྱི་རྣལ་འབྱོར་ནི་ལས་གཞུང་གི་མཐར་གསལ་ བར་གསུངས་ཤིང་དེ་རྣམས་ཀྱི་མན་ངག་ནི་རྒྱུད་ཀྱི་ཡང་འགྲེལ་ལས་གཏེར་གཞུང་རྡོ་རྗེའི་ཚིག་གི་དོན་གསལ་གུ་རུའི་ཞལ་ལུང་བཞིན་གཏེར་སྟོན་རིན་པོ་ཆེས་དཀའ་བའི་གནད་ཞིབ་ མོར་ཕྱེས་ཏེ་བཀོད་པ་རྣམས་ཡིན་ལ། དེ་ལྟར་ཟབ་ཁྲིད་མན་ངག་གི་དོན་གཏེར་གཞུང་རྡོ་རྗེའི་ཚིག་ལ་སྦྱོར་ཚུལ་བློ་དམན་རྣམས་ཀྱིས་གོ་བདེ་བའི་སླད་དུ་ཚིག་ཚོགས་ལ་མ་ འཛེམ་པར་ཅུང་ཟད་ཙམ་སྨྲས་པ་ཡིན་ནོ།། ༈ །།གསུམ་པ་གསང་བའི་སྒྲུབ་པ་ནི་གོང་དུ་བཤད་པ་ལྟར་གུ་རུ་ཞི་བའི་སྐུ་སྟོང་པ་ལས་ལྡང་བའམ། ཡང་ན་

སྟོང་པར་མ་གཞིལ་བའི་ཐོག་མ་ཉིད་ནས་ཀྱང་རུང་སྟེ། གོང་ལྟར་གུ་རུ་ཞི་བ་འོད་དུ་ཞུ་བ་ལས་བདག་ཉིད་གུ་རུ་དྲག་པོ་གཏུམ་དྲག་དམར་ནག་མེའི་ཕྲེང་བ་ཅན་དུ་གསལ་
[ 443 ]
༄༅། །བཏབ་སྟེ། དེ་ཡང་པདྨ་ཟླ་ཉིའི་དཀྱིལ་འཁོར་གྱི་སྟེང་དུ་བདག་ཉིད་དུས་གསུམ་རྒྱལ་བའི་མཛད་ཕྲིན་ནུས་མཐུ་གཅིག་བསྡུས་དཀོན་མཆོག་སྤྱི་འདུས་ཁྲོས་

པའི་སྐུ་རྡོ་རྗེ་སྲིན་པོའི་གཟུགས་ཅན་སྐུ་མདོག་དམར་ནག་དུས་མཐའི་མེ་ཡང་ཟིལ་གྱིས་གནོན་པ། ལྗགས་འདྲིལ་མཆེ་བ་གངས་རི་ལྟར་གཙིགས་ཤིང་ཤངས་ནས་བསྐལ་པའི་འཐོར་ རླུང་འཕྱོ་བ། སྤྱན་གསུམ་སྡང་མིག་བར་སྣང་གློག་ལྟར་འཁྱུག་ཅིང་ཟུར་ཞལ་གཡོན་དུ་ཕྱོགས་པ། སྨ་ར་སྨིན་ཨག་ཚོམ་དམར་སེར་མེ་ལྟར་འབར་ཞིང་མེ་སྐར་འཁྲུགས་པ། དབུ་སྐྲ་རལ་པ་དམར་སེར་རྒོད་མའི་མེ་ལྟར་གྱེན་དུ་འཕྱོ་ཞིང་། ཕྱག་གཡས་གསེར་གྱི་རྡོ་རྗེ་རྩེ་དགུ་རཾ་དགུ་དང་ཧཱུྃ་དགུས་མཚན་པ་ནམ་མཁའ་ལ་འཕྱར་ནས་དངོས་འཛིན་གྱི་རྟོག་པ་ མཐའ་དག་སྐད་ཅིག་ཏུ་ཕྱི་མར་རློག་པ། ཕྱག་གཡོན་ལྕགས་ཀྱི་སྡིག་པ་ནག་པོ་མགོ་དགུ་རྭ་བཅོ་བརྒྱད་ཁ་ནས་མེ་འབར་བ་གདེངས་ཐབས་ཀྱིས་བསྣམས་པས་ས་བདག་ཀླུ་གཉན་

རྒྱལ་བསེན་གདུག་པ་ཅན་གྱི་སྲོག་འཕྲོག་པ། ཞབས་གཡས་བརྐྱང་གཡོན་བསྐུམ་པའི་འོག་ཏུ་སྣང་སྲིད་ལྷ་མ་སྲིན་སྡེ་བརྒྱད་དྲེགས་པ་ཅན་མཐའ་དག་ཁ་བུབ་གན་རྐྱལ་དུ་འདམ་
[ 444 ]
ལྟར་བརྫིས་པ། གླང་སྟག་མའི་པགས་པའི་གོས་དང་ཐལ་ཁྲག་ཞག་གིས་བྱུགས་ཤིང་ཐོད་སྐམ་ལྔ་ཡི་དབུ་རྒྱན། རློན་པ་ལྔ་བཅུའི་དོ་ཤལ། ཀླུ་ཆེན་བརྒྱད་ཀྱིས་སྙན་

མགུལ་ཕྱག་ཞབས་ཀྱི་མཛེས་རྒྱན་དུ་བྱས་པ། གཞན་ཡང་རིན་པོ་ཆེའི་རྒྱན་དང་རུས་པའི་རྒྱན་དྲུག་གིས་ཉེ་བར་སྤྲས་པ་བ་སྤུའི་བུ་ག་ཐམས་ཅད་ཁྲོ་ཆུང་གི་གོ་ཆས་སྤྲས་ཤིང་སྤྲུལ་པ་ ཁྲོ་བོའི་སྤྲིན་འཕྲོ་བ། ཡེ་ཤེས་ཀྱི་འོད་ཟེར་རབ་ཏུ་འཚེར་ཞིང་མེ་དུད་ཀྱི་རྩེ་ནས་མཚོན་ཆའི་ཚྭ་ཚྭ་འཕྲོ་བའི་དབུས་སུ་བཞུགས་པ། གཡས་གཡོན་དུ་ཁྲོ་བོ་ཁྲོ་མོ་དང་རྒྱབ་ཏུ་ མཁའ་འགྲོའི་ཚོགས་ཀྱིས་དྲག་སྔགས་ཧཱུྃ་ཕཊ་ཀྱི་ང་རོ་སྒྲོག་ཅིང་། མདུན་དུ་ལྷ་མ་སྲིན་སྡེ་བརྒྱད་བྲན་བཞིན་དུ་ཉན་ནས་གནོད་བྱེད་ཐམས་ཅད་ཐལ་བར་རློག་པ། ཕྱོགས་ མཚམས་ཐམས་ཅད་དུ་ཡང་སྤྲུལ་ལྕགས་ཀྱི་སྡིག་པ་རླུང་ལྟར་འཚུབ་པས་དམ་ཉམས་རྣམས་ཀྱི་སྙིང་ཁྲག་འཐུང་བ། སྲིད་པ་འདི་ན་ཆེ་བཙན་འགྲན་ཟླ་དང་བྲལ་བའི་ཁྲོ་བོ་

ཐམས་ཅད་ཀྱི་རྒྱལ་པོར་གསལ་བའི་གནས་མི་འགྱུར་ཡི་གེ་གསུམ་གྱིས་རྒྱས་བཏབ་ནས་གསལ་བ་དང་བརྟན་པ་དང་དག་པ་ལ་མ་གོམས་བར་དུ་ནན་ཏན་གྱིས་བསླབ་པར་བྱ་བ་སྟེ།
[ 445 ]
༄༅ ། །དེ་ཡི་ཐུན་མཚམས་རྣམས་སུ་རང་བཞིན་རྣམ་པར་དག་པའི་ཞིང་ཆོས་དབྱིངས་དུར་ཁྲོད་མེ་རི་འབར་བ་དང་། འཁོར་བ་ཡོངས་སྒྲོལ་གྱི་དུད་ཁྲོད་སོགས་ཁྲོ་

བོའི་ཞིང་ཁམས་བསམ་གྱིས་མི་ཁྱབ་པ་དང་། རྔ་ཡབ་པདྨ་འོད་ཀྱི་ཕོ་བྲང་ནས་གདོད་ནས་རྣམ་དག་གུ་རུ་དྲག་པོ་ཡེ་ཤེས་ཀྱི་དཀྱིལ་འཁོར་འཁོར་ལོ་སྤྱན་དྲངས། མདུན་གྱི་ནམ་ མཁའ་ལ་རང་དང་ཞལ་སྤྱོད་ཀྱི་ཚུལ་དུ་བཞུགས་པར་གསོལ་ནས་མཆོད་བསྟོད་བྱས་པའི་མཐར། བདག་དམ་ཚིག་གི་དཀྱིལ་འཁོར་ལ་གཉིས་སུ་མེད་པར་བཞུགས་པར་བསམ་ པ་ཡང་བྱིན་རླབས་འཇུག་པའི་རྒྱུ་ཁྱད་པར་བ་ཡིན་ནོ། །དེ་ནི་དམིགས་ཐུན་དང་པོའོ། །དེ་ཡང་རྒྱུད་ཀྱི་ཡང་འགྲེལ་ལས། གསང་སྒྲུབ་ནི། རང་ཉིད་སྐད་ཅིག་གིས་ ཞི་བ་འོད་དུ་ཞུ་བ་ལས་བྱུང་བ་གུ་རུ་དྲག་པོར་བསྐྱེད། སྤྱན་འདྲེན་མཆོད་བསྟོད་བྱ་ཞིང་ཡེ་ཤེས་སེམས་དཔའ་རང་ལ་ཐིམ། མདུན་བསྐྱེད་བསྒྲུབ་ན་རང་དང་མདུན་བསྐྱེད་གཉིས་

ཀ་ལ་ཐིམ། ཞེས་གསུངས་པའི་དོན་བཞིན་ཏེ། འདིའི་མདུན་བསྐྱེད་ནི་གཏོར་མའམ་མཎྜལ་ལ་བརྟེན་པའི་སྤྱི་མཐུན་ལ་དགོངས་ཀྱང་སྐབས་འདི་ནི་ཛཔ྄་ཁོང་ཕྱེ་བས་ཀྱང་
[ 446 ]
མདུན་བསྐྱེད་ཉིད་ཀྱི་དོན་ཚང་བར་འགྱུར་བ་ཡིན་ནོ། །དེ་ནས་ཛཔ྄་སྔགས་ཡེ་ཤེས་ཀྱི་དཀྱིལ་འཁོར་གསལ་གདབ་པ་ནི་རྒྱུད་ཀྱི་ཡང་འགྲེལ་ལས། རང་གི་དབུ་གཙུག་ན་གུ་རུ་

ཞི་བ་རིགས་བདག་གི་ཚུལ་དུ་བཞུགས་ཤིང་། རང་གི་ཐུགས་ཀར་ཉི་མའི་སྟེང་དུ་ཧཱུྃ་དམར་ནག་གི་མཐའ་བསྐོར་སྔགས་ཕྲེང་ཞེས་འབྱུང་བ་ལྟར། བདག་ཉིད་ཆེ་མཆོག་ དྲག་པོའི་སྤྱི་གཙུག་མཆོག་མར་གུ་རུ་ཞི་བ་མངོན་རྟོགས་ལྟར་གསལ་གདབ་ཅིང་ཐུགས་ཀར་ཡེ་ཤེས་སེམས་དཔའི་རང་བཞིན་ཉི་མའི་དཀྱིལ་འཁོར་རབ་ཏུ་ཚ་ཞིང་འོད་ཟེར་ཁ་ དོག་སྣ་ཚོགས་པ་འབར་འཚེར་རྩུབ་པ་ཀུན་ཏུ་འཕྲོ་བའི་ལྟེ་བར་ཏིང་འཛིན་སེམས་དཔའི་ངོ་བོ་ཡི་གེ་ཧཱུྃ་དམར་ལ་དྭངས་པ་ནོར་བུ་རིན་པོ་ཆེ་དབང་གི་རྒྱལ་པོ་ལྟ་བུ་ཡེ་ཤེས་ཀྱི་འོད་ ཟེར་མཐའ་དང་མུ་མེད་པར་འཕྲོ་ཞིང་ཕྲིན་ལས་རྣམ་པ་བཞི་ཡིད་བཞིན་དུ་བྱེད་པ་དེ་ཡི་མཐར་རྒྱལ་བ་ཐམས་ཅད་ཀྱི་གསང་རིག་གཟུངས་སྔགས་ཀྱི་ནུས་མཐུ་གཅིག་ཏུ་བསྡུས་པ་གུ་རུ་

དྲག་པོའི་ཡང་སྙིང་ཨོཾ་ཨཱཿཧཱུྃ་ཨ་རྩིག་ནི་རྩིག་ན་མོ་བྷ་ག་ཝ་ཏེ་ཧཱུྃ་ཧཱུྃ་ཕཊ༔ ཅེས་ཡི་གེ་འབྲུ་བཅུ་དྲུག་པ་གྱེན་ལངས་གཡས་སྐོར་དུ་ཧྲམ་མེ་འོད་ཟེར་དང་བཅས་ཏེ་འཁོད་པར་
[ 447 ]
༄༅། །བསམས་ལ་དམིགས་པ་མ་གསལ་བར་དུ་བསྐྱར་ཞིང་བསྒོམ་པ་སྟེ་དམིགས་ཐུན་གཉིས་པའོ།། ༈ །།གུ་རུའི་དྲག་སྒྲུབ་ཕལ་ཆེ་བར་ཛཔ྄་

སྔགས་ཀྱི་གཞི་འདི་ཁོ་ན་ལ་སྔགས་འབྲུ་མང་ཉུང་ཅུང་ཟད་འབྱུང་ཡང་ཕན་ཚུན་བསྲེ་བསླད་མི་བྱ་སྟེ་འདིར་ནི་ཡིག་འབྲུ་བཅུ་དྲུག་པར་ངེས་པའོ། །དེ་ལྟར་སྔགས་འཁོར་གྱི་དམིགས་ པ་བརྟན་ནས་རེ་ཞིག་ཛཔ྄་ཁོང་ཕྱེས་ནས་དོ་ལིའི་བཟླས་པ་བྱ་སྟེ་མར་མེ་གཅིག་ལས་གཉིས་མཆེད་དམ་མེ་ལོང་ལ་གཟུགས་བརྙན་ཤར་བ་བཞིན་རང་ཇི་འདྲ་བ་དྲག་པོའི་སྐུ། མདུན་ དུ་ཡེ་ཤེས་པའི་ཚུལ་དུ་མེ་རི་འདབ་སྦྱོར་བཞུགས་པའི་ཐུགས་ཀར་གོང་བཞིན་ཐུགས་སྲོག་ཛཔ྄་ཀྱི་འཁོར་ལོ་དགོད། དེ་ནས་བདག་གིས་བཟླས་པ་བྱས་པས་སྔགས་ཕྲེང་འོད་ ཟེར་དང་བཅས་ཏེ་ཧཱུྃ་ཡིག་ལ་གཡས་སུ་ལན་གསུམ་བསྐོར། ཧཱུྃ་ཡིག་ལས་འོད་ཟེར་བྱུང་ནས་ཏལ་ལེ་བརྒྱུད་ནས་བདག་གི་ལོངས་སྤྱོད་འཁོར་ལོའི་དབུས་སུ་ཧཱུྃ་དམར་པོ་གཅིག་

བསམ་སྟེ། དེ་ལ་ཡང་གཡས་སུ་ལན་གསུམ་བསྐོར་ནས་སྔགས་ཕྲེང་འོད་ཟེར་དང་བཅས་པ་ཞལ་ནས་ཐོན། མདུན་གྱི་ཡེ་ཤེས་ཁྲོ་བོ་ཆེན་པོའི་ཞལ་དུ་ཞུགས། གོང་
[ 448 ]
བཞིན་མགྲིན་པར་ཧཱུྃ་གསལ་བ་ལ་གཡས་སུ་བསྐོར་ཏེ་ཐུགས་ཀའི་ཧཱུྃ་ཡིག་གི་འོད་ཟེར་ལ་བརྒྱུད་ནས་ཧཱུྃ་གི་མཐར་སྔགས་ཕྲེང་འཁོད་དེ་གཡས་སུ་ལན་གསུམ་བསྐོར་དབུ་མའི་ལམ་

བརྒྱུད་སྔགས་ཕྲེང་ལྟེ་བ་ནས་འཐོན། རང་གི་ལྟེ་བར་ཞུགས་དབུ་མའི་ལམ་བརྒྱུད་སྙིང་གར་སྔར་བཞིན་དུ་འཁོད། དེ་ལྟར་བར་མཚམས་མེད་པར་ཅི་ནུས་སུ་སྒོམ་གྱིན་ བཟླ༑ གལ་ཏེ་དུབ་ན་བདག་མདུན་གང་བདེའི་ཐུགས་སྲོག་མཐར་སྔགས་ཕྲེང་བཀོད་པ་ལ་སེམས་མ་ཡེངས་པར་བཞག་ནས་ཛཔ྄་བཟླ་བ་དང་སྤེལ་བ་གང་བདེ་བྱ། ཐུན་ མཚམས་སུ་དོ་ལིའི་བཟླས་པ་ཁ་ཤས་མཐར་མདུན་གྱི་ཡེ་ཤེས་པ་རང་ལ་གཞུག་བརྟན་པའི་ང་རྒྱལ་བཟུང་། དེ་ནི་དོ་ལིའམ་ཁྱོག་གི་བཟླས་པའམ་འགལ་མེ་ཀླད་འཁོར་དུ་ བཟླས་པའི་ལུགས་སུ་སྟེ་དམིགས་ཐུན་གསུམ་པའོ།། ༈ །།དེ་ནས་སྤྲོ་བསྡུའི་བཟླས་པ་ནི། གུ་རུའི་སྐུ་ཞི་དྲག་དང་སྔགས་བསྒྱུར་བ་ལས་སྤྲོ་བསྡུ་གསུམ་

ཀ་གོང་དུ་ཞི་བའི་སྐབས་སུ་བཤད་པ་ཁོ་ན་ལྟར་ལ་དམིགས་པའི་གནད་ཅུང་ཟད་རེ་འཕྲུལ་ཤེས་ཏེ་བྱ་བ་ཡིན་ནོ། །འདིར་སྤྲོ་བསྡུ་གཉིས་པ་གྲུབ་པའི་སྐབས་སམ་གཞན་
[ 449 ]
༄༅། །ཡང་ནམ་འོས་སུ་ཁྲོ་བོའི་བཟླས་པ་བྱ་བ་ནི། དེ་ནས་སྔགས་ཕྲེང་འོད་ཟེར་ལས་མཚོན་ཆ་མེ་ཕུང་འཕྲོས་བདག་ཅག་དཔོན་སློབ་རྣམས་ཀྱི་ཆོས་བྱང་ཆུབ་

སྒྲུབ་པ་ལ་འཚེ་ཞིང་བར་དུ་གཅོད་པའི་དགྲ་དང་བགེགས་བྱད་མའི་ཚོགས་མ་ལུས་པ་ལྕགས་ཀྱུས་བཀུག་ཞབས་‚ཞགས་པས་བཅིངས་ལྕགས་ཀྱི་སྡིག་པས་སྙིང་ཁྲག་འཇིབས། འཁོར་ ལོའི་རྩིབས་ལ་བསྐྱོན་མཚོན་ཆས་གཏུབས། ཁྲོ་བོ་ཁྲོ་མོ་སྡེ་བརྒྱད་རྣམས་ཀྱིས་ཤ་ཁྲག་གློ་སྙིང་ཚོགས་སུ་རོལ། ལྷག་མ་མེ་རླུང་གིས་རྡུལ་ཕྲན་ཆ་མེད་དུ་བསྲེགས་གཏོར་ བར་བསམས་ལ་བཟླས་པ་ནི་ཁྱད་པར་བ་སྟེ་དྲག་པོའི་བསྙེན་སྒྲུབ་རྐང་ཚུགས་མི་ཕྱེད་པར་ཞི་བའི་ལས་ཚོགས་སྔགས་ཤམ་ཚུལ་དུ་སྦྱོར་ཚེ་སྤྲོ་བསྡུ་གཞན་ཞོར་བྱུང་དང་། སྤྲོ་ བསྡུ་གཉིས་པ་དང་འདི་གཉིས་རྩ་བའི་དམིགས་པ་ཡིན་པ་ཤེས་པར་བྱ་དགོས་ལ་མཐར་ཞི་བའི་སྐབས་མཁའ་ཁྱབ་བཟླས་པ་དང་། སྐུ་གསུང་ཐུགས་ཀྱི་བཟླས་པ་སོགས་

གང་བདེ་གཙོ་བོར་བྱས་ནས་ཅི་ནུས་སུ་བཟླ་བ་སྟེ་དམིགས་ཐུན་བཞི་པའོ།། ༈ །།དེ་ཡང་རྒྱུད་ཀྱི་ཡང་འགྲེལ་ལས། སྔགས་ཕྲེང་ལས་འོད་ཟེར་དམར་ནག་ཡེ་
[ 450 ]
ཤེས་ཀྱི་མེ་དང་མཚོན་ཆ་ལ་སོགས་པ་འཕྲོས་པས་མ་རུངས་གདུག་པ་ཅན་ཐམས་ཅད་ཚར་བཅད། ཅེས་པས་ཁྲོ་བོའི་བཟླས་པ་བསྟན། སྣང་སྲིད་ཐམས་ཅད་རིག་འཛིན་

དྲག་པོའི་སྐུར་གསལ་ཏེ། ཞེས་པས་མཁའ་ཁྱབ་ཀྱི་བཟླས་པ་བསྟན་ལ། བསྙེན་ཚད་ནི་སྙིང་པོ་འབུམ་ཕྲག་གཅིག་སྟེ་བསྙེན་པའོ། །ཞེས་འབྱུང་བ་ཞི་བ་འབྲུ་འབུམ་ གྱི་བཅུ་གཉིས་ཆ་དྲག་པོ་ལ་བཟླ་བར་དགོངས་མོད། འོན་ཀྱང་སྔགས་འདི་བྱིན་རླབས་ཕན་ཡོན་བསམ་གྱིས་མི་ཁྱབ་པར་ཁྲག་འཐུང་ཁྲོ་བོ་རོལ་པའི་རྒྱུད་དང་དྲག་སྒྲུབ་ གཞན་དུ་རྒྱ་ཆེར་འབྱུང་བས་ཅི་ཙམ་བཟླས་ཀྱང་བཟང་ཞིང་ལེགས་པ་ཡིན་ནོ། །སྡེ་བརྒྱད་འདུལ་སྔགས་སོགས་སྐབས་དང་བསྟུན་ཞེས་གསུངས་པ་ནི་གོ་སླ་བ་དེ་ཁོ་ ན་ལྟར་རོ། །དྲག་པོ་ལ་རྗེས་སྡུད་ཀྱི་རྣལ་འབྱོར་དངོས་སུ་མ་གསུངས་ཀྱང་ཞི་དྲག་སེང་གསུམ་གདན་ཐོག་གཅིག་ཏུ་ཐུན་གཅིག་ལ་སྒོམ་བཟླས་སྤུངས་པ་ཡིན་ན། གོང་

མ་འོད་དུ་ཞུ་ནས་འོག་མ་བསྐྱེད་པ་མུ་མཐུད་དུ་ཡང་འགྲེལ་གྱི་དགོངས་པར་སྣང་ཡང་ཐུན་གཅིག་པ་མ་ཡིན་པར་སོ་སོར་སྒོམ་བཟླས་བྱེད་ཕྱིན་རྗེས་སྡུད་ཀྱང་ཞི་བའི་སྐབས་
[ 451 ]
༄༅། །གཏེར་གཞུང་རྡོ་རྗེའི་ཚིག་གིས་ཟིན་པས་བྱ་དགོས་པར་རྟོགས་ལ། དེས་ན་རྗེས་སྡུད་ཞི་བའི་སྐབས་དེ་འཕྲུལ་ཤེས་པར་བྱའོ། །ཡང་དམིགས་མེད་དུ་

ཀ་དག་རབ་ལ་བཞག་ཀྱང་བསྐྱེད་ཆོག་དང་མཐུན་པའི་སྡུད་རིམ་སྟེ་འགལ་བ་མེད་པ་ཉིད་དུ་ཤེས་སོ། །དེ་ལྟར་དྲག་པོའི་དམིགས་ཐུན་བཞི་ཐུན་ཆེན་གཅིག་ཏུ་བསྡམས་པས་དངོས་ གཞི་བསྐྱེད་རིམ་གྱི་དམིགས་སྐོར་དྲུག་པའོ།། ༈ །།བཞི་པ་ཡང་གསང་ངམ་དེ་ཁོ་ན་ཉིད་ལྟར་སྒྲུབ་པ་ནི། ཐུན་དང་པོའི་མགོར་གུ་རུ་ཞི་དྲག་གི་སྒོམ་བཟླས་ཅི་ རིགས་བྱས་པའི་མཐར་རང་ཉིད་དྲག་པོ་འོད་དུ་ཞུ་བ་ལས་ཡེ་ཤེས་དབྱིངས་ཀྱི་མཁའ་འགྲོ་སེང་གེའི་གདོང་པ་ཅན་གྱི་སྐུར་གྱུར་པ་ནི། དེ་ཡང་པད་ཉི་མི་རོའི་གདན་ལ་ཡེ་ཤེས་ ཀྱི་མཁའ་འགྲོ་སྐུ་མདོག་མཐིང་ག་ནམ་མཁའ་དྭངས་པའི་ཁ་དོག་ལྟ་བུ་ཞལ་འཕྲོག་བྱེད་སེང་གེའི་གཟུགས་སུ་གནས་པ། སྤྱན་གསུམ་དང་ལྡན་ཞིང་ཞལ་གདངས་ལྗགས་

འདྲིལ་མཆེ་བ་ཟང་ཡག་ཏུ་གཙིགས་པ་རལ་པ་ལྗང་དམར་གྱེན་དུ་འཕྱོ་བའི་གསེབ་ནས་སྤྲུལ་པའི་ཁྲོ་མོ་སེང་ཆུང་མང་པོ་སྐར་ལྟར་འཕྲོ་བ། ཕྱག་གཡས་པས་རྡོ་རྗེས་ཡུ་བ་
[ 452 ]
བྱས་པའི་གྲི་གུག་ནམ་མཁའ་ལ་འཕྱར་ཞིང་། གཡོན་དུ་བྱད་མ་རྦོད་གཏོང་མཁན་དང་བདུད་དང་མུ་སྟེགས་ཀྱི་སྙིང་ཁྲག་གིས་བཀང་བའི་ཐོད་པ་ཐུགས་ཀར་འཛིན་ཅིང་ཞལ་དུ་

གསོལ་བ། ཞབས་གཡས་བསྐུམ་པའི་རྟིང་པ་བྷ་ག་ལ་གཏད་པ་གཡོན་བརྐྱངས་པས་བདག་མེད་རོའི་སྙིང་གར་བརྫིས་པ། ཐོད་སྐམ་ལྔ་ཡིས་དབུ་བརྒྱན་ཅིང་བདུད་ རིགས་བརྒྱ་ཡི་མགོ་བོའི་ཕྲེང་བ་སེ་རལ་ཁར་འཕྱང་བ། རུས་པའི་རྒྱན་དྲུག་དང་མེ་ལོང་དང་གསེར་གྱི་དྲིལ་ཆུང་གཡེར་ཁས་མཛེས་པར་བྱས་པ། ཡེ་ཤེས་མཁའ་འགྲོ་ ཡོངས་ཀྱི་འཁོར་ལོས་སྒྱུར་མའི་སྐུ་རུ་གསལ་བའི་སྤྱི་བོར་རིགས་བདག་བླ་མ་ཀུན་འདུས་གུ་རུ་པདྨ་དང་། གྲུ་མོ་གཡོན་དུ་ཐབས་བདེ་བ་ཆེན་པོའི་རང་བཞིན་ཆེ་མཆོག་ དམར་ནག་དག་‚དྲག་པ་རྩལ་གྱི་ངོ་བོ་ཁ་ཊྭཱཾ་གའི་རྣམ་པ་ལ་འཁྱུད་པ། ཡེ་ཤེས་བསྐལ་པའི་མེ་ཕུང་ཕ་ལམ་ལས་གྲུབ་པའི་རྡོ་རྗེ་ལ་སོགས་པའི་མཚོན་ཆའི་གུར་ཁང་འཁྲིགས་

པའི་དབུས་སུ་རང་འདྲ་ཡེ་ཤེས་མཁའ་འགྲོ་དུ་མའི་འཁོར་ཚོགས་ཀྱིས་བསྐོར་ཏེ་བཞུགས་པའི་གནས་གསུམ་སྐུ་གསུང་ཐུགས་ཀྱི་རང་བཞིན་རྡོ་རྗེའི་ཡིག་འབྲུ་གསུམ་གྱིས་
[ 453 ]
༄༅། །བྱིན་གྱིས་བརླབས་ནས་ཞི་དྲག་གི་སྐབས་སུ་བསྐྱེད་ལྟར་གསལ་བརྟན་དག་དྲན་ལ་བསླབཅིང་། སྐབས་སུ་ཡེ་ཤེས་ཀྱི་དཀྱིལ་འཁོར་སྤྱན་འདྲེན་

མཆོད་བསྟོད་རང་ལ་གཞུག་པ་རྣམས་ཀྱང་ཅི་ནུས་བྱ། དམིགས་ཐུན་དང་པོའོ།། ༈ །།དེ་ནས་ཛཔ྄་ཀྱི་དཀྱིལ་འཁོར་གསལ་གདབ་པ་ནི། རང་ གི་སྙིང་གར་ཡེ་ཤེས་པ་ཏིང་འཛིན་སེམས་དཔའི་ཚུལ་ཉི་མ་ཧཱུྃ་ཡིག་དྲག་པོའི་སྐབས་ཇི་བཞིན་པ་ལས། འདིར་ཧཱུྃ་ཡིག་གི་ཁ་དོག་མཐིང་ག་ཡིད་བཞིན་གྱི་ནོར་བུ་མཐོན་ཀ་ ཆེན་པོ་ཇི་བཞིན་པར་གསལ་བའི་མཐར་ཡེ་ཤེས་དམ་ཚིག་འཇིག་རྟེན་ལས་ཀྱི་སྲོག་སྙིང་བཅུད་དུ་ཕྱུང་བའི་རང་སྔགས་རྡོ་རྗེའི་སྒྲ་འདོགས་དང་བུ་དྲུག་གང་ཡང་མེད་པ་ སྦྲུལ་གཅུས་པའམ་སྤུ་གྲིའི་ཕྲེང་བ་ལྟ་བུ་ཡིག་འབྲུ་ཚེགས་བར་བཅུ་བཞི་པ་སྟེ་ཕྱི་མོ་ཕྱེད་དང་བཅོ་ལྔ་པ་ཨཿཀཿསཿམཿརཿཙཿཤཿདཿརཿསཿམཿརཿཡཿཕཊ྄༔ ཅེས་པ་

མགོ་བོ་གྱེན་བསྟན་ཁ་དོག་མཐིང་ག་གཡོན་དུ་ཕྲམ་མེར་འཁོད་པ་མ་གསལ་བར་དུ་ནན་ཏན་གྱིས་བསྒོམ་ཞིང་། དེ་ལྟར་གསལ་ཐེབས་ཚེ་ཧཱུྃ་ཡིག་ལས་འོད་ཟེར་ཚ་ལ་
[ 454 ]
རྩུབ་པ་རྣོ་ལ་རིང་བ་བལྟ་བས་མི་བཟོད་པ་འཕྲོས་ཏེ་སྔགས་ཀྱི་ཕྲེང་བ་ལ་ཕོག །སྔགས་ཀྱི་ཕྲེང་བ་ལས་ཀྱང་དེ་ལྟ་བུ་འོད་ཟེར་མགར་གྱི་ཚྭ་ཚྭ་ལྟར་འཕྲོ། རྒྱལ་བ་རྣམས་

ལ་ཕོག་པས་ཐུགས་དམ་གྱི་རྒྱུད་བསྐུལ། སེམས་ཅན་རྣམས་ལ་ཕོག་པས་སྡིག་སྒྲིབ་སྦྱངས། བདག་ཅག་དཔོན་སློབ་ཀྱི་ཐར་བའི་གེགས་བྱེད་གནོད་བྱེད་བྱད་མ་རྦོད་ གཏོང་བདུད་དང་མུ་སྟེགས་དམ་སྲི་རྣམས་ལ་ཕོག་པས་སྤུ་གྲིས་སྐྲ་བཞར་བའམ། བྱ་སྒྲོ་ཞུན་ཁང་གི་མེ་ལ་བསྲེགས་པ་བཞིན་སྐད་ཅིག་དེ་མ་ཐག་ཏུ་རྨེག་མེད་ཐལ་བ་རྡུལ་ཕྲན་ ཉིད་དུ་བརླགས་ཤིང་། འོད་ཟེར་ཚུར་འདུས་སྙིང་གའི་སྔགས་ཀྱི་དཀྱིལ་འཁོར་ལ་ཐིམ་པས་བྱིན་རླབས་ནུས་མཐུ་གཟི་བརྗིད་སྔར་ལས་ཀྱང་ཆེས་ཆེར་རྒྱས་པར་བསམས་ ལ༑ དེ་ལྟ་བུའི་སྤྲོ་བསྡུའི་དམིགས་པ་ཡང་ཡང་བཅས་ཛཔ྄་སྔགས་བཟླས་ཤིང་། སྐབས་སུ་གོང་གི་མཚོན་ཆའི་གུར་ཁང་གང་གིས་ཀྱང་གཞིག་པར་མི་ནུས་པ་རྡོ་རྗེའི་

རང་བཞིན་དུ་བསམས་ལ་སྔགས་བཟླ་བ་ནི་སྲུང་འཁོར་གྱི་མཆོག་གོ། །ཞི་དྲག་གི་ཞོར་བྱུང་ཤམ་བུ་ཙམ་དུ་བཟླ་ན་དམིགས་པའི་རིམ་པ་དེ་ཙམ་གྱིས་ཆོག་ཅིང་བསྙེན་ཚད་
[ 455 ]
༄༅། །ཀྱང་ཁྲི་ཕྲག་ལྔའོ། །བླ་མ་ཡི་དམ་གྱི་བསྙེན་པ་འགྲུབ་པའི་རྣལ་འབྱོར་པས་སེང་གདོང་མའི་བསྙེན་སྒྲུབ་རྐང་ཚུགས་བྱེད་ན་སྤྲོ་བསྡུ་གསུམ་དང་མཁའ་ཁྱབ་

སྐུ་གསུང་ཐུགས་ཀྱི་བཟླས་པ་རྣམས་གོང་དུ་བཤད་པ་རྣམས་ཁ་བསྒྱུར་ཏེ་བྱ་ཞིང་། དོ་ལིའམ་ཁྱོག་གི་བཟླས་པ་ཡང་སྤྲོ་ན་མི་རུང་བ་མེད་ལ། བསྙེན་ཚད་ཀྱང་འབྲུ་འབུམ་ནས་བྱེ་བ་ ས་ཡ་ཅི་ནུས་སོ། །དེ་ལྟར་རྒྱུན་གྱི་ཉམས་ལེན་སྲུང་བ་མཆོག་སྒྲུབ་དང་འབྲེལ་བའི་དམིགས་སྐོར་ཏེ་ཐུན་གཉིས་པའོ།། ༈ །།བཟློག་པའི་སྐབས་སུ་སྔགས་ཀྱི་གོ་ཆ་ ལུས་ལ་དགོད་པ་ནི་ཡང་འགྲེལ་ལས་གསུངས་པ་བཞིན་སྤྱི་བོར་ཨཿཀཿ མགྲིན་པར་སཿམཿ སྙིང་གར་རཿཙཿ ལྟེ་བར་ཤཿདཿ གསང་གནས་སུ་རཿསཿ བརླ་གཡས་ སུ་མཿརཿ གཡོན་དུ་ཡཿཕཊ྄ཿ དེ་རྣམས་ལས་འོད་ཟེར་མེ་འོད་མཚོན་ཆ་འཁྲུགས་ཏེ་མཆེད་པས་ཐར་པའི་བར་ཆད་དགྲ་བགེགས་བྱད་མ་ཐམས་ཅད་ཐལ་བའི་རྡུལ་ཕྲན་བཞིན་

དུ་བརླག་པར་བསམས་ནས་དྲག་སྔགས་ཅི་ནུས་བཟླས། ཐུན་མཚམས་སུ་བདེན་སྟོབས་བཅས་ཐལ་མོ་གནམ་ས་ཉི་ཟླས་མཚན་པའི་བར་དུ་དགྲ་བགེགས་བྱད་མ་ཀུན་སྒོ་ང་
[ 456 ]
བྲག་ལ་བཅར་བ་བཞིན་ཕྱེ་མར་གཞིག་པར་བསམས་ལ་ཐལ་མོ་བརྡབ། དེ་ནི་བཟློག་པའི་མཆོག་ཏུ་གྱུར་པའོ། །ཐུན་མཚམས་དམིགས་མེད་ཀ་དག་གི་ངང་དུ་བཞག་པའམ་

ཡང་ན་རྗེས་སྡུད་ཀྱི་རྣལ་འབྱོར་གོང་དུ་བསྟན་པ་ལྟར་ལ་མཐར་ལྷ་སྐུར་ལྡང་ཚེ་སྲུང་བའི་འཁོར་ལོ་ཡང་གསལ་གདབ་པར་བཞེད། རྦད་བསད་ཀྱི་སྐབས་སུ་རང་ཉིད་གུ་རུ་དྲག་པོ་ པོ་ཞི་བའི་རིགས་བདག་ཅན་གྱི་མདུན་དུ་སེང་གདོང་མ་རིགས་ལྔ་སྤྲུལ་པ་ཡང་སྤྲུལ་བཅས་གསལ་བཏབ། དེ་རྣམས་ལས་རང་འདྲའི་སྤྲུལ་པ་སྤྲོས། དགྲ་བགེགས་བྱད་མ་ རྣམས་ཕྱག་རྒྱ་བཞི་ཡིས་བཀུག །ལྷ་དང་དབྱེ། གཟུགས་ལ་དབབ། བྱད་དུ་གཞུག །སྨྱོ་རུ་བཅུག །གཏུན་དུ་བརྡུངས། ཤ་ཁྲག་ཡེ་ཤེས་ལས་བྱེད་ མཁའ་འགྲོའི་ཚོགས་ཀྱིས་ལྷག་མེད་དུ་བཞེས་པར་བསམས་ལ་བསྐུལ་དང་དྲག་སྔགས་ཅི་ནུས་སུ་བཟླ་བ་སྟེ། ཚུལ་འདི་གནས་སྐབས་འདིར་རྒྱས་པར་སྨོས་མ་དགོས་ཀྱང་

རྒྱུད་ཀྱི་ཡང་འགྲེལ་དུ་བསྐྱེད་རིམ་གྱི་ཟབ་ཁྲིད་འཕྲོས་སུ་གནང་འདུག་པ་བཞིན་སྐབས་འདིར་ཡང་ས་བཅད་ཚུལ་དུ་བཟློག་དམིགས་ཀྱི་ཞར་བྱུང་དུ་སྨོས་པ་སྟེ་དམིགས་ཐུན་
[ 457 ]
༄༅། །གསུམ་པའོ། །དེ་ལྟར་སེང་གདོང་གི་དམིགས་ཐུན་གསུམ་ཐུན་ཆེན་གཅིག་ཏུ་བསྡམས་པས་དངོས་གཞི་བསྐྱེད་རིམ་ལྷ་ཁྲིད་ཀྱི་དམིགས་སྐོར་བདུན་པའོ།། །།

༈ དེ་ཡང་བཀའ་སྲུང་ཡེ་ཤེས་མཁའ་འགྲོའི་སྒྲུབ་པ་ལ་ཡང་གསང་ངམ་དེ་ཁོ་ན་ཉིད་ཀྱི་སྒྲུབ་པར་བཞེད་པའི་རྣམ་གཞག་གོ་རིམ་ལ་ཁ་ཅིག་ནས་དཔྱད་པ་སྐད་བྱེད་ཀྱང་ས་ བཅུའི་དབང་ཕྱུག་ལྟ་བུ་ངེས་པར་དག་པའི་ས་ལ་བཞུགས་པའི་སྲུང་མ་ཁ་ཅིག་གི་སྒྲུབ་ཐབས་ལ་ཡང་གསང་གི་བརྡར་བཞག་པ་མང་ན། འདི་ནི་སྐབས་འདིར་ཆོས་ཀྱི་སྲུང་མར་གསུངས་ ཀྱང་༑ སྤྱིར་གཞུང་གཞན་ཀུན་ཏུ་ཡི་དམ་ལྷར་སྒྲུབ་པ་ཤས་ཆེ་བས་ཡང་གསང་དེ་ཁོ་ན་ཉིད་ཀྱི་སྒྲུབ་པར་བཞག་པ་ལ་སྐྱོན་ཡེ་ནས་མེད་དོ།། ༈ །།ད་ནི་གསུམ་པ་ལས་ཁ་ ཚར་ཕྲིན་ལས་བཞིའི་སྒྲུབ་པ་བཤད་པར་བྱ་སྟེ། དེ་ཡང་གཏེར་གཞུང་རྡོ་རྗེའི་ཚིག་ལས། འཕྲོ་འདུའི་ཕྲིན་ལས་སྦྱོར་ཤེས་ན༔ གང་ལྟར་བསམ་པ་དེ་ལྟར་འགྲུབ༔ ༔

དཔེར་ན་ཡིད་བཞིན་ནོར་བུ་འདྲ༔ དེས་ན་དུས་དང་ཁ་ཕྱོགས་སོགས༔ གནས་སྔགས་སྨོན་ལམ་ཤེས་པར་བྱ༔ དང་པོ་ཞི་བའི་ཕྲིན་ལས་བསྒྲུབ་པ་ལ་དུས་ནི་ཐོ་རངས་
[ 458 ]
ཀྱི་དུས་སུ་ཡིན་ལ་ཁ་ཤར་ཕྱོགས་སུ་བསྟན་ནས་རང་ཉིད་གུ་རུ་པདྨ་འབྱུང་གནས་ཁ་དོག་ཟླ་བའི་ཞུན་མ་འཁྱིལ་བ་ལྟ་བུ་དཀར་བ་ལ་པད་ཞུ་ཆོས་གོས་བེར་ཕོད་གསང་གོས་རྣམས་ཀྱང་

དུང་དང་ཀུ་མུད་ཀྱི་ཁ་དོག་ཅན་གསོལ་བ། ཕྱག་ན་ཟླ་བ་ཤེལ་གྱི་རྡོ་རྗེ་རྩེ་ལྔ་པ་དང་ཐོད་པ་བདུད་རྩིས་བཀང་བ་འཛིན་ཅིང་གྲུ་མོར་ཁ་ཊྭཱྃ་ག་འཕྱང་བ། ཞབས་རྡོ་རྗེའི་སྐྱིལ་མོ་ ཀྲུང་དུ་བཞུགས་པར་གསལ་ལ་ཛཔ྄་དཀྱིལ་གྱི་གནས་ཐུགས་ཀར་པད་དཀར་ཟླ་སྟེང་རྡོ་རྗེའི་ལྟེ་བར་ཧཱུྃ་ཡིག་དཀར་པོས་མཚན་པ་དང་། བྱེ་བྲག་ཏུ་སྤྱི་བོ་བདེ་ཆེན་གྱི་འཁོར་ལོ་ པད་དཀར་འདབ་མ་སུམ་ཅུ་སོ་གཉིས་པའི་ལྟེ་བར་ཟླ་བའི་དཀྱིལ་འཁོར་ལ་ཨོཾ་ཡིག་དཀར་པོ། དེའི་མཐར་སྔགས་ཀྱི་རིམ་པ་ཨོཾ་ཨཱཿཧཱུྃ་བཛྲ་གུ་རུ་པདྨ་སིདྡྷི་ཧཱུྃ༔ ཞེས་རྩ་བའི་ སྔགས་དང་། ༀ་ཤཱནྟིཾ་ཀུ་རུ་ཡེ་སྭཱ་ཧཱ། ཞེས་ཤམ་བུ་ལས་སྔགས་ཏེ་སྔགས་ཕྲེང་ཡིག་འབྲུ་གྱེན་ལངས་བཀླག་ཐབས་སུ་གནས་པར་བསམས་ལ། དེ་ནས་སྤྲོ་བསྡུ་ནི།

ཛཔ྄་སྔགས་བཟླས་པས་ཐུགས་ཀའི་ཟླ་བ་རྡོ་རྗེ་ཧཱུྃ་ཡིག་ལས་འོད་ཟེར་དཀར་པ་འཕྲོས། སྤྱི་བོའི་ཟླ་དཀྱིལ་སྔགས་ཕྲེང་ཨོཾ་ཡིག་ལ་ཕོག་པས་སྔགས་ཕྲེང་དྲག་ཏུ་འཁོར་ཞིང་
[ 459 ]
༄༅། །ༀ་ལས་ཟླ་བའི་འོད་ཟེར་ལྟ་བུ་ནམ་མཁའི་ཁྱོན་ཁེངས་ཤིང་། སྔགས་ཀྱི་སྒྲས་རྒྱལ་བ་སྲས་དང་སློབ་འབངས་བཅས་དགྱེས་པར་བྱས་ཤིང་ཐུགས་དམ་གྱི་རྒྱུད་

བསྐུལ་བས་དེ་རྣམས་ཀྱི་དཔྲལ་བ་ནས་འོད་ཟེར་དཀར་པོ་བྱུང་། རང་གི་སྤྱི་གཙུག་གི་སྔགས་ཀྱི་དཀྱིལ་འཁོར་ལ་ཐིམ་པས་མཐུ་སྟོབས་ནུས་པ་ཤིན་ཏུ་ནས་ཀྱང་བསྐྱེད་པར་བྱས་ཏེ། དེ་ལས་སླར་ཡང་འོད་ཟེར་པད་རྩ་མུ་ཏིག་ལྟར་དཀར་ཞིང་ཟླ་བའི་དབྱིབས་ཅན་སོགས་འཕྲོས། འགྲོ་བ་རྣམས་ལ་ཕོག་པས་བདག་གཞན་གྱི་ལས་ཉོན་སྡིག་སྒྲིབ་འཇིགས་པ་ བརྒྱད་དང་བཅུ་དྲུག་མཐའ་དག་ཞི་བར་བྱས་སོ་བསམས་ནས་བཟླས་པ་བརྒྱ་རྩའམ་སྟོང་ཚིག་དང་། ཐུན་མཚན་རྣམས་སུ་སྨོན་ལམ་གདབ་པར་ཡང་བྱ་སྟེ། དེ་ནི། ནད་གདོན་ སྡིག་སྒྲིབ་བག་ཆགས་ངན༔ སྡང་དགྲ་གནོད་བྱེད་གདུག་པའི་དཔལ༔ རྣོ་བའི་མཚོན་དང་སྦྱོར་བའི་དུག༔ སྟོང་ཕྲག་བརྒྱད་ཅུའི་བགེགས་ཀུན་དང་༔ བཞི་བརྒྱ་རྩ་

བཞིའི་ནད་རྣམས་དང་༔ རྨིས་ལྟས་མཚན་ངན་ཐམས་ཅད་ཀུན༔ མྱུར་བ་ཉིད་དུ་ཞི་གྱུར་ཅིག༔ ཅེས་ཚར་གསུམ་བདུན་བཅོ་ལྔ་སོགས་ཇི་ལྟར་རིགས་པར་བརྗོད།
[ 460 ]
མཐར་སྣོད་ཀྱི་འཇིག་རྟེན་རྡོ་རྗེའི་ཞིང་དང་བཅུད་ཀྱི་སེམས་ཅན་རྡོ་རྗེ་སེམས་དཔར་བསམས་ལ། སྣོད་བཅུད་ཀྱང་རིམ་བཞིན་བདག་ལ་ཐིམ་ནས་དམིགས་མེད་ཀ་དག་གི་

ངང་དུ་བཞག་པའམ། བདག་གི་སྤྱི་བོའི་ཛཔ྄་དཀྱིལ་སྙིང་གའི་ས་བོན་ལ་ཐིམ། རང་ལུས་ཀྱང་འོད་ཀྱི་གོང་བུ་སྙིང་གའི་ཐུགས་སྲོག་ལ་འདུས་ཏེ་སྟོང་པར་གཞིལ་བ་ དང་༑ སླར་ལྡང་བ་གོང་དུ་རྩ་བའི་སྒྲུབ་ཐབས་སུ་བསྟན་པ་ལྟར་བྱ་བ་སྟེ་ཞི་བའི་ལས་ཀྱི་དམིགས་ཐུན་དང་པོའོ།། ༈ །།དེ་ནས་རྒྱས་པའི་ཕྲིན་ལས་བསྒྲུབ་པའི་ དུས་ནི་ཉི་དྲོས་ཀྱི་སྐབས་སུ་ཁ་ལྷོ་ཕྱོགས་སུ་བསྟན་ནས་རང་ཉིད་གུ་རུ་པདྨ་འབྱུང་གནས་ཁ་དོག་གསེར་གྱི་ལྷུན་པོ་ལ་ཉི་མས་འཁྱུད་པ་ལྟ་བུ་སེར་ལ་འཚེར་བ་བལྟ་བས་མི་ བཟོད་པ་པད་ཞུ་ཆོས་གོས་བེར་ཕོད་གསང་གོས་རྣམས་ཀྱང་བཻ་ཌཱུརྻ་སེར་པོའི་ཁ་དོག་ལྟ་བུ་ཕྱག་ན་རིན་པོ་ཆེ་ཆ་དགུ་འོད་ཟེར་མཆོག་ཏུ་འབར་བ་དང་ཐོད་པ་བདུད་རྩིས་བཀང་བ་

འཛིན་ཅིང་གྲུ་མོར་ཁ་ཊྭཱཾ་འཆང་བ། ཞབས་རྒྱལ་པོ་རོལ་པའི་འདུག་སྟངས་ཀྱིས་བཞུགས་པར་བསམས་ལ། ཛཔ྄་དཀྱིལ་གྱི་གནས་ཐུགས་ཀར་ཞི་བའི་སྐབས་
[ 461 ]
༄༅། །བཞིན་ལས་པད་རྡོར་ཧཱུྃ་སེར། བྱེ་བྲག་པ་མགྲིན་པ་ལོངས་སྤྱོད་ཀྱི་འཁོར་ལོ་པདྨ་སེར་པོ་འདབ་མ་བཅུ་དྲུག་པའི་ལྟེ་བར་ཡིད་བཞིན་གྱི་ནོར་བུ་རིན་པོ་ཆེ་

ཆ་དགུ་པའི་དབུས་སུ་བྷྲཱུྃ་ཡིག་སེར་པོ་གནས་པའི་སྔགས་ཀྱི་རིམ་པ་རྩ་བའི་ཛཔ྄་ཀྱི་མཐར། བྷྲཱུྃ་པུཥྚིཾ་ཀུ་རུ་ཡེ་སྭཱ་ཧཱ། ཞེས་ལས་སྔགས་ཏེ་བཀླག་ཐབས་སུ་འཁོད་པར་བསམས་ ལ༑ དེ་ནས་སྤྲོ་བས་ནི་ཐུགས་ཀའི་ཛཔ྄་དཀྱིལ་ལས་འོད་ཟེར་སེར་པོ་འཕྲོས། མགྲིན་པའི་རིན་ཆེན་སྔགས་ཕྲེང་བྷྲཱུྃ་ཡིག་ལ་ཕོག་པས་སྔགས་ཕྲེང་དྲག་ཏུ་འཁོར་ཞིང་བྷྲཱུྃ་ ལས་འོད་ཟེར་སེར་པོས་ནམ་མཁའི་ཁྱོན་ཁེངས་ཤིང་སྔགས་ཀྱི་རང་སྒྲས་རྒྱལ་བ་རབ་འབྱམས་དགྱེས་ཏེ་ཐུགས་རྒྱུད་བསྐུལ་བ་སོགས་ཞི་བའི་སྐབས་ལྟར་ལ། དེ་རྣམས་ཀྱི་ མགྲིན་པ་ནས་འོད་ཟེར་སེར་པོ་བྱུང་རང་གི་མགྲིན་པའི་ཛཔ྄་དཀྱིལ་ལ་ཐིམ་པས་ནུས་པ་བསྐྱེད། དེ་ལས་སླར་འོད་ཟེར་རྡོ་རྗེ་ཕ་ལམ་དང་སྦུར་ལེན་གྱི་ཁ་དོག་ལྟ་བུ་ནོར་བུ་རིན་

པོ་ཆེའི་དབྱིབས་ཅན་ལ་སོགས་པ་འཕྲོས་འགྲོ་བ་རྣམས་ལ་ཕོག་པས་བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་ཀུན་ཏུ་རྒྱས་ཤིང་གནས་སྐབས་ཀྱི་འབྱོར་པ་དྲུག་འཕེལ་བར་བསམས་
[ 462 ]
ལ་བཟླས་པའི་བར་དང་ཐུན་མཚམས་རྣམས་སུ་སྨོན་ལམ་གདབ་པ་ནི། ཚེ་དང་བསོད་ནམས་སྙན་གྲགས་སྟོབས༔ འཁོར་དང་བུ་སློབ་ཕྲིན་ལས་རྒྱས༔ མངའ་ཐང་

ལོངས་སྤྱོད་ཡོན་ཏན་ཀུན༔ མྱུར་བ་ཉིད་དུ་རྒྱས་གྱུར་ཅིག༔ ཅེས་ཚར་ཇི་ལྟར་རིགས་པ་བརྗོད་མཐར་སྣོད་ཀྱི་འཇིག་རྟེན་རིན་པོ་ཆེའི་ཞིང་ནང་བཅུད་ཀྱི་སེམས་ཅན་རིན་ ཆེན་སེམས་དཔར་གྱུར་ནས་སྣོད་བཅུད་ཀྱང་རིམ་བཞིན་བདག་ལ་ཐིམ་ནས་དམིགས་མེད་དུ་བཞག་པའམ། ཡང་རྗེས་སྡུད་མགྲིན་པའི་ཛཔ྄་དཀྱིལ་སྙིང་གའི་ས་བོན་ལ་ཐིམ་པ་ ལས་གཞན་ཞི་བའི་སྐབས་སུ་བཤད་པ་ལྟར་བྱ་བ་སྟེ། རྒྱས་པའི་ལས་ཏེ་དམིགས་ཐུན་གཉིས་པའོ།། ༈ །།དེ་ནས་དབང་གི་ཕྲིན་ལས་བསྒྲུབ་པ་ལ་དུས་དགོངས་ ཁའི་སྐབས་སུ་ཁ་ནུབ་ཏུ་ཕྱོགས་ལ་རང་ཉིད་པདྨ་འབྱུང་གནས་ཁ་དོག་བྱུ་རུའི་ལྷུན་པོ་ལ་ཉི་མས་འཁྱུད་པ་ལྟ་བུར་དམར་བ་པད་ཞྭ་ཆོས་གོས་བེར་ཕོད་གསང་གོས་རྣམས་པདྨ་

དམར་པོ་ལྟར་ལྷུན་ཆགས་ཤིང་མཛེས་པ་ཕྱག་ན་པདྨ་དམར་པོ་འདབ་མ་སྟོང་ལྡན་ཟེའུ་འབྲུའི་གེ་སར་ལ་ལྕགས་ཀྱུས་མཚན་པ་དང་ཐོད་པ་བདུད་རྩི་ཅན་ཁ་ཊྭཱཾ་གར་འཁྱུད་པ།
[ 463 ]
༄༅། །ཞབས་སེམས་སྐྱིལ་ལམ་པདྨའི་སྐྱིལ་ཀྲུང་གིས་བཞུགས་པར་བསམ་པའི་ཛཔ྄་དཀྱིལ་གྱི་གནས་ཐུགས་ཀར་གོང་བཞིན་པད་རྡོར་དང་ཧཱུྃ་དམར་བྱེ་བྲག་པ་ལྟེ་

བ་སྤྲུལ་པའི་འཁོར་ལོ་པདྨ་དམར་པོ་འདབ་མ་དྲུག་ཅུ་རྩ་བཞི་པའི་དབུས་སུ་ཉི་མའི་དཀྱིལ་འཁོར་ལ་ཧྲཱིཿཡིག་དམར་པོས་མཚན་པའི་མཐར་སྔགས་ཀྱི་རིམ་པ་རྩ་བའི་ཛཔ྄་ལ། ཧྲཱིཿཝ་ ཤཾ་ཀུ་རུ་ཡེ་སྭཱ་ཧཱཿ ཞེས་ལས་སྔགས་བཅས་སྔར་བཞིན་འཁོད་པར་བསམས་ལ། སྤྲོ་བསྡུ་ནི་ཐུགས་ཀའི་ཛཔ྄་དཀྱིལ་ས་བོན་ལས་འོད་ཟེར་དམར་པོ་པདྨ་རཱ་གའི་ཁ་དོག་ལྟ་བུ་བྱུང་ སྟེ་ལྟེ་བའི་ཉི་དཀྱིལ་སྔགས་ཕྲེང་ཧྲཱིཿཡིག་ལ་ཕོག་སྔགས་ཕྲེང་དྲག་ཏུ་འཁོར། ཧྲཱིཿཡིག་ལས་འོད་ཟེར་གློག་འཁྱུག་པ་ལྟ་བུ་བྱུང་ནམ་མཁའི་ཁྱོན་ཁེངས་པ་སོགས་སྔར་དང་འདྲ་ བའི་ལྷ་རྣམས་ཀྱི་ལྟེ་བ་ནས་འོད་ཟེར་དམར་པོ་བྱུང་རང་གི་ལྟེ་བའི་ཛཔ྄་དཀྱིལ་ལ་ཐིམ་པས་རྒྱལ་བ་རྣམས་ཀྱི་ཐུགས་རྗེ་དང་བྱིན་རླབས་དབང་དུ་འདུས་ཛཔ྄་ཀྱི་ནུས་པ་བསྐྱེད། དེ་

ལས་སླར་འོད་ཟེར་ཨུཏྤལ་དང་མུ་ཏིག་དམར་པོའི་ཁ་དོག་ཅན་ལྕགས་ཀྱུ་ཞགས་པ་ལ་སོགས་པ་འགུགས་བྱེད་མཚོན་ཆའི་རྣམ་པར་འཕྲོས། དབང་དུ་བྱ་བའི་སེམས་ཅན་རྣམས་
[ 464 ]
ཀྱི་སྤྱི་བོ་སྙིང་ག་དང་གསང་གནས་རྣམས་སུ་ཕོག་པས་དེ་རྣམས་ཀྱི་ཡིད་རང་དབང་མེད་པར་བསྐུལ་ཏེ་བདག་གི་དབང་དུ་འདུས་ཤིང་ཀུན་ཀྱང་ཕྱིར་མི་ལྡོག་པ་ཐར་པ་མཆོག་གི་ལམ་

ལ་བཀོད་པར་བསམས་ལ། ཛཔ྄་སྔགས་བཟླས་ཤིང་སྔགས་ཀྱི་གྲངས་མཚམས་དང་ཐུན་མཚམས་རྣམས་སུ་སྨོན་ལམ་གདབ་པ་ནི། རྒྱལ་བའི་ཐུགས་རྗེ་བྱིན་རླབས་ དང་༔ སྐྱེ་འགྲོ་མཐོང་ཐོས་དྲན་རེག་སོགས༔ ཁམས་གསུམ་དབང་དུ་འདུས་གྱུར་ཅིག༔ ཅེས་ཚར་ཅི་ནུས་བརྗོད། མཐར་སྣོད་ཀྱི་འཇིག་རྟེན་པདྨ་ཅན་གྱི་ཞིང་ དང་བཅུད་ཀྱི་སེམས་ཅན་པདྨ་སེམས་དཔར་གྱུར་པར་བསམས་ལ་དམིགས་མེད་དུ་བཞག་པའམ་ལྟ་བའི་ཛཔ྄་དཀྱིལ་སྙིང་གར་བསྟིམ་པ་རྗེས་སྡུད་གོང་དུ་བཤད་པ་ལྟར་བྱ་བ་ སྟེ་དབང་གི་ལས་རིམ་དམིགས་ཐུན་གསུམ་པའོ།། ༈ །།དེ་ནས་དྲག་པོའི་ཕྲིན་ལས་བསྒྲུབ་པ་ནི། དུས་ནི་སྲོད་ཀྱི་དུས་སུ་ཁ་བྱང་ཕྱོགས་སུ་བསྟན་ཏེ་རང་ཉིད་

པདྨ་འབྱུང་གནས་ཁ་དོག་སྟོང་ཟིལ་བཅག་པ་ལྟ་བུར་གནག་པ་པང་ཞྭ་ཆོས་གོས་བེར་ཕོད་གསང་གོས་རྣམས་མིག་སྨན་གྱི་གཡུང་དྲུང་ལྟ་བུར་གསོལ་བ། ཕྱག་ན་རལ་གྲི་
[ 465 ]
༄༅། །མེ་འབར་བ་དང་ཐོད་པ་ཁྲག་གིས་བཀང་བ་འཛིན་པ་ཁ་ཊྭཱཾ་ག་ལ་འཁྱུད་པ་ཞབས་ཕྱེད་སྐྱིལ་ལ་པུས་མོ་གཡས་ཙོག་བུར་བསླངས་ཏེ་བཞུགས་པར་བསམ་ལ་ཛཔ྄་

དཀྱིལ་གྱི་གནས་ཐུགས་ཀར་གོང་ལྟར་པད་རྡོར་དང་ཧཱུྃ་མཐིང་བྱེ་བྲག་པ་གསང་གནས་བདེ་སྐྱོང་འཁོར་ལོ་པད་ལྗང་འདབ་མ་ཉེར་བརྒྱད་པའི་ལྟེ་བར་རལ་གྲི་རྡོ་རྗེ་ཕྱེད་པའི་ཡུ་བ་ཅན་གྱི་ ལྟེ་བ་ཁོང་སེང་དུ་ཧཱུྃ་ཡིག་ནག་པོ་དེ་མཐར་རྩ་བའི་སྔགས་དང་ལས་སྔགས་ཧཱུྃ་མཱ་ར་ཡ་ཕཊ྄ཿཀྱིས་བསྐོར་བར་བསམས་ལ་སྤྲོ་བསྡུ་ནི། ཐུགས་ཀའི་ཛཔ྄་དཀྱིལ་ལས་འོད་ཟེར་ མཐིང་ནག་མེ་ལྟར་འཁྲུགས་པ་འཕྲོས། གསང་གནས་རལ་གྲི་སྔགས་ཕྲེང་ཧཱུྃ་ཡིག་ལ་ཕོག །སྔགས་ཕྲེང་དྲག་ཏུ་འཁོར་ཧཱུྃ་ལས་འོད་ཟེར་མཐིང་ནག་གིས་ནམ་མཁའི་ཁྱོན་ ཁེངས་ཤིང་རྒྱལ་བ་རྣམས་དགྱེས་བསྐུལ་བྱས་ཏེ། ལྷ་རྣམས་ཀྱི་གསང་གནས་ནས་འོད་ཟེར་མཐིང་ནག་ཚ་ལ་རྩུབ་པ་མཚོན་ཆ་སྣ་ཚོགས་པའི་དབྱིབས་ཅན་ལྟ་བུ་བྱུང་ནས་རང་

གི་གསང་གནས་ཀྱི་ཛཔ྄་དཀྱིལ་ལ་ཐིམ་པས་ཁམས་གསུམ་འཁོར་བ་དུས་གཅིག་ཏུ་སྒྲོལ་ནུས་པའི་མཐུ་དབང་ཐོབ་པར་བསམས་ལ། སླར་ཡང་དེ་ལས་འོད་ཟེར་གནམ་
[ 466 ]
ལྕགས་ཞུན་མ་དང་མགར་གྱི་སོལ་མེ་དང་རྡོ་རྗེའི་ཆར་ལྟ་བུའི་མཚོན་ཆ་དང་ལས་བྱེད་ཁྲོ་ཚོགས་བསམ་གྱིས་མི་ཁྱབ་པ་ཕྱོགས་ཐམས་ཅད་དུ་འཕྲོས་ནས་བདག་ཅག་དཔོན་

སློབ་ཀྱིས་ཆོས་བྱང་ཆུབ་སྒྲུབ་པ་ལ་གནོད་ཅིང་འཚེ་བར་བྱེད་པའི་དགྲ་བགེགས་འབྱུང་པོ་བྱད་མ་རྦོད་གཏོང་བདུད་དང་དམ་སྲི་གདུག་པ་ཅན་ཐམས་ཅད་ལྕགས་ཀྱུས་བཟུང་ཞགས་ པས་འཆིང་ལྕགས་སྒྲོག་གིས་བསྡོམས་དྲིལ་བུས་མྱོས་སུ་བཅུག་མཚོན་ཆའི་ཆར་གྱིས་ཕྱེ་མར་གཏུབས་ཏེ་དུག་གསུམ་རང་བཞིན་ཤ་ཁྲག་རུས་པ་ལས་བྱེད་ཁྲོ་བོའི་ཚོགས་ ཀྱིས་ཧབ་སྒྲ་དི་རི་རི་ལྷག་མ་མེད་པར་གསོལ་བར་ཡང་ཡང་བསམ་སྟེ་རྩ་སྔགས་ལས་སྔགས་སྤེལ་གྱིན་བཟླས། བཟླས་པའི་བར་དང་ཐུན་མཚམས་རྣམས་སུ་ དམོད་པ་གདབ་པ་ནི། དམ་སྲི་འབྱུང་པོ་མ་རུངས་པ༔ བསྟན་དགྲ་སྒོས་དགྲ་ལ་སོགས་པ༔ ཞིང་བཅུ་ལྡན་རྣམས་བརླག་གྱུར་ཅིག༔ ཅེས་ཅི་‚ཇི་ལྟར་

འོས་པ་བརྗོད། མཐར་སྣོད་ཀྱི་འཇིག་རྟེན་སྣ་ཚོགས་རྡོ་རྗེའི་ཞིང་དང་བཅུད་ཀྱི་སེམས་ཅན་སྤྱི་དང་བྱེ་བྲག་ཏུ་གོང་དུ་བསྒྲལ་བའི་འགྲོ་བ་དེ་རྣམས་ཀྱི་སེམས་རྒྱུད་
[ 467 ]
༄༅། །ཡོངས་སུ་དག་པར་བྱས་ཏེ་ལས་ཀྱི་སེམས་དཔར་གྱུར་པར་བསམས་ལ། དེ་ནས་རིམ་བཞིན་སྣོད་བཅུད་འོད་ཀྱི་གོང་བུར་བདག་ལ་ཐིམ་ནས་

དམིགས་མེད་ཀ་དག་ངང་དུ་བཞག་པའམ་གསང་བའི་ཛཔ྄་དཀྱིལ་སྙིང་གར་བསྟིམས་ཏེ་རྗེས་སྡུད་བསྒོམ་པ་གང་བདེ་བྱ་བ་ལ་དྲག་པོའི་ལས་ཏེ་དམིགས་ཐུན་བཞི་པའོ།། །། ༈ དེ་ལྟར་ལས་བཞིའི་དམིགས་ཐུན་བཞི་ཐུན་ཆེན་གཅིག་ཏུ་བསྡམས་པས་དངོས་གཞི་བསྐྱེད་རིམ་ལྷ་ཁྲིད་ཀྱི་དམིགས་སྐོར་བརྒྱད་པའོ། །དེ་ལྟར་ཕྲིན་ལས་ བཞི་སྒྲུབ་ཀྱི་རིམ་པ་ཕྱོགས་དུས་ཁ་དོག་གནས་སྔགས་སྤྲོ་བསྡུ་སྨོན་ལམ་སྟེ་དོན་ཚན་བདུན་གྱིས་བསྡུས་པ་འདི་ནི་གཏེར་གཞུང་རྩ་བ་ལས་དངོས་སུ་བསྟན་པ་ལྟར་གསུངས་པ་ ཉིད་གཙོ་བོར་བྱས་ཤིང་ཤུགས་བསྟན་དུ་རྣམ་གྲངས་གཞན་ཡང་འབྱུང་བར་གོ་ལ་ཐུགས་སྒྲུབ་གཞན་ལས་བྱེད་རིགས་བཞི་ཐུགས་ཀ་ནས་སྤྲོ་བ་དང་། ཡང་ལས་བྱེད་ཀྱི་

ལྷ་གནས་བཞིར་བཀོད་པ་སོགས་ཀྱང་འབྱུང་མོད། འདིར་ནི་གོང་དུ་བཤད་པ་ཉིད་གཙོ་བོ་ཡིན་ནོ།། ༈ །།ད་ནི་བཞི་པ་ལས་མཐའ་རྒྱས་ཚེའི་སྒྲུབ་པའི་
[ 468 ]
རིམ་པ་ནི། དེ་ཡང་བདག་བསྐྱེད་གཅིག་བུ་ལ་བརྟེན་ནས་སྒྲུབ་པ་དང་། མདུན་བསྐྱེད་ལ་བརྟེན་ནས་སྒྲུབ་པ་གཉིས་ཀྱི་དང་པོ་ནི། དེ་ཡང་གཏེར་གཞུང་རྡོ་རྗེའི་

ཚིག་ལས། བདག་བསྐྱེད་རྐྱང་སྒྲུབ་བྱེད་ན༔ རང་ཉིད་ཀྱི་ཐུགས་ཀར་པདྨ་དཀར་པོ་འདབ་མ་བརྒྱད་པའི་ལྟེ་བར་ཧྲཱིཿདཀར་པོ་དེའི་མཐར་སྔགས་ཕྲེང་འོད་ལྔའི་མདངས་དང་ ལྡན་པས་འཁོར་བར་དམིགས་ཏེ་བཟླའོ༔ ཞེས་འབྱུང་བ་ལྟར་ཡིན་ལ། འོན་ཀྱང་འདིར་བླ་མའི་མན་ངག་གིས་ཅུང་ཟད་ཁ་བསྐངས་ཏེ་གསལ་བར་བཤད་ན། རང་ཉིད་གུ་རུ་པདྨ་འབྱུང་གནས་སུ་གསལ་བའི་ཐུགས་ཀར་པད་དཀར་ཟེའུ་འབྲུའི་དབུས་སུ་ཕ་ལམ་རྡོ་རྗེ་རྩེ་ལྔ་པ་མས་ཀྱི་རྭ་རྣམས་ཟེའུ་འབྲུའི་དབུས་སུ་ནུབ་པ་ལྟེ་ བར་ཉི་ཟླ་གའུ་ཁ་སྦྱོར་གྱི་དབུས་སུ་དྭངས་མ་ལྔ་ལྡན་གྱི་ངོ་བོ་ཡི་གེ་ཧྲཱིཿདཀར་པོ་རྙོག་པ་དང་བྲལ་བའི་ཁོག་པར་ཡི་གེ་ཎྲྀཿལྗང་གུ། དེའི་ནང་དུ་ཡི་གེ་ཨཿདཀར་པོ་

གནས་པའི་ཕྱིར་ལ་མཐའ་སྐོར་དུ་ཨོཾ་ཨཱཿཧཱུྃ་བཛྲ་གུ་རུ་པདྨ་སིདྡྷི་ཨཱ་ཡུ་ཥེ་ཧཱུྃ་ཎྲྀ་ཛཿཞེས་ཡིག་འབྲུ་གྱེན་འགྲེང་རེ་རེ་བཞིན་ལྔ་ལྡན་འོད་ཟེར་གྱི་མུ་ཁྱུད་ཨ་ལོང་སྦྲེལ་བ་ལྟ་
[ 469 ]
༄༅། །བུའི་ནང་དུ་གནས་ཏེ་བཀླག་ཐབས་སུ་འཁོད་པར་བསམས་ལ་ཛཔ྄་དཀྱིལ་ཇི་བཞིན་མ་གསལ་བར་དུ་ནན་གྱིས་བསྒོམ། དེ་ནས་ཛཔ྄་བཟླས་པས་

སྔགས་ཀྱི་ཕྲེང་བ་ལས་རང་སྒྲ་དང་བཅས་ཏེ་འོད་ཟེར་བྱུང་ཧྲཱིཿཡིག་ལ་ཕོག །དེ་ལས་འོད་ཟེར་བུན་བུན་ཕྲོམ་ཕྲོམ་ནར་ཏེ་བྱུང་ཕྱི་སྣོད་ཀྱི་འཇིག་རྟེན་འབྱུང་བ་ལྔའི་བཅུད་དྭངས་ མ༑ ནང་བཅུད་ཁམས་གསུམ་སེམས་ཅན་མ་ལུས་པའི་ཚེ་དཔལ་འབྱོར་པ་ཁྱད་པར་སངས་རྒྱས་བྱང་སེམས་ཉན་རང་འཕགས་ཚོགས་རྣམས་ཀྱི་ཐུགས་རྗེ་ལས་གྲུབ་པའི་ཚེ་ བཅུད་ཀྱི་དྭངས་མ་རྣམས་འོད་ཟེར་རྡོ་རྗེ་ལྕགས་ཀྱུ་དང་ཞགས་པ་བུམ་པ་ཐོད་པའི་རྣམ་པས་བསྡུས་ནས་ཚེ་བཅུད་འོད་ཟེར་ཟབ་ཆེན་གྱི་སྐུད་པ་ལྟ་བུ་དཀར་སེར་དམར་ལྗང་མཐིང་ག་ དང་༑ བདུད་རྩི་ཁ་དོག་ལྔ་དང་ཡི་གེ་ཧྲཱིཿནྲྀཿཨཱཿཡི་རྣམ་པར་བྱུང་བ་རང་གི་སྨིན་མཚམས་དང་དབང་པོའི་སྒོ་ནས་ཞུགས། ཐུགས་སྲོག་ཧྲཱིཿདང་ཚེ་རྟེན་ས་བོན་ལ་སིབ་སིབ་

ཐིམ་པས་འཆི་བ་མེད་པ་རྡོ་རྗེའི་སྐུ་ཚེ་ལ་དབང་བའི་རིག་འཛིན་དངོས་སུ་གྲུབ་པར་བསམས་ལ་བཟླས་པ་ཅི་ནུས་སུ་འབད་པར་བྱ་སྟེ་འདི་ནི་བདག་བསྐྱེད་རྩ་བའི་དམིགས་པ་སྟེ་
[ 470 ]
དམིགས་ཐུན་དང་པོའོ།། ༈ །།ཡང་སྐབས་སུ་པདྨ་འོད་འབར་གྱི་གནས་ལྔར་ཕྱག་མཚན་ལྔ་དང་ཡིག་འབྲུ་ལྔ་སྟེ་སྤྱི་བོར་འཁོར་ལོ་དཀར་པོ་ཨོཾ་གྱིས་མཚན་

པ༑ མགྲིན་པར་པདྨ་དམར་པོ་ཨཱཿཡིས་མཚན་པ། སྙིང་གར་རྡོ་རྗེ་ཧཱུྃ་གིས་མཚན་པ། ལྟེ་བར་ནོར་བུ་སྭཱ་ཡིས་མཚན་པ། གསང་གནས་སུ་སྣ་ཚོགས་རྡོ་རྗེ་ཧཱ་ ཡིས་མཚན་པ་དེ་རྣམས་ལས་འོད་ཟེར་སྣ་ཚོགས་པ་ནམ་མཁའི་ཁྱོན་ཁེངས་པ་དང་། ཕོ་ཉ་ལྕགས་ཀྱུ་ཞགས་པ་ལྕགས་སྒྲོག་དྲིལ་བུའི་ཚོགས་དཔག་ཏུ་མེད་པ་འཕྲོས། འབྱུང་བ་ལྔ་ཡི་བཅུད་བསྡུས་ཕྱོགས་སྐྱོང་སོགས་མཐུ་ཆེན་ཚེ་ལ་དབང་བ་རྣམས་ཀྱི་ལག་ནས་ཚེ་བཀུག་ལྷ་ཀླུ་མིའི་རིག་འཛིན་དྲང་སྲོང་ཚེ་ལ་མངའ་བརྙེས་པ་རྣམས་ཀྱི་འཆི་མེད་ གྲུབ་པའི་ཚེ་གཡང་དང་རྒྱལ་བ་སྲས་དང་སློབ་མར་བཅས་པ་རྣམས་ཀྱི་བྱིན་རླབས་ནུས་པ་ལས་བྱུང་བའི་ཚེ་དཔལ་མཐའ་དག་པ་བསྡུས། འོད་ཟེར་དཀར་ལ་འཚེར་བ་སྣུམ་

ལ་འདྲིལ་བ་རང་དང་དམིགས་བྱ་བླ་མ་མཆེད་ལྕམ་ཕ་མ་ལ་སོགས་པའི་སྤྱི་བོ་ནས་མར་ལྷུབ་ལྷུབ་བབ་རྐྱལ་པ་ཞོ་ཡིས་ཁེངས་པ་ལྟར་ལུས་བདུད་རྩིས་ཁེངས། ཟག་
[ 471 ]
༄༅། །པ་མེད་པའི་བདེ་བ་མཆོག་ཏུ་རྒྱས་པའི་འཆི་མེད་རྡོ་རྗེ་ལྟ་བུའི་སྐུར་གྱུར་ལུས་རྡོ་རྗེ་ཕ་ལམ་གྱི་རང་བཞིན་བ་སྤུ་རྡོ་རྗེ་ཕྱེད་པ་རེས་གཏམས་པར་བསམས་ལ་

བཟླས་པ་ཅི་ནུས་བྱ་སྟེ་དམིགས་ཐུན་གཉིས་པའོ།། ༈ །།འདི་ནི་གཏེར་གཞུང་རྡོ་རྗེའི་ཚིག་ལས། གསང་བའི་དོན་ནི་པདྨ་ཚེ་དཔག་མེད་༔ གནས་ལྔར་ ཕྱག་མཚན་ལྔ་དང་ཡིག་འབྲུ་ལ༔ འོད་ཟེར་དཔག་ཡས་ནམ་མཁའ་གང་བར་འཕྲོས༔ ཞེས་གསུངས་པའི་དགོངས་པ་སྐབས་འདིར་ཅུང་ཟད་གསལ་བར་ཕྱེས་པ་ཡིན་ལ། གཞན་དམིགས་པ་རྒྱས་པ་ནི་བུམ་པས་ཚེ་དབང་བསྐུར་སྐབས་སུ་རྡོ་རྗེའི་གསུང་གི་ཚིག་ཟིན་ལྟར་ས་ཆུ་མེ་རླུང་ནམ་མཁའི་བཅུད་རྣམས་སོ་སོར་སྡུད་ཅིང་བསྟིམ་པ་དང་། ནང་ འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་བྱེ་བྲག་སོ་སོའི་ཚེ་བཅུད་བསྡུས་ནས་བསྟིམ་པ་སོགས་སྤྱི་དང་མཐུན་པས་འདིར་རྒྱས་པར་མ་སྤྲོས་ཤིང་རྒྱུན་ཁྱེར་སྙིང་པོ་ནི་གོང་དུ་བཤད་

པ་ཁོ་ནར་འདུས་སོ། །རྗེས་ཐུན་མཚམས་ལ་འཇུག་པའི་སྐབས་སུ་རང་ལུས་ཕ་ལམ་གྱི་རྡོ་རྗེ་རྩེ་ལྔ་པར་བསམས་ལ། དེ་ནས་དམིགས་མེད་ཀ་དག་གི་ངང་དུ་ཅི་གནས་སུ་
[ 472 ]
བཞག་པ་ནི་ཁྱད་པར་ཉིད་དོ། །གཉིས་པ་མདུན་བསྐྱེད་ཀྱི་རིམ་པ་ནི། ཉི་ཟླ་གཟའ་སྐར་ལ་རྟེན་བྱས་ཏེ་ཚེ་སྒྲུབ་པ་དང་། གངས་རི་རྟག་ཆགས་ལ་བརྟེན་ཏེ་ཚེ་སྒྲུབ་

པ་དང་། དེ་བཞིན་རི་བོ་ལྷུན་སྟུག་དང་། བྲག་རི་སྲ་བརྟན་དང་། གཡུ་མཚོ་རྟག་འཁྱིལ་རྣམས་ལ་བརྟེན་ཏེ་ཚེ་སྒྲུབ་པར་གསུངས་ཤིང་། དེ་རྣམས་བདག་ བསྐྱེད་ཇི་བཞིན་མདུན་དུ་གསལ་བཏབ་སྟེ་གོང་གི་དམིགས་པ་ཉིད་སྤྲོ་བསྡུའི་སྒོ་ནས་བདག་གི་ཚེའི་དངོས་གྲུབ་ཐོབ་པར་བསམས་ལ་བཟླས་པ་བྱེད་པ་ཉིད་དེ་ཚུལ་འདི་ནན་ ཏན་བྱིན་རླབས་དང་ནུས་མཐུ་ཆེན་པོ་ཡིན་པས་རིམ་པར་འབད་པར་བྱའོ། །ཡང་གནས་སྐབས་བུམ་པ་དང་གཏོར་མ་དང་ཚེ་རིལ་ཚེ་ཆང་རེ་རེ་ལ་ཡང་བརྟེན་ཏེ་སྒྲུབ་པར་ གསུངས་མོད། འོན་ཀྱང་གཙོ་བོ་བུམ་པ་ལ་བརྟེན་ཏེ་སྒྲུབ་པར་བཅས་ཤོམ་དང་དམིགས་རིམ་གྱི་སྐབས་སུ་གསལ་བར་གསུངས་པས། དེ་ནས་གཟའ་སྐར་བཟང་

པོར་བུམ་པ་མཚན་ལྡན་རྒྱན་གྱིས་སྤྲས་པ་ཆུ་དང་བུམ་རྫས་ཀྱིས་སུམ་གཉིས་གང་བ་བཤམས་ལ་དམིགས་པའི་རིམ་པ་ནི་གཏེར་གཞུང་རྡོ་རྗེའི་ཚིག་ལས་འདི་སྐད་ཅེས་
[ 473 ]
༄༅། །གསུངས་ཏེ། བདག་མདུན་གྱི་འོད་ཟེར་འཕྲོ་འདུས་ཕྱི་སྣོད་ནང་བཅུད་ཐམས་ཅད་ལྷ་སྔགས་སུ་གསལ་བའི་གཟི་བརྗིད་ཀྱིས་སངས་རྒྱས་བྱང་

སེམས་རྩ་བ་གསུམ་དང་ཆོས་སྐྱོང་ཐམས་ཅད་ཀྱི་ཚེའི་བྱིན་རླབས་དང་༔ འབྱུང་བའི་བཅུད་ཀྱི་དྭངས་མ་ཐམས་ཅད་དང་༔ དྲང་སྲོང་རིག་འཛིན་ཚེ་ལ་དབང་བ་ ཐམས་ཅད་ཀྱི་ཐུགས་རྗེ་བྱིན་རླབས༔ མདོར་ན་སེམས་ཅན་བསོད་ནམས་ཅན་དཀར་པོ་དགེ་བའི་ལས་སྒྲུབ་ཅིང་༔ དབང་ཆེ་བ༔ རྩལ་དྲག་པ༔ འཁོར་མང་བ༔ ཡོན་ཏན་ཆེ་བ༔ སྟོབས་དང་སྙན་གྲགས་ལྡན་པ་གདུལ་བྱ་ཕྲིན་ལས་ཅན་རྣམས་གྱི་ཚེ་དང་བསོད་ནམས་ཐམས་ཅད་ཡི་གེ་ནྲྀཿའི་རྣམ་པ་ཁ་དོག་སྣ་ཚོགས་ཀྱི་ལི་ལི་བུམ་པའི་ ནང་དུ་འཁྱིལ་བར་བསམ༔ ཞེས་གསུངས་པ་ལྟར་ཡིན་ལ། དེ་ཡང་བདག་མདུན་ཞེས་པའི་སྒྲས་བདག་བསྐྱེད་དང་མདུན་དུ་བུམ་ཆུའི་སྟེང་དུ་གུ་རུ་བསྒོམས་པ་གཉིས་

ཀའི་ཕྱག་གཡོན་པའི་ཐོད་པའི་ནང་ན་བུམ་པ་འཆི་མེད་བདུད་རྩིས་ཁེངས་པའི་དབུས་སུ་ནྲྀཿའོད་འཁྱིལ་ལེ་བ་བསྒོམ་ཞིང་། བདག་དོན་ཡིན་ན་ཐུན་མཚམས་རྣམས་སུ་རང་གི་
[ 474 ]
སྙིང་གར་ཐུགས་སྲོག་ལ་བསྟིམ་པ་དང་། གཞན་དོན་ཡིན་ན་དམིགས་བྱ་དེ་ལ་བསྟིམ་པའམ་བུམ་པའི་ཆུ་དང་དབྱེར་མེད་བྱས་ནས་ཚེ་དབང་བསྐུར་བ་ཡང་ཡིན་ནོ། །ཚུལ་དེ་

ལྟ་བུ་ཡང་གཏེར་གཞུང་རྡོ་རྗེའི་ཚིག་ལས། ཕྱི་ནི་བུམ་པ་ནང་ནི་བདུད་རྩིས་གང་༔ གསང་བའི་དོན་ནི་པདྨ་ཚེ་དཔག་མེད༔ ཅེས་གསུངས་པའི་དགོངས་པ་ཉིད་དུའང་ འགྱུར་བའོ། །ཁྲིད་ཀྱི་སྐབས་སུ་བདག་བསྐྱེད་ཁོ་ན་འཆད་པས་རུང་མོད་འཕྲོས་བྱུང་དུ་མདུན་བསྐྱེད་ཀྱི་ཚུལ་ཅུང་ཟད་སྨོས་པ་སྟེ་དམིགས་ཐུན་གསུམ་པའོ།། ༈ །།དེ་ ལྟར་ཚེ་ཁྲིད་དམིགས་ཐུན་གསུམ་ཐུན་ཆེན་གཅིག་ཏུ་བསྡམས་པས་དངོས་གཞི་བསྐྱེད་རིམ་ལྷ་ཁྲིད་ཀྱི་དམིགས་སྐོར་དགུ་པའོ།། ༈ །དེ་ནས་སྤྱི་དོན་གཉིས་པ་ བསྐྱེད་པའི་རིམ་པ་དང་རྗེས་སུ་འབྲེལ་བའི་མན་ངག་ཁྱད་པར་བ་དག་བརྗོད་པར་བྱ་སྟེ། དེ་ཡང་གཏེར་གཞུང་རྩ་བར་ཡོ་ག་གསུམ་གྱི་སྒྲུབ་ཐབས་འགྲིགས་ཆགས་སུ་གསུངས་ཤིང་།

མ་ཧཱ་ཨ་ནུ་ཨ་ཏི་ཡོ་གའི་དོན་བསྐྱེད་དང་རྫོགས་དང་རྫོགས་པ་ཆེན་པོའི་བརྡར་བཞག་ཅིང་སྐབས་འདིར་རྫོགས་དང་རྫོགས་ཆེན་ཡང་བསྐྱེད་རིམ་དང་རྗེས་སུ་འབྲེལ་བའི་ཚུལ་དུ་གསུངས་
[ 475 ]
༄༅། །པར་སྣང་ལ་དངོས་བསྟན་རྫོགས་དང་རྫོགས་ཆེན་ནི་འོག་ཏུ་བཤད་པར་འགྱུར་བའི་གཏུམ་མོ་དང་ཀ་དག་ལྷུན་གྲུབ་ཀྱི་ཁྲིད་བཀའ་ཉིད་ཡིན་མོད། འདིར་བསྟན་བྱ་

བསྐྱེད་རིམ་རྗེས་འབྲེལ་ཚུལ་དུ་གསུངས་པ་ནི། ཨ་ནུ་རྫོགས་རིམ་ཚུལ་གྱིས་ཉམས་སུ་ལེན་པ་དང་། ཨ་ཏི་རྫོགས་ཆེན་གྱིས་ལ་བཟླ་བ་སྟེ་གཉིས་སོ། །དང་པོ་ལ་ཡར་ཁྱེར་སོ་ གསུམ་གྱིས་ལམ་དུ་ཁྱེར་བ་དང་། སྐུ་དང་ཞིང་ཁམས་འདུ་འབྲལ་མེད་པར་ལ་བཟླ་བ་དང་། འོད་གསལ་རྣལ་འབྱོར་གྱི་དབྱིངས་སུ་བསྡུས་པ་སྟེ་གསུམ་མོ། །དེ་ལ་དང་པོ་ནི་ གཏེར་གཞུང་རྡོ་རྗེའི་ཚིག་རྩ་རྒྱུད་ལེའུ་དྲུག་པར། ཨ་ནུ་ཡོ་གའི་རྫོགས་རིམ་ནི༔ སྤྱོད་ལམ་རྣམ་བཞིར་ཏིང་འཛིན་གསལ༔ ཞེས་དང་། ཡོ་ག་གསུམ་གྱི་སྒྲུབ་ཐབས་ལྷག་ པའི་རྣལ་འབྱོར་ལས། རང་ཉིད་པདྨ་འོད་འབར་གྱི་བསྐྱེད་རིམ་ལ་གནས་པས༔ གཟུགས་སྣང་ཐམས་ཅད་ལྷ་སྐུ༔ སྒྲ་གྲགས་ཐམས་ཅད་གསང་སྔགས༔ དྲན་རྟོག་ཐམས་

ཅད་ཆོས་ཉིད༔ གར་བཞུགས་ཐམས་ཅད་གཞལ་ཡས་ཁང་༔ སུ་འགྲོགས་ཐམས་ཅད་ཡི་དམ་མཁའ་འགྲོ༔ སྤྱོད་ལམ་ཐམས་ཅད་ཆོས་ཉིད་རྫོགས་པ་ཆེན་པོ་ལས་མ་
[ 476 ]
འདས་སོ༔ ཞེས་གསུངས་པ་ལྟར་བསྐྱེད་རིམ་ལྷ་ཁྲིད་དངོས་གཞིའི་སྐབས་སུ་བཤད་པ་བཞིན་གུ་རུ་པདྨའི་སྐུ་གསལ་བརྟན་དག་པ་ལ་ཡུན་རིང་དུ་གོམས་པར་བྱས་ཤིང་། དེ་

ལ་བརྟེན་ནས་སེམས་ཞི་བ་ཡང་ཅི་རིགས་འགྲུབ་ཅིང་། ལྷ་སྐུ་རང་ཤར་དུ་འབྱུང་བ་ཉིད་ནི་ལམ་འདི་ཡི་རྣལ་འབྱོར་རྗེས་མཐུན་པ་ཡིན་ལ། ཚུལ་དེ་ལམ་དུ་བྱེད་པ་ཁྱེར་སོ་གསུམ་ ལ་སྤྱོད་པ་སྟེ། དེ་ཡང་འདི་ལྟར་མཐོང་ཡུལ་གཟུགས་སུ་སྣང་བ་ཀུན་སྒྱུ་མ་ལྟ་བུ་ལ་གུ་རུ་པདྨའི་སྐུ་ཡི་རང་བཞིན་གྲགས་པ་སྒྲ་སྣང་ཀུན་གཞོམ་དུ་མེད་པ་བཛྲ་གུ་རུའི་རང་སྒྲ། རྟོག་ཚོགས་བློ་ཡི་བྱེད་པ་ཀུན་ཀྱང་རང་རིག་རང་གསལ་སྤྲོས་བྲལ་ཆོས་ཉིད་ཀྱི་རང་མདངས་སུ་ངོ་ཤེས་ཤིང་། དེ་ལྟ་བུའི་མོས་པ་ལམ་བྱེད་རང་བབ་དྲན་ཤེས་མི་འཇལ་བར་ཆུ་བོའི་ རྒྱུན་བཞིན་ཉམས་སུ་ལེན་པར་བྱ་སྟེ། དེས་ནི་མ་དག་པའི་དངོས་ཞེན་བཟློག །སྒོ་གསུམ་གྱི་སྒྲིབ་པ་སྦྱངས། བསོད་ནམས་ཡེ་ཤེས་ཀྱི་ཚོགས་རྫོགས། གནས་

གར་སྡོད་གཞལ་ཡས་ཁང་། གྲོགས་སུ་འགྲོགས་ཡི་དམ་ལྷ། སྤྱོད་ལམ་ཅི་བྱེད་ཆོས་ཉིད་ཀྱི་རོལ་པར་འགྱུར་བ་སོགས་ཕན་ཡོན་ཚད་མེད་པ་ཉིད་དེ་དམིགས་ཐུན་དང་
[ 477 ]
༄༅། །པའོ།། ༈ །།དེ་ལྟར་ཁྱེར་སོ་གསུམ་ལ་ཅི་ནུས་སུ་བློ་བཞག་ཅིང་། སྐུ་དང་ཞིང་ཁམས་འདུ་འབྲལ་མེད་པར་ལ་བཟླ་བ་ནི། གཏེར་གཞུང་

རྡོ་རྗེའི་ཚིག་ལས། རང་གི་འོད་ཟེར་གྱིས་ཞིང་ཁམས་ཐམས་ཅད་ལ་ཁྱབ་པ༔ ཞིང་ཁམས་ཀྱི་བཀོད་པའི་ཡོན་ཏན་ཐམས་ཅད་རང་ལུས་སྣང་སྟོང་དབྱེར་མེད་ལ་ཡེ་ནས་གནས༔ སྐུ་ཆེ་ཆུང་དང་རྣམ་འགྱུར་མ་ངེས་པར་མཛད་དོ༔ ཞེས་གསུངས་པ་ལྟར་ཉམས་སུ་ལེན་པ་ནི། རང་གི་ལུས་གནས་གསུམ་རྡོ་རྗེ་གསུམ་གྱི་རང་བཞིན་ཡིག་འབྲུ་གསུམ་ལས་འོད་ ཟེར་འཕྲོས་སྐུ་ཡི་ནང་ཁེངས། ས་ལས་འོད་ཟེར་ཁ་དོག་ལྔ་པས་ཞིང་ཁམས་ཐམས་ཅད་རང་བཞིན་གྱིས་ཁྱབ་ཅིང་འོད་སྣང་དང་ཞིང་ཁམས་གདོད་ནས་དབྱེར་མི་ཕྱེད་པ་རང་བཞིན་ གྱི་རྣམ་པར་དག་པ་ཟུང་འཇུག་ཆོས་ཀྱི་དབྱིངས་ལས་མ་གཡོས་ཤིང་། ཞིང་ཁམས་མཐའ་དག་པའི་བཀོད་པ་དང་། ཡོན་ཏན་ཀུན་ཀྱང་རང་གི་ལུས་འོད་གསལ་དྲི་མ་མེད་

པའི་སྙིང་པོ་རྡོ་རྗེའི་སྐུ་དང་དབྱེར་མི་ཕྱེད་པ་ཡེ་ནས་ལྷན་སྐྱེས་བདེ་བ་ཆེན་པོའི་ངོ་བོར་གནས་པ་སྐུའི་རྣམ་འགྱུར་ཆེ་ཆུང་ཚད་མེད་རྣམ་པ་ཐམས་ཅད་པའི་བདག་ཉིད་ཅན་ཡིན་ནས་ཡིན་
[ 478 ]
བཞིན་དུ་ངོ་ཤེས་ཤིང་ཐག་བཅད་དེ། དེའི་ངང་དུ་ཅི་གནས་སུ་མཉམ་པར་བཞག་པ་ལ་འབད་པར་བྱ། དེའི་སྐབས་སུ་བཟླས་པ་ལ་ཡང་བརྩོན་པ། གཏེར་གཞུང་རྡོ་རྗེའི་

ཚིག་ལས། དེའི་ཚེ་རླུང་དང་ཡིད་ཀྱི་བཟླས་པ་ལ་བརྩོན་པར་བྱའོ༔ ཞེས་གསུངས་པ་ལྟར་རླུང་འབྱིན་འཇུག་གནས་གསུམ་དང་། འཇམ་རླུང་དགང་སྟོང་དང་། རྩུབ་ རླུང་བུམ་པ་ཅན་གྱི་སྦྱོར་བ་ལ་བརྟེན། འབྲུ་གསུམ་མམ་རྩ་བསྙེན་ལ་རྡོ་རྗེའི་བཟླས་པ་བྱ་བ་དང་། རླུང་རང་བབ་ཏུ་བཞག་ནས་སེམས་མ་ཡེངས་རང་བྱུང་རྡོ་རྗེ་སྒྲ་སྔགས་ལ་ མཉམ་པར་བཞག་པ་ཡང་གལ་ཆེ་བས་གོང་དང་ཟུང་འཇུག་ཏུ་ཉམས་སུ་བླང་བ་སྟེ་དམིགས་ཐུན་གཉིས་པའོ།། ༈ །།འོད་གསལ་རྣལ་འབྱོར་གྱིས་དབྱིངས་སུ་ སྡུད་པ་ནི། གཏེར་གཞུང་རྡོ་རྗེའི་ཚིག་ལས། སྤྲོས་བཅས་ཀྱི་རྫོགས་རིམ་ཡང་དབུ་ཞབས་ནས་རིམ་བཞིན་ཞུ་བ་རང་སེམས་དང་ནམ་མཁའ་དབྱེར་མེད་ཁྱབ་གདལ་ཆེན་

པོའི་ཉམས་བསྐྱང་༔ ཞེས་པས་འོད་གསལ་གྱི་གདམས་པ་དངོས་སུ་ཧྲིལ་འཛིན་བསྟན་པ་དང་། སླར་ཡང་ཆུ་ལས་ཉ་ལྡང་བའི་ཚུལ་གྱིས་སྣང་སྟོང་དབྱེར་མེད་དུ་
[ 479 ]
༄༅། །བསྐྱར་༔ ཞེས་པས་འོད་གསལ་གྱི་གྲུབ་འབྲས་ཟུང་འཇུག་གི་སྐུ་ལམ་དུ་བྱེད་པ་བསྟན། རྗེས་གཞིག་ནི་སྟོང་གསལ་གྱི་ཉམས་རང་ལུས་མེད་པ་དང་༔

འབྱུང་བ་རང་དབང་ཐོབ་པའི་རྟགས་མང་དུ་འབྱུང་ངོ་༔ ཞེས་གནས་སྐབས་ཀྱི་ཕན་ཡོན་མདོར་བསྟན་ནས་གསུངས་པ་སྟེ། དེ་ཡང་ཐོག་མར་ཧྲིལ་འཛིན་ཇི་ལྟར་བསྒོམ་པ་ནི། རང་ཉིད་གུ་རུའི་སྐུ་རུ་གསལ་བ་དེ་སྐུ་ཡི་མཐའ་ནས་རིམ་པས་ཡལ་ཏེ་སྐུའི་ཆ་སྟོད་ལ་འདུས། འོད་ཟེར་ཕྲིག་ཕྲིག་བལྟ་བས་མི་བཟོད་པ་དེ་ཡང་གོང་བུར་ཞུ་ནས་སེམས་དཔའ་གསུམ་ བརྩེགས་རིམ་པར་ཐིམ་པའམ་ཡང་ན་གནས་གསུམ་གྱི་ཡི་གེར་ཐིམ། དེ་ཡང་སྟོང་པའི་ཡེ་ཤེས་འབྲུ་གསུམ་གོ་རིམ་བཞིན་འདུས་ཤིང་ཧཱུཾ་ཡིག་ཐིག་ལེ་ནཱ་དའི་མཐར་སྟོང་ཉིད་སྤྲོས་ བྲལ་བདེ་བ་ཆེན་པོར་སེམས་ཅི་གནས་སུ་བཞག་ཅིང་སླར་ཡང་དེ་ལྟར་བསྐྱར་ཞིང་ཡང་ཡང་བསྒོམས་པས་རླུང་དབུ་མར་ཐིམ་ཞིང་རྒས་དཀའ་ཚེ་རིང་འཆི་བ་འོད་གསལ་ངོས་ཟིན་མཐར་

ཐུག་དོན་དམ་པའི་འོད་གསལ་ལ་མཚམས་སྦྱོར་བ་སོགས་ཕན་ཡོན་བསམ་གྱིས་མི་ཁྱབ་སྟེ། འདི་ནི་གཏེར་གཞུང་རྡོ་རྗེའི་ཚིག་གི་དོན་བླ་མའི་མན་ངག་སྙན་བརྒྱུད་ཁྱད་པར་ཅན་
[ 480 ]
གྱིས་ཁ་བཀང་སྟེ་བསྟན་པ་ཡིན་ནོ། །འདི་དང་འབྲེལ་བ་རྗེས་གཞིག་གི་རྣལ་འབྱོར་ནི། སྣོད་བཅུད་ཐམས་ཅད་འོད་དུ་ཞུ་ནས་རང་ལ་ཐིམ་ཞིང་། དེ་འོད་གསལ་དུ་གཞིག་པ་

གོང་དུ་རྩ་བའི་སྒྲུབ་པ་ཞི་བའི་རྗེས་སྡུད་དུ་བཤད་ཟིན་པ་ལྟར་ཉམས་སུ་བླང་བར་བྱ་ལ། སྟོང་པའི་ངང་ལས་སྐད་ཅིག་གིས་སླར་ལྷ་སྐུར་ལྡང་སྟེ་གོང་དུ་སྐུ་དང་ཞིང་ཁམས་འདུ་འབྲལ་ མེད་པའི་དོན་ལ་བསམ་སྟེ་མཉམ་པར་བཞག་པ་ཡང་ཟུང་འཇུག་ལམ་དུ་བྱེད་པ་ཤིན་ཏུ་གལ་ཆེ་བ་སྟེ། དེ་རྣམས་བསྡམས་པས་དམིགས་ཐུན་གསུམ་པའོ། །ཨ་ནུའི་དམིགས་ ཐུན་གསུམ་པ་དེ་ཐུན་ཆེན་གཅིག་ཏུ་བསྡམས་པས་དངོས་གཞིའི་དམིགས་སྐོར་བཅུ་པའོ། །དེ་ལྟར་ཨ་ནུ་ཡོ་གའི་རྫོགས་རིམ་ལམ་ཁྱེར་གསུམ་སོགས་རིམ་པ་བཞིན་འདུས་པ་ལ་སོགས་ པའི་རིམ་ལྔ་དང་ཆ་མཐུན་པར་གོ་སྟེ། ལམ་ཁྱེར་གསུམ་ནི་དབེན་གསུམ། སྐུ་དང་ཞིང་ཁམས་དབྱེར་མེད་སྔ་མ་ནི་སྒྱུ་ལུས། ལྷ་སྐུ་སྡུད་རིམ་ནི་འོད་གསལ། ལྷ་སྐུར་ལྡང་

ནས་སྐུ་དང་ཞིང་ཁམས་དབྱེར་མེད་ཕྱི་མ་ནི་སློབ་པའི་ཟུང་འཇུག་གི་དོན་དུ་འགྱུར་བའོ། །དེ་ཡང་སྐུ་དང་ཞིང་ཁམས་འདུ་འབྲལ་མེད་པ་དངོས་གནས་ནི་མི་སློབ་པའི་ཟུང་འཇུག་
[ 481 ]
༄༅། །སྐབས་དང་། དེ་ཚུལ་བཞིན་ཉམས་འོག་ཏུ་ཆུབ་པ་ནི་སློབ་པའི་ཟུང་འཇུག་གི་སྐབས། དེ་འོད་གསལ་སྤྱི་ཡི་ཚུལ་དུ་རྟོགས་པ་ནི་སེམས་དབེན་གྱི་མཐར་ཐུག་མ་

དག་སྒྱུ་ལུས་སུ་གྲགས་པ་ཡན་ཆད་ནས་ཡོད་པ་ཤེས་པར་བྱའོ། །སྐབས་འདིར་གཏེར་གཞུང་རྡོ་རྗེའི་ཚིག་ཏུ། གུ་རུའི་སྐུའི་རྣམ་འགྱུར་མཚན་བརྒྱད་སོགས་ཅི་སྙེད་བསྟན་ཀྱང་ངོ་བོ་ཀུན་ འདུས་ཡིད་བཞིན་ནོར་བུ་པདྨ་འོད་འབར་ཁོ་ནར་འདུས་པས་དེས་ན་དཀོན་མཆོག་སྤྱི་འདུས་སུ་མཚན་གསོལ་བའི་རྒྱུ་མཚན་ཆེ་ཐང་དང་བཅས་ཏེ་གསུང་ན་དཀོན་མཆོག་སྤྱི་འདུས་ཀྱི་ཆོས་བཀའ་འདི་ ལ་མཚན་བརྒྱད་སྒོས་སྒྲུབ་ཀྱི་ཁ་བསྐང་སོགས་ནི་མི་དགོས་པར་རྟོགས་སོ།། ༈ །།ད་ནི་སྤྱི་དོན་གཉིས་པ་ཨ་ཏི་རྫོགས་ཆེན་ལྟར་ཉམས་སུ་ལེན་པ་ནི། ར་རྒྱུད་རྡོ་རྗེའི་ཚིག་ ལས༑ ཨ་ཏི་ཁྱབ་གདལ་ཆེན་པོ་ནི༔ གུ་རུ་པདྨ་འོད་འབར་དེ༔ ལོགས་ན་ཡོད་པ་མ་ཡིན་ནོ༔ ཞེས་དང་། དེ་ཡི་སྒྲུབ་ཐབས་ཀྱི་གཞུང་ལས་ཀྱང་། རང་ཉིད་ལྷ་རུ་སྣང་བ་དེ༔

ལྷ་ཉིད་རང་ལ་རང་ཉིད་ལྷ༔ སེམས་ཉིད་རྟོགས་ན་སངས་རྒྱས་ཏེ༔ སེམས་ལས་སངས་རྒྱས་གཞན་མ་ཚོལ༔ ཞེས་དང་། མ་བསྒྲུབས་ཡེ་ནས་རང་བྱུང་གནས༔ མ་བཙལ་
[ 482 ]
བཞག་པས་རང་ས་ཟིན༔ དེ་ལྟར་རྟོགས་ན་ཨོ་རྒྱན་མཁན༔ ཆོས་ཉིད་དོན་གྱི་པད་འབྱུང་ཡིན༔ ཞེས་དང་། པདྨ་འབྱུང་གནས་ཀྱང་རང་སེམས་ཀྱི་མདངས་ཆ་ཡིན་ཏེ༔ རང་

སེམས་ནི་དུས་གསུམ་གྱི་སྤྲོས་པ་དང་བྲལ་ཏེ་ཀ་དག་ངོས་བཟུང་མེད་པ་རང་བཞིན་ལྷུན་གྲུབ་ཆེན་པོ་སངས་རྒྱས་ཀྱི་ས་མ་གློད༔ སེམས་ཅན་གྱིས་མ་བསྒྲིམས་པ་དེ་བཞིན་ཉིད་དུ་རྟོགས་ ན་པདྨ་བདག་དང་དགོངས་པ་གཅིག་ཏུ་འཚང་རྒྱ་བ་ཡིན་ནོ༔ ཞེས་གསུངས་པ་ལྟར་རང་གི་སེམས་ཉིད་ཀྱི་ངོ་བོ་རྣམ་པ་ཀུན་མཆོག་དང་ལྡན་པའི་སྟོད་པ་ཉིད་སྤྲོས་བྲལ་སྐྱེ་བ་མེད་པ་ ལ་རང་གདངས་འགག་པ་མེད་པའི་སྣང་ཆ་གུ་རུ་པདྨའི་སྐུ་ཝ་ལེར་ཤར་བ་དེ་ཡང་སེམས་ཉིད་སྟོང་པ་ལས་གཞན་དུ་མ་གྲུབ་ཅིང་། སེམས་ཉིད་སྟོང་པ་ཡང་གུ་རུའི་སྐུ་ལས་གཞན་དུ་མ་ འདས་པ་སྟེ་གདོད་ནས་ཟབ་གསལ་དབྱེར་མེད་བདེ་བ་ཆེན་པོའི་ངོ་བོར་ཤར་བ་དེ་ཀ་སངས་རྒྱས་སྐུ་གསུམ་གྱི་ངོ་བོ་ཡིན་ལ་ཡིན་པར་ཤེས་བཞིན་དུ་མ་ཡེངས་པའི་དྲན་པས་རྟག་ཏུ་སྐྱོང་

ནས་ཉམས་སུ་ལེན་པར་བྱ་བ་སྟེ་དངོས་གཞིའི་དམིགས་སྐོར་བཅུ་གཅིག་པའོ། །འདི་ནི་བསྐྱེད་རིམ་མཐའ་དག་ལ་རྒྱས་འདེབས་བྱེད་གནད་གལ་པོ་ཆེ་ཡིན་པས་གོ་མྱོང་རྟོགས་
[ 483 ]
༄༅། །གསུམ་གྱིས་གཏན་ལ་ཕབ་པར་བྱ་སྟེ། །དེས་ན་སྙིང་པོར་དྲིལ་ནས་བསྟན་པ་ཡིན་ལ་གཞན་གོང་གི་གཏེར་གཞུང་རྡོ་རྗེའི་ཚིག་གི་འབྲུ་དོན་རྒྱ་ཆེར་བཀྲལ་ན་ལེགས་

མོད་ཀྱང་ཡི་གེའི་ངལ་བས་བྲིར་མ་ལོང་ཞིང་གནས་ལུགས་ཀྱི་དོན་ཁོང་དུ་ཆུད་པས་ནི་ཤུགས་ཀྱིས་རྟོགས་པར་འགྱུར་ཞིང་། དེའི་ཚུལ་འགའ་ཞིག་ནི་འོག་ཏུ་རྫོགས་རིམ་དངོས་གཞི་བསྟན་ པའི་སྐབས་སུ་འཆད་པར་འགྱུར་བས་དེར་ཤེས་པར་བྱའོ། །དེ་ལྟར་དངོས་གཞི་བསྐྱེད་རིམ་ལྷ་ཁྲིད་ཀྱི་སྐོར་ཏིང་འཛིན་གསུམ་རྗེས་འབྲེལ་བཅས་ལ་དམིགས་སྐོར་བརྒྱད་དང་ཕྱི་སྒྲུབ་ལ་དམིགས་ སྐོར་གཅིག །ནང་སྒྲུབ་ལ་དམིགས་སྐོར་བརྒྱད། གསང་སྒྲུབ་ལ་དམིགས་སྐོར་བཞི། ཡང་གསང་ལ་དམིགས་སྐོར་གསུམ། ཕྲིན་ལས་བཞི་སྒྲུབ་ལ་དམིགས་སྐོར་བཞི། ཚེ་ སྒྲུབ་ལ་དམིགས་སྐོར་གསུམ། རྗེས་འབྲེལ་ཨ་ནུ་ལ་དམིགས་སྐོར་གསུམ། ཨ་ཏི་ལ་དམིགས་སྐོར་གཅིག་སྟེ་ཐུན་ཆུང་སུམ་ཅུ་སོ་ལྔ་དང་ཐུན་ཆེན་བཅུ་གཅིག་སྟེ་དེས་བསྐྱེད་རིམ་ལྷ་

ཁྲིད་ཀྱི་དམིགས་སྐོར་ལེགས་པར་གྲུབ་པ་ཡིན་ལ། དེ་དག་གི་ཆ་རྐྱེན་རྣལ་འབྱོར་དུ་ལྡང་བའི་ཚེ་ན་ཟུང་འཇུག་སྒྱུ་མ་ལྟ་བུའི་ལྷ་སྐུར་ལྡང་བ་དང་། གོས་ཨོ་ཨཱཿཧཱུྃ་གི་བྱིན་གྱིས་བརླབས་
[ 484 ]
ནས་བདག་ཉིད་ལྷར་བལྟ་བས་གྱོན་པ་དང་། ཟས་འབྲུ་གསུམ་གྱི་བྱིན་གྱིས་བརླབས་ནས་ཕུང་པོ་ལྷ་དཀྱིལ་གྱི་ཚོགས་སུ་རོལ་པ་དང་། འགྲོ་ཚེ་ཕྲག་གཡས་ཀྱི་ནམ་མཁར་རྩ་གསུམ་གསལ་བཏབ་

ནས་སྐོར་བ་དང་། སྡོད་ས་གནས་ཁང་ཡེ་ཤེས་ཀྱི་གཞལ་ཡས་ཁང་དང་། གཉིད་ལོག་ཚེ་རྗེས་སྡུད་རྣལ་འབྱོར་གྱིས་གཉིད་འོད་གསལ་དུ་གཞུག་པ་སོགས་ལམ་གྱི་ཡན་ལག་ཀྱང་ཇི་ལྟར་འོས་ པ་ཉམས་སུ་ལེན་པར་བྱའོ། །དེ་ཡང་བསྐྱེད་རིམ་གྱི་རྣམ་པར་བཞག་པ་མཐའ་དག་ནི་དམ་པ་མཆོག་གི་ཞལ་ལུང་ལེགས་པར་མཉན་པ་ལས་འདིར་ཡི་གེར་བྲི་བར་མ་ལོང་ཞིང་། ཟབ་པའི་ གནད་ཕྲ་མོ་ཡང་བླ་མའི་གསུང་ལས་མཉན་དགོས་མོད། འོན་ཀྱང་བསྒོམ་བྱ་ཉམས་ལེན་གྱི་སྙིང་པོ་ཟབ་གསལ་ལྷག་པ་ཉིད་དུ་ཆོས་འདིའི་ཞབས་ཏོག་གི་ཆེད་དུ་དམིགས་ནས་བཀླགས་ ཆོག་གི་ཚུལ་དུ་བདག་གིས་གསལ་བར་ཕྱེས་ཏེ་བཤད་པ་ཡིན་ནོ། །འདིར་སྨྲས་པ། རྒྱལ་བས་གདུལ་བྱར་གྱུར་ལ་སྨན་སླད་དུ། །མ་དག་དངོས་འཛིན་ཞེན་པ་ཡོངས་འགོག་ཕྱིར། །ཡེ་

ཤེས་དཀྱིལ་འཁོར་འཁོར་ལོ་བསྒོམ་དང་བཟླས། །ཐབས་ཚུལ་སྔགས་རྒྱུད་ཀུན་ཏུ་རྟག་པར་གསུངས། །དེས་ན་བློ་ལྡན་རྣམས་ཀྱིས་དངོས་གྲུབ་ལས། །རབ་འབྱམས་ཁྱད་པར་
[ 485 ]
༄༅། །ཕྱག་རྒྱ་མཆོག་ཉིད་ཀྱི། །གོ་འཕང་བཟང་པོ་རིང་མིན་བསྒྲུབ་སླད་དུ། །རྟག་ཏུ་འབད་པའི་གནས་སུ་ངེས་པར་འགྱུར། །དེས་ན་སྔགས་ཀྱི་དཀྱིལ་འཁོར་མཐའ་དག་

གི༑ །གཙོ་མཆོག་དཔལ་ལྡན་བླ་མ་རྡོ་རྗེ་འཆང་། །གང་གི་སྒྲུབ་ཐབས་ཁྱད་པར་འཕགས་པ་འདི། །སྐལ་བཟང་དད་པའི་གཙུག་གིས་ཅི་མི་བསྟེན། །རྣམ་གསུམ་ཏིང་འཛིན་མཆོག་གི་ དཀྱིལ་འཁོར་ལ། །ཕྱི་ནང་གསང་ཡང་གྲུབ་པའི་ཚོམ་བུ་བཀྲ། །ཕྲིན་ལས་བཞི་ལྡན་འཆི་མེད་ཚེ་མཆོག་རྒྱས། །ལྷག་པར་ཕུལ་བྱུང་རྣལ་འབྱོར་འབྲས་བུ་སྨིན། །ཚུལ་འདི་ཚེ་རབས་ སྔར་གོམས་བླ་མའི་བྱིན། །སྙིང་ལ་ཞུགས་མཐུས་ཤེས་དབ༷ང་བཟང་པོ་ཡིས། །མ་འཁྲུལ་ཟབ་གདམས་ནོ༷ར་བུ༷་འདི་སྤེལ་ན། །སྐལ་བཟང་ཡིད་བདེའི་དཔལ་དུ་སྤྱོད་པར་ཤོག། །།

ཅེས་རྫོགས་ཆེན་ཡང་ཟབ་དཀོན་མཆོག་སྤྱི་འདུས་ཀྱི་ཁྲིད་ཡིག་གུ་རུའི་དགོངས་རྒྱན་ཉིན་བྱེད་སྙིང་པོ་ལས་བསྐྱེད་རིམ་ལྷ་ཁྲིད་ཀྱི་སྐོར་བཤད་པའི་སྐབས་ཏེ་གཉིས་པའོ། །སརྦ་མངྒ་ལཾ།། །།
[ 486 ]
 
[ 487 ]
ཏ༽ ༄༅། །རྫོགས་པ་ཆེན་པོ་ཡང་ཟབ་བླ་སྒྲུབ་དཀོན་མཆོག་སྤྱི་འདུས་ཀྱི་ཁྲིད་ཡིག་གུ་རུའི་དགོངས་རྒྱན་ཉིན་བྱེད་སྙིང་པོ་ལས་རྫོགས་རིམ་ཁྲིད་ཡིག་ཁམས་གསུམ་ ཡོངས་གྲོལ་ཞེས་བྱ་བ་བཞུགས་སོ། །
[ 488 ]
༄༅། །ན་མོ་གུ་རུ་པདྨཱ་ཀ་རཱ་ཡ། སྣང་བཞི་ཟད་པའི་སྦུབས་སུ་བུམ་པ་སྐུ། །འཕོ་མེད་འཕོ་བ་ཆེན་པོས་འཁོར་བ་

སྲིད། །འགྲོ་འདུལ་རྡོ་རྗེའི་གར་མཁན་རིགས་ཀུན་གྱི། །ཁྱབ་བདག་སངས་རྒྱས་གཉིས་པས་རྗེས་འཛིན་མཛོད། །གང་ལ་མ་བརྟེན་རྒྱལ་ རྣམས་མངོན་བྱང་ཆོས། །མི་བརྙེས་མཐར་ལམ་རྡོ་རྗེའི་ཚིག་གི་མཛོད། །རྡོ་རྗེ་ཅན་དངོས་ཀུན་བྱེད་བླ་མའི་རབས། །དེ་དང་མི་ཕྱེད་སྙིང་གི་

དྭངས་མར་བསྟི‚བསྟིམ། །བྱིན་གྱིས་རླབས་བརླབས་ཀྱི་འཕྲུལ་ཆེན་སྒྱུ་མའི་ཆང་། །ལས་འཕྲོའི་མགྲིན་པར་ཞུགས་ལས་ཡིད་མྱོས་པའི། །གྲུབ་པའི་
[ 489 ]
༄༅། །སྤོབས་པ་སུས་ཀྱང་མི་ཆོམ་པ། །རྡོ་རྗེ་རྩེ་མོའི་ཤིང་རྟ་འདྲེན་རྣམས་རྒྱལ། །བདག་འདྲས་རྒྱལ་བའི་སྙིང་དགོངས་མ་

རྟོགས་པས། །དོན་དེ་འཆད་པའི་སྐབས་སུ་མ་བབ་ཀྱང་། །མོས་ལྡན་ཡིད་ཀྱི་གདུང་བ་སེལ་བའི་སླད། །ཐོས་པའི་སྐལ་བཟང་སྙིང་པོར་ ལེན་པར་བྱ། །འདིར་ཡང་ཟབ་དཀོན་མཆོག་སྤྱི་འདུས་ཀྱི་ཁྲིད་ཀྱི་རིམ་པས་སྐལ་ལྡན་གྱི་རྒྱུད་དགྲོལ་བ་ལ། སྤྱི་དོན་དང་པོ་ཐུན་མོང་དང་

ཐུན་མོང་མ་ཡིན་པའི་སྔོན་འགྲོས་རྒྱུད་སྦྱོང་བ་དང་། སྤྱི་དོན་གཉིས་པ་དབང་བཞིའི་ལམ་རིམ་དང་གུང་བསྟུན་པའི་རྡོ་རྗེ་བཞིའི་ཁྲིད་རིམ་
[ 490 ]
གྱི་དང་པོ་མ་ཧཱ་ཡོ་གའི་བསྐྱེད་རིམ་ལྷ་ཁྲིད་ཀྱིས་རྒྱུད་སྨིན་པས་རྫོགས་རིམ་གཞི་འདིང་བ་རྗེ་རིག་པ་འཛིན་པའི་ཡིག་ཆ་ལྟར་སྔོན་ཏུ་‚དུ་སོང་ནས། གཉིས་པ་ལོངས་སྐུ་

ལམ་དུ་བྱེད་པ་གསུང་རྡོ་རྗེ་ཨ་ནུ་ཡོ་ག་ལྟར་རྫོགས་རིམ་ཐབས་ལམ་ཙཎྜ་ལིའི་ཁྲིད་འཆད་པ་ལ་གསུམ། སྔོན་འགྲོ་རང་བྱིན་གྱིས་རློབ་པ། དངོས་གཞི་ཐབས་ལམ་ སྒོམ་པ། རྗེས་སྤྱོད་ཡོན་ཏན་དང་བཅས་པ་སྨོས་པའོ། །དང་པོ་ནི། སྔོན་འགྲོ་བསྐྱེད་རིམ་བསྒོམ་པ་དང་རྫོགས་རིམ་ལ་འཇུག་པའི་བར་མཚམས་སུ་དུས་གཞན་ གྱིས་བར་ཆོད་ན་སྤྱིར་ཐུན་མིན་སྔོན་འགྲོ་བཞི་རིམ་ཇི་ཙམ་ནུས་པ་བསྐྱར་ནས་འབད་ཅིང་། ཁྱད་པར་རྡོར་སེམས་སྒོམ་བཟླས་དང་བླ་མའི་རྣལ་འབྱོར་གནད་དུ་བསྣུན། ། སྤྲོ་ན་བདག་འཇུག་ལེན་པ་སོགས་མདོར་ན་དམ་ཚིག་ཉམས་པ་བསྐངས་ཤིང་‚བསྐང་ཞིང་རྒྱུད་དག་པ་གལ་ཆེ་ལ། མཁའ་འགྲོ་ཆོས་སྐྱོང་ལ་ཚོགས་གཏོར་གྱིས་བསྐོང་ཞིང་ཕྲིན་ལས་ཀྱི་

གྲོགས་བཅོལ། དེ་ནས་མཐུན་རྐྱེན་འཛོམ་པའི་གནས་སུ་སྟན་བདེ་བ་ལ་ལུས་གནད་རྣམ་སྣང་གི་ཆོས་བདུན་དང་ལྡན་པས་འཁོད་དེ། ཐོག་མར་རླུང་ཅུང་ཟད་ཁོང་དུ་
[ 491 ]
༄༅། །བསྐྱིལ་ནས་ཤིན་ཏུ་དལ་ཞིང་འཇམ་པ་མི་མངོན་པ་ལྟར་འབུད་པ་ནི་མོ་རླུང་། དེ་ལས་ཅུང་དྲག་པ་ནི་མ་ནིང་གི་རླུང་། སིང་སྒྲ་དང་བཅས་དྲག་པོར་

འབུད་པ་ནི་ཕོ་རླུང་སྟེ། དེ་དག་གི་སྐབས་སུ་ལྷག་མ་མེད་པར་འབུད་པ་དང་། ལམ་གྱི་མངོན་པར་རྟོགས་པ་རྒྱུད་ལ་སྐྱེ་བའི་མི་མཐུན་ཕྱོགས་རྣམས་རླུང་གི་རྣམ་པར་རོ་རྐྱང་གི་ ལམ་ནས་སྔོ་སངས་སངས་འཐོན་པར་བསམས་ལ་ཧཱུྃ་རིང་པོ་རེའི་ཡིད་བཟླས་དང་སྦྲེལ་ལ་འབུད། དེ་ནས་སྔར་བསྐྱེད་རིམ་གྱི་སྐབས་སུ་བཤད་པ་ལྟ་བུའི་མཚན་ཉིད་དང་ ལྡན་པའི་རང་ལུས་པདྨ་འོད་འབར་གྱི་སྐུ་གསལ་ལ་མ་འདྲེས་པ་སྣང་ལ་རང་བཞིན་མེད་པ། ལུས་ཀྱི་ནང་དར་དཀར་གྱི་གུར་ཕུབ་པ་ལྟ་བུ་སྟོང་སང་ངེ་བ་ལ་དམིགས་པ་ གཏད་དེ་སྟོང་ར་ལེགས་པར་འབྱོང་བར་བྱའོ། །གཉིས་པ་དངོས་གཞི་ལ་གཉིས། རང་ལུས་ཐབས་ལྡན་དང་། གཞན་ལུས་བདེ་ཆེན་ནོ། །དང་པོ་ལ་གསུམ། རྩ༑

རླུང་༑ ཐིག་ལེ་སྦྱོང་བའོ། །དང་པོ་རྩ་སྦྱོང་བ་ནི། རང་ལུས་སྟོང་རའི་དབུས་སུ་རྩ་དབུ་མ་ཁ་དོག་སྔོན་པོ། སྦོམ་ཕྲ་མདའ་སྨྱུག་ཙམ་ཡར་སྣ་ཚངས་བུག་ཏུ་ཟུག་ཅིང་
[ 492 ]
མར་སྣ་‚སྣེ་ལྟེ་འོག་ཏུ་ཡོད་པ་གཉིས་ཀ་ཁ་བྱེ་བ། གཡས་རོ་མ་དམར་མོ། གཡོན་རྐྱང་མ་དཀར་པོ་གཉིས་ཚངས་བུག་ནས་མདུན་ཏུ་འཁྱོགས་ཏེ་ཡར་སྣེ་སྣ་བུག་གཉིས་སུ་

ཡོད་པ། མར་སྣ་‚སྣེ་ཡི་གེའི་ཆའི་འཕང་ལྟ་བུར་བཀུག་ནས་དབུ་མའི་ནང་དུ་ཚུད་པ། སྦོམ་ཕྲ་གྲོ་སོག་ཙམ་པ། དབུ་མ་ལས་གདུགས་རྩིབས་ཀྱི་ཚུལ་དུ་གྱེས་པའི་སྤྱི་བོར་ རྩེ་མོ་རྣམ་པར་བཀོད་པའི་འཁོར་ལོ་ཁ་དོག་སྔོན་པོ་རྩ་འདབ་སོ་གཉིས་པ། མགྲིན་པར་རོ་འདུས་ཀྱི་འཁོར་ལོ་རྩ་འདབ་བཅུ་དྲུག་པ་ཁ་དོག་སེར་པོ། སྙིང་གར་དྲན་ འཛིན་གྱི་འཁོར་ལོ་ཁ་དོག་དམར་པོ་རྩ་འདབ་བརྒྱད་པ། ལྟེ་བར་སྤྲུལ་པའི་འཁོར་ལོ་ཁ་དོག་ལྗང་གུ་རྩ་འདབ་དྲུག་ཅུ་རྩ་བཞི་བཅས་འཁོར་ལོ་བཞི་པོ་ཁ་སྦྱོར་གྱི་ཚུལ། ཐམས་ ཅད་ནང་སྟོང་པ་སྦུ་གུ་སག་གེ་བ། ལྟེ་འོག་སུམ་མདོར་རོ་རྐྱང་གི་སྣེ་དབུ་མའི་ནང་དུ་ཉི་གདན་རེག་བྱ་ཚ་ཞིང་སྲེག་པ་ཅན་གྱི་དབུས་སུ་ཨ་ཤད་མེའི་རང་བཞིན་དམར་པོ། ཡི་

གེ་གཟབ་ཀྱི་ཤད་གྱེན་ལོག་ལྟ་བུ། རྩེ་མོ་ཤིན་ཏུ་ཕྲ་ཞིང་སུམ་འཁྱོགས་ཀྱི་རྣམ་པ། དབུ་མའི་ཡར་སྣེར་ཟླ་བའི་གདན་སྲན་མ་ཕྱེད་གཤག་ཙམ་གྱིས་ངོས་སུ་ཧཾ་ཡིག་དཀར་
[ 493 ]
༄༅། །པོ་མགོ་ཐུར་བསྟན་བཅས་ནན་གྱིས་གསལ་བཏབ་སྟེ། དམིགས་པ་གཏད་ཙམ་ཉིད་ནས་སྟོང་ར་རྩ་འཁོར་ཐིག་ལེ་བཅས་མངོན་སུམ་བཞིན་ཏུ་

གསལ་ཐེབས་པའི་འབྱོངས་ཚད་མ་བྱུང་གི་བར་དུ་གནས་པ་རྩའི་རྣལ་འབྱོར་བསྒོམ་པར་བྱའོ། །གཉིས་པ་རླུང་སྦྱོང་བ་ནི། ལུས་གནད་རླུང་རོ་བསལ་ལུགས་གོང་ སྨོས་མ་འཁྲུལ་པར་བྱས་པའི་རྗེས། སྣ་སྒོ་ནས་རླུང་དལ་གྱིས་རྔུབས་ལ་ལྟེ་འོག་ཏུ་མེར་གྱིས་དགང་སྲིན་ཞལ་བསྐུམ། འོག་རླུང་ཅུང་ཟད་འཐེན། སླར་ཡང་མནན་ ནས་ཁ་སྦྱོར་དུ་བཟུང་། དམིགས་པ་སྟེང་རླུང་རོ་རྐྱང་གི་ལམ་བརྒྱུད། འོག་རླུང་དང་ལྷན་ཅིག་ཕོག་པས་ཨ་ཤད་ཀྱི་མེ་དམར་ལམ་གྱིས་སོང་བར་བསམ། རླུང་ སེམས་དེ་ཁོ་ན་ལ་དྲག་ཏུ་གཏད། མི་ཐུབ་ན་རྔུབ་ཆུང་བརྩེགས། གཡས་གཡོན་དབུས་ནས་གཞིལ། སླར་ཡང་མི་ཐུབ་པ་ན་སེང་སྒྲ་དང་བཅས་ལྷག་མེད་དུ་སྣ་ནས་

འབུད། དམིགས་པ་རླུང་སྔོ་དྭངས་ཀྱི་རྣམ་པ་མདའ་གང་ཙམ་དུ་སོང་བར་བསམས་ནས་ཕྱི་འཛིན་ཅུང་ཟད་བྱ། དེ་ལྟར་རྔུབ་དགང་གཞིལ་འཕང་གི་སྦྱོར་བ་བཞི་
[ 494 ]
དང་ལྡན་པས་བུམ་པ་ཅན་རབ་འབྲིང་ཐ་མ་གང་རུང་མ་ཁེགས་བར་དུ་སྦྱངས་ལ། འབར་འཛག་མི་བྱ་བར་མེ་དམིགས་འདི་ཁོ་ནས་དྲོད་ཀྱི་སྣེ་རྙེད་པར་བྱའོ། །དེ་ལ་

གོམས་པ་དང་སྟེང་འོག་གི་རླུང་ལོག་པའི་རྐྱེན་གྱིས་གཏུམ་མོའི་མེ་སོར་ཕྱེད་ཙམ་འབར། དེ་ནས་ཀྱང་རླུང་གི་གནད་སྔར་ལྟར་ལ་རླུང་ཁུག་ཇི་ལྟར་རིགས་པས་ ཐོག་མར་ལྟེ་འཁོར་གྱི་རྩེ་ཚུན། དེ་ནས་སྙིང་ག །དེ་ནས་མགྲིན་པ་དང་ལག་སོར་གྱི་རྩེ་ཆུན། དེ་ནས་སྤྱི་བོའི་འཁོར་ལོ་ཡོངས་རྫོགས་ཀྱི་བར་གཏུམ་མོའི་མེས་གང་ བར་བསམ། དེ་ནས་མཐར་སྤྱི་བོའི་ཧཾ་ཡིག་ལ་རེག་པས་བདེ་བའི་ཉམས་སྐྱེས་ཏེ་ཆིལ་ཆིལ་ཁོལ་བར་བསྒོམ། དྲོད་ཀྱི་སྐྱེ་ཚུལ་གཞན་དང་མཐུན་ལ་རས་རྐྱང་ ཐུབ་ཀྱི་བར་དུ་གཡོ་བ་རླུང་གི་རྣལ་འབྱོར་ལ་བསླབ་པར་བྱའོ། །གསུམ་པ་ཐིག་ལེ་སྦྱོང་བ་ནི། གཏུམ་མོ་འབར་བའི་མེ་ལྕེས་སྤྱི་བོའི་ཧཾ་ཡིག་ཞུ། བྱང་སེམས་

ཐིག་ལེ་བཅུ་དྲུག་འཛག་པས་སྤྱི་བོའི་འཁོར་ལོ་ཡོངས་རྫོགས་ཁེངས་པས་དགའ་བའི་ཡེ་ཤེས་སྐྱེས་པར་བསམ། ལུས་གནད་དང་རླུང་གི་གནད་སྔར་དང་འདྲ་བའི་
[ 495 ]
༄༅། །རླུང་ཁུག་པ་ཇི་ལྟར་རིགས་པ་དང་བསྟུན། ཐིག་ལེ་དེའི་ཕྱེད་ཀྱི་ཆ་སྟེ་བརྒྱད་མགྲིན་པར་བབས་ནས་རྩ་འདབ་ཐམས་ཅད་གང་བས་མཆོག་དགའི་ཡེ་

ཤེས་སྐྱེས། དེའི་ཕྱེད་ཀྱི་ཆ་སྟེ་བཞི་སྙིང་གར་བབས། རྩ་འདབ་ཐམས་ཅད་གང་ནས་དགའ་བྲལ་གྱི་ཡེ་ཤེས་སྐྱེས། དེའི་ཕྱེད་ཀྱི་ཆ་གཉིས་ལྟེ་བར་བབས། ལྟེ་བའི་ རྩ་འདབ་ཐམས་ཅད་གང་། ལྷན་ཅིག་སྐྱེས་དགའི་ཡེ་ཤེས་སྐྱེས། འཁོར་ལོ་བཞི་པོ་དཀར་དམར་འདྲེས་པའི་ཐིག་ལེས་གང་། ལུས་བདེ་དྲོད་དང་། སེམས་བདེ་སྟོང་གིས་ ཁྱབ་པར་བསྒོམས་‚བསྒོམ་ལ་ཡེ་ཤེས་ཀྱི་རང་ངོར་མཉམ་པར་བཞག །དེ་ལྟ་བུའི་སྐྲ་ཤད་འཛིངས་པ་ལྟ་བུ་དང་འབྲོས་འདེད་སོགས་འབར་འཛག་གི་དམིགས་པ་ཡང་ཡང་ བསྒོམ་ཞིང་། ཐུན་བར་དུ་དཀར་དམར་འདྲེས་པའི་ཐིག་ལེས་ལུས་ཀྱི་བ་སྤུའི་མཐར་ཐུག་པར་གང་བར་བསམས་ལ་ལུས་སྤྲུགས་དང་འཕུར་སྲུབ་དྲག་ཏུ་བྱ། ཧ་ཅང་བདེ་

བ་རྒྱས་དྲགས་ན་བྱང་ཆུབ་ཀྱི་སེམས་ལུགས་ལྡོག་གི་རྣམ་པས་མས་བརྟན་གྱི་དགའ་བ་བཞི་ཉམས་སུ་མྱོང་ནས་སྤྱི་བོའི་ཧཾ་ཡིག་ལ་བསྟིམ། གཏུམ་མོའི་མེ་རྣམས་ཨ་
[ 496 ]
ཤད་ཉིད་ལ་བསྟིམ། སྟོང་ར་རྩ་འཁོར་ལ་སོགས་པའི་རྣམ་པ་ཡང་དམིགས་མེད་སྤྲོས་བྲལ་གྱི་ངང་དུ་བསྡུས་ནས་གནས་ལུགས་ཀ་དག་གི་དབྱིངས་སུ་མཉམ་པར་

བཞག །དེ་ལྟ་བུའི་ཚུལ་གྱིས་དྲན་པ་ཙམ་ནས་ལུས་སེམས་ལ་བདེ་བ་ཕྲིལ་ཕྲིལ་སྐྱེ་ནུས་པའི་བར་དུ་བསྒོམ་སྟེ་བཀོད་པ་བྱང་ཆུབ་ཀྱི་སེམས་ལ་རང་དབང་ཐོབ་ པར་བྱའོ། །གཉིས་པ་གཞན་ལུས་འོག་སྒོ་བདེ་བ་ཆེན་པོའི་ཁྲིད་ནི། གཞུང་འདིར་རྫོགས་ཆེན་གཞན་དང་མཐུན་པར་ཁ་འཕངས་པས། རང་ལུས་ཐབས་ ལྡན་རྩ་རླུང་ཐིག་ལེའི་རྣལ་འབྱོར་ལ་འབྱོངས་ཤིང་བརྟན་པ་ཐོབ་པའི་གང་ཟག་གིས་གདམས་ངག་ཉམས་མྱོང་གི་བརྒྱུད་པ་མ་ཆད་པའི་གྲུབ་ཐོབ་བླ་མ་དམ་ པ་བསྟེན་ནས་མཁའ་འགྲོ་སྙིང་ཐིག་ལ་སོགས་པ་དང་། ཁྱད་པར་དུ་བཀའ་སྲོལ་མཚུངས་པའི་ཟབ་གཏེར་ཐུགས་རྗེ་ཆེན་པོ་ངན་སོང་རང་གྲོལ་དང་། ཚེ་དཔག་མེད་

གནམ་ལྕགས་རྡོ་རྗེའི་ཆོས་སྡེ་ལས་འབྱུང་བ་ལྟར་ཉམས་སུ་ལེན་པར་བྱའོ། །གསུམ་པ་རྗེས་ཀྱི་རིམ་པ་ནི། རྩ་སྦྱོང་གི་སྐབས་སུ་དབུ་མའི་སྤྲོ་བསྡུ། རླུང་
[ 497 ]
༄༅། །གི་སྐབས་སུ་ཕྱི་ནང་གི་དུས་གནད་ཐིག་ལེའི་སྐབས་སུ་མི་དམིགས་ཉིད་མཉམ་རྗེས་ཀུན་ཏུ་སེམས་འཛིན་གྱི་རྟེན་དུ་བྱ་བ་སོགས་དཀྱུས་ཀྱི་གནད་

དང་གེགས་སེལ་བོགས་འདོན། འཁྲུལ་འཁོར་སྤྱི་འགྲོ་ལ་སོགས་པ་ཐབས་ལམ་གཞན་ལ་ལེགས་པར་གོམས་པ་ཞིག་གིས་ཁྲིད་དགོས་ཤིང་། བདེ་དྲོད་ལ་ གནོད་པའི་ཟས་སྤྱོད་རྣམ་པ་ཀུན་ཏུ་སྤང་ཞིང་། ཕན་པའི་ཟས་སྤྱོད་བརྟེན། བདེ་དྲོད་སྐྱེས་པའི་སྐབས་དེ་ལ་མ་ཞེན་པར་རང་ངོ་ལ་ལྟ་བའི་སྟོང་ཉིད་དང་བསྲེ་བ་གནད་ དུ་ཆེ། དབང་པོ་ཐ་མ་ཆོས་འདིའི་སྒོར་ཞུགས་ཀྱང་བདེ་དྲོད་ཀྱི་མྱོང་བ་མ་ཐོན་ན་སྐྱེ་བོ་ཕལ་བས་འཕྱ་སྨོད་སྤངས་པའི་ཆེད་དུ་རྫས་ཀྱི་གཏུམ་མོ་བདེ་དྲོད་རང་འབར་ནི་ གཏེར་གཞུང་ལས་ཤེས་པར་བྱའོ། །ལམ་འདི་ལ་ཁྱད་པར་དུ་རྫས་སྔགས་དམིགས་པ་ཟས་དང་སྤྱོད་ལམ་སོགས་ཀྱི་སྤང་བླང་མ་ནོར་བས་རྒྱུའི་ཐིག་ལེ་མ་ཉམས་པར་

བསྲུངས་ནས། རང་བཞིན་རྫོགས་པ་ཆེན་པོ་ལ་ཉམས་ལེན་བྱས་པས་ལས་རླུང་ཡེ་ཤེས་ཀྱི་རླུང་དུ་དག །རྩ་མདུད་གྲོལ་ཞིང་ཕུང་པོ་ལྔ་དང་དུག་ལྔའི་ས་བོན་སྤངས་
[ 498 ]
ཏེ་མཆོག་ཐུན་མོང་གི་ཡོན་ཏན་ཐམས་ཅད་མེ་ཏོག་རླན་གྱིས་བྲན་པ་ལྟར་འབྱུང་བར་གསུངས་སོ། །དེ་དག་ཀྱང་གཞུང་ལས། གཏུམ་མོ་བདེ་དྲོད་འོད་འབར་ལ༔ །

སྟོང་ར་འོད་ཀྱི་སྐུ་ཅན་བསྒོམ༔ ཕོ་མོ་མ་ནིང་རླུང་རོ་འདོན༔ ལུས་གནད་བཅས་ཤིང་ལྟེ་འོག་བཟུང་༔ མེ་དམིགས་རིམ་བཞིན་ཨ་ཧཾ་བསྒོམ༔ འཁོར་ལོ་ལྔ་ཡི་ རྩ་རྣམས་བསྲོས༔ རྩ་ཐིག་རླུང་སེམས་དབྱེར་མེད་འདྲེས༔ མཆོག་ཐུན་དངོས་གྲུབ་དཔག་མེད་འབྱུང་༔ ཞེས་ཚིག་ཉུང་ངུས་དོན་རྫོགས་པར་བསྟན་པའི་དགོངས་ པའོ། །བདེ་སྟོང་གཏུམ་མོའི་ཉམས་ལེན་མདོར་བསྡུས་བཤད་ཟིན་ཏོ། །གསུམ་པ་ཆོས་སྐུ་ལམ་དུ་བྱེད་པ་ཐུགས་རྡོ་རྗེ་ཨ་ཏི་ཡོ་ག་ལྟར་རྫོགས་ཆེན་ཀ་དག་ཁྲེགས་ཆོད་ཀྱི་ཁྲིད་སྟོན་ པ་ལ། འཕྲོས་དོན་སྨོས་པ་དང་། ཁྲིད་གཞུང་དངོས་འཆད་པའོ། །དང་པོ་ནི། གོང་སྨོས་སྔོན་འགྲོ། བསྐྱེད་རིམ། ཐབས་ལམ་གོ་རིམ་བཞིན་སྔོན་ཏུ་‚དུ་སོང་ན་ཁྲིད་

གཞུང་དངོས་གཞི་ལ་འཇུག་པས་ཆོག་མོད། འོན་ཀྱང་དེ་དག་ཆོས་བཀའ་གཞན་ལྟར་སོང་བས་ལུགས་འདིའི་རྫོགས་རིམ་ལ་འཇུག་པར་སྤྲོ་བ་སོགས་བློ་རིགས་མ་ངེས་པ་བྱུང་
[ 499 ]
༄༅། །ན། རྫོགས་རིམ་གྱི་རྟེན་དུ་བསྐྱེད་རིམ་མདོར་བསྡུས་བསྒོམ་དགོས་པས། དེའང་མ་ཧཱ་ཡོ་གའི་བསྐྱེད་རིམ་སྒོམ་བཟླས་ལྟར་རུང་མོད་ཀྱི་རྫོགས་རིམ་

དང་འབྲེལ་བའི་བསྐྱེད་ཚུལ་ནི་ཨ་ནུ་ཨ་ཏི་གཉིས་ཡིན་ལ། དེ་གཉིས་ཀྱིའང་སྔ་མ་འདིར་བསྟན་བྱའི་བསྐྱེད་རིམ་དངོས་དང་། ཕྱི་མ་ལྟ་བས་ལ་ཟླ་བའི་སྐབས་སུ་རྒྱས་པར་ འཆད་པར་བྱ་བ་ཡིན། དེ་ལ་ཨ་ནུའི་རྫོགས་རིམ་ལྷ་ཁྲིད་རྗེས་འབྲེལ་ཚུལ་གྱིས་གསུངས་མོད། རིག་འཛིན་བརྒྱུད་པ་རྣམས་དང་། རྗེ་རིག་པ་འཛིན་པའི་ཁྲིད་སྲོལ་ གཞན་ལས་གསུངས་པ་འདིའང་རྣམ་གྲངས་སུ་བཀོད་ན། མཚན་བཅས། མཚན་མེད། སྣང་སྲིད་དག་པ་རབ་འབྱམས་ཀྱི་རྣལ་འབྱོར་རོ། །དང་པོ་ནི། ལུས་གནད་ རྣམ་སྣང་ཆོས་བདུན་བཅའ་རང་ཉིད་གུ་རུ་པདྨ་འོད་འབར་སྐུ་སྣང་ལ་རང་བཞིན་མེད་པ། ཐུགས་སྲོག་སྔགས་ཕྲེང་དང་བཅས་གསལ་གདབ། རླུང་རོ་བསལ་བས་ནད་

གདོན་སྡིག་སྒྲིབ་དག་པར་བསམ། རླུང་འབུད་པ་དང་བསྟུན་སྣ་བུག་གཡོན་ནས་ཕྱིར་ཐོན། ཕྱིར་འཛིན་དུས་ཡིག་མགོ་དབལ་ཁ་མདུན་དུ་ཕྱོགས་ཏེ་གནས་པར་རྔུབ་
[ 500 ]
དུས་ཕྲེང་བ་དེ་སྣ་བུག་གཡས་ནས་ཚུར་འོང་། རླུང་ནང་དུ་མནན་སྐབས་ཐུགས་ཀར་འཁོར། འོད་ཀྱིས་ལུས་ཁྱབ། ལྷར་གསལ་བ་ནམ་མཁར་ཐིམ་སྙམ་བྱེད་པ་ལ་

སེམས་བཟུང་། དེ་ལྟར་བསྐྱར་ནས་བསྒོམ་ཚེ་གཟུང་འཛིན་གྱི་རྟོག་པ་མང་ན་ཧྲིལ་འཛིན་གྱིས་བསྡུས་ཏེ། རང་ཉིད་གུ་རུའི་སྐུར་གསལ་བ་དེ་འོད་ཟེར་གྱི་གོང་བུར་རིམ་ པས་འོད་དུ་ཞུ་སྟོང་པ་ཉིད་རང་རིག་སྤྲོས་བྲལ་བདེ་བ་ཆེན་པོའི་ངང་ལ་ཅི་གནས་སུ་མཉམ་པར་བཞག །ཡང་ལྷར་ལྡངས་ནས་དམིགས་པས་བསྡུ་རིམ་ལ་རྩལ་སྦྱངས། རླུང་ བུམ་ཅན་ནམ་འབྱིན་འཇུག་གནས་གསུམ་དང་སྦྱར་ཚེ་ནང་མནན་རྒྱུན་བསྲིང་། །གཉིས་པ་ནི། དེ་ཀའི་མུར་རང་ལྷར་གསལ་བ་དེ་གདོད་མའི་ལྷ་སྐུར་བསམ། དེའི་ཐུགས་ ཀར་ཕྱག་མཚན་དང་སྔགས་ཕྲེང་ལམ་གྱིས་གསལ། ངག་སྔགས་རླུང་དབྱེར་མེད་དག་པ་དང་། སེམས་རང་བཞིན་ཡེ་ཤེས་སུ་དག་པའོ། །ཞེས་ཤེས་པར་བྱས་ནས་

གསལ་སྣང་ལ་མ་ཡེངས་པར་འཇོག །རྟོག་པའི་བུན་ལངས་ན་གོང་བཞིན་བསྡུ་བ་སོགས་ལ་བསླབ། །གསུམ་པ་ནི། རང་ལྷར་གསལ། སྣང་བ་ལྷ། གྲགས་པ་
[ 501 ]
༄༅། །སྔགས། དྲན་ཚད་ཐུགས་སུ་མོས། དེ་ནས་ཀྱང་ཟུང་འཇུག་ཆོས་དབྱིངས་ལས་མ་གཡོས་ཤིང་ཞིང་ཁམས་མཐའ་དག་གི་བཀོད་པ་དང་ཡོན་ཏན་ཀུན་ཀྱང་

རང་གི་ལུས་འོད་གསལ་དྲི་མ་མེད་པའི་སྙིང་པོ་རྡོ་རྗེའི་སྐུ་དང་དབྱེར་མི་ཕྱེད་པར་ཡེ་ནས་ལྷན་སྐྱེས་བདེ་བ་ཆེན་པོའི་ངོ་བོར་གནས་པ་ཡིན་ལ་ཡིན་བཞིན་ཏུ་‚དུ་ངོ་ཤེས་པར་ཐག་ བཅད་དེ་དགོངས་པ་གཡོ་མེད་ཀྱི་གཟེར་ཐེབས་སོ། །རྣམ་རྟོག་གཡོན་རྗེས་གཞིག་གིས་བསྡུ་བ་ལ། རང་ལུས་འོད་ཀྱིས་འཁོར་འདས་ཐམས་ཅད་ལ་ཁྱབ་ཅིང་གསལ་བར་བྱས་ དེ་ཐམས་ཅད་འོད་དུ་ཞུ་རང་ལ་ཐིམ་ཞིང་རིམ་འདུས་སྟོང་ཉིད་སྤྲོས་བྲལ་བདེ་བ་ཆེན་པོར་རིག་པ་ཅི་གནས་སུ་མཉམ་པར་བཞག །ཡང་སྐུ་དང་ཞིང་ཁམས་འདུ་འབྲལ་ མེད་པ་སྣང་སྲིད་གཞིར་བཞེངས་ཀྱི་དགོངས་པ་བསྐྱང་བའི་རྩལ་སྦྱང་ལ་འབད། དེ་དག་གི་ཚེ་རླུང་གོང་བཞིན་ནམ་རང་བབས་སུ་བཞག་ནས་རང་རིག་པའི་ཡེ་ཤེས་རང་

བྱུང་རྡོ་རྗེའི་སྔགས་སྒྲ་ལ་མཉམ་པར་བཞག་པ་ཡང་གནད་དུ་ཆེ་བས་འབད་པར་བྱའོ། །གཉིས་པ་ཁྲིད་དངོས་འཆད་པ་ལ་གཉིས། ཐུན་མོང་མ་ཡིན་པའི་སྔོན་འགྲོས་
[ 502 ]
རྒྱུད་སྦྱོང་བ། དངོས་གཞི་ཀ་དག་གི་ཉམས་ལེན་བསྟན་པའོ། །དང་པོ་སྔོན་འགྲོ་དངོས་གཞི་ཐམས་ཅད་ཀྱི་ཐོག་མར་བླ་མའི་རྣལ་འབྱོར་ལ་ནན་ཏན་བྱེད་པ་གལ་ཆེ་

བས། སྤྱིར་སྔོན་འགྲོའི་སྐབས་སུ་བཤད་པའི་ཕྱིའི་བླ་མའི་རྣལ་འབྱོར་དེ་དག་ཀྱང་ལྷག་པར་ནན་ཏན་དུ་བྱེད་པ་ཡིན་མོད། འོན་ཀྱང་ནང་གི་རྣལ་འབྱོར་གཙོ་ཆེ་བས། ། རང་ལུས་སྣང་སྟོང་རྡོ་རྗེའི་རྩ་འཁོར་ལོ་ལྔ་ཡི་དབུས་སུ་བླ་མ་ཐོད་ཕྲེང་རྩལ་ལྔ་ཡུམ་དང་བཅས་པ་ཡེ་གདོད་མ་ནས་རང་བབ་རང་ཆས་སུ་བཞུགས་པར་ཤེས་པས། དབྱིངས་ བཞུགས་ཨོ་རྒྱན་གཙོ་འཁོར་ཚིག་བདུན་མས་སྤྱན་འདྲེན་ལ་བྱིན་དབབ་ཅིང་ཏིང་ངེ་འཛིན་གྱིས་མཆོད། ཧྲཱི༔ དུས་གསུམ་གྱི་བླ་མ་ཡི་དམ་མཁའ་འགྲོ་སངས་རྒྱས་བྱང་ ཆུབ་སེམས་དཔའ་ཐམས་ཅད་ཀྱི་སྐུ་གསུང་ཐུགས་ཡོན་ཏན་ཕྲིན་ལས་གཅིག་ཏུ་བསྡུས་པའི་ངོ་བོར་གྱུར་ཅིང་མཛད་པའི་ཕྲིན་ལས་ལ་ཐ་དད་མི་མངའ་བར་གྱུར་པ། ཨོ་

རྒྱན་ཆེན་པོ་གུ་རུ་པདྨ་འབྱུང་གནས་ལ་གསོལ་བ་འདེབས་སོ། །ལུས་ངག་ཡིད་གསུམ་སྨིན་ཅིང་གྲོལ་བར་མཛད་དུ་གསོལ། །ཞེས་སོགས་གནས་ལུགས་རྟོགས་
[ 503 ]
༄༅། །པའི་གསོལ་བ་ཕུར་ཚུགས་སུ་བཏབ་པས། བྱིན་རླབས་བདུད་རྩིའི་རྒྱུན་བྱུང་། འཁོར་ལོ་སོ་སོའི་ལྷ་ལ་ཐིམ། ཡེ་ཤེས་ཆེན་པོ་རང་གི་རྒྱུད་ལ་འཕོས།

མཐར་ལྷ་ཚོགས་ཐམས་ཅད་འཁོར་ལོ་སོ་སོ་ལ་ཐིམ་པར་མོས་ལ། རང་སེམས་མ་བཅོས་ལྷུག་པ་སྟོང་གསལ་ངོས་བཟུང་དང་བྲལ་བ་འདི་ཀ་ཨོ་རྒྱན་བླ་མ་དབྱེར་མེད་ཀྱི་སྐུ་ གསུམ་དང་རོ་མཉམ་ཆེན་པོར་ཐག་བཅད་ལ་རང་བབ་ཀྱི་དྲན་ཤེས་ཆུ་བོའི་རྒྱུན་བཞིན་ཏུ་‚དུ་བསྐྱངས་པས། དངོས་གཞིར་ཀ་དག་གི་ཡེ་ཤེས་རྩོལ་མེད་དུ་སྐྱེ་བའི་རྟེན་འབྲེལ་ འགྲིག་གོ །སྔོན་འགྲོ་དངོས་ལ་གསུམ། འཁོར་འདས་རུ་ཤན་དབྱེ་བ། སྒོ་གསུམ་གྱི་སྔོན་འགྲོ །རྣལ་དབབ་སོར་གཞུག་གོ །དང་པོ་ཕྱི་ནང་གཉིས་ཀྱི་དང་པོ་ཕྱིའི་རུ་ ཤན་དབྱེ་བ་ནི། བླ་མ་ལ་གསོལ་བ་གདབ། གནས་དབེན་ནས་སྟོང་དུ་ཕྱིན་ལ་གཞི་བདག་ལ་དཀར་གཏོར་ཕུལ་ལ་གྲོགས་བཅོལ། མི་འགྲུབ་ན་རང་གནས་སུའང་རུང་

སྟེ་གཞི་འཁོར་འདས་བྱེད་པོ་རང་རིག་ཡིན་ལ། དེའི་རྣམ་འགྱུར་རམ་བྱེད་པ་སྣ་ཚོགས་སུ་སྣང་བ་སྟེ། གཉིས་ཀ་རང་གིས་བཅོས་པ་མ་གཏོགས་དོན་བདེན་མེད་
[ 504 ]
དུ་ཤེས་པས། དམྱལ་བ་ཚ་གྲང་། ཡི་དྭགས་ལ་བཀྲེས་སྐོམ། དུད་འགྲོ་ལ་བཀོལ་སྤྱོད། མི་ལ་སྐྱེ་རྒ་ན་འཆི། ལྷ་མིན་ལ་འཐབ་རྩོད། ལྷ་ལ་འཕོ་ལྟུང་སོགས། རིགས་

དྲུག་གི་སྤྱོད་ཚུལ་ཐམས་ཅད་སེམས་ཀྱིས་རང་རྒྱུད་ལ་མྱོང་བར་བསམ་ཞིང་ལུས་ཀྱིས་འཕྱོང་རྒྱུག་འགྲོ་འདུག་སོགས་རྣམ་འགྱུར་ཐམས་ཅད་བྱ། ངག་གིས་དེ་དང་དེ་ ཡི་སྒྲ་སྐད་སྣ་ཚོགས་བརྗོད་པ་སོགས་ཤུགས་འབྱུང་འགག་མེད་དུ་བསྐྱང་པས་ངལ་དུབ་ཀྱིས་འགྱུ་བ་སྤུན་ཐག་ཆད་པར་གྱུར་པ་དང་། རྗེས་ཀྱི་ཤེས་པ་གསལ་སྟོང་ དབྱེར་མེད་ཀྱི་རང་ངོ་བསྐྱང་། ཡང་ལུས་ཀྱི་བདེ་གཤེགས་ཞི་ཁྲོའི་རྣམ་འགྱུར་དང་། ངག་སྔགས་ཀྱི་སྒྲ་སྐད། ཡིད་དེ་དག་གི་ཐུགས་ཡེ་ཤེས་བདེ་བ་ཆེན་པོར་ གསལ་བའི་ང་རྒྱལ་བཟུང་། རིག་པ་སྟོང་པ་ཉིད་རྫོགས་རིམ། གསལ་ཆ་ལྷར་སྣང་བ་བསྐྱེད་རིམ། དེ་གཉིས་རིག་པ་གཅིག་པུར་དབྱེར་མེད་རང་རིག་བློ་འདས་རྗེན་པའི་

ཐོག་ཏུ་བསྐྱང་། དེས་རྐྱེན་སྣང་ལམ་དུ་བསླངས། བསྐྱེད་རྫོགས་ཀྱི་གནད་ཟིན། རིག་པ་གསལ་སྟོང་གི་ཉམས་འཆར་རོ། །གཉིས་པ་ནང་གི་རུ་ཤན་དབྱེ་བ་ནི། རང་
[ 505 ]
༄༅། །ཐ་མལ་པའི་སྤྱི་བོར་ལྷའི་ས་བོན་ཨ་དཀར་པོ། མགྲིན་པར་ལྷ་མིན་གྱི་ས་བོན་སུ་ལྗང་སེར། སྙིང་གར་མི་ཡི་ས་བོན་ནྲྀ་སྔོ་སྐྱ། ལྟེ་བར་དུད་

འགྲོའི་ས་བོན་ཏྲི་དམར་ནག །གསང་བར་ཡི་དྭགས་ཀྱི་ས་བོན་པྲེ་དམར་ནག །རྐང་མཐིལ་དུ་དམྱལ་བའི་ས་བོན་དུ་དུད་ཁ་རྣམས་ལ་འགྲོ་བ་དྲུག་གི་བག་ཆགས་ ལྷན་སྐྱེས་སུ་གནས་པ་རྣམས་སོལ་དོང་དུ་དུ་བ་འཕྱུར་བ་ལྟར་བསམ་ཞིང་། སྦྱོང་བྱེད་རིག་པའི་ཡེ་ཤེས་རྡོ་རྗེ་གསུམ། རྣམ་པ་སྤྱི་བོར་ཨོཾ་དཀར་པོ། མགྲིན་པར་ ཨཱཿདམར་པོ། སྙིང་གར་ཧཱུྃ་མཐིང་ག་རྣམས་བཀྲག་མདངས་འོད་ཟེར་འབར་བར་བསམ་ལ། ཡི་གེ་གསུམ་བཟླས་པའི་རྐྱེན་གྱིས་དེ་ལས་ཡེ་ཤེས་ཀྱི་མེ་རང་འོད་དུ་ འབར་བས་ཡི་གེ་དྲུག་བག་ཆགས་དང་བཅས་པ་ཐམས་ཅད་དངོས་མེད་དུ་བསྲེགས། འཁོར་བ་དང་ངན་སོང་གི་རྒྱུ་འབྲས་ཐམས་ཅད་སྦྱངས་ནས་རང་ལུས་དྭངས་གསལ་

ཤེལ་གོང་ཕྱིས་པ་ལྟར་བསམ་ཞིང་། ཨོཾ་ཨཱཿཧཱུྃ་འབུམ་ཚོ་བདུན་གསལ་དག་བརྟན་པོར་བཟླ། དེས་སྡིག་སྒྲིབ་དག་པའི་རྟགས་སྤྱི་དང་། ལུས་བདེ་ངག་དག་སེམས་
[ 506 ]
༄༅། །གསལ་སྟོང་གི་ཉམས་ཤར་བ་འབྱུང་ཞིང་། རིགས་དྲུག་ཏུ་སྐྱེ་བའི་ས་བོན་ལམ་དུ་བསླངས་པས་ཕྱིས་འཁོར་བར་ལྡོག་པར་མི་འགྱུར་རོ། །གཉིས་པ་སྒོ་གསུམ་གྱི་སྔོན་

འགྲོ་ལ་གསུམ། ལུས༑ ངག །ཡིད་དོ། །དང་པོ་ལུས་སྦྱོང་བ་ནི། སྟན་འབོལ་ཞིང་ཡངས་པའི་སྟེང་དུ་རྐང་མཐིལ་གཉིས་སྤྲད། རྟིང་པ་གསང་བར་གཏད། ། ལུས་ཀྱི་ཆ་བསྲངས་ནས་ལག་པ་མགོ་ལ་མ་རེག་པར་ཐལ་མོ་སྦྱར་ཞིང་གྲུ་མོ་བརྒྱང་། མགྲིན་པས་ཨོལ་མདུད་ནོན་པར་བྱས། མིག་བར་སྣང་ལ་ལྟ། ཡིད་ཀྱིས་ རང་ལུས་རྡོ་རྗེ་སྔོན་པོ་རྩེ་གསུམ་མཐིང་ཤུན་དྲི་མ་མེད་པའི་ཁ་དོག་ཅན་མེ་འབར་བ་ཞིག་ཏུ་གསལ་ལ་རིག་པ་རྡོ་རྗེ་དེར་བཅུག་པ་ལྟར་བསྲེས་ལ་བཞག །རྡོ་རྗེ་རྩེ་ གསུམ་གྱིས་ངོ་བོ་རང་བཞིན་ཐུགས་རྗེ་གསུམ་དང་། སྐེད་པ་གཅིག་ཏུ་དྲིལ་བས་ལམ་དབྱེར་མི་ཕྱེད་པའི་མཚོན་དོན་ཀྱང་བསམ། མི་ལྕོགས་ཚེ་ལུས་རྒྱབ་ངོས་སུ་

ཁྲེས་སེ་འགྱེལ་བཅུག་ལ་ཧལ་ཞེས་དབུགས་མཐའ་བཅད་པ་ལྟ་བུ་བྱ། དེ་ལྟར་སྦྱངས་པས་ཐུན་མོང་དུ་ལུས་སྒྲིབ་འདག །བར་ཆད་ཞི། མངོན་ཞེན་ལྡོག །
[ 507 ]
༄༅། །མཐར་ཐུག་སྐུ་རྡོ་རྗེ་སྤྲུལ་བའི་སྐུར་གཉིས་སུ་མེད་པར་འགྱུར་རོ། །གཉིས་པ་ངག་སྦྱོང་བ་ལ་བཞི། རྒྱས་གདབ་པ། རྩལ་སྦྱོང་བ། མཉེན་བཙལ་བ། །

ལམ་དུ་གཞུག་པའོ། །དང་པོ་ལ་ཕྱི་ནང་གཉིས་ཀྱི་དང་པོ་ཕྱི་སྣང་བ་ལ་རྒྱས་གདབ་པ་ནི། ལུས་གནད་ཆོས་བདུན། ལྟ་སྟངས་ཐད་ཀར་གཏད། སྙིང་གར་ཧཱུྃ་སྔོན་པོ་ཞིག་ བསྒོམ་པ་གསལ་སྣང་ཐོན་པར་བྱས་ནས། རླུང་དང་ཤེས་པ་ཧཱུྃ་གསུམ་གཅིག་ཏུ་བསྲེས་ནས་རླུང་དལ་བུས་རྒྱུ་བ་མི་ཚོར་བར་སོ་མཆུ་བར་ཡོད་ཙམ་བྱས་ལ། ཧཱུྃ་གི་སྒྲ་ཆེ་ཆུང་ རན་པའི་གླུ་སྙན་ལ་རིང་པར་བླངས་པས་སྙིང་གའི་རྣམ་ཤེས་ཧཱུྃ་གི་ངོ་བོ་ལས་ཧཱུྃ་ཡིག་མང་པོ་ཐོལ་ཐོལ་བྱུང་། སྣ་བུག་གཡས་ནས་ཐོན། ཕྱིའི་སྣང་བ་ཐམས་ཅད་ཧཱུྃ་ གིས་མེ་རེ་རེ་ཁེངས་པས་ཧཱུྃ་སྒྲ་དིར་དིར་སྒྲོགས་པར་བསྒོམས་པས་སྣང་བ་ཧཱུྃ་གི་རང་བཞིན་ཏུ་འཆར་རོ། །གཉིས་པ་ནང་ཕུང་པོ་ལ་རྒྱས་གདབ་པ་ནི། ཧཱུྃ་གོང་ལས་ཐུང་

བར་བསྒྲངས་པས་ཕྱི་རོལ་གྱི་ཧཱུྃ་དེ་དག་རླུང་དང་གཉིས་མེད་ནང་དུ་རྔུབས་པ་དང་མཉམ་དུ་སྣ་བུག་གཡོན་ནས་ཐོགས་པ་མེད་པར་ཞུགས་ལུས་ཀྱི་ནང་ཐམས་ཅད་མེ་རེ་རེ་
[ 508 ]
གང་བར་བསམ་ཞིང་རླུང་བཟུང་བས། ལུས་ཧཱུྃ་གིས་གང་བར་རྩོལ་མེད་དུ་འཆར་རོ། །གཉིས་པ་རྩལ་སྦྱོང་བ་ལའང་ཕྱི་ནང་གཉིས་ཀྱི་དང་པོ་ཕྱི་སྣང་བ་ལ་རྩལ་སྦྱོང་བ་

ནི༑ སྙིང་གའི་ཧཱུྃ་ཡིག་ལས་ཧཱུྃ་དྲག་པོ་ངར་དང་ལྡན་པར་བརྗོད་པས་རང་གི་རིག་པ་ཧཱུྃ་ལས་ཧཱུྃ་མཐིང་ནག་དྲག་ལ་རྩུབ་པ་རྣོ་ཞིང་ཤུགས་དང་ལྡན་པ་ཡུལ་ཆེ་ཆུང་གང་ལ་ སྤྲོ་བ་དེ་དང་འཚམས་པ་མང་པོ་ཐོལ་ཐོལ་བྱུང་བས་ཕྱི་རོལ་གྱི་སྣང་བ་ཐམས་ཅད་ཐལ་བྱུང་དུ་ཕུག་ནས་ཁྲལ་ཁྲོལ་དུ་སོང་བར་བསམ་པས་སྣང་བ་རང་བཞིན་མེད་ པར་འཆར་རོ། །གཉིས་པ་ནང་ཕུང་པོ་ལ་རྩལ་སྦྱོང་བ་ནི། ཧཱུྃ་བརྗོད་པས་ཧཱུྃ་ཡིག་སྔོན་པོ་མཚན་ཉིད་བཞི་ལྡན་མཐོ་གང་བ་གཅིག་གིས། རང་གི་ལུས་ཁོང་པ་ནས་ སྤྱི་བོ་དང་། སྤྱི་བོ་ནས་རྐང་མཐིལ་དང་། མཐར་ལུས་རྒྱབ་མདུན་སྟོད་སྨད་ཐམས་ཅད་དུ་ཐལ་ཐལ་ཕྱིན་པས། ལུས་ཀྱི་ཤ་ཁྲག་དངོས་པོར་གྲུབ་པ་མེད་པར་

སྟོང་སང་གིས་སོང་བར་བསམ་ལུས་ཆུ་ཟླ་ལྟར་རང་བཞིན་མེད་པའི་ཉམས་འཆར་རོ། །གསུམ་པ་མཉེན་བཙལ་བ་ནི། མདུན་ཏུ་‚དུ་དྲིལ་བུའམ་ཤིང་བུ་ལྟ་བུའི་དམིགས་
[ 509 ]
༄༅། །རྟེན་བཙུགས་ཏེ་ངག་ནས་ཧཱུྃ་ཞེས་སྙན་ཅིང་དྲག་ལ་རིང་པོར་བརྗོད་པས་སྙིང་གའི་ཧཱུྃ་ལས་ཧཱུྃ་གི་ཕྲེང་བ་སྔ་མའི་ཞབས་ཀྱུ་ཕྱི་མའི་ཀླད་ཀོར་ལ་རྒྱབ་པའི་

ཕྲེང་བ་ལྟ་བུ་ཕར་སོང་བ་ཤིང་བུ་ལ་གཡས་སྐོར་གྱིས་དཀྲིས་ཏེ་རྩེ་མོར་སླེབས་པ་དང་ཧཱུྃ་སྔ་མ་མེ་རེ་འདུག་སྙམ་པ་ལ་དར་ཅིག་ཀློད་ལ་སེམས་གཏད། ཡང་ཧཱུྃ་དལ་ བུས་བརྗོད་པས་ཧཱུྃ་གི་ཐག་པས་དཀྲིས་པ་དེ་གོ་ལྡོག་ཏུ་བསྐོར་ནས་བཤིག་པས་ནང་དུ་བསྡུས་ཏེ་སྙིང་གའི་ཧཱུྃ་ལ་རྫོགས་པར་བསྟིམ་ཞིང་ངལ་གསོ། འདིས་རྣམ་རྟོག་གི་དབང་ དུ་མི་འགྲོ། དམིགས་པ་གང་དུའང་བསྒྱུར་ཐུབ་པ་བྱུང་ན་འབྱོངས་པའོ། །བཞི་པ་ལམ་དུ་གཞུག་པ་ནི། རང་གི་མདུན་ཏུ་‚དུ་ཕན་ཚུན་ཀྱོག་པའི་ལམ་སྲིན་མོ་འགྲོས་ཐོག་མར་ མཐོང་ཚད། དེ་ནས་ཇེ་རིང་དུ་བསམ། རང་གི་ལུས་དང་སེམས་གཅིག་ཏུ་དྲིལ། ཧཱྃ་ཡིག་སྔོན་པོའི་རྣམ་པ་ཅན་ལམ་ལ་ཞུགས་ནས་སོང་སྟེ་ཧཱུྃ་རེ་བརྗོད་དུས་འཁྱོགས་ཁུག་

རེ་སླེབ། དེ་རང་ལ་གསོ། དེ་བཞིན་རྒྱང་རིང་པོའི་བར་སོང་། དེ་ནས་ཀྱང་ཕ་རོལ་རི་དང་ལུང་པ་ལ་སོགས་པ་མཐའ་མེད་པ་རྣམས་སུ་སོང་བར་བསམ་ཞིང་། ཧཱུྃ་རིང་པོ་བརྗོད་
[ 510 ]
ལ་རང་གནས་སུ་ངལ་གསོ། ཡང་སྔར་བཞིན་ལམ་ལ་བརྒྱུད་དེ་ཚུར་ལོག་ནས་སྙིང་གའི་ཧཱུྃ་ལ་ཞུགས་པར་བསམ་ལ་རྣམ་པར་མི་རྟོག་པའི་ངང་ལ་བཞག །དེས་རྣམ་

རྟོག་རང་ཤུགས་སུ་ཆོད། བདེ་གསལ་མི་རྟོག་པའི་ཉམས་སྐྱེའོ། །སྔ་རྗེས་དེ་རྣམས་ཀྱི་བར་མཚམས་ངལ་གསོ་དུས་ཕཊ་ཅེས་བརྗོད་ལ་རྟོག་མེད་དུ་བཞག །དེ་རྣམས་ ཀྱིས་ངག་གི་སྡིག་པ་འདག་ཅིང་བར་ཆད་ཞི། ངག་གི་མངོན་ཞེན་བཟློག །མཐར་ཐུག་གསུང་རྡོ་རྗེ་ལོངས་སྤྱོད་རྫོགས་པའི་སྐུར་གཉིས་སུ་མེད་པར་འགྱུར་རོ། ། གསུམ་པ་སེམས་སྦྱོང་བ་ནི། ནང་དུ་རང་གི་སེམས་ལ་བལྟས་ཏེ། སེམས་འདི་དང་པོ་བྱུང་ས་བརྟག་སྟེ་ཕྱི་འབྱུང་བཞི་ཡུལ་ཁམས་ཕ་མ་གྲོང་ཁྱེར། ནང་རང་ ལུས་ཀྱི་སྟོད་སྨད་བར་གསུམ་གང་ལས་བྱུང་། སྟོང་པ་ལས་བྱུང་སྙམ་ན་བྱུང་ལུགས་ལ་དཔྱད། འཚོལ་བའི་སེམས་ལ་ཕར་དཔྱད། ཚོལ་མཁན་གྱི་རིག་པ་

ལ་ཚུར་བལྟས་པས། ཡེ་ནས་གཞི་མེད་ངོ་བོ་སྟོང་པ་ངོས་བཟུང་ཐམས་ཅད་དང་བྲལ་བའི་རིག་པའི་རང་ངོ་མ་མཐོང་གི་བར་དུ་རྩད་བཅད། བར་དུ་གནས་པ་ལ་
[ 511 ]
༄༅། །བརྟགས་ཏེ་སྔར་བཞིན་ཕྱི་ནང་སྣོད་བཅུད་ལུས་ཀྱི་ཆ་ཤས་སོགས་གང་ལ་གནས། སྙིང་ལྟ་བུ་ལ་གནས་སྙམ་ན་ཤ་པགས་རྩ་རྩེ་མཐའ་དབུས་གང་

དུ་གནས། དབྱིབས་དང་ཁ་དོག་བྱེད་ལས་དངོས་པོ་གང་གིས་མཚོན་སོགས་བརྟགས་ཤིང་དཔྱད་པས་དེ་དག་གང་དུའང་མ་གྲུབ་པར་མཐོང་ན་རྟོག་བྱེད་ཀྱི་རིག་པ་ ལ་ཚུར་བལྟས་པས་རིག་པ་གསལ་སྟོང་སྣང་ཡང་རང་བཞིན་མ་གྲུབ་པ་གཞི་མེད་རྩ་བྲལ་དུ་གཏན་ལ་མ་ཕེབས་ཀྱི་བར་དུ་བསྐྱར། ཐ་མར་འགྲོ་ས་ལ་བརྟག་པ། སེམས་ཝལ་གྱིས་ཤར་ནས་ཡལ་གྱིས་སོང་སྙམ་བྱེད་པ་འདི། གང་དུ་འགྲོ། ཡུལ་གང་དུ་སོང་། མིག་གིས་གཟུགས་མཐོང་དུས་ནང་གི་མཐོང་མཁན་དེ་ཕྱིའི་ཡུལ་ དེར་འགྲོའམ་དཔྱད། དེ་བཞིན་ཕྱི་ནང་སྣོད་བཅུད་སྣང་སྟོང་ཡོད་མེད་གང་དུ་འགྲོ་རྩད་བཅད་པས་རིག་པའི་ངོ་བོ་ངོས་གཟུང་ཐམས་ཅད་བྲལ་བས་མངོན་ཞེན་ལྡོག །མཐར་

ཐུག་ཐུགས་རྡོ་རྗེ་ཆོས་ཀྱི་སྐུ་དང་གཉིས་སུ་མེད་པར་འགྱུར་རོ། །གསུམ་པ་ནི། སྔར་འགྱུ་བའི་སྤུན་ཐག་ཆད་པས་འཕྲོ་རྒོད་ཆམ་ལ་ཕབ་པ་དེ་རྣལ་དུ་དབབ་པས་མཚན་མེད་
[ 512 ]
ཀྱི་ཞི་གནས་བསྒྲུབ། ལྟ་སྟངས་སོགས་ཀྱིས་སོར་གཞུག་པས་ཞི་ལྷག་མཚམས་སྦྱོར་ཞིང་གནས་ལུགས་རྟོགས་པ་ལམ་དུ་གཞུག་སྟེ། དངོས་གཞིའི་ཉམས་ལེན་ཁྲེགས་

ཆོད་ཀྱི་ལྟ་བ་དང་ཐོད་རྒལ་གྱི་སྒོམ་པ་ཟུང་དུ་སྦྲེལ་བ་ནི་རྫོགས་པ་ཆེན་པོའི་ཐུན་མོང་མ་ཡིན་པའི་རང་ལུགས་ཡིན་ཀྱང་། འདིར་གང་ཟག་ཐུན་མོང་པ་ལ་དགོངས་ཏེ། ཞི་ ལྷག་གི་འཇོག་ཚུལ་ཕྱག་ཆེན་སོགས་དང་མཐུན་པར་བཤད་པས། རྣལ་དབབ་སོར་གཞུག་ཞི་ལྷག་གི་ཁོངས་སུ་ཤུགས་ཀྱིས་འདུ་བས་ཟུར་དུ་མ་སྨྲོས་སོ། །གཉིས་པ་དངོས་ གཞི་ལ་བཞི། ཞི་གནས་བཙལ། ལྷག་མཐོང་བསྒྲུབ། ཟུང་འཇུག་བསྒོམ། གནས་ལུགས་ཇི་བཞིན་ངོ་སྤྲོད་པའོ། །དང་པོ་ལ་གསུམ། དབང་པོ་ཐ་མ་རིམ་གྱིས་ ཁྲིད་པ་དང་། དབང་རབ་དངོས་གཞི་ལ་དཀྲི་བ། ཐུན་མོང་དུ་གལ་ཆེ་བའི་བཞག་ཐབས་སྨོས་པའོ། །དང་པོ་ལའང་གཉིས། རྟེན་ཅན་དང་། རྟེན་མེད་དོ། །དང་

པོ་རྟེན་ཅན་ལ་ལྔ་ཡོད་པའི་ཐོག་མ་མཚན་བཅས་ལ་བརྟེན་ནས་སེམས་འཛིན་པ་ནི། རི་བོ་ཅོག་གཞག་ལུས་གནད་རྣམ་སྣང་ཆོས་བདུན་བཅའ། རིག་པ་ཅོག་གཞག་
[ 513 ]
༄༅། །ངག་གནད་རླུང་རང་བབ་དང་། སེམས་གནད་སེམས་འཛིན་རྟེན་གང་ཡིན་དེ་ཉིད་མ་བརྗེད་པའི་དམིགས་རྟེན་ཙམ་ལས་བཅས་བཅོས་སྤྲོ་བསྡུ་

མནོ་བསམ་གང་ཡང་མི་བྱེད་པ་ཐམས་ཅད་ལ་ཤེས་པར་བྱས་ནས། མདུན་ཏུ་‚དུ་ཤིང་བུའམ་རྡེའུ་ལྟ་བུ་ཞིག་བཞག་པ་ལ་རྒྱ་མཚོ་ཅོག་བཞག་མིག་གི་ལྟངས་‚སྟངས་གཏད། ཡེངས་ན་སླར་དམིགས་རྟེན་ལ་སེམས་བསྡུས་ཏེ་ཧ་ཅང་བསྒྲིམ་མ་དྲགས་པར་ཆེར་རེ་བཞག །གཉིས་པ་ལྷ་སྐུ་ལ་དམིགས་པ་ནི། རང་གི་མདུན་དུ་ཐིག་ལེ་མཐིང་ གའི་དབུས་སུ་པད་ཟླ་ལ་བཞུགས་པའི་ཀུན་བཟང་ཡབ་ཡུམ་མམ། གུ་རུ་རིན་པོ་ཆེའི་སྐུ་རྒྱན་ཆ་ལུགས་ཡོངས་སུ་རྫོགས་པ་བྲིས་འབུར་གང་རིགས་བཀོད་པ་ལ་སེམས་ བཟུང་། གོམས་ནས་ཡིད་ཀྱིས་དམིགས་པ་ལ་སེམས་བཟུང་། དེའང་གོམས་ནས་རང་གི་སྙིང་དབུས་སུ་སྐུ་དེ་བསྒོམས་ལ་སེམས་བཟུང་། །གསུམ་པ་གསུང་ཡིག་

འབྲུ་ལ་དམིགས་པ་ནི། མདུན་དུ་ཨོཾ་དཀར་པོ། ཨཱཿདམར་པོ། ཧཱུྃ་སྔོན་པོ་བརྩེགས་མ་རེ་རེའམ་གསུམ་ཀའི་རྣམ་པ་ལ་སེམས་འཛིན། གོམས་ནས་རང་གི་གནས་
[ 514 ]
གསུམ་དུ་བཀོད་པ་ལ་སེམས་བཟུང་། །བཞི་པ་ཐུགས་ཕྱག་མཚན་ལ་དམིགས་པ་ནི། མདུན་དུ་རྡོ་རྗེ་དཀར་པོ་རྩེ་ལྔ་པ་ལ་སེམས་བཟུང་ཞིང་གོམས་ནས་སྙིང་དབུས་

སུ་བསྒོམ། ལྔ་པ་ཐིག་ལེ་ལ་བརྟེན་པ་ནི། མདུན་ཏུ་ཐིག་ལེ་དཀར་དམར་སྔོ་གསུམ་དང་འབྱོངས་ནས་ལུས་ཀྱི་གནས་གསུམ་དུ་བསྒོམ་པ་གོང་ལྟར་རོ། །གཉིས་པ་རྟེན་ མེད་ལ་གསུམ་གྱི་དང་པོ་རླུང་རྡོར་བཟླས་ལ་སེམས་འཛིན་པ་ནི། རླུང་ནང་དུ་འཇུག་པ་ཨོཾ། གནས་པ་ཨཱཿ དབྱུང་བ་ཧཱུྃ་ཞེས་དྲན་པ་ཡིད་ཀྱིས་བགྲང་སྟེ་མ་ཡེངས་པར་ བྱ༑ །གཉིས་པ་འཇམ་རླུང་ལ་བརྟེན་པ་ནི། རླུང་རོ་ལན་གསུམ་བསལ། འཇམ་རླུང་བཟུང་ལ་སེམས་འཛིན། །གསུམ་པ་དྲག་རླུང་ལ་བརྟེན་པ་ནི། རླུང་རོ་ བསལ། དྲག་རླུང་བུམ་པ་ཅན་བཟུང་ལ་སེམས་འཛིན་པར་བྱའོ། །དེ་དག་གིས་གནས་ཉམས་ཀྱི་སྣེ་ཟིན་ནས་དངོས་གཞིའི་ཞི་གནས་བཙལ་བར་བྱའོ། །གཉིས་པ་དབང་

རབ་དངོས་གཞི་ལ་བཀྲི་བ་ལ་རིམ་པ་གསུམ་གྱི་དང་པོ་ཞི་བ་ཉན་ཐོས་ཀྱི་ལྟ་སྟངས་དང་སྦྱར་བ་ནི། ལུས་གནད་ཆོས་བདུན་གྱིས་མི་གཡོ། ངག་མི་སྨྲ་བར་རླུང་གི་འགྲོ་འོང་རང་
[ 515 ]
༄༅། །ཤུགས་སུ་དལ་བར་བཞག །མིག་སྣ་རྩེའི་ནམ་མཁའ་ལ་ཧྲིག་གེ་གཏད་རིག་པ་རང་རིག་རང་གསལ་ལ་གཡོ་བ་མེད་པར་ཚོགས་དྲུག་གི་ཤེས་པ་ཇི་ལྟར་ཤར་

བ་ལ་འཛིན་ཞེན་མ་ཞུགས་པར་རང་སོར་བཞག་པས་ཡུལ་སྣང་རང་གི་ངོ་བོ་གསལ་ཡང་མི་རྟོག་པའི་ངང་མ་ཤོར་བ་ཉིད་ལ་བསླབ། གཉིས་པ་བར་མ་བྱང་སེམས་ཀྱི་ལྟ་ སྟངས་དང་སྦྱར་བ་ནི། གཞན་གོང་བཞིན་ལས་མིག་གི་ལྟ་སྟངས་བར་སྣང་ལ་ཧྲིག་གིས་བསྒྱུར་ནས་ཧད་པོར་བལྟས་པས་རྐྱེན་དེས་བསྐྱེད་པའི་ཤེས་པ་སྐད་ཅིག་མ་དེ་ཡང་ རིག་པ་རྗེན་ལྷང་གིས་གསལ་ལ་མ་འགག་པར་འཆར། ཤར་ཙམ་ཉིད་ནས་རང་བཞིན་གྱིས་མ་གྲུབ་པ་སྣང་སྟོང་དབྱེར་མེད་ཆུ་ཟླ་ལྟར་རྟོགས་པར་བྱ། གསུམ་པ་དྲག་པོ་ཁྲོ་ བོའི་ལྟ་སྟངས་དང་སྦྱར་བ་ནི། མ་ཡེངས་པའི་དྲན་པ་ཧུ་རེ་བསྒྲིམས་པའི་ངང་མདངས་མ་ཤོར་བ་ཉིད་ལས་ལངས་ཏེ་གོམ་པ་གྱ་ཚོམས་སུ་དོར། མིག་གཡོ་ཞིང་བལྟ། ངག་

ཏུ་ཧ་ཧ་ཧི་ཧི་ཞེས་སོགས་བརྗོད་ཅིང་རིག་པ་ཧུར་ཕྱུངས་ཏེ་དྲན་པའི་སོ་མ་ཤོར་བར་རྩལ་སྦྱངས་པས་རང་བྱུང་རང་ཤར་སྤྲོས་བྲལ་བསལ་བཞག་མེད་པར་ཆུ་རླབས་རྒྱ་མཚོར་
[ 516 ]
ཐིམ་པ་ལྟར་རྟོགས་པ་ལ་བསླབ་པར་བྱ་སྟེ། དེས་ནི་རྐྱེན་སྣང་ཇི་ཙམ་མང་བ་ཙམ་དུ་སྟོང་ཉིད་ཡེ་ཤེས་ཀྱང་འཕེལ་བར་འགྱུར་ཏེ་བུད་ཤིང་མང་ན་མེ་ལྕེ་མང་བ་བཞིན་ནོ། དེ་

དག་ཉན་ཐོས་ཀྱིས་སྒོ་གསུམ་རང་བཞིན་ཏུ་‚དུ་གནས་པར་བྱེད། བྱང་སེམས་ཀྱིས་གནས་པ་བརྟན་པར་བྱེད། ཁྲོ་བོས་བརྟན་པ་མཐར་ཕྱིན་པར་བྱེད་ཅིང་ཞི་ལྷག་གི་ཉམས་ རྟོགས་འཕྲལ་དུ་སྐྱེ་མྱུར་ལ། མཐར་ཐུག་མཉམ་རྫོགས་ལྷུན་གྲུབ་ཆེན་པོའི་དགོངས་པ་མངོན་སུམ་དུ་འཆར་བར་འགྱུར་རོ། །གསུམ་པ་དབང་རིམ་ཉེར་གཅིག་ཐུན་མོང་ དུ་གལ་ཆེ་བའི་བཞག་ཐབས་གསུམ་ནི། མ་ཡེངས། མི་བསྒོམ། བཟོ་མེད་ཅེས་བྱ་བ་སྟེ། དེའང་ཕྱི་ནང་ཡུལ་རྐྱེན་གྱི་རྗེས་སུ་སེམས་ཡེངས་སུ་མི་འཇུག་པར་ཡེངས་ མེད་སོ་མར་བཞག་པ་དང་། སྒོ་གསུམ་ཧ་ཅང་བསྒྲིམས་པས་བཅིངས་པ་མ་ཡིན་པར་རྩོལ་མེད་རང་བབ་ལྷུག་པར་བཞག་པ་དང་། རྣམ་རྟོག་དང་དྲན་རིག་གཉིས་ཡ་བྲལ་

ཐ་དད་གཉེན་པོ་བརྟེན་པ་ལྟ་བུ་མ་ཡིན་པར་རང་གསལ་རང་དྭངས་སུ་བཞག་པ་ནི་ཐུན་མོང་ཐེག་པ་ལས་གསུང་‚གསུངས་པའི་རྣམ་ཐར་སྒོ་གསུམ་གྱི་བསྒོམ་དོན་ཀྱང་འདུའོ། །སྐབས་
[ 517 ]
༄༅། །འདིར་བྱིང་རྒོད་ཀྱི་འཕྲང་བསལ་བ་སོགས་ཁྲིད་གཞུང་གཞན་དང་མཐུན་ལ། ཁྱད་པར་ཞི་གནས་ལྟེངས་པོར་གྲགས་པ་སེམས་ལ་དྭངས་ཆ་མེད་པའི་མོག་གེ་བ་བྱུང་ན་ཁྲོ་བོའི་ལྟ་

སྟངས་ཀྱིས་བསལ་ཞིང་རྟག་ཏུ་ཤེས་པ་ལ་གྲིམས་ཆ་ཐོན་པར་བྱ་བ་གནད་དུ་ཆེའོ། །གཉིས་པ་ལྷག་མཐོང་སྒྲུབ་པ་ལ་གཉིས། འཁོར་ལོ་བར་བའི་དགོངས་པ་དང་། འཁོར་ལོ་ཐ་མའི་དགོངས་པའོ། ། དང་པོ་ལ་གཉིས་ཀྱི་དང་པོ་ཕྱི་གཟུང་བ་ཡུལ་མེད་དུ་གཏན་ལ་འབེབས་པ་ནི། སྣང་སྲིད་འཁོར་འདས་ཀྱིས་བསྡུས་པའི་ཆོས་འདི་དག་སྒྱུ་མའམ་རྨི་ལམ་ལྟ་བུ་རང་གི་སེམས་ཀྱིས་བཏགས་པ་ཙམ་ལས་ བདེན་པར་གྲུབ་པ་རྡུལ་ཙམ་མེད་པར་ཐག་བཅད་དེ་སྣང་བ་གང་ཤར་གྱི་ངོ་བོ་ལ་བལྟས་པས་སྣང་སྟོང་འཛིན་མེད་དུ་འཆར། གཉིས་པ་ནང་འཛིན་པའི་སེམས་རྩ་བྲལ་དུ་གཏན་ལ་འབེབས་པ་ནི། གོང་དུ་སེམས་ སྦྱང་གི་སྐབས་སུ་རྒྱས་པར་སོང་ན་འདིར་སྤྲོས་བྲལ་གྱི་རང་ངོ་ལ་མཉམ་པར་བཞག་པས་ཆོག་མོད། རྒྱལ་པར་མ་སོང་བའམ། སོང་ཡང་གཏན་ལ་མ་ཕེབས་ན། དང་པོ་རྟོག་པ་རྩོད་བཅད་པ་ནི། འཁོར་

བར་འཁྱམས་ཤིང་བདེ་སྡུག་མྱོང་མཁན་འདི་ལུས་ངག་ཡིད་གསུམ་གང་ཡིན། གང་གཙོ་ཆེ་བརྟགས་པས་ཀུན་གྱི་རྩ་བ་སེམས་བདག་ཏུ་འཛིན་པས་ལེན་པར་ཤེས་སོ། །བར་དུ་མཚང་བཙལ་
[ 518 ]
པ་ནི༑ ལུས་ངག་ཡིད་གསུམ། བདག་གཞན་འཁོར་འདས་ཐམས་ཅད་སེམས་ཀྱིས་རྣམ་པར་བརྟག །གཅིག་ཐ་དད། ཡོད་མེད། ཡིན་མིན་སོགས་གང་དུའང་མ་གྲུབ་པར་

གཏན་ལ་འབེབས་པའོ། །གསུམ་པ་བྱུང་གནས་འགྲོ་གསུམ་བརྟག་པ་ནི། སེམས་འདི་དང་པོ་གང་ནས་བྱུང་། བར་དུ་གར་གནས། མཐར་གང་དུ་འགྲོ་བརྟགས་པས་གསུམ་ ཀའི་ཡུལ་འདི་ཞེས་ངོས་བཟུང་མ་རྙེད་པའི་སྐྱེ་འགག་གནས་གསུམ་མཐའ་བྲལ་གྱི་ངང་དུ་མཉམ་པར་བཞག་པ་ནི་རིག་ཚོགས་ཀྱིས་སྤྲོས་པ་གཅོད་པ་དང་མཐུན་ནོ། །གཉིས་ པ་འཁོར་ལོ་ཐ་མ་དང་མཐུན་པར་བསྒོམ་པ་ནི། གོང་དུ་གཏན་ལ་ཕབ་པའི་སེམས་དེ་ཅིའང་མ་གྲུབ་བོ། སྟོང་པའོ་སྙམ་དུའང་མི་འཛིན་པར་རང་བྱུང་རང་གསལ་གྱི་རིག་པ་ གསལ་སྟོང་རྗེན་པ་ཉིད་བཟོ་མེད་རང་བབ་ཏུ་བསྐྱང་། བཞི་ཆ་སུམ་བྲལ་གྱི་དགོངས་པ་ལ་མཉམ་པར་བཞག་པས་སེམས་ཀྱི་རང་བཞིན་གཞི་མེད་རྩ་བྲལ་རིག་པ་གདོད་ནས་རང་

བྱུང་གི་ཆོས་སྐུ་བདེ་བར་གཤེགས་པའི་སྙིང་པོ་ཀུན་བཟང་པདྨ་འབྱུང་གནས་གཞན་ནས་བཙལ་དུ་མེད་པས། རང་སྣང་རིས་མེད་ཀྱི་དགོངས་པ་ལ་མངའ་དབང་འབྱོར་
[ 519 ]
༄༅། །པར་འགྱུར་རོ། །གསུམ་པ་ལ་གཉིས། ཞི་ལྷག་ཟུང་འཇུག་ཏུ་ཉམས་སུ་ལེན་ཚུལ་དངོས་སྨོས། འཕྲོས་དོན་ཁྱད་པར་ཅན་བཤད་པའོ། །

དང་པོ་ལ་ཁྲིད་གཞུང་རྣམས་སུ་གདམས་པའི་ཚུལ་མཐའ་ཡས་པ་འབྱུང་བ་ཐམས་ཅད་ཀྱང་ཟབ་པའི་གནད་འབའ་ཞིག་དང་འབྲེལ་མོད་ཀྱི། ལུགས་འདིའི་ཐུན་ མོང་མ་ཡིན་པའི་གདམས་པའི་གནད་གསུམ་ནི། རང་སེམས་དབྱིབས་ཁ་དོག་མཚན་མའི་ཆོས་ལས་འདས་པའི་སྟོང་གསལ་རིག་པའི་སྙིང་པོ་ཅན་འདི་ཀ་རང་ གསལ་དུ་རྗེན་ནེ། ཧྲིག་གེ །ས་ལེར་རིག་པས་ཀ་དག་གདོད་མའི་གནས་ལུགས་ཀུན་ཏུ་བཟང་པོ་ཡེ་ཤེས་ཟང་ཐལ་གྱི་དགོངས་པ་དེ་ཉིད་རང་ཐོག་ཏུ་ངོ་ཤེས་པས། ངོ་རང་ཐོག་ཏུ་འཕྲོད་པ་ཞེས་བྱ། རིག་པ་རྗེན་པ་ངོ་ཤེས་ན་གནས་འགྱུ་བྱིང་རྒོད་བཟང་ངན་གྱི་རྟོག་པ་ཇི་ལྟར་སྣང་ཡང་། རིག་པའི་ངོ་བོ་ལ་ཡུལ་

གྱིས་མ་བསྒྱུར། འཛིན་པས་མ་བསླད། ཆུ་བུར་ཐམས་ཅད་ཆུར་རོ་གཅིག་པའམ་གསེར་གྱི་གླིང་དུ་ས་རྡོ་ཕལ་བ་མི་རྙེད་པ་བཞིན་ཅི་
[ 520 ]
སྣང་ཅི་ཤར་རང་བྱུང་གི་ཡེ་ཤེས་ཆོས་སྐུའི་རོལ་པ་ཉག་གཅིག་ཏུ་རྟོགས་པ་ནི། ཐག་གཅིག་ཐོག་ཏུ་བཅད་པ་ཞེས་བྱ། དེ་ལ་ངེས་

པ་རྙེད་པས། ཡུལ་སེམས་ཀྱི་རྣམ་པར་རྟོག་པའི་འཕྲོ་འདུ་སྣ་ཚོགས་པ་ཐམས་ཅད་དང་པོར་ཆོས་ཉིད་ཀྱི་རྩལ་ལས་རང་བྱུང་། ད་ལྟ་ ཆོས་ཀྱི་རོལ་པར་ཤར། མཐར་ཆོས་ཉིད་ཀྱི་ངང་དུ་རང་ཐིམ་པས་རྨི་ལམ་གྱི་སྣང་བ་ལྟར་གདོད་ནས་མ་བཅིངས་མ་གྲོལ་བ་རང་གྲོལ་ཆོས་སྐུའི་རང་ བཞིན་ཏུ་‚དུ་ཡིད་ཆེས་པས་སྤང་གཉེན་སྤྲོད་དུ་མེད་པ་ནི། གདིང་གྲོལ་ཐོག་ཏུ་བཅའ་བ་ཞེས་བྱ་སྟེ། མདོར་ན་གནས་འགྱུ་གཉིས་ལ་ བཟང་ངན་འདོར་ལེན་མི་བྱ་བ་སེམས་རང་བབ་ཏུ་ཀློད་ཅིང་ཁ་ཡན་ཏུ་‚དུ་བཞག །རང་རིག་རྗེན་པ་རང་ཚུགས་མ་ཤོར་པར་ཅིར་སྣང་ཆོས་སྐུའི་

དགོངས་པར་ལ་བཟླ་བ་སྟེ། རིག་པ་ཁེར་འདེད་ཀྱི་གནད་འདི་ནི་ཁྲེགས་ཆོད་ཐམས་ཅད་ཀྱི་སྙིང་པའོ། །གཉིས་པ་འཕྲོས་དོན་ནི། །
[ 521 ]
༄༅། །ཆོས་ཐམས་ཅད་དགོངས་པ་དང་གྲུབ་དོན་གཅིག་ཀྱང་ལམ་གྱི་གནད་ལ་ཁྱད་པར་ཆེ་ཞིང་། ཀུན་ལས་ཁྱད་པར་དུ་འཕགས་པ་རྫོགས་པ་ཆེན་པོའི་ཉམས་ལེན་

གྱི་གནད་ཐུན་མོང་མ་ཡིན་པ་ནི་སེམས་དང་རིག་པ་དབྱེ་བ་ཡོད་ཅིང་། དེའང་གཞིའི་སྐབས་སུ། དྲི་བྲལ་འདུས་མ་བྱས་ཀ་དག་ཆོས་སྐུའི་ངོ་བོ་དང་། དྲི་བཅས་ལུང་མ་བསྟན་ཀུན་ གཞི་མ་རིག་པའི་རང་བཞིན་གཉིས་ཤིན་ཏུ་ཐ་དད། ལམ་གྱི་སྐབས་སུ་ཀ་དག་ཆོས་སྐུའི་རང་མདངས་རིག་པའི་ཡེ་ཤེས་སྟོང་གསལ་གཉེན་པོའི་ཆོས་དང་། མ་རིག་ཀུན་གཞིས་ བསྐྱེད་པའི་སེམས་ཉོན་མོངས་སྤངས་བྱའི་ཆོས་སུ་གྱུར་པ་གཉིས་ཐ་དད། འབྲས་བུའི་སྐབས་སུ། སེམས་ཅན་ཀུན་གྱི་རྒྱུད་ལ་ཡོད་པའི་ཀ་དག་གི་ཡེ་ཤེས་མངོན་ཏུ་‚དུ་གྱུར་པ་ ན༑ ཀུན་གཞི་བགས་ཆགས་དང་བཅས་པའི་གློ་བུར་དྲི་མ་མཐའ་དག་སྤངས་པས་སངས་རྒྱས་པའོ། །གནད་འདི་དག་གི་ཕྱིར་ཆོས་འདིར་ནི་རིག་པ་ལམ་དུ་བྱེད་པ་སྟེ། རིག་པ་

ཧར་སངས་རྗེན་ལ་ཕུད་པ་ན་སེམས་ཀྱི་འཁྲུལ་པ་རང་དེངས་‚དྭངས་སུ་འགྱུར་ཞིང་། འགྱུ་སྟོང་ལྟར་སྣང་བ་བྱུང་ཡང་དེས་རིག་པའི་ཡེ་ཤེས་ལ་གོས་པར་མི་འགྱུར་ཏེ་ཤེལ་གྱི་གཟུགས་
[ 522 ]
བརྙན་གྱིས་ཤེལ་གོང་ལ་གདོད་ནས་མ་གོས་པ་བཞིན་ནོ། །དེ་ལྟ་བུའི་རིག་སྟོང་ལྷོངས་ཕུད་པའི་བོགས་འདོན་ཏུ་‚དུ་ནམ་མཁའ་སུམ་ཕྲུག་གི་གདམས་ངག་ལ་བརྩོན་པར་བྱ་སྟེ།

སྤྲིན་མེད་པའི་ནམ་མཁར་ཉི་མ་ལ་རྒྱབ་ཀྱིས་ཕྱོགས་ནས་ལྟ་སྟངས་གཅུན་ནས་བལྟས་པས། དཔེ་ཕྱིའི་ནམ་མཁའ་སྟོང་མདངས་ཀྱི་གོ་ཕྱེས་ནས་དཔེ་ཅན་ནང་གི་ཤེས་པ་རྣམ་ པར་དག་པ་ལས། གསང་བ་འོད་གསལ་རྡོ་རྗེ་སྙིང་པོའི་ནམ་མཁའ་གསལ་སྟོང་མཐའ་དབུས་ཐམས་ཅད་ལས་འདས་པའི་ཆོས་ཉིད་སྐད་ཅིག་མ་འཆར་བ་དེ་ཉིད་ཡུན་ཏུ་‚དུ་ བསྐྱང་བར་བྱའོ། །བཞི་པ་གནས་ལུགས་ངོ་སྤྲོད་པ་ལ་གསུམ། ལྟ་བ། སྒོམ་པ། སྤྱོད་པའོ། །དང་པོ་ལྟ་བའི་སྒོ་ནས་ངོ་སྤྲད་པ་ནི། ཞི་ལྷག་གི་ཉམས་མྱོང་ལེགས་ པར་སྐྱེས་པའི་གང་ཟག་དེ་ཉིད་དབེན་པའི་གནས་སུ་ཅོག་གཞག་གི་གནད་དང་ལྡན་པས་འདུག་ཏུ་བཅུག དཔོན་སློབ་གཉིས་ཀས་བརྒྱུད་པའི་བླ་མ་ལ་གསོལ་བ་འདེབས། ཌཱ་

ཀི་ཆོས་སྐྱོང་ཚོགས་གཏོར་གྱིས་བསྐངས་ལ་བླ་མས་ངོ་སྤྲད་པར་བྱ་སྟེ། རིགས་ཀྱི་བུ་ཉོན་ཅིག །དེའང་འཁོར་འདས་གང་ཡང་མ་གྲུབ་པའི་སྔོན་རོལ་ནས། ཆོས་དབྱིངས་སྟོང་
[ 523 ]
༄༅། །གསལ་འགག་པ་མེད་པའི་ངོ་བོ་སྐུ་གསུམ་འདུ་འབྲལ་མེད་པའི་འབྱུང་གནས་ཆེན་པོར་བཞུགས་ཏེ། ངོ་བོ་སྟོང་པ་ནམ་མཁའ་ལྟ་བུ། རང་བཞིན་གསལ་

བ་ཉི་ཟླ་ལྟ་བུ། ཐུགས་རྗེའི་གདངས་འཆར་སྒོ་མ་འགག་པ་མེ་ལོང་གཡའ་དག་པའི་ངོ་བོ་ལྟ་བུ། སོ་སོ་མ་ཡིན་ཐ་མི་དད་པའི་རང་བཞིན་གཅིག་དང་དུ་མ་མེད་པའི་གནས་ལུགས་ རང་རིག་དབྱིངས་ཀྱི་སྣང་བ་ཚད་མེད་པའི་ངོ་བོ་ལ་རྣམ་པ་ཀུན་གྱི་མཆོག་དང་ལྡན་པའི་སྟོང་པ་ཉིད་སྤྲོས་བྲལ་སྐྱེ་བ་མེད་པ་ལ་རང་གདངས་འགག་པ་མེད་པའི་སྣང་ཆ་ བརྟན་གཡོ་འཁོར་འདས་ཀྱི་ཆོས་གང་དང་གང་སྣང་བཞིན་པ་ཐམས་ཅད་ཀྱང་སྣང་དུས་ཉིད་ནས་དེ་དང་དེའི་ངོ་བོར་ཡོད་མ་མྱོང་བ་རིག་པ་ཁོ་ན་ལས་གཞན་ཏུ་‚དུ་མ་གྲུབ་ཅིང་། རིག་པའི་ངོ་བོ་ཡེ་ཤེས་ཆོས་ཀྱི་སྐུ་གུ་རུ་པདྨ་འོད་འབར་ལོགས་ནས་ཚོལ་‚འཚོལ་མ་དགོས་པར་གདོད་ནས་ལྷུན་གྱིས་གྲུབ་པར་རང་ལ་རང་ཆས་སུ་བཞུགས་པའི་རང་རིག་བདེ་བ་ཆེན་པོའི་ངོ་བོར་ཤར་བ་འདི་ཀ་

སངས་རྒྱས་སྐུ་གསུམ་གྱི་ངོ་བོ་ཡིན་ལ་ཡན་བཞན་ཏུ་‚ཡིན་བཞིན་དུ་རིག་བྱ་རིག་བྱེད་དང་གསལ་བྱ་གསལ་བྱེད་དང་བྲལ་བ། རིག་པ་རང་གསལ་རང་བཞིན་ལས་མི་གཡོ་བར་རྟག་ཏུ་
[ 524 ]
འཇོག་པར་བྱ་སྟེ། ཇི་སྐད་དུ། ཨ་ཏི་ཁྱབ་བདལ་ཆེན་པོ་ནི། །གུ་རུ་པདྨ་འོད་འབར་དེ། །ལོགས་ན་ཡོད་པ་མ་ཡིན་ནོ། །ཞེས་དང་། རང་ཉིད་ལྷ་རུ་སྣང་བ་དེ། །ལྷ་ཉིད་རང་ལ་རང་ཉིད་ལྷ། །

སེམས་ཉིད་རྟོགས་ན་སངས་རྒྱས་ཏེ། །སེམས་ལས་སངས་རྒྱས་གཞན་མ་ཚོལ། །ཅེས་དང་། མ་བསྒྲུབས་ཡེ་ནས་སངས་རྒྱས་གནས། །མ་བཅལ་བཞག་པས་རང་ས་ ཟིན། །དེ་ལྟར་རྟོགས་ན་ཨོ་རྒྱན་མཁན། །ཆོས་ཉིད་དོན་གྱི་པད་འབྱུང་ཡིན། །ཞེས་དང་། པདྨ་འབྱུང་གནས་ནི་རང་སེམས་ཀྱི་མདངས་ཆ་ཡིན་ཏེ། རང་སེམས་དུས་ གསུམ་གྱི་སྤྲོས་པ་དང་བྲལ་ཏེ་ཀ་དག་ངོས་བཟུང་མེད་པ་རང་བཞིན་ལྷུན་གྲུབ་ཆེན་པོ་སངས་རྒྱས་ཀྱིས་མ་བསླད་སེམས་ཅན་གྱིས་མ་བསྒྲིབས་པ་དེ་བཞིན་ཏུ་རྟོགས་ན་པདྨ་བདག་ དང་དགོངས་པ་གཅིག་ཏུ་འཚང་རྒྱ་བ་ཡིན་ནོ། །ཞེས་གསུངས་སོ། །དེའང་གཞིའི་ངོ་བོ་ཀ་ནས་དག་ཅིང་རང་བཞིན་ལྷུན་གྱིས་གྲུབ་པ་སྐུ་དང་ཡེ་ཤེས་འདུ་འབྲལ་མེད་པའི་

དགོངས་པར་གནས་པ་སྟེ། དེ་གཉིས་ངོ་བོ་གཅིག་པའི་ཕྱིར་སྣང་སྟོང་གཉིས་མེད་དུ་བཞག་ལ། དེའི་གནས་ལུགས་སྟོང་པ་མི་འགྱུར་བ་ཆོས་སྐུའི་བདག་ཉིད། རང་བཞིན་
[ 525 ]
༄༅། །གསལ་ཞིང་འགྱུར་བ་མེད་པའི་བདེ་བ་ཆེན་པོ་ལོངས་སྤྱོད་རྫོགས་སྐུ། རྩལ་ཐུགས་རྗེ་རིག་པ་སྣ་ཚོགས་འཆར་ཞིང་མ་འགགས་པ་སྤྲུལ་པའི་སྐུ་སྟེ།

དོན་ལ་སྐུ་གསུམ་འདུ་འབྲལ་མེད་པ་ཉི་མའི་དཀྱིལ་འཁོར་ལྟར་ནང་དུ་གསལ་ཡང་དངོས་པོའི་མཚན་མར་མ་གྲུབ། རང་བཞིན་ཡེ་གདངས་སུ་གསལ་ཡང་ཕྱི་ནང་དུ་ཁ་ དོག་རིས་ཅན་ཏུ་མེད། དེ་ཉིད་ཐུགས་རྗེ་རིག་པའི་ཡེ་ཤེས་སུ་བཞུགས་ཀྱང་རྣམ་པ་ཕྱི་རོལ་ཡུལ་ལ་མི་སྤྱོད་པས་ཕྱི་རྒྱ་མ་རལ་བ་ལྷུན་གྲུབ་རིན་པོ་ཆེའི་སྦུབས་གཞོན་ནུ་བུམ་ སྐུའི་གནས་ལུགས་ཞེས་བྱ་སྟེ། ངོ་བོ་རང་བཞིན་ཐུགས་རྗེ་གསུམ་དུ་བཞུགས་པ་རང་རིག་གཅེར་བུ་ཧྲིག་གེ་བ་འདི་ཡེ་གདོད་མ་ནས་རང་བྱུང་ལྷན་སྐྱེས་པདྨ་འབྱུང་གནས་སུ་ ཤེས་པའི་རང་བབ་དང་དེར་ཀློད་ཅིང་ཐག་ཆོད་ཡིད་ཆེས་བསྐྱེད་ལ་རང་རིག་གི་ངོ་ཐོག་ཏུ་རང་གྲོལ་བའི་ངེས་པ་བརྟན་པོར་གཟུང་བར་བྱ་སྟེ། ངོ་བོ་སྟོང་པ་ཆོས་ཀྱི་སྐུ། མ་

འགག་གསལ་བ་ལོངས་སྤྱོད་རྫོགས། །རིག་རྩལ་ཐུགས་རྗེ་སྤྲུལ་པའི་སྐུ། །སྐུ་གསུམ་ཡེ་ནས་མ་བསྒྲུབས་འགྲུབ། །རང་རིག་ཡེ་ནས་པད་འབྱུང་ཡིན། །ཞེས་སོགས་
[ 526 ]
གསུངས་སོ། །ཞེས་སོགས་ལྟ་བ་དང་འབྲེལ་བའི་ཚིག་རྣམས་ཀྱིས་ངོ་སྤྲོད་དོ། །གཉིས་པ་སྒོམ་པའི་སྒོ་ནས་ངོ་སྤྲོད་པ་ལ་གཉིས། ཏིང་ངེ་འཛིན་གྱི་རྒྱུ་ལ་ངོ་སྤྲོད་པ།

ཏིང་འཛིན་རང་གི་ངོ་བོ་ལ་ངོ་སྤྲོད་པའོ། །དང་པོ་ནི། གནད་དང་ལྡན་པའི་ཉམས་ལེན་ལེགས་པར་བསྐྱངས་པས་ཉམས་ཀྱི་རིམ་པ་འཆར་བར་འགྱུར་ཏེ། དེའང་སློབ་དཔོན་ བི་མ་ལས་ཕྱག་རྒྱ་བསམ་གཏན་གྱི་འགྲེལ་པར་ཉམས་ལྔའི་རྣམ་གཞག་མཛད་པ་ལྟར་ན། དང་པོ་གཡོ་བའི་ཉམས་ནི། སྒོམ་པས་རྣམ་རྟོག་ཅུང་ཟད་མང་དུ་སོང་སྙམ་ བྱེད་པར་འགྱུར་བ་སྒོམ་སྐྱེ་སྙིང་འདོད་པ་རྣམ་རྟོག་ངོ་ཤེས་པའི་ཉམས་ཏེ། དཔེ་རི་གཟར་གྱི་འབབ་ཆུ་ལྟ་བུའོ། །གཉིས་པ་ཐོབ་པའི་ཉམས་ནི། རྟོག་པ་ཡང་འཕྲོ་ལ་ཅུང་ ཟད་ཞི་མལ་ལེ་གནས་པ་འབྱུང་བ་རྟོག་པ་ངལ་གསོ་བའི་ཉམས་ཏེ། དཔེ་རོང་ཁུང་དོག་པོའི་ཆུ་འབབ་ལྟ་བུའོ། །གསུམ་པ་གོམས་པའི་ཉམས་ནི། ཕལ་ཆེར་རྟོག་མེད་དུ་

གནས་ལ་རེས་འགའ་རྟོག་པ་བན་བུན་རེ་འབྱུང་བ་རྣམ་རྟོག་ཐང་ཆད་པའི་ཉམས་ཏེ། དཔེ་མི་རྒན་པོའི་སྤྱོད་པ་ལྟ་བུའོ། །བཞི་པ་བརྟན་པའི་ཉམས་ནི། ཕལ་ཆེར་རྟོག་མེད་
[ 527 ]
༄༅། །རྒྱ་འབྱམས་སུ་གནས་ལ་རེས་རྐྱེན་གྱིས་ཅུང་ཟད་གནོད་པས་རྣམ་རྟོག་གིས་བསྐྱོད་དུ་ཡོད་པའི་ཉམས། དཔེ་མཚོ་ཆུང་བསེར་བུས་བསྐྱོད་པ་ལྟ་བུའོ། །

གཞན་ཡང་སྒོ་གསུམ་ཤིན་སྦྱངས་ཐོབ་ཅིང་ཉམས་རྟགས་ལུས་ངག་ཡིད་ལ་སྣ་ཚོགས་པ་འབྱུང་བ་རྣམས་སྐྱེས་རིམ་བཞིན་ངོ་སྤྲོད་པར་བྱའོ། །གཉིས་པ་ནི། ཞི་ལྷག་གི་ངོ་ སྤྲོད་པ་སྟེ། དེའང་རྣམ་རྟོག་གི་འཕྲོ་འདུ་ཕྲ་རགས་འཇམ་ཉལ་གྱི་ཞི་ནས་སེམས་བདེ་གསལ་མི་རྟོག་པའི་ངང་དུ་གནས་པ་ནི་ཞི་གནས་ཏེ། དེ་ཉིད་མཐར་ཕྱིན་པའི་རྟགས་ ནི༑ གཞུང་ལས། ལུས་སོག་ཕོན་ཐག་པ་ཆད་པ་ལྟ་བུ༔ ངག་པི་ཝཾང་གི་རྒྱུན་ཐག་ཆད་པ་ལྟ་བུ༔ སེམས་རང་ཐག་གི་ཆུ་ཆད་པ་ལྟ་བུ༔ དེ་ཁོ་ན་ཉིད་མར་མེ་རླུང་གིས་མ་བསྐྱོད་ པ་ལྟ་བུ་ལ་ངོ་སྤྲད༔ ཅེས་གསུངས་པ་ལྟར་རོ། །འགྱུ་བ་རང་ངོ་ཤེས། རིག་པ་ཡུལ་མེད་རང་གསལ་སྒྲོ་སྐུར་བྲལ་བ་རྗེན་ནེ་ལྷང་ངེར་མཐོང་བ་ནི་ལྷག་མཐོང་སྟེ། གང་གིས་

སྒྲིབ་རྒྱུ་མེད་པར་གསལ་བ་ཉི་མའི་དཀྱིལ་འཁོར་ལྟ་བུ། མྱོང་བ་གཞན་ལ་བརྗོད་མི་ཤེས་པ་ལྐུགས་པས་བུ་རམ་མུར་བ་ལྟ་བུ། རང་གི་དེ་ཉིད་གཞན་ལ་མཚོན་ཏུ་མི་བཏུབ་པ་
[ 528 ]
གཞོན་ནུ་མའི་བདེ་བ་ལྟ་བུ་ལ་ངོ་སྤྲོད་དོ། །ཚོགས་དྲུག་གི་སྣང་བ་གང་ལའང་ཨ་འཐས་ཀྱི་ཞེན་པ་མ་ཞུགས་པ་ཞི་གནས། འཆར་སྒོ་འགག་མེད་དུ་སྣང་བ་ལྷག་མཐོང་སྟེ་སྣང་ཐོག་ཏུ་

ཞི་ལྷག་ཟུང་འཇུག །རྣམ་རྟོག་རང་ངོ་ཧྲིག་གིས་རིག་པ་ཞི་གནས། དེ་ཉིད་བློ་བྲལ་ཆོས་སྐུར་གྲོལ་བ་ལྷག་མཐོང་སྟེ་རིག་ཐོག་ཏུ་ཞི་ལྷག་ཟུང་འཇུག །མདོར་ན་མཉམ་རྗེས་གང་གི་ ཚེ་ཡང་ཚོགས་དྲུག་གི་ཡུལ་མི་འགག་པར་སྒོ་ལྔ་རང་ཡན་ཏུ་ལྷོད་ལ། རིག་པའི་ངང་ཤེས་པ་ཡུལ་ཕྱིར་མི་འབྲང་བ། གསལ་དྭངས་ཕྱེད་པ། རེ་དོགས་བཅོས་བསླད་མེད་ པའི་སོ་མར་ཉམས་སུ་བླངས་པས་སྣང་ཡུལ་དང་། འཛིན་སེམས་མ་སྤངས་མ་བསྒྱུར་བ་རང་སར་གྲོལ་བ་ནི་བྱ་བརྒྱ་འུར་རྡོ་གཅིག་གིས་འདེད་པ་དང་། ཆུ་བརྒྱ་ཟམ་པ་ གཅིག་གིས་སྒྲོལ་བའི་དཔེས་ངོ་སྤྲོད་པར་གསུངས་ཏེ། དེའང་བཙན་ཐབས་སུ་ངོ་སྤྲོད་ན། སློབ་མ་ལུས་གནད་བཅས་ལ། དེའང་རིག་པ་དུས་གསུམ་གྱི་རྣམ་པར་རྟོག་པ་

གང་གིས་ཀྱང་མ་བསླད་པའི་ད་ལྟའི་ཤེས་པ་གསལ་ལ་ངོས་བཟུང་མེད་པ་རང་བབ་ཆོས་ཉིད་ཀྱི་ངང་ལ་བསལ་བཞག་མེད་པ་ཅེ་རེ་ལྟ། དྲི་མེད་དག་པའི་སངས་རྒྱས་ནི། །
[ 529 ]
༄༅། །རང་རིག་ཆོས་སྐུ་འགྱུར་བ་མེད། །སལ་ལེ་སིང་ངེ་ཝལ་ལེ་བ། །སྤྲིན་མེད་སྟོན་ཀའི་ནམ་མཁའ་བཞིན། །མི་འགྱུར་བརྟན་པ་རི་བོ་བཞིན་དུ་ཞོག །མི་གཡོ་དྭངས་པ་རྒྱ་མཚོ་བཞིན་ཏུ་

ཞོག །ཡངས་དོགས་བྲལ་བ་ནམ་མཁའ་བཞིན་ཏུ་ཞོག །གང་ལྟར་གནས་ཀྱང་རིག་པའི་ངང་ཡིན་ཞོག །གང་ལྟར་ཤར་ཡང་རིག་པའི་མདངས་ཡིན་ཞོག །འཕྲོག་ནས་རང་རིག་དྭངས་ སངས་ཕྱེད་པར་ཞོག །ཇི་ལྟར་བྱ་རྣམས་གང་དུ་འཕུར་ན་ཡང་། །མཁའ་ལས་མ་འདས་དེ་བཞིན་རིག་པའི་ངང་། །ཆོས་རྣམས་རང་གསལ་གཡོ་བ་མེད་པར་ཞོག །ཅེས་པས། སེམས་གསལ་དྭངས་ཀྱི་ངང་ལ་གནས་པ་དེ་ཉིད། ཕཊ་ཅེས་ཡེངས་ལ་བོར་བའི་རྐྱེན་གྱིས་མི་རྟོག་པའི་ངང་དེ་ཞིག་ཀྱང་བྱུང་ཚོར་གྱི་རྟོག་པ་དང་དེར་འཛིན་གྱི་གཉེན་པོ་མེད་པའི་ ཤེས་པ་རང་གསལ་རྒྱ་ཡན་ཞི་ཆལ་བ་ཞིག་འཆར་ཏེ། འདི་ཉིད་རིག་པ་རང་གནས་ཀྱི་བསམ་གཏན་ཡིན་པ་ངོ་ཤེས་པར་བྱ། སྣང་སྲིད་སྣོད་བཅུད་སྣང་བ་ཐམས་ཅད་རང་སེམས་

འཁྲུལ་སྣང་གི་ཆོ་འཕྲུལ་དུ་ཐག་བཅད། འཁྲུལ་འཛིན་རང་སེམས་ཀྱང་རྟེན་མེད་ནམ་མཁའ་ལྟར་ཐག་བཅད། རང་བྱུང་གི་ཡེ་ཤེས་རིག་སྟོང་ཆོས་སྐུར་ཐག་བཅད་ནས། ཡར་
[ 530 ]
སངས་རྒྱས་ལ་རེ་མ་ཆེ། མར་འཁོར་བ་ལ་དོགས་མི་ཟ། འཁོར་འདས་སེམས་ཀྱི་གནས་ལུགས་རིག་མ་རིག་ཏུ་ཤེས་པས་གང་ཤར་གྱི་རིག་པ་རིག་བདེའི་དུས་ན་སྤང་བླང་བཟང་ངན་

མེད་པ་ཟང་ཐལ་ཡེ་སངས་ཆེན་པོར་གདེང་འཆོས་པ་ནི་ངོ་རང་ཐོག་ཏུ་འཕྲོད་པ་དང་། ཐག་གཅིག་ཐོག་ཏུ་བཅད་པ་སྟེ་བཟང་ངན་གཉིས་སུ་མེད་པའི་ཆ་ནས་ཡེ་ཤེས་ཟང་ཐལ་གྱི་ གཟེར་འཁོར་འདས་གཉིས་ཀྱི་བར་གདབ་པ་རྩ་དང་མེ་འཕྲད་པ་ལྟ་བུ་དང་། ཡོད་མེད་ཕྱོགས་ཡན་ཏུ་ཤར་བས་ལྟ་བ་གྲོལ་ཡན་གྱི་གཟེར་རྟག་ཆད་གཉིས་ཀྱི་བར་དུ་གདབ་པ་བཞིན་ དང་མེ་ལོང་འཕྲད་པ་ལྟ་བུ་ཡིན་ཏེ་ཆོས་ཐམས་ཅད་ཡེ་ནས་མ་གྲོལ་བ་མེད་པར་ཡེ་སངས་རྒྱས་སུ་རྟོགས་པས་གང་ཤར་ཆོས་ཉིད་དུ་སོང་བ་རི་རྒྱལ་གྱི་རྩེར་ཕྱིན་པས་དམའ་བའི་ ལུང་ཕྲན་མཐོང་བ་ལྟ་བུ་ལ་རི་བོ་ཅོག་གཞག་གི་དགོངས་པ་ཞེས་བྱའོ། །འདི་ངོས་ཟིན་ཕན་ཆད་ཤེས་པ་གནས་འགྱུ་དགག་སྒྲུབ་བཟང་རྟོག་ངན་རྟོག་གང་གི་དུས་སུ་ཡང་རང་རིག་རང་

བབ་ཅེར་གྱིས་བལྟས་པས་འཛིན་མེད་རང་གནས་ཀྱི་བསམ་གཏན་རྗེན་སངས་ཀྱིས་འཆར་ཏེ་འདི་ཁོ་ན་རྩོལ་མེད་དམ་ལྷུན་གྲུབ་ཀྱི་སྒོམ་པ་ཆུ་བོ་ལྟ་བུ་ཡིན། དེ་ལ་ཅུང་
[ 531 ]
༄༅། །ཟད་བརྟན་པ་ཐོབ་ནས་སྤྱོད་ལམ་འཇམ་རྩུབ་བར་མ་རང་ཉམས་དང་སྦྱར་བའི་རྐྱེན་གྱིས་བསམ་གཏན་དང་བསྲེས་པས་བྱ་བརྗོད་དྲན་རྟོག་ཐམས་ཅད་

ཆོས་ཉིད་ཀྱི་རོལ་པར་ཤར་ཏེ་མཉམ་རྗེས་ཀྱི་རིས་མེད། ཉིན་མཚན་གྱི་བར་མེད། བླང་དོར་གྱི་ཆོས་མེད། བསྒོམ་བྱ་སྒོམ་བྱེད་ཀྱི་རྩིས་མེད་པར་ཐམས་ཅད་རིག་པའི་ རང་མདངས་ཆོས་ཟད་ཀ་དག་གི་དགོངས་པར་ལ་ཟླ་བ་ཞེས་བྱའོ། །གསུམ་པ་སྤྱོད་པའི་ངོ་སྤྲོད་ནི། མཉམ་བཞག་ལ་ཟླ་བའི་ལྟ་བ་དེའི་ངང་དུ་སྤྱོད་པ་སྒྱུ་མ་ཙམ་དུ་སྤྱོད་ པ་ནི་ཅི་སྤྱོད་ཡེ་ཤེས་ཀྱི་རོལ་པ་ཡིན་མོད། འོན་ཀྱང་ལས་དང་པོ་པས་རྗེས་ཐོབ་ཤན་འབྱེད་ཀྱི་ཚུལ་འདི་ངེས་པར་གལ་ཆེ་བས། དེའང་བདག་གི་རྟོག་པ་དབྱིངས་སུ་མ་ ནུབ་ཀྱི་བར་དེ་སྲིད་དུ་ལས་ཀྱི་འབྲས་བུ་མི་བསླུ་བར་འབྱུང་བ་ཡིན་ཏེ། དཔེར་ན། རྨི་ལམ་དུ་གཅན་གཟན་སྣང་བའི་ཚེ་དེས་གསོད་པ་སོགས་དེ་ལ་བརྟེན་པའི་འཇིགས་

སྐྲག་ཀྱང་སྣང་བ་བཞིན་ནོ། །དེས་ན་གང་ལའང་ཞེན་འཛིན་མེད་པའི་ངང་ནས་དགེ་སྡིག་ནི་བླང་དོར་མ་ནོར་བར་སྤྱོད་ཅིང་། སྡོམ་གསུམ་འགལ་མེད་སྟན་ཐོག་གཅིག་
[ 532 ]
ཏུ་དྲིལ་ནས་ཉམས་སུ་ལེན་དགོས། དེ་ཡང་གནད་བསྡུ་ན། སོ་ཐར་གྱི་བསླབ་བྱ་དངོས་དང་བརྒྱུད་པའི་སྒོ་ནས་གཞན་གནོད་ཆ་དང་བཅས་པ་སྤངས། བྱང་སྡོམ་གྱི་

བསླབ་བྱ་བདག་བས་གཞན་གཅེས་ཀྱི་ལྷག་བསམ་ལྡན་པས་ཕན་པ་བསྒྲུབ། སྔགས་སྡོམ་གྱི་བསླབ་བྱ་སེམས་ཅན་ཐམས་ཅད་ཀྱི་གཉུག་མའི་སེམས་ཉིད་སྒྲིབ་བྲལ་རྡོ་རྗེ་ གསུམ་གྱི་ལྷར་ཡེ་ནས་རྫོགས་པའི་དག་སྣང་དང་མོས་གུས་བྱ་ཞིང་། ཁྱད་པར་བླ་མ་དམ་པ་སངས་རྒྱས་ཐམས་ཅད་འདུས་པའི་བདག་ཉིད་དུ་ཤེས་པའི་མོས་གུས་དང་ ཞབས་ཏོག་ལ་ཚད་བཟུང་མེད་པའི་སྒོ་ནས་བརྟེན་པར་བྱ་སྟེ། སྤྱོད་པ་དུས་ཚོད་དང་འབྲེལ་བ་ལ་བསླབ་པ་ཞེས་བྱའོ། །དེ་དག་གིས་ཀ་དག་ཁྲེགས་ཆོད་ཀྱི་ཁྲིད་རིམ་ ལེགས་པར་བཤད་ཟིན་ཏོ། །བཞི་པ་ངོ་བོ་ཉིད་སྐུ་ལམ་དུ་བྱེད་པ་ཡེ་ཤེས་རྡོ་རྗེ་ཡང་གསང་བླ་མེད་རྡོ་རྗེ་སྙིང་པོ་ལྟར་ལྷུན་གྲུབ་འོད་གསལ་ཐོད་རྒལ་གྱི་ཁྲིད་འཆད་པ་

ལ་གསུམ། སྔོན་འགྲོ། དངོས་གཞི། མཇུག་དོན་ནོ། །དང་པོ་སྔོན་འགྲོ་ལ་གཉིས། དམིགས་པས་རྒྱུད་སྦྱོང་བ། བྱ་བ་དགུ་ཕྲུགས་སུ་བཏང་བའོ། །དང་
[ 533 ]
༄༅། །པོ་ནི། བླ་མའི་རྣལ་འབྱོར་སྔོན་ཏུ་འགྲོ་བས། ལུས་གནད་ཆོས་བདུན་ལྡན་པས། རང་ལུས་འོད་ཀྱི་ཕུང་པོར་འབར་བའི་ཐུགས་ཀར་ཡི་གེ་ཨ་

དཀར་པོ་དྲི་མ་མེད་པ་ཞིག་གསལ་བཏབ། ཨ་དེའི་འོད་མདངས་ལས་ཕྱི་ནང་དབྱེར་མེད་ཟང་ཐལ་འོད་ཀློང་འབར་བའི་ངང་ནས་སྣང་སྲིད་ཐམས་ཅད་ཨ་རུ་གྱུར། ཨ་ཨ་ཨ། ཞེས་བརྒྱ་སྟོང་ཁྲི་འབུམ་བཟླ་བ་ནི་མུན་ཁང་ལ་འཇུག་པའི་སྔོན་འགྲོ་ཡིན་ཀྱང་། སྐབས་འདིར་ཨའི་བཟླས་པ་འབུམ་ཙམ་བཏང་ནས་མུན་ཁང་དངོས་ གཞིའི་སྐབས་ཁྱུག་ཙམ་རེ་བཏང་ན་བདེ་བ་ཡིན་ནོ། །གཉིས་པ་ནི། ཀློང་གསལ་ལས། མངོན་སུམ་གནད་ལ་དབབ་བྱའི་ཕྱིར། །ཕྱི་ནང་གསང་བའི་བྱ་བ་ནི། ། ལུས་ངག་ཡིད་ཀྱིས་དགུ་ཕྲུག་བཏང་། །ཞེས་གསུངས་པས། དང་པོ་ལུས་ཀྱི་གསུམ་ནི། ཕྱི་འཇིག་རྟེན་གྱི་བྱ་བཞག་རྣམ་གཡེང་དང་། ནང་ཕྱག་དང་བསྐོར་བ་སོགས།

གསང་བ་རྣམ་གཡེང་སྒུལ་སྤྱོད་ཐམས་ཅད་སྤངས་ཏེ་གཅིག་པུར་གནས་པའོ། །ངག་གི་གསུམ་ནི། ཕྱི་འཇིག་རྟེན་གྱི་འཁྲུལ་གཏམ་སྣ་ཚོགས། ནང་ཁ་ཏོན་དང་བཟླས་
[ 534 ]
བརྗོད་ལ་སོགས་པ། གསང་བར་སྨྲ་བརྗོད་ཐམས་ཅད་སྤངས་ཏེ་མི་སྨྲ་བའོ། །ཡིད་ཀྱི་གསུམ་ནི། ཕྱི་འཇིག་རྟེན་གྱི་འཁྲུལ་རྟོག་སྣ་ཚོགས། ནང་བསྐྱེད་རྫོགས་ཀྱི་

སེམས་འཛིན་ལ་སོགས་པ། གསང་བ་རྣམ་རྟོག་གི་འཕྲོ་འདུ་ཐམས་ཅད་སྤངས་ནས་རྟོག་མེད་ཁོ་ནར་གནས་པའོ། །དེས་ནི་སྒོ་གསུམ་རང་བཞིན་ཏུ་གནས་པར་བྱེད། གནས་པ་བརྟན་པ་དང་གྲོལ་བར་འགྱུར་རོ། །གཉིས་པ་དངོས་གཞི་ཟག་མེད་ཀྱི་ཡེ་ཤེས་རྒྱུད་ལ་བསྟེན་པ་ལ་ལྔ། སེམས། སྒོ། ཡུལ། རླུང་། རིག་པའི་གནད་ དོ༑ །དང་པོ་ཉམས་ལེན་སེམས་ཀྱི་གནད་ནི། ཐོད་རྒལ་གཞི་ཁྲེགས་ཆོད་ཡིན་པས་སྔར་བཤད་པའི་ཀ་དག་གི་ཉམས་ལེན་སེམས་དང་རིག་པ་དབྱེ་བའི་གནད་ཀྱིས་ཞི་ ལྷག་ཟུང་འཇུག་གི་ངོ་བོ་རྩེ་གཅིག་ཏུ་མཉམ་པར་བཞག་པའོ། །གཉིས་པ་འཆར་བྱེད་སྒོའི་གནད་ནི། ཐལ་འགྱུར་ལས། སྒོ་ནི་སྐུ་གསུམ་མིག་གིས་བལྟ། །ཞེས་

གཟིགས་སྟངས་གསུམ་པོ་ཡིན་ཀྱང་དེའི་གཞི་བཞུགས་སྟངས་གསུམ་དང་འབྲེལ་དགོས་སྟེ། དེའང་དང་པོ་ཆོས་སྐུའི་བཞུགས་སྟངས་སེང་གེ་ལྟ་བུ་ནི། སྟན་ཐོག་ཏུ་རྐང་
[ 535 ]
༄༅། །མཐིལ་གཉིས་ཅུང་ཟད་སྤྲད། པུས་མོ་ཕྱིར་བསྐྱེད། ལག་པ་ཁུ་ཚུར་རྐང་པའི་བར་བཙུགས་ཏེ་ལག་ངར་བསྲང་། ར་སྟོད་གསེང་བྱ།

མཇིངས་པ་ཡིད་ཙམ་དགྱེ་པོར་བཏང་། མིག་གྱེན་ཏུ་ཕྱོགས་ལ་གཙུག་ཏོར་གྱི་ནམ་མཁར་བལྟ། དེས་སྐབས་སུ་ནང་གི་འབྱུང་བ་ཆ་སྙོམས་ཞིང་། མཐར་ ཐུག་གནས་ལུགས་ཀྱི་དོན་རྟོགས་པའོ། །གཉིས་པ་ལོངས་སྐུའི་བཞུགས་སྟངས་གླང་ཆེན་ཉལ་བ་ལྟ་བུ་ནི། སྟན་ཐོག་ཏུ་ལུས་ཁ་སྦུབས་སུ་པུས་བྲང་སྦྱར། གྲུ་མོ་ས་ལ་བཙུག །ལག་མཐིལ་གཉིས་ཀྱིས་ཨོལ་ཀོ་བརྟེན། སོར་མོ་འགྲམ་པ་ལ་སྦྱར། སྒལ་ཚིག་བསྲང་། མགོ་བོ་གྱེན་ཏུ་དགྱེ་ཞིང་། མིག་གཡས་ གཡོན་ཏུ་ཟུར་ཁྲིད་ཀྱིས་མདའ་མཁན་སྙུག་མ་སྟོང་པ་ལྟར་བལྟ། དེས་གནས་སྐབས་སུ་གཡོ་བྱེད་ཀྱི་རླུང་འཆིང་། མཐར་ཐུག་ལྷུན་གྲུབ་འོད་ལྔའི་དོན་འཆར་བའོ། །

གསུམ་པ་སྤྲུལ་སྐུའི་བཞུགས་སྟངས་དྲང་སྲོང་ལྟ་བུ་ནི། སྟན་ཐོག་ཏུ་ཙོག་པུར་འདུག་པའི་རྐང་པའི་ལོང་བུ་གཉིས་གཤིབས། ལག་གཉིས་མཁལ་ཁུང་ངམ་པུས་མོ་
[ 536 ]
ལ་བསྐོར། སྒལ་ཚིག་བསྲང་། མིག་ཅུང་ཟད་ཐུར་ལ་ཕབ་སྟེ་དྲང་སྲོང་བསམ་གཏན་སྒོམ་པ་ལྟར་བལྟ། དེས་གནས་སྐབས་སུ་ལུས་ལ་དྲོད་སྐྱེ། མཐར་ཐུག་

འཁྲུལ་སྣང་ཞིང་ཁམས་སུ་འཆར་བའི་དགོས་པ་ཡོད་དོ། །དེའང་རིག་པའི་ཡེ་ཤེས་ལུས་ལ་ཡོད་ཀྱང་། ཐབས་ལུས་གནད་ཀྱིས་མ་གཟིར་ན་དབང་པོའི་མངོན་ སུམ་དུ་སྣང་མི་ནུས་ཏེ། དཔེར་ན། སྦྲུལ་ལ་ཡན་ལག་ཡོད་ཀྱང་མ་གཅུས་ན་མི་གསལ་བ་བཞིན་ནོ། །གསུམ་པ་འཆར་གཞི་ཡུལ་གྱི་གནད་ནི། དེ་ཡང་སྤྲིན་ དང་བསེར་བུའི་རྐྱེན་དང་བྲལ་བའི་ནམ་མཁའ་དྭངས་ཤིང་གསལ་བ་ཉིད་ལ། སྔ་དྲོ་ནུབ་དང་ཕྱི་དྲོ་ཤར་དུ་བལྟ་བའམ། འོད་གསལ་འཆར་སླ་བའི་ཆེད་དུ་ཟེར་ གཉིས་དང་སྦྱར་ནས་སྔ་དྲོ་ཤར་དང་ཕྱི་དྲོ་ནུབ་ཏུ་བལྟ་ཞིང་། དེའང་ཉི་མ་ལས་འོག་ཏུ་ཁྲུ་གང་ཙམ་གྱི་ནམ་མཁའ་སྟོང་སང་ངེ་བ་ལ་བལྟས་པས་མངོན་སུམ་གྱི་སྣང་

བ་མཐོང་སྟེ། ཀློང་གསལ་ལས། རྐྱེན་བྲལ་གསུམ་ལ་གསལ་བར་འགྱུར། །ཞེས་གསུངས་པས། དེ་ཡང་། ཡུལ་རྐྱེན་བྲལ་ནམ་མཁའ་སྟོང་པ།
[ 537 ]
༄༅། །དབང་པོ་རྐྱེན་བྲལ་ཆུའི་སྒྲོན་མ། གནས་རྐྱེན་བྲལ་དྭངས་ཤིང་མཐོ་བའི་དབེན་པའོ། །བཞི་པ་གཡོ་བ་རླུང་གི་གནད་ནི། འདས་རྗེས་ལས། རླུང་

གནད་ཤིན་ཏུ་དལ་ལ་བསླབ། །ཅེས་གསུངས་པས། དེ་ཡང་རླུང་དལ་ཞིང་སྙོམས་པ་ཉིད་ལ་མ་བརྟེན་ན། རླུང་གིས་རིག་པ་སྤུར་ནས་མི་ཟིན་པས། རླུང་སྣ་ནས་མི་ གཏོང་བར་མཆུ་སོ་མ་རེག་ཙམ་དུ་ཁ་ནས་དལ་བུས་ཕྱི་ནང་དུ་རྒྱུ་བ་སྙོམས་པ་ལས་ཅུང་ཟད་ཕྱི་རུ་ནུར་གཞུག་པས། རླུང་གི་འགྲོ་འོང་ཟད་ནས་རྟོག་པའི་འཕྲོ་འདུ་ཆད་དེ་ དབྱིངས་རིག་གཡོ་འགུལ་མེད་པར་སྡོད་པའོ། །ལྔ་པ་རང་བྱུང་རིག་པའི་གནད་ནི། ཕྱིའི་དབྱིངས་ནམ་མཁའ་སྟོང་པ་མེ་ལོང་དང་འདྲ་བས་སྣང་བའི་གོ་ཕྱེ་ནས། ནང་གི་ དབྱིངས་རྣམ་དག་སྒྲོན་མ་བདག་པོའི་བྱད་དང་འདྲ་བ་དེ་ཉིད་ཐོག་མར་སྨིན་མཚམས་ནས་མཐིང་ཁ་ཁྱབ་པ་ཆེན་པོའི་འོད་ལས་རིམ་གྱིས་མཆེད་ནས་ནམ་མཁའི་འཇའ་ཚོན་

ནམ་རྨ་བྱའི་མདོངས་ལྟ་བུའི་འོད་ལྔའི་མུ་ཁྱུད་ཐིག་ཕྲན་དང་བཅས་པའི་ནང་དུ་ཐིག་ལེ་སྟོང་པའི་སྒྲོན་མ་རྫིང་བུར་རྡོ་བོར་བའི་རི་མོ་ལྟར་འ་ལ་འོལ་ལས་མཐར་ཐིག་
[ 538 ]
ལེ་དམར་ཟླུམ་གསལ་མདངས་ཅན་ནམ་ཁྲོ་བོའི་སྤྱན་ལྟ་བུའི་ནང་དུ་རིག་པ་རྡོ་རྗེ་ལུ་གུ་རྒྱུད་བདག་པོའི་སེམས་དང་འདྲ་བ་དེ་ལྷག་གིས་འཆར་ཞིང་། དེ་ཡང་རྟ་རྔ་ལ་

མདུད་པ་བཏབ་པ་ལྟ་བུའམ། གསེར་སྐུད་དང་། མུ་ཏིག་གི་ཕྲེང་བ་དང་། མེ་ཏོག་གི་ཆུན་པོ་ལྟ་བུ་སྟེ། ཐོག་མར་སྨིག་རྒྱུ་ལྟར་འལ་འོལ་མི་གསལ་བ་འགུལ་ འཕྲིག་ཅན་ཏུ་འཆར་བས། དེ་ཉིད་ལྟ་སྟངས་ཀྱིས་ཁྲིད་ནས་དབྱིངས་ཀྱི་ར་བར་བཅུག་ལ་རྟོག་དཔྱོད་ཀྱི་ཞེན་པས་མ་བཅིངས་པར་བལྟ་མཁན་གྱི་རིག་པ་དེས་རིག་ པ་རང་གི་ངོ་བོ་བལྟ་ཤེས་ཙམ་ལས་མི་གཡོ་བར་བྱ་ཞིང་། འོད་གསལ་གྱི་སྣང་བ་མི་གསལ་བའམ། གཡས་གཡོན་སྟེང་འོག་སོགས་སུ་ཡལ་ཡོལ་བྱེད་ན་དེའི་རྗེས་ སུ་མིག་དང་སེམས་མི་འབྲང་བར་ལྟ་སྟངས་ཀྱིས་མིག་ཟུར་ནས་དལ་བུར་ཁྲིད་པས་སྔར་བཞིན་ཤར་བ་ལ་སེམས་གཡོ་མེད་ཀྱི་ངང་ཆེ་རེ་གཏད། བློས་བྱས་ཀྱིས་བཅོས་

བསྒྱུར་མི་བྱ་བར་དབྱིངས་རིག་གི་རང་ངོ་ལ་བལྟས་པས་ཕྱི་སྣང་མ་འགགས་ཤིང་། ནང་འཛིན་པས་མ་བསླད་པ། བརྗོད་མེད་སྤྲོས་པ་དང་བྲལ་བའི་རང་སོ་བཟུང་
[ 539 ]
༄༅། །བས་ཡུལ་དང་ཡུལ་ཅན་དབྱེར་མེད་དུ་འདྲེས་ཏེ་འོད་གསལ་གྱི་སྣང་བ་སྨིན་མཚམས་ནས་བྲལ་ཏེ་གསལ་འགྲིབ་མེད་པར་འཆར་བ་སོགས་སྣང་

བཞིའི་སྣང་ཉམས་ཀྱི་འཆར་སྒོ་རྣམས་རིམ་པས་སྐྱེ་བར་འགྱུར་རོ། །དེས་ནི་གནས་སྐབས་སུ་རིག་པའི་ཡེ་ཤེས་མངོན་སུམ་དུ་གསལ་བས་མ་རིག་པ་དང་བྲལ། ཚེའི་ དུས་བྱས་ཀྱང་སྤྲུལ་པའི་སྐུར་གྲོལ། མཐར་ཐུག་སྣང་བཞི་མཐར་ཕྱིན་ནས་ལྷག་མེད་འགྲུབ་པའོ། །གསུམ་པ་རྗེས་སྣང་ཉམས་ཀྱི་འཆར་ཚུལ་བསྟན་པ་ལ་གསུམ་ སྟེ། སྣང་བཞིའི་འཆར་སྒོ་ངོས་བཟུང་བ། གནས་ལུགས་ཀྱི་དོན་ལ་ངོ་སྤྲོད་གདབ་པ། མཐའ་རྟེན་མན་ངག་བཞིའི་སྒོམ་ཚུལ་བཤད་པའོ། །དང་པོ་ལ་བཞི། དང་པོ་ཆོས་ཉིད་མངོན་སུམ་གྱི་སྣང་བ་ནི། ལུས་ངག་ཡིད་ཀྱི་འཁྲུལ་འཁོར་དང་། སྒོ་ཡུལ་རླུང་རིག་གི་གནད་བཞི་འཆུན་པས། རྒྱངས་ཞགས་ཆུའི་སྒྲོན་མ་ལས།

དབྱིངས་རྣམ་དག་གི་སྒྲོན་མ་འཇའ་གུར་རམ་རྨ་བྱའི་མདོངས་ལྟ་བུའི་ནང་དུ་ཐིག་ལེ་སྟོང་པའི་སྒྲོན་མ་འོད་ཟླུམ་ཐིག་ཕྲན་ཅན་ཤར་བའི་དབུས་སུ་རིག་པ་རྡོ་རྗེ་ལུ་གུ་རྒྱུད་
[ 540 ]
གསལ་ལ་མ་ཡེངས་པར་བཅིངས་ཏེ་བལྟས་པས་གསལ་སྟོང་རྣམ་པར་མི་རྟོག་པའི་ཡེ་ཤེས་ལྷན་ཅིག་སྐྱེས་པའི་ངང་ལས་མི་གཡོ་བར་གཞག་པའི་ཤེས་པ་གསལ་ལ་

དྭངས་པ་ཀ་དག་ལྷུན་གྲུབ་དབྱེར་མེད་ཀྱི་ངོ་བོ་ཤེས་རབ་རང་བྱུང་གི་སྒྲོན་མ་ཞེས་བྱ་སྟེ། གདོད་མའི་གཞི་ལ་ད་ལྟར་གྱི་སྣང་སེམས་གྲོལ་བར་བྱེད་པ་སྟེ། རིག་པ་ དབྱིངས་ཀྱི་ར་བར་ཚུད་པས་ཐིག་ལེ་གསུམ་འབྲེལ་གྱི་སྣང་བ་དབང་པོའི་མངོན་སུམ་དུ་མཐོང་བ་ཚུན་ཆད་ཆོས་ཉིད་མངོན་སུམ་གྱི་སྣང་བའོ། །དེ་ལྟར་སྣང་བའི་གནས་ སྐབས་སུ་ཆོས་ཉིད་ཡིད་དཔྱོད་དང་བྲལ། མཐར་ཐུག་གདོད་མའི་ཟད་སར་གྲོལ་བར་འགྱུར་རོ། །གཉིས་པ་ཉམས་གོང་འཕེལ་གྱི་སྣང་བ་ནི། སླར་ཡང་ཉམས་སུ་ བླངས་པས་དབྱིངས་རིག་རེས་གསལ་རེས་མི་གསལ་བ་ལས་རིམ་གྱིས་གོམས་པས་དབྱིངས་རིག་སྨིན་མཚམས་ནས་བྲལ་ཏེ་དབང་པོའི་མངོན་སུམ་དུ་གསལ་ཞིང་།

དབྱིངས་སྣང་འོད་ཀྱི་རང་བཞིན་དེ་ཡང་གྱེན་སྒྲེངས། རྩིབས་ཤར། དྲྭ་བ། དྲྭ་ཕྱེད། པདྨ། འཁོར་ལོ། རྡོ་རྗེ། རལ་གྲི། ཁ་ཊྭཱཾ། མཆོད་རྟེན། མིག་མང་
[ 541 ]
༄༅། །རིས། ཉི་ཟླ། ཉ་མིག །མཁར་ཐབས་ལྟ་བུ་སོགས་ཞིང་ཁམས་གང་བའི་བར་དུ་འཆར་ཞིང་། ཐིག་ལེ་ཡང་སྲན་མ་ཙམ། མེ་ལོང་དང་། ཁམ་

ཕོར་དང་། བསེ་ཕུབ་ཙམ་གྱི་བར་ཇེ་ཆེ་ཇེ་ཆེ་དང་། རིག་པ་ལུ་གུ་རྒྱུད་ཀྱང་སྔར་མདའ་འགྲོ་བ་ཙམ་དང་། འདབ་ཆགས་འཕུར་སྐྱེན་པ་དང་། རི་དྭགས་རྩིབས་ལ་རྒྱུག་པ་ དང་། ཤར་ཎ་དལ་གྱིས་རྒྱུག་པ་དང་། བུང་བ་བཅུད་ལ་འཁོར་བ་ལྟ་བུའི་ཇེ་འཕེལ་ཇེ་གསལ་ཇེ་བརྟན་ཏུ་གྱུར་པ་ལས། ཐིག་ལེའི་ནང་དུ་རྡོ་རྗེ་སེམས་དཔའ་ལ་སོགས་ པའི་ཕྱེད་སྐུའམ། སྐུ་རྐྱང་པ་རེ་ཙམ་ཤར་ནས་འགུལ་འཕྲིག་མེད་པར་འཆར་བ་ནི་ཉམས་གོང་འཕེལ་གྱི་སྣང་བ་སྟེ། གནས་སྐབས་ཉམས་སྣང་གི་ཡོན་ཏན་ཐམས་ཅད་ ཐོབ་ཅིང་། མཐར་ཐུག་བར་དོའི་སྣང་བ་རང་སར་གྲོལ་བའི་དགོས་པ་ཡོད་དོ། །རྫོགས་རིམ་གཞན་ལས་སྐྱེས་པ་ནི་ཤེས་ཉམས་ཡིན་པས་མི་བརྟན་ཞིང་སླུ་བ་ཡིན་ལ།

འདི་ནི་སྣང་ཉམས་བརྟན་ཅིང་མི་བསླུ་བའོ། །འདིར་འོད་སྣང་གྱེན་འགྲེང་གི་ཚེ་མིག་ཐུར་དང་། གྲུ་བཞི་ལ་གཡས། ཟླུམ་པོ་ལ་གཡོན། ཟླ་གམ་ལ་སྟེང་དང་།
[ 542 ]
གྲུ་གསུམ་ལ་ཐུར་དུ་གཅུན་པའང་གནད་ཡིན་ནོ། །གསུམ་པ་རིག་པ་ཚད་ཕེབ་ཀྱི་སྣང་བ་ནི། དབྱིངས་ཀྱི་སྣང་བས་ཐམས་ཅད་ལ་རྒྱས་ཐེབས་པས་ས་ཆུ་མེ་རླུང་གི་སྣང་

བ་རང་དག་སྟེ། འོད་གསལ་ཆེན་པོའི་སྣང་བ་འབྱམས་ཀླས་པའི་དབྱིངས། ཐིག་ལེ་རེ་རེའི་ནང་དུའང་རྣམ་སྣང་ལ་སོགས་པ་རིགས་ཀྱི་ཡབ་ལྔ་དང་དབྱིངས་ ཕྱུག་མ་སོགས་རིགས་ཀྱི་ཡུམ་ལྔ་སྟེ་རིགས་ལྔའི་ཚོམ་བུ་ལྔ་ཚན་གྱི་འཁོར་ལོ་ཚང་མེད་པ་ནམ་མཁའ་གང་བར་འཆར་ཞིང་། དེ་དག་ལས་འོད་ཟེར་གྱི་སྣང་བ་རང་ལུས་ དང་འབྲེལ་བར་སྣང་བའོ། དེ་ནས་མ་བསྒོམས་ཀྱང་ཚད་ལ་ཕེབས་པས་འགྱུར་བ་མེད་ཅིང་། ཕྱིའི་སྣང་བ་འོད་གསལ་དུ་གྲོལ་བས་གདོས་བཅས་ཀྱི་སྣང་བ་ནུབ། ནང་སྒྱུ་ལུས་འོད་གསལ་དུ་གྲོལ་བས་ཟག་བཅས་ཀྱི་འཛིན་པ་དག །གསང་བ་སེམས་ཉིད་འོད་གསལ་དུ་ཐིམ་པས་འཁྲུལ་པའི་སྣང་བ་ནུབ་ནས་ལས་དང་བག་ཆགས་ཀྱི་

འབྲེལ་ཆད་པར་འགྱུར་རོ། །བཞི་པ་ཆོས་ཉིད་ཟད་པའི་སྣང་བ་ནི། ཕྱི་སྣང་ཉམས་ཀྱི་འཕེལ་ཟད། ནང་སྒྱུ་ལུས་ཀྱི་ཆོས་ཟད། གསང་བ་རྟོག་ཚོགས་ཀྱི་སེམས་
[ 543 ]
༄༅། །ཟད་པས་འཁྲུལ་པའི་སྣང་བ་ཐམས་ཅད་རང་དག་པས་སྣང་དང་མི་སྣང་དུ་འཛིན་པའི་བློ་ཟད་ནས་འོད་ཀྱི་ནང་ན་སོར་མོ་ཙམ་སྣང་བ་ལས་འཁོར་འདས་ཀྱི་

འདུ་ཤེས་བྲལ། སྣང་བ་ཅིའི་ངོ་བོར་ཡང་མ་གྲུབ་པས་འབྱུང་བའི་དགྲས་མི་ཚུགས། འགྲོ་འདུག་གི་སྣང་བ་དག །མངོན་ཤེས་ལ་ཐོགས་པ་མེད། ཐུགས་རྗེའི་ ཆ་ལས་ཡེ་ཤེས་ཀྱི་སྣང་བ་མ་འགགས་པར་གསལ་ཞིང་། ཕུང་པོའི་ཟག་པ་ཕྱིར་མི་ལྡང་བར་སངས་རྒྱས་ནས་འཇའ་ལུས་འཕོ་བ་ཆེན་པོའི་སྐུ་ཆུ་ཟླ་ལྟ་བུས་འགྲོ་བའི་ དོན་བྱེད་པར་འགྱུར་རོ། །གཉིས་པ་གནས་ལུགས་ཀྱི་དོན་ལ་ངོ་སྤྲད་པ་ལ་གཉིས། བྱིན་རླབས་འཕོ་བའི་སྟོབས་ཀྱིས་ངོ་སྤྲད་པ། ཉམས་མྱོང་སྒོམ་པའི་ཐོག་ ཏུ་ངོ་སྤྲད་པའོ། །དང་པོ་ནི། ཚོགས་གཏོར་རྒྱ་ཆེན་བཤམས་ནས་མཆོད་ཅིང་གསོལ་བ་གདབ། སློབ་མ་རྣམ་ཀྱིས་མཎྜལ་དབུལ། ལུས་གནད་བཅས་ཏེ།

བླ་མ་ཉིད་བསྒོམ་གཞིར་བྱས་ནས། སྔར་བླ་མའི་རྣལ་འབྱོར་དུ་བཤད་པའི་དམིགས་རིམ་ཕོག་ལ། དེ་ཡང་སྐྱོན་ཀུན་ནས། ཡོན་ཏན་ཀུན་རྫོགས། དགོས་འདོད་
[ 544 ]
ཀུན་འབྱུང་། དཀོན་མཆོག་ཀུན་འདུས་ཀྱི་ངོ་བོར་ངེས་ཤེས་བསྐྱེད་ལ། ཅི་མཛད་ཁྱེད་ཤེས་ཀྱི་བློ་གཏད་ལིང་བསྐྱུར་ཏེ། རྩ་བརྒྱུད་ཀྱི་བླ་མ་དམ་པ་རྣམས་ཀྱིས་ཚད་མེད་པའི་ཐུགས་རྗེས་དགོངས་

ནས་བདག་གི་རྒྱུད་བྱིན་གྱིས་རློབས་ཤིག །ཟབ་ལམ་གྱི་རྟོགས་པ་ཁྱད་པར་ཅན་རྒྱུད་ལ་སྐྱེ་བར་བྱིན་གྱིས་བརླབ་ཏུ་གསོལ་སྙམ་དུ་བཟོད་མེད་མོས་གུས་ཀྱི་གདུང་ཤུགས་མཆི་མ་འཁྲུགས་ པ་ཙམ་དུ་སྐྱེད་ཅིག་བྱས་ལ། བླ་མས། ཆོས་སྐུ་སྣང་བ་མཐའ་ཡས་ལ་གསོལ་བ་འདེབས་སོ། །ཟབ་ལམ་གྱི་རྟོགས་པ་ཁྱད་པར་ཅན་རྒྱུད་ལ་སྐྱེ་བར་བྱིན་གྱིས་རློབས་ཤིག ། ཅེས་སོགས་བརྒྱུད་པའི་བཤར་འདེབས་ཀྱིས་བྱིན་ཕབ་པའི་རྗེས་ལ། བླ་མ་ཉིད་ཚད་མེད་པའི་ཐུགས་རྗེས་འོད་དུ་ཞུ། སློབ་མའི་སྤྱི་བོ་ནས་ཐིམ་པས་སློབ་མའི་སྒོ་གསུམ་དང་བླ་མའི་རྡོ་རྗེ་གསུམ་ དབྱེར་མེད་སྤྲོས་བྲལ་གྱི་ངང་ལ་ཤེས་པ་ཀློད་ནས་འཇོག་ཏུ་བཅུག་ལ། མོས་གུས་དང་བྱིན་རླབས་ཀྱི་རྟེན་འབྲེལ་ལས་ཤར་བའི་གནས་ལུགས་དེ་ཉིད་རྟག་ཏུ་རང་བབ་ཏུ་བསྐྱང་དུ་གཞུག་

གོ །གཉིས་པ་ཉམས་མྱོང་སྒོམ་པའི་ཐོག་ཏུ་ངོ་སྤྲོད་པ་ལ་གཉིས། བསྡུས་དོན་ངོ་སྤྲད་དངོས་གདབ་པ་དང་། བོགས་འདོན་ཉམས་ལེན་རྒྱས་པར་སྨོས་པའི། །དང་པོ་ནི། གནས་རྐྱེན་བྲལ་
[ 545 ]
༄༅། །ཡངས་ཤིང་མཐོ་བའི་སར་སྔ་དྲོ་ཉི་མའི་ཟེར་དང་ལྡན་པའི་དུས་སུ་འོད་གསལ་གྱི་སྣང་བ་རྣམས་མཚོན་པར་བྱས་ནས། སློབ་མའི་མིག་ལམ་དུ་

རྡོ་རྗེ་སེམས་པའི་མེ་ལོང་བསྟན་ལ། ཀྱེ་སྐལ་ལྡན་འདི་ལྟར་ཤེས་པར་གྱིས་ཤིག །དེ་ཡང་། སྔར་ཆོས་ཐམས་ཅད་ཀྱི་ཆོས་ཉིད་ཀ་ནས་དག་ཅིང་སྤྲོས་པ་དང་བྲལ་ བའི་ཡེ་ཤེས་ཁྲེགས་ཆོད་ཀྱི་ལམ་གྱིས་མཚོན་པར་བྱས་པ་དེ་ཡིན། འདིར་ནི་ལྷུན་གྲུབ་ཀྱི་ཡེ་ཤེས་མངོན་སུམ་གྱི་ལམ་གྱིས་མཚོན་པར་བྱེད་པ་ཡིན་ལ། དེ་ཡང་། ངོ་སྤྲོད་བྱ་བ་ནི། ཆོས་གཞན་ནས་བདེ་གཤེགས་སྙིང་པོ་དང་། དྲི་བཅས་དེ་བཞིན་ཉིད། རྒྱུའི་རྒྱུད་ལ་སོགས་པར་གསུངས་པ་དེ། འདིར་ནི་སངས་རྒྱས་ཐམས་ ཅད་དང་དབྱེར་མེད་པའི་ཡེ་ཤེས་འདུས་མ་བྱས་ཤིང་ལྷུན་གྱིས་གྲུབ་པ། གཞོན་ནུ་བུམ་སྐུའི་བདག་ཉིད་ཅན་དུ་གསལ་འགྲིབ་མེད་པར་བཞུགས་པ་དེ་ཉིད་སྒོ་གསུམ་གྱི་

གནད་ཀྱིས་གཞི་བཟུང་། གནད་རྣམ་པ་བཞིས་མཚོན་པར་བྱས་པ་སྟེ། དེ་ཡང་སྙིང་ནང་གི་དབྱིངས་རྣམ་པར་དག་པའི་སྒྲོན་མ་འོད་ལྔའི་དཀྱིལ་འཁོར་དུ་ལྷུན་གྲུབ་
[ 546 ]
ཏུ་ཡོད་པ་དེ་ཉིད། ཇི་སྐད་དུ། མིག་ནི་ནམ་མཁའི་ཁམས་སུ་བལྟ། །ཞེས་ཡི་གེ་མེད་པ་ལས་གསུངས་པ་ལྟར་རྒྱངས་ཞགས་ཆུའི་སྒྲོན་མའི་ལམ་ནས་གསལ་

བའི་སྣང་བ། ཕྱིའི་དབྱིངས་ནམ་མཁའ་སྟོང་པ་མེ་ལོང་ལྟ་བུ་ལ། ནང་གི་དབྱིངས་རྣམ་དག་སྒྲོན་མའི་གདངས་བྱད་བཞིན་ཏུ་ཤར་བ་ནི་ནམ་མཁའ་འཇའ་ཚོན་ལྟ་བུའི་ འོད་ཁྱིམ་དུ་སྣང་བ་འདིའོ། །དེའི་ནང་དུ་ཐིག་ལེ་སྟོང་པའི་སྒྲོན་མའི་རྟགས་འོད་ཀྱི་འཁོར་ལོ་གསལ་ཞིང་དྭངས་པ་འདིའོ། །དེའི་ནང་དུ་རིག་པའི་སྐུ་ཡོད་པའི་རྟགས་སུ་རྡོ་ རྗེ་ལུ་གུ་རྒྱུད་དུ་སྣང་བ་འདིའོ། །དེའང་དབྱིངས་རིག་འདུ་འབྲལ་མེད་པ་ནི་ཉི་མ་དང་འོད་ཟེར་གྱི་ཚུལ་དུ་གནས་པ་ཡིན་ནོ། །ཐུགས་རྗེ་རང་བྱུང་གི་ཡེ་ཤེས་རང་གསལ་ཆེན་ པོ་ཤེས་རབ་རང་བྱུང་གི་སྒྲོན་མའི་རྟགས་སུ་འོད་གསལ་གྱི་སྣང་བ་འདི་དག་ལེགས་པར་ལྟོས་ལ་མཉམ་པར་ཞོག་ཅིག །དེ་ནི་ཤེས་པ་རང་གསལ་སྣང་སྟོང་འཛིན་

མེད་དུ་སྣང་བ་འདི་ཁོ་ན་ཡིན་ནོ། །དེ་ཡང་། ངོ་བོའི་རྟགས་སུ་སྐྱེ་མེད་སྤྲོས་པ་དང་བྲལ་བ། རང་བཞིན་གྱི་རྟགས་སུ་འོད་སྣ་ཚོགས་སུ་གསལ་བ། ཐུགས་རྗེའི་
[ 547 ]
༄༅། །རྟགས་སུ་ཤེས་པ་གསལ་སྟོང་དུ་འཆར་བ་འདི་ནི། གདོད་མའི་མགོན་པོ་ཀུན་བཟང་འོད་མི་འགྱུར་བ་འདི་ཉིད་སྙིང་དབུས་ན་སྐུ་གསུམ་འདུ་

འབྲལ་མེད་པའི་དགོངས་པ་ལ་བཞུགས་པ་ཤེས་པར་གྱིས་ཤིག །དེ་ཡང་། ཀློང་གསལ་ལས། རིག་པ་ཡེ་ཤེས་ལུ་གུ་རྒྱུད། །མཐོང་བ་ཙམ་གྱིས་ཤེས་པ་དང་། ། ཤེས་པ་ཙམ་གྱིས་རྟོགས་པ་དང་། །རྟོགས་པ་ཙམ་གྱིས་གྲོལ་བར་འགྱུར། །ཞེས་དང་། ཐལ་འགྱུར་ལས། རང་གི་རང་བཞིན་གཤིས་ཀྱི་གནད། ། བརྗོད་པའི་ཚིག་གིས་མ་ཡིན་པར། །དབང་པོའི་ཡུལ་ལ་གསལ་སྣང་བས། །གཅེར་མཐོང་གྲོལ་བའི་བདག་ཉིད་དོ། །ཞེས་དང་། སྒྲོན་མ་སྣང་བྱེད་ལས། དེ་ལྟར་སྣ་ཚོགས་ཤར་བ་དེ། །བྱས་ཤིང་བསྒོམས་པས་བྱུང་བ་མིན། །ཡེ་ནས་གཞི་ལ་གནས་པའོ། །ཞེས་གསུངས་པས། ཡེ་ནས་མ་བྱས་ཤིང་རང་བྱུང་རང་

ཤར་སྐུ་གསུམ་འདུ་འབྲལ་མེད་པ་འོད་གསལ་གྱི་དཀྱིལ་འཁོར་ཞལ་མཐོང་བ་ཡིན་པས་བསྒོམ་པ་ལ་བརྩོན་པར་གྱིས་ཤིག །ཅེས་བརྗོད་དོ། །གཉིས་པ་ལ།
[ 548 ]
གཏེར་གཞུང་ནས་རྣམ་གྲངས་དྲུག་ཏུ་གསུངས་པའི་དང་པོ་དཀར་ཁྲིད་ནི་ཉིན་མོའི་རྣལ་འབྱོར་ཏེ་གོང་དུ་སྨོས་པ་དང་། གཞན་ཡང་རྡོ་རྗེ་སེམས་པའི་མེ་ལོང་ཞེས་བྱ་

བ་ཤེལ་རྡོ་ལ་ཉི་མའི་མདངས་ཕོག་པར་བྱས་ལ། ཤེལ་འོད་ནང་དུ་གསལ་བ་ནི་རིག་པ་སྙིང་ནང་དུ་བཞུགས་པའི་དཔེའོ། །རྐྱེན་ཉི་མའི་མདངས་ཀྱིས་འཇའ་ འོད་ཕྱི་རུ་གསལ་བ་ནི་སྒོ་དང་ལུས་ཀྱི་གནད་ལ་བརྟེན་ནས་རིག་གདངས་ཕྱི་རུ་འཆར་བའི་དཔེའོ། །སྣང་བའི་ངོ་བོ་སྟོང་པ། སྟོང་པའི་རང་མདངས་སྣང་བ། དེ་གཉིས་ཐ་དད་མ་ཡིན་པ་དབྱིངས་དང་རིག་པ། ཡེ་ཤེས་དང་སྐུའི་རང་བཞིན་ཟུང་འཇུག་ཏུ་ཤེས་པར་གྱིས་ཤིག །ཅེས་སོགས་ཀྱིས་ངོ་སྤྲད་དོ། །གཉིས་པ་ནག་ ཁྲིད་མུན་པའི་རྣལ་འབྱོར་ལ་གཉིས། མུན་ཁང་དང་། རྒྱ་མཚོ་ཨར་གཏད་དོ། །དང་པོ་མུན་ཁང་ལ་འཇུག་ཚུལ་གཉིས་ཏེ། ཐོག་མར་མུན་ཁང་ལ་ཞུགས་ནས་

སྣང་བ་མཆེད་པ་ན་བོགས་འདོན་ཉིན་མོའི་རྣལ་འབྱོར་ལ་བརྟེན་པ་དང་། ཐོག་མར་ཉིན་མོའི་རྣལ་འབྱོར་གྱིས་སྣང་བ་མཐོང་ནས་སླར་མུན་ཁང་དུ་ཞུགས་པ་གཉིས་ལས།
[ 549 ]
༄༅། །ད་ལྟ་ཕྱག་ལེན་ཕལ་ཆེར་ཕྱི་མ་ལྟར་མཛད་ཅིང་། དེའི་ལག་ལེན་ནི་འདིར་ཡི་གེས་འཇིགས་ནས་མ་སྤྲོས་པ་གཞན་ཏུ་ཤེས་པར་བྱའོ། །རྒྱ་

མཚོ་ཨར་གཏད་ནི། དྲང་སྲོང་ཙོག་པུའི་འདུག་སྟངས་ཀྱིས་ལག་པ་གཉིས་པུས་མོའི་སྟེང་དུ་བསླངས་ཏེ་མཐེབ་མཛུབ་ཀྱིས་མིག་གཉིས་ཀྱི་མཐའ་ནས་ཅུང་ཟད་ བཙིར་བའམ། མིག་གི་འབྲས་བུའི་སྟེང་ནས་ཡ་ལྤགས་བཅར་ཞིང་དལ་དབུས་མནན། ཡེ་ཤེས་ལྔའི་རང་མདངས་ཁ་དོག་ལྔ་ལྡན་གྱི་ཡི་གེ་སོགས་ཝལ་ཙམ་ དང་དཔག་བསམ་གྱི་ཤིང་ལྟ་བུ་དང་། སྲོག་ཆགས་ཀྱི་གཟུགས་འདྲ་བ་དང་མཆོད་རྟེན་ཉི་ཟླ་སོགས་མ་ངེས་པ་དང་། ངེས་པའི་རྣམ་པ་མང་པོ་འཆར། ལག་པ་ཕྱེ་ ནས་བལྟས་པས་དཔག་ཚད་ཙམ་དུ་འཇའ་འོད་སྣ་ལྔ་ཁྲ་ཆི་ལི་ལི་འོད་སི་ལི་ལི། རྡུལ་ཕྲ་རབ་གྲངས་དང་མཉམ་པའི་འོད་ཟེར་འཁྲུགས་པའོ། །སྣང་བ་དེ་དག་

མ་ཡལ་བར་དུ་ལྟ་ཞིང་བསྒོམ། ཡལ་སོང་ན་སླར་མནན་ཞིང་བསྒོམ། དེ་ལྟར་འབད་རྩོལ་བྱས་ནས་ཞག་བདུན་ཕྲག་ཙམ་ནས་མཐེབ་མཛུབ་ཀྱི་རྩོལ་བ་མི་
[ 550 ]
དགོས་པར་འཆར་བ་ནི་འབྱོངས་པའོ། །གསུམ་པ་སེར་ཁྲིད་ནི། མཚན་མོ་ཟླ་བའི་དཀྱིལ་འཁོར་དྭངས་པའི་དབུས་སུ་ཧར་གྱིས་བལྟས་པས། སླར་མིག་ཟིམ་

བུས་འོད་ཟེར་དེ་ཁྲིད་མཁས་སུ་བྱས་ལ་བསྒོམས་པས། མུན་པ་ཐམས་ཅད་འོད་དཀར་གྱི་རང་མདངས། ཕྱོགས་མཚམས་ཀུན་ཏུ་སྒྱུ་འཕྲུལ་གྱི་གཟུགས། ཐིག་ ལེ་ལུ་གུ་རྒྱུད་འགྲོ་འོང་དང་བཅས་པ་འཆར་རོ། །བཞི་པ་དམར་ཁྲིད་ནི་ཉི་མའི་དཀྱིལ་འཁོར་གྱིས་མཚོན་པ་སྟེ་གོང་དུ་བཤད་པ་ལྟར་རོ། །ལྔ་པ་ཁྲ་ཁྲིད་ནི། མིག་ལ་ དར་རས་ནག་པོ་སྲབ་མོས་བཀབ་སྟེ་ཉི་མའི་དཀྱིལ་འཁོར་ལ་བལྟས་པས། ཐོག་མར་ཐིག་ལེ་ཉ་མིག་ཙམ་པ་གྲངས་མེད་འཆར། རིམ་གྱིས་འོད་ཟེར་ཐིག་ལེ་ཐིག་ ཕྲན་ལ་སོགས་པ་རྒྱ་ཇེ་ཆེར་འཆར་བར་འགྱུར་རོ། །དྲུག་པ་མེ་ཁྲིད་ནི། དང་པོ་མར་མེ་གཅིག་ལ་ཟིམ་བུས་ལྟ་ཞིང་ཟེར་ཐིག་ལེགས་པར་ཁྲིད། དེ་ནས་གཉིས།

དེ་ནས་གསུམ་ཙམ་ལ་བལྟ། མིག་ཁྲ་ཆི་ལེར་སོང་ནས་མར་མེ་ལ་རྒྱབ་གཏད་དེ་མུན་པའི་ནང་དུ་མིག་ཧྲིག་གི་བྱས་པས། མར་མེ་ཇི་ལྟ་བ་བཞིན་དམར་ཅོ་རེ་འཆར།
[ 551 ]
༄༅། །ངག་ཡིད་གསུམ་ལ་འཆར་བ་གཉིས་འབྱུང་སྟེ། བརྩོན་འགྲུས་རབ་ལ་རྨི་ལམ་དབྱིངས་སུ་ཐིམ་ནས་རྒྱུན་ཆད། འབྲིང་རྨི་ལམ་འོད་གསལ་དུ་

འཆར། ཐ་མ་རྨི་ལམ་རྨི་ལམ་དུ་ཤེས་པའོ། །རྟགས་སྒོ་གསུམ་ལ་འཆར་བ་ནི། སྣང་བ་བཞི་རེ་རེ་ལའང་གསུམ་གསུམ་སྟེ་བཅུ་གཉིས་ནི་ཆོས་ཉིད་མངོན་སུམ་གྱི་རྟགས་ ལུས་རུ་སྦལ་འཁར་གཞོང་དུ་བཅུག་པ་ལྟར་བྱ་བྱེད་གཡོ་འགུལ་མེད་པར་གནས། ངག་ལྐུགས་པ་ལྟར་སྨྲ་མི་འདོད། སེམས་འདབས་ཆགས་རྙིས་ཟིན་པ་བཞིན་འཕྲོ་བ་ ལྟར་སྣང་ཡང་གར་གཏད་དུ་ཟིན་པའོ། །ཉམས་སྣང་གོང་འཕེལ་གྱི་རྟགས། ལུས་སྐྱེས་བུ་ནད་ཀྱིས་ཐེབས་པ་ལྟར་བྱི་དོར་དང་རྒྱན་ཆའི་སྒེག་འཆོས་བྲལ། ངག་སྨྱོ་བ་ ལྟར་ཅལ་ཅོལ་དུ་སྨྲ། སེམས་སྐྱེས་བུ་རྩི་དུག་གིས་ཟིན་པ་ལྟར་ཁམས་གསུམ་དུ་ཕྱིར་མི་ལྡོག་པར་ཐག་ཆོད་དོ། །རིག་པ་ཚད་ཕེབས་ཀྱི་རྟགས། ལུས་གླང་ཆེན་

འདམ་དུ་བྱིང་བ་ལྟར་སྐད་ཅིག་མ་ལ་འབྱུང་བ་ལྔ་ལ་ཐལ་བྱུང་དུ་འགྲོ། ངག་གྲུལ་བུམ་གྱི་ཕྲུ་གུ་ལྟར་ཅི་སྨྲས་གཞན་ལ་ཕན། སེམས་སྐྱེས་བུ་འབྲུམ་ནད་བྱང་བ་
[ 552 ]
བ་ལྟར་འཁོར་བར་མི་ལྡོག་པའི་གདིངས་ཐོབ་པའོ། །ཆོས་ཉིད་ཟད་པའི་རྟགས། ལུས་དུར་ཁྲོད་ཀྱི་རོ་ལྟར་གཤེད་མ་བརྒྱས་མཐའ་བསྐོར་ཡང་ཡང་བག་ཚ་མེད།

ངག་བྲག་ཆ་ལྟར་གཏམ་གྱི་ཟུང་ཟད་པས་གཞན་གྱི་རྗེས་ཟློས་བྱེད། སེམས་བར་སྣང་གི་ན་བུན་ལྟར་སྐད་ཅིག་མ་ལ་བག་ཆགས་ཀྱི་ཕུང་པོ་མི་སྣང་བར་འཚང་རྒྱའོ། ། གསུམ་པ་ཐོབ་པ་གསུམ་གྱི་གཟེར་གདབ་པ་ནི། དང་པོ་སྐྱེ་བ་ལ་རང་དབང་ཐོབ་པ་ནི། གདོས་བཅས་འོད་དུ་གྲོལ་བས་སེམས་ཅན་གྱི་དོན་བྱེད་ན་རང་གི་ལག་སོར་ལ་ རིག་པ་གཏད་པས་སྣང་བ་དེ་ཀུན་རང་ལོག་སྟེ། གཟུགས་སྣང་ཆུ་ཟླ་ལྟ་བུས་སེམས་ཅན་གྱི་དོན་བྱེད། མི་སོགས་སེམས་ཅན་ལ་རིག་པ་བཅུག་ན་མཚམས་མེད་ པ་ལྔ་བྱས་པ་ཡང་འདི་ཉིད་ལ་འབྱུང་བ་རང་སར་དག་ནས་འཚང་རྒྱའོ། །གཉིས་པ་འཇུག་པ་ལ་རང་དབང་ཐོབ་པ་ནི། དོན་མི་བྱེད་ན་རིག་པ་རང་ལུགས་སུ་

བཞག་པས་དེ་ཉིད་ལ་མི་སྣང་བར་འཚང་རྒྱའོ། །གསུམ་པ་རླུང་སེམས་ལ་རང་དབང་ཐོབ་པ་ནི། རླུང་སེམས་ལས་སུ་རུང་བས་རླུང་གི་ཡོན་ཏན་ཐམས་
[ 553 ]
༄༅། །ཅད་འབྱུང་། སེམས་ཅན་གཞན་ཚེ་འཕོ་བའི་ཚེ་དེ་ལ་རིག་པ་བཅུག་པས་མཚམས་མེད་པ་ལྔ་བྱས་པ་ཡང་བྱང་ནས་རང་དང་མཉམ་དུ་འཚང་

རྒྱ་སྟེ། ལས་ལ་བཟང་ངན་མེད་པའི་གནད་ཀྱིས་སོ། །དེའང་བེམས་པོ་ལའང་ཐོགས་མེད་ཟང་ཐལ་དུ་འགྲོ་ཞིང་མངོན་པར་ཤེས་པ་ཐོགས་མེད་དུ་འཆར་རོ། ། བཞི་པ་གདིངས་བཞིའི་གྲོལ་ཚད་བསྟན་པ་ལ། ཡར་གྱི་གདིངས་གཉིས་ན་དཀོན་མཆོག་གསུམ་གྱི་ཡོན་ཏན་ཐོས་ཀྱང་ཐོབ་ཏུ་རེ་བ་དང་། མ་ཐོབ་གྱིས་དོགས་ པ་མེད་དེ། རང་རིག་ལས་གཞན་པའི་སངས་རྒྱས་མེད་པར་རྟོགས་པའི་ཕྱིར་རོ། །མར་གྱི་གདིངས་གཉིས་ནི། འགྲོ་དྲུག་གི་སྡུག་བསྔལ་དེང་ཚེ་ཚད་ ཐོས་ཀྱང་འཁོར་བར་མི་ལྷུང་དུ་རེ་བ་དང་། ལྷུང་གིས་དོགས་པ་མེད་དེ། རང་རིག་ཡེ་ནས་འཁྲུལ་པ་མེད་པར་ཤེས་པས་འཁོར་བར་འཁྱམས་མཁན་མ་གྲུབ་པར་

ཐག་ཆོད་པའི་ཕྱིར་རོ། །དེ་དག་གི་དགོས་པ་ནི་གནས་སྐབས་སུ་ཐད་སོའི་དོན་རྣམས་འགྲུབ་ཅིང་། མཐར་ཐུག་གོང་མའི་རྟོགས་པ་མཐར་ཕྱིན་པར་འགྱུར་རོ། །དེ་
[ 554 ]
དག་གིས་ལྷུན་གྲུབ་ཐོད་རྒལ་གྱི་ཁྲིད་རིམ་བཤད་ཟིན་ཏོ། །ལྔ་པ་ཁྲིད་རིམ་ཀྱི་མཇུག་དོན་བཤད་པ་ལ་ལྔ། ཉམས་སུ་ལེན་པའི་ལག་ཁྲིད། གྲོགས་སྤྱོད་པའི་རྣམ་

གཞག །ལམ་གྱི་ཆད་མཐུད་འཕོ་བ། ཉམས་སུ་བླངས་པའི་གྲོལ་ཚུལ། ཁྲིད་ཀྱི་དབྱེ་བསྡུ་བཤད་པའོ། །དང་པོ་ནི། ལམ་ཟབ་མོ་འདི་ལ་འཇུག་པར་འདོད་ པ་དག་གིས། སྔོན་འགྲོའི་སྐབས་སུ་སོ་སོ་ལ་རྟགས་ཐོན་པ་དང་ཚོགས་བསགས་སྒྲིབ་སྦྱོང་གི་རིགས་ཟབ་མོ་གཞན་ཡང་ཅི་ནུས་སུ་འབད། བསྐྱེད་རིམ་ལ་གསལ་ སྣང་བརྟན་པོ་མ་ཐོབ་ཀྱི་བར་དུ་བསྒོམ་པ་གཙོ་བོར་བྱ་ཞིང་གསལ་སྣང་ཐོབ་ནས་གྲངས་བསྙེན་ཐེམས་པར་བྱ། རྫོགས་རིམ་ཐབས་ལམ་གྱི་སྐབས་སུ་ཐོག་མར་གཏུམ་ མོ་སྡུག་བསྔལ་གྱི་སྐབས་སྒྱིད་མ་ལུགས་པར་བརྩོན་འགྲུས་བརྩམ། བར་དུ་གཏུམ་མོ་འདོད་ཆགས་ཀྱི་སྐབས་སུ་ཞེན་ཆགས་ཀྱི་དབང་དུ་མ་ཤོར་བར་སྟོང་པའི་དབྱིངས་

སུ་བསྲེ། ཐ་མ་གཏུམ་མོ་བདེ་བའི་སྐབས་སུ་དེས་ཆོག་སྙོམས་བསྐྱུར་དུ་མ་སོང་བ་ཞུ་བདེ་འགྱུར་མེད་ལ་རང་དབང་ཐོབ་པར་བྱ། ཉམས་ལེན་གྱི་སྙིང་པོ་ཁྲེགས་ཆོད་ཐོད་
[ 555 ]
༄༅། །རྒལ་ཟུང་འཇུག་དབྱིངས་རིག་འབྲལ་མེད་ཀྱི་ངང་དུ་ཐག་ཆོད་ཀྱི་དགོངས་པ་འཕོ་འགྱུར་མེད་པ་རི་བོ་ཅོག་གཞག་གི་ལྟ་བ་དང་། སྣང་སྟོང་དབྱེར་

མེད་འཛིན་མེད་བློ་འདས་རྒྱ་མཚོ་ཅོག་གཞག་གི་དགོངས་པ་དང་། རིག་གདངས་ལུགས་རྒྱུད་བརྩོན་ཏུ་ཟིན་པས་བག་ཆགས་འཁྲུལ་ཞེན་གྱི་ཤུན་པ་ཡལ་བ་རིག་པ་ཅོག་གཞག་ གི་མན་ངག་དང་། བྱིང་རྨུགས་འཕྲོ་རྒོད་ཀྱི་དབང་དུ་མ་སོང་ཞིང་བདེ་གསལ་མི་རྟོག་གི་ཉམས་ཀྱིས་མ་བཅིངས་པར་ཡེ་ཤེས་མངོན་སུམ་གྱི་དོན་ལས་མ་ཡེངས་པར་སྣང་ བ་ཅོག་གཞག་གི་ཉམས་ལེན་རྣམ་པ་བཞི་ལ་དྲིལ། ནུབ་མོའི་རྨི་ལམ་ཉིད་འཁྲུལ་གཏི་མུག་ཁ་ཡན་ཏུ་མི་བཏང་བར་འོད་གསལ་ཤེས་པ་བུམ་འཇུག་ལ་བསླབ། ནང་ ནུབ་ལྟོ་གོས་རྣམ་གཡེང་གི་བྱ་བྱེད་ཀུན་ལ་ཨ་འཐས་རང་རྒྱུད་དུ་འཛིན་པའི་གཏོད་ཕུར་ཕུད་ལ། ཚོགས་དྲུག་གི་སྣང་བ་གང་ཤར་བདེན་ཞེན་དགག་སྒྲུབ་ཀྱིས་མ་བཅིངས་

པར་རང་གྲོལ་ཅོག་གཞག་གི་དགོངས་པར་ལ་བཟླའོ། གཞན་ཡང་ཁྲེགས་ཆོད་ཀྱི་གོལ་ཤོར། ཐོད་རྒལ་ལ་མིག་གི་གེགས་སེལ་སོགས་ཁྲིད་གཞུང་གཞན་ལས་རྒྱས་
[ 556 ]
པར་ཤེས་པར་བྱའོ། །གཉིས་པ་ནི། ཉི་ཟླ་ཁ་སྦྱོར་གྱི་རྒྱུད་སོགས་ལས་སྤྱོད་པའི་རྣམ་གྲངས་ཉེར་གཅིག་གིས་མཚོན་པའི་དབྱེ་བསྡུ་མང་དུ་གསུངས་པ་སྙིང་པོར་དྲིལ་

ན། ལས་དང་པོ་པས་ཆོས་ཀྱི་སྒོ་མོ་ཀུན་ནས་བཏུ་བ་བུང་བ་ལྟ་བུའི་སྤྱོད་པས་ཐོས་བསམ་སྒོམ་གྱི་མཐའ་རྒྱ་བཅད། ཐི་བྱ་ཚང་འཇུག་གི་སྤྱོད་པས་གདམས་ངག་གི་ སྒྲོ་འདོགས་ཆོད་ཅིང་ཐེ་ཚོམ་གེགས་སྐྱོན་གྱི་གོལ་ས་མི་འབྱུང་བར་བྱ། དེ་ནས་ཉམས་ལེན་གྱི་དུས་སུ། རི་དྭགས་སྨས་མ་ལྟ་བུའི་སྤྱོད་པས་འཇིག་རྟེན་རྣམ་ གཡེང་གི་འཁྲི་བ་མེད་པར་མི་མེད་ཀྱི་རི་ཁྲོད་འགྲིམ། དེའི་གྲོགས་སུ་ལྐུགས་པ་ལྟ་བུའི་སྤྱོད་པས་སྨྲ་བ་བཅད་པ་ལ་མི་ཚེ་དྲིལ་ཏེ་བཟང་ངན་གྱི་རྗེས་ཕྱིར་མི་འབྲེང་། སྨྱོན་པ་ལྟ་བུའི་སྤྱོད་པས་དགྲ་གཉེན་ཆགས་སྡང་བར་མ་གསུམ་གྱི་དགག་སྒྲུབ་ཞེན་འཁྲིས་བསྐྱུར། ཁྱི་ཕག་ལྟ་བུའི་སྤྱོད་པས་ཟས་གོས་གནས་མལ་སོགས་ལ་གཙང་

སྨེའི་རྣམ་རྟོག་མེད་པར་གང་བྱུང་གིས་ཆོག་ཤེས་ཤིང་ཅིར་སྣང་ལམ་དུ་ཁྱེར། མཐར་ཉམས་ལེན་ལ་གོམས་པ་ཐོབ་ཚེ་གཙན་གཟན་གྱི་རྒྱལ་པོ་སེང་གེ་ལྟ་བུའི་སྤྱོད་
[ 557 ]
༄༅། །པས་སྣང་རྐྱེན་ལ་ཉམས་ང་མེད་ཅིང་རེ་དོགས་ཀྱི་འཆིང་བ་མཐའ་དག་བཙན་ཆོད་དུ་བཏང་ལ། འབྲས་བུ་མངོན་ཏུ་མ་གྱུར་གྱི་བར་དུ་གཞན་རྐྱེན་གྱི་

དབང་དུ་སྐད་ཅིག་ཀྱང་མི་འཆོར་བའི་ཉམས་ལེན་ཚ་ཐུབ་གྲང་ཐུབ་ཤ་ཆོད་རུས་ཆོད་དུ་བྱའོ། །བཞི་པ་ཨ་ཏིའི་ཉམས་ལེན་བྱེད་པའི་སྐལ་བ་དང་མི་ལྡན་པའམ་བྱས་ ཀྱང་ཉམས་རྟོགས་ཀྱིས་མ་སླེབས་པ་རྣམས་ལ་ལམ་གྱི་མཚམས་སྦྱོར་བ་ནི། འཕོ་བའི་གདམས་ངག་ཉིད་མཆོག་ཏུ་ཟབ་པ་ཡིན་ཏེ། དེའང་རྒྱ་ནག་སྤྲུལ་སྐུའི་དྲིས་ལན ཏུ། འཕོ་བ་ཡང་དབང་པོ་རབ་ལ་འཕོ་བྱ་འཕོ་བྱེད་མེད་པ་རང་སེམས་མ་བཅོས་ལྷུག་པ་ནི་ཆོས་སྐུའི་འཕོ་བའོ། །ཞེས་གསུངས་པ་ལྟར་མངོན་དུ་གྱུར་ན་ཐབས་ཚུལ་གཞན་ ལ་མི་ལྟོས་ཤིང་། འབྲིང་ལ་ཡི་དམ་ལྷའི་བསྐྱེད་རིམ་དང་རླུང་སེམས་དམིགས་པ་ལ་བརྟེན་ནས་འཕོ་བའོ། །ཞེས་པ་ནི་གཞུང་རྩ་བར། འཕོ་བ་སྐར་ཁུང་མདའ་འཕང་

ནི༔ འོད་ཀྱི་གོང་བུ་སྒྲ་ཡིས་འཕོ༔ ཡང་ཡང་སྦྱངས་པས་རྟགས་མྱུར་ཐོན༔ ཅེས་གསུངས་པའི་དོན་ལག་ལེན་ཏུ་བསྟན་པ་ནི། བདེ་བའི་སྟན་ལ་ལུས་གནད་ལེགས་
[ 558 ]
པར་བཅས་ནས་པདྨ་འོད་འབར་གྱི་བསྐྱེད་རིམ་གསལ་དྭངས་རྟོགས་པ་མེད་པ་སྣང་ཞིང་སྟོང་། སྟོང་ཞིང་གསལ་བ་ཆུ་ཟླ་ལྟ་བུར་བསྒོམས་པའི་སྐུའི་དབུས་སུ་རྩ་དབུ་མ་

མདའ་སྨྱུག་ཙམ་ཁ་དོག་དཀར་ཞིང་གསལ་ལ་དྭངས་པ། མར་སྣེ་ལྟེ་འོག་སོར་བཞིར་སླེབས་པ། སྨྱུག་ཚིགས་བཞིན་རང་འགགས་སུ་སོང་བ། ཡར་སྣ་སྤྱི་བོ་ཚངས་ པའི་བུ་གར་འཐོན་པ། སྙིང་གར་རང་གི་རྣམ་པར་ཤེས་པ་རྡོ་རྗེ་དཀར་པོ་འོད་ལྷག་གེ་བ་གཅིག་དབུ་མའི་ནང་དབུས་སུ་གསལ་བཏབ། སྤྱི་བོར་པད་ཟླའི་གདན་ལ་ངོ་བོ་དྲིན་ ཅན་རྩ་བའི་བླ་མ་ཡིན་པ་ལ། རྣམ་པ་སངས་རྒྱས་སྣང་བ་མཐའ་ཡས་སྐུ་མདོག་དམར་པོ་ཆོས་གོས་རྣམ་པ་གསུམ་གསོལ་ཞིང་། ཞབས་རྡོ་རྗེའི་སྐྱིལ་ཀྲུང་མཉམ་གཞག་ གི་ཕྱག་རྒྱ་ཅན་དུ་བཞུགས་པའི་ཐུགས་ཀ་ནས་ཁ་དོག་ལྔ་ལྡན་གྱི་འོད་ཟེར་བྱུང་བས་དབུ་མའི་ཡར་སྣ་རྒྱ་མཐོང་ཁ་ཕྱེས་པ་ལྟར་གྱུར་པའི་ནང་ནས་བརྒྱུད་དེ་སྙིང་གའི་རྡོ་རྗེ་ལ་

ཟུག་པར་བསྒོམས་ལ་འཕོ་བའི་གསོལ་འདེབས་བྱ་སྟེ། ཨོཾ་ཨཱཿཧཱུྃ་ཧྲཱིཿ ཆོས་སྐུ་སྣང་བ་མཐའ་ཡས་ལ་གསོལ་བ་འདེབས། །ཟབ་ལམ་འཕོ་བས་མཁའ་ལ་སྤྱོད་པ་
[ 559 ]
༄༅། །དང་། །རྣམ་ཤེས་དབུ་མའི་སྦུབས་ནས་ཐོན་གྱུར་ཏེ། །བདེ་བ་ཅན་ཏུ་སྐྱེ་བར་བྱིན་གྱིས་རློབས། །ལོངས་སྐུ་ཐུགས་རྗེ་ཆེན་པོ་ལ་༝ ཟབ་ལམ་

སོགས་འགྲེ་༝ སྤྲུལ་སྐ་པདྨ་འབྱུང་གནས་ལ་༝ མཁའ་འགྲོ་ཡེ་ཤེས་མཚོ་རྒྱལ་ལ་༝ མྱང་བན་ཏིང་འཛིན་བཟང་པོ་ལ་༝ རིག་འཛིན་འཇའ་ཚོན་སྙིང་པོ་ལ་༝ བཀའ་བབ་ཆོས་ བདག་སྐྱེས་བུ་ལ་༝ དྲིན་ཆེན་རྩ་བརྒྱུད་བླ་མ་ལ་གསོལ་བ་འདེབས། །ཟབ་ལམ་འཕོ་བས་མཁའ་ལ་སྤྱོད་པ་དང་། །རྣམ་ཤེས་དབུ་མའི་སྦུབས་ནས་ཐོན་གྱུར་ཏེ། །བདེ་བ་ ཅན་ཏུ་སྐྱེ་བར་བྱིན་གྱིས་རློབས། །ཞེས་བརྗོད་ལ། དེ་ནས་རླུང་གནད་སྔར་གཏུམ་མོའི་སྐབས་བཞིན་དལ་བུས་རྔུབ། ལྟེ་འོག་ཏུ་མེར་གྱིས་བཀང་། སླར་ཡང་ཁོང་པའི་ ནང་ནས་སྟེང་རླུང་གནོན་ཆུང་བྱས་ཏེ་གཞིལ། འོག་རླུང་ཅུང་ཟད་འཐེན་ནས་ཁ་སྦྱོར་དུ་བཟུང་། སེམས་སྙིང་གའི་རྡོ་རྗེ་ལ་རྩེ་གཅིག་ཏུ་གཏད། རླུང་མི་ཐུབ་པ་སྙམ་ན་རྔུབ་

ཆུང་བརྩེགས་ཏེ་གཞིལ། བཏང་བའི་སྐབས་ཧིཀ་ཅེས་བླ་མའི་ཐུགས་ཀར་སེམས་གཏད། ཕཊ་ཅེས་པས་སྙིང་གི་རྡོ་རྗེ་དེ་རྩལ་ཆེན་གྱིས་མདའ་འཕངས་པའི་ཤུགས་ལྟར་དབུ་མའི་ནང་
[ 560 ]
ནས་འཇའ་འོད་ཀྱི་ལམ་བརྒྱུད་དེ་བླ་མ་སྣང་བ་མཐའ་ཡས་ཀྱི་སྐུ་འཇའ་ཚོན་ལྟ་བུ་ལ་ཐལ་བྱུང་སྒྲིབ་ཐོགས་མེད་པར་སོང་ནས་ཐུགས་ཀར་སླེབས་པར་མོས་སེམས་རྩེ་གཅིག་ཏུ་གཏད་

ནས་རླུང་ཕྱི་འཛིན་ཅུང་ཟད་བྱ། ཡང་རླུང་རྔུབ་པའི་སྐབས་རྡོ་རྗེ་དེ་སྔར་གྱི་གནས་ནས་རིམ་པར་ཕབ་སྟེ་སྙིང་གར་གནས་པ་ལ་སེམས་གཏད། ཀ་ཞེས་རླུང་སྔར་བཞིན་འཛིན། དབྱུང་བ་ན་རླུང་གནས་སྒྲ་གདངས་དམིགས་པ་བཅས་སྔར་བཞིན་བྱས། རྡོ་རྗེ་དེ་བླ་མ་སྣང་མཐའི་ཐུགས་ཀར་སླེབ་ཅིང་རླུང་ཕྱིར་འཛིན་སྐབས་དེར་མཐར་ཐུག་གི་དོན་ཏུ་འཕོ་བྱ་ འཕོ་བྱེད་འཕོ་བའི་ཡུལ་མ་གྲུབ་པའི་མཚོན་བྱེད་རྟོག་མེད་ཀྱི་ངང་ཅུང་ཟད་རེ་འཇོག །དེ་ལྟ་བུ་ནན་ཏན་ཏུ་བསྒོམ་ཞིང་། མཐར་ཐུན་འཇོག་པའི་ཚེ་རྡོ་རྗེ་སྙིང་ཁར་ཕབ། ལྷུང་ བཟེད་ལས་བདུད་རྩི་བབས་པས་རང་ལུས་གང་བར་མོས་ལ་སིདྡྷི་ཚེ་ཤམ་ཅན་བཟླ། མཐར་བླ་མ་རང་ལ་བསྟིམ། ཚང་བུག་སྣ་ཚོགས་རྡོ་རྗེས་བཀག་པར་མོས་ལ་དགེ་བ་བསྔོའོ། །

རླུང་དང་སྦྲག་པའི་འཕོ་བ་འདི་གཞན་ལས་རྟགས་མྱུར་བའི་ཕྱིར། སྤྱི་བོ་སྐྲངས་པ་དང་། འཕྲིགས་པ་དང་། ཆུ་སེར་ཐོན་པ་སོགས་འོང་བས་དེ་བར་དུ་ནན་གྱིས་བསྒོམ།
[ 561 ]
༄༅། །རླུང་དང་སྦྲག་ཚེ་ཧིཀ་དང་ཕཊ་ཅེས་གང་རུང་ཡིད་ཀྱིས་བསམ་པ་ལས་བརྗོད་མི་བདེ་ཡང་རླུང་དང་མི་སྦྲག་ན་ཡར་སྤར་དུས་ཧིཀ་གམ་ཕཊ་དང་མར་བབ་དུས་

ཀའམ་ཊ་ཞེས་བརྗོད། དེ་གཉིས་ཁྱད་པར་མེད་ཀྱང་སྦྱོང་བའི་སྐབས་ཕཊ་བརྗོད་པ་ཚེ་ལ་མི་གཟན་པས་ལེགས། ལས་ལ་སྦྱོར་སྐབས་ཁྱད་པར་མེད་གསུངས། ཡང་ལ་ ལ་ཞིག་ཚངས་བུག་མེད་པའི་དོན་གྱིས་སྦྱང་སྐབས་སུ་མགོ་བོ་ན་བ་དང་། ཀླད་ཡུ་འཁོར་བ་འོང་རིགས་ཀྱང་ཡོད་པས་གེགས་སེལ་དུ་སྤྱི་བོའི་བླ་མ་མཐོ་བར་བཏེགས་ནས་ ཚངས་བུག་ཆེར་ཡངས་པ་ནས་རྣམ་ཤེས་ཐོན་པར་བསྒོམས་པས་སེལ་ཞིང་འབྱོངས་ཆེས་པས་ཚེ་ལ་གཟན་གྲབ་བྱུང་ན་དམིགས་པ་འོག་ཏུ་གཏད་པ་དང་ཚེ་བསྙེན་སོགས་བྱའོ། ། དེ་ནས་ལས་ལ་སྦྱོར་བའི་དུས་ནི་འཆི་ལྟས་ལྡོག་ཏུ་མེད་པ་ཤར་བའི་སྐབས་སུ་ཡིན་གྱི་དུས་མིན་ཏུ་ཉེས་པར་འགྱུར་བས་མི་བྱ། རྟགས་ཐོན་ཀྱང་མ་བརྗེད་ཙམ་རེ་མ་བྱས་ན་

དགོས་པའི་སྐབས་སུ་འཕོ་མི་བཏུབ་པས་ཉམས་ལེན་ནར་མར་བྱ། ཧ་ཅང་ཐལ་དྲགས་ན་ཚེ་ལ་གཟན་པས་ཚོད་འཛིན། ལས་སྦྱོར་དུས་རླུང་བུམ་པ་ཅན་ལ་རང་དབང་ཐོབ་
[ 562 ]
ན་དཀའ་ཚེགས་མེད་ཀྱང་གལ་ཏེ་རྩོལ་བ་ཞེན་པས་ལན་གཅིག་གིས་འཕོ་མ་ནུས་ན་ལན་ཁ་ཤས་བསྐྱར་བས་འཕོའོ། །འཕོས་ནས་མར་མི་དབབ་པར་བླ་མ་སྣང་བ་མཐའ་ཡས་དེ་ཉིད་

ཐོག་མར་དཔག་ཚད་ཙམ་དང་། དེ་ནས་སྟེང་ཕྱོགས་ཀྱི་ལྷ་གནས་ཐམས་ཅད་ལས་བརྒལ་ཏེ་འོག་མིན་གྱི་ཞིང་ཁམས་སམ། བདེ་བ་ཅན་ཏུ་གཤེགས་པར་མོས། གཞན་ལ་ འདེབས་དུས་རང་ཉིད་ལྷར་གསལ་ཞིང་། ཁྱད་པར་སྦྱངས་པའི་སྐབས་ཅི་ལྟ་བར་ཚེ་འདས་ཀྱི་ཕུང་པོར་སྟོང་ར་དབུ་མ་རྣམ་ཤེས་ཀྱི་རྟེན་དང་སྤྱི་བོའི་བླ་མ་བསྒོམས་ནས་གསོལ་ འདེབས་བྱས་ལ། ཀ་ཧིཀ་ཕཊ་ཅེས་བརྗོད་པས་ཀ་ཞེས་ཚེ་འདས་ཀྱི་སྙིང་གའི་རྣམ་ཤེས་ལ་སེམས་གཏད། ཧིཀ་ཅེས་དབུ་མའི་ལམ་ནས་སྣང་མཐའི་ཐུགས་ཀར་བསྟིམ། ཕཊ་ཅེས་པས་བདེ་བ་ཅན་ཏུ་སྤར་རོ། །དེ་ལྟར་སྐྲ་ནས་འཐེན་ཅིང་རྟགས་མ་ཐོན་བར་གསོལ་འདེབས་དང་རྡོ་རྗེ་ཕྱིར་མི་དབབ་པར་དམིགས་པ་བསྐྱར། མཐར་བསྔོ་སྨོན་བྱ།

ཤི་ནས་ཞགས་གྲངས་སོང་བ་ལ་ནི་ཕུང་པོར་རྣམ་ཤེས་བཀུག་ནས་འདེབས་པར་བཤད་ཀྱང་ལུས་ལས་རྣམ་ཤེས་ཐོན་ཚར་ནས་འཕོ་བ་བཏབ་པ་དོན་མེད་པས་ངན་སོང་སྦྱོང་
[ 563 ]
༄༅། །ཐབས་གཞན་ལ་འབད་པར་བྱའོ། །རང་ཉིད་ཀྱང་འཆི་ཁར་དངོས་སུ་འཕོ་མ་ནུས་ཀྱང་དམིགས་པ་རྣམས་བསྒོམས་ན་ཕན་ཡོན་ཤིན་ཏུ་ཆེའོ། །

དབང་པོ་ཡང་མཐའ་རྫས་ཀྱི་འཕོ་བའང་སྒོ་ཁྱད་པར་ཅན་ཏུ་རླུང་སེམས་དོན་ནུས་པའོ། །ཞེས་གསུངས་པས། རྒྱ་མགྲོན་སྦྲུམ་མ་བསྲེགས་ཐལ་དང་། སྤྲང་རྒོད། རྡོ་ཁབ་ལེན། རྒྱ་ཚྭ། ལྕེ་ཚའི་མེ་ཏོག་སྦྱར་ནས་སྤྱི་བོར་བྱུགས་པ་གཏེར་གཞུང་ལས་གསུངས་ཤིང་། གདམས་ངག་གཞན་ལས། ལྷ་སྔགས་ཀྱི་གཤམ་དུ། ཛྙཱ་ན་ ཌཱ་ཀི་ནཱི་བྃ་ཕྲ་བེ་ཤ་ཡ་ཕཊ། ཅེས་པའི་སྔགས་འདི་རྫས་ལ་བཏབ་ན་ལས་མྱུར་བར་བཤད་དོ། །ཡུན་ནི་དབང་པོ་རབ་ལ་ཞག་གཅིག །འབྲིང་གསུམ། ཐ་མས་ བདུན་གྱིས་འབྱོངས་ངེས་ཤེས། དེས་ཀྱང་མ་འབྱོངས་ན། རྩ་བའི་བླ་མ་དང་དམ་ཚིག་འགལ་བ་མ་ཡིན་པའི་ལས་སྒྲིབ་གཞན་བཤགས་སྡོམ་སྟོབས་ཆེན་བྱས་ལ་ཉམས་

ལེན་གཉུག་བསྲིངས་པས་དགོས་དོན་འགྲུབ་བོ། །བཞི་པ་གྲོལ་ཚུལ་བཤད་པ་ལ་གསུམ། དབང་པོ་རབ། འབྲིང་། ཐ་མའི་གྲོལ་ཚུལ་ལོ། །དང་པོ་དབང་པོ་རབ་ཚེ་འདིར་
[ 564 ]
གྲོལ་ཏེ་དེའང་རབ་ཀྱི་བྱེ་བྲག་བདུན་གྱི་རིམ་པ་དང་མཐུན་པར་ངོ་སྤྲོད་པའི་སྐད་ཅིག་གསུམ་ནས་འཆི་ཀ་ཚུན་ཉོན་མོངས་པ་ཕྲ་རགས་དང་། འབྱུང་ལུས་ཀྱི་གདོས་བཅས་དག་

ནས་འཆི་ལུགས་རྣམ་པ་བཞི་གང་ཡང་རུང་བས་གདོད་མའི་དབྱིངས་སུ་བྱང་ཆུབ་པར་འགྱུར་རོ། །གཉིས་པ་དབང་པོ་འབྲིང་གི་བྱེ་བྲག་བདུན་བར་དོར་འཚང་རྒྱ་བར་འགྱུར་ཏེ། དེ་ལ་གསུམ། ངོ་བོ། དབྱེ་བ། ལམ་ཁྱེར་རོ། །དང་པོ་བར་དོའི་ངོ་བོ་ནི་གཞི་དབྱིངས་ཀ་དག་ལས་གཞན་ཏུ་སྣང་བ་ཐམས་ཅད་བར་དོའི་གནས་སྐབས་ཡིན་ཏེ། གཞི་སྣང་ཡེ་ཤེས་སུ་ཤར་བའི་སྣང་ཆ་ནི་དག་པ་ཆོས་ཉིད་ཀྱི་བར་དོ་དང་། འཁྲུལ་སྣང་འགྲོ་དྲུག་གིས་བསྡུས་པའི་ཆོས་སོ་ཅོག་མ་དག་པ་འཁྲུལ་པའི་བར་དོ་ཡིན། དེ་ཡང་། དབྱིངས་ཀ་དག་ལས་ཤར་ཞིང་འཆར་གཞིའི་དབྱིངས་སུ་མ་རྫོགས་བར་གྱི་སེམས་ས་བོན་དང་བཅས་པ་ནི་བར་དོའོ། །གཉིས་པ་དབྱེ་བ་ནི། ཐལ་འགྱུར་ལས།

དབྱེ་བ་རྣམ་པ་བཞི་དག་ལས། །ཞེས་གསུངས་པས། སྐྱེ་འཆིའམ་རང་བཞིན་གྱི་བར་དོ། འཆི་ཁའི་བར་དོ། ཆོས་ཉིད་ཀྱི་བར་དོ། སྲིད་པའི་བར་དོ་དང་བཞིའོ། །
[ 565 ]
༄༅། །དང་པོ་སྐྱེ་འཆིའམ་རང་བཞིན་གྱི་བར་དོ་ནི། མའི་མངལ་དུ་སྐྱེ་བ་གྲུབ་ནས་འཆི་ནད་ཀྱིས་བཏབ་པ་ཚུན་ཆད་དོ། །གཉིས་པ་འཆི་ཁའི་བར་དོ་

ནི༑ འཆི་བ་ལ་ཕྱོགས་པ་ནས་ནང་དབུགས་ཆད་པ་ཚུན་ཆད་དོ། །གསུམ་པ་ཆོས་ཉིད་བར་དོ་ནི། ནང་དབུགས་ཆད་འོད་གསལ་གྱི་སྣང་བ་ཤར་ནས་ལྷུན་གྲུབ་ཀྱི་ སྣང་བ་ཐིམ་པ་ཚུན་ཆད་དོ། །བཞི་པ་སྲིད་པ་བར་དོ་ནི། ལྷུན་གྲུབ་ཀྱི་སྣང་བ་ཐིམ་ནས་ཕྱི་མའི་སྐྱེ་སྲིད་མ་གྲུབ་པ་ཚུན་ཆད་དོ། །གསུམ་པ་སོ་སོའི་ལམ་ཁྱེར་ནི། དཔེ་ དོན་གཉིས་ཀྱིས་སྟོན་ཏེ། དཔེ་སྐྱེ་གནས་ཀྱི་བར་དོ་ལ་སྒྲོ་འདོགས་ཆོད་པ་རྒྱ་ཁྲ་ཚང་དུ་འཇུག་པ་ལྟ་བུ་ནི། དོན་བླ་མ་དམ་པ་ལ་བརྟེན་ནས་དེས་བསྟན་པའི་གདམས་ ངག་གི་དོན་རྣམས་ཐོས་བསམ་སྒོམ་པས་ནན་ཏན་ལྷུར་བླངས་ནས་སྒྲོ་འདོགས་ཆོད་པར་བྱའོ། །འཆི་ཁའི་བར་དོ་ལ་གསལ་གདབ་པ་སྒེག་མོས་མེ་ལོང་ལ་ལྟ་བ་ལྟ་བུ་ནི།

སྔར་གོམས་པའི་གདམས་པ་རྣམས་རང་ངམ་གཞན་རྐྱེན་གྱིས་བློ་ལ་གསལ་ཐེབས་པར་བྱའོ། །སྐབས་འདིར་ཕྱི་དབུགས་ཆད་པའི་དུས་རྡོ་རྗེ་སེམས་དཔའི་གསེང་
[ 566 ]
ལམ་ཞེས་བྱ་བའི་འོད་ཟེར་མིག་ཏུ་ཟུག་པ་ལ་རིག་པ་གཏད་པས་ཡར་གྱི་ཟང་ཐལ་དུ་གྲོལ་བར་གསུངས་སོ། །ཆོས་ཉིད་ཀྱི་བར་དོར་རང་སྣང་ལ་ཡིད་ཆེས་པ་མ་པང་དུ་བུ་

འཇུག་པ་ལྟ་བུ་ནི། གདམས་ངག་གི་དོན་ཉམས་འོག་ཏུ་ཚུད་པས་ཆོས་ཉིད་ཀྱི་སྣང་ཆ་ཇི་ལྟར་ཤར་ཡང་འཇིགས་པ་མེད་པར་རང་སྣང་ཡེ་ཤེས་ཀྱི་རོལ་པར་གདིངས་ཚུད་དེ་ཤར་ལུགས་ བརྒྱད་ལ། ཐིམ་ལུགས་བརྒྱད་ཀྱིས་གྲོལ་བ་ཀ་དག་གཞོན་ནུ་བུམ་པ་སྐུར་འགྱུར་རོ། དེ་ལ་མ་གྲོལ་ན། སྲིད་པའི་བར་དོ་ལ་ལས་ཀྱི་འཕྲོ་མཐུད་པ་ཡུར་བ་རྐང་ཆད་ལ་ཝ་ འཛུག་པ་ལྟ་བུ་ནི། འཁྲུལ་སྣང་དང་འཇིགས་སྐྲགས་ཇི་ལྟར་ཤར་ཡང་སྔར་གོམས་པ་དང་། སྐབས་འདིར་འཆད་པར་འགྱུར་བའི་གདམས་པའི་གནད་ཀྱིས་དག་པའི་ སྐྱེ་སྲིད་ལམ་དུ་འཇུག་ཅིང་མཚམས་སྦྱར་བའོ། །གསུམ་པ་དབང་པོ་ཐ་མའི་བྱེ་བྲག་བདུན་པོ་རང་བཞིན་སྤྲུལ་སྐུའི་ཞིང་དུ་དབུགས་དབྱུང་སྟེ་འཚང་རྒྱ་བ་ནི། ཚེ་འདིར་

ཆོས་ཉིད་མངོན་སུམ་གྱི་དོན་མཐོང་ཡང་བསྒོམ་ལོང་མ་བྱུང་བས་བར་དོའི་གྲོལ་ཚད་དང་མི་ལྡན་པ་རྣམས་ཆོས་ཉིད་ཀྱི་བར་དོར་ཤར་ཡང་ངོས་མ་ཟིན་ཏེ། སྲིད་པའི་བར་དོ་
[ 567 ]
༄༅། །རྨི་ལམ་གྱི་ཆ་ཙམ་དུ་སྣང་བ་ལས་ཆོས་ཉིད་བདེན་པའི་བྱིན་རླབས་དང་། རིག་འཛིན་གྱི་སློབ་དཔོན་པདྨཱ་ཀ་རིའི་ཐུགས་རྗེས་རྨི་ལམ་སད་པའི་ཆ་

ཙམ་ལ་པདྨ་འོད་དང་། མངོན་པར་དགའ་བ་སོགས་རང་སྣང་དག་པ་རིགས་ལྔའི་ཞིང་ཁམས་བཀོད་པ་ཕུན་སུམ་ཚོགས་པ་རྣམས་སུ་བརྫུས་ཏེ་སྐྱེ་ཞིང་། ཨོ་རྒྱན་རྡོ་རྗེ་ འཆང་དང་རིགས་ལྔའི་རྒྱལ་བ་སོགས་དེ་བཞིན་གཤེགས་པ་རྣམས་ཀྱི་ཞལ་མཐོང་གདམས་པ་ནོད་པས་ཉོན་མོངས་པའི་འཆིང་བ་ཀུན་ལས་གྲོལ་ནས་མཐར་ཐུག་སྟེང་གི་ ནམ་མཁའ་མི་མཇེད་བརྩེགས་པའི་དུར་ཁྲོད་མེ་རི་འབར་བར་ཁྲོ་བོའི་ཞིང་ཁམས་མཐོང་སྟེ་གདོད་མའི་གཞི་ལ་སྐད་ཅིག་དེ་ཉིད་ལ་གྲོལ་ནས་ནང་གསལ་སྐུ་དང་ཡེ་ཤེས་ འདུ་འབྲལ་མེད་པའི་དགོངས་པ་དུས་གསུམ་འཕོ་འགྱུར་མེད་པར་བཞུགས་ནས་ནམ་མཁའི་མཐའ་ཀླས་པའི་གདུལ་བྱ་གང་ལ་གང་འདུལ་གྱི་ཕྲིན་ལས་འཁོར་བ་མ་སྟོངས་ཀྱི་

བར་དུ་དཔག་བསམ་གྱི་ཤིང་ལྟར་ལྷུན་གྱིས་གྲུབ་ལ། ཡིད་བཞིན་གྱི་ནོར་བུ་ལྟར་རྟོགས་མེད་རྒྱུན་མི་ཆད་པའི་ཐུགས་རྗེ་འབྱུང་བར་འགྱུར་རོ། །ལྔ་པ་ཁྲིད་ཀྱི་དབྱེ་བསྡུ་
[ 568 ]
བཤད་པ་ནི། ཤེས་རབ་མོས་གུས་བརྩོན་འགྲུས་གསུམ་དང་ལྡན་པའི་སྐྱེས་བུ་ཆོས་འདིའི་ལམ་སྲོལ་རྐང་ཚུགས་པར་འདོད་པ་དག་ལ། སྔོན་འགྲོ་ཐུན་མོང་དང་ཐུན་མིན་

རྟགས་ཐོན། བསྐྱེད་རིམ་ཕྱི་ནང་གསང་བ་ཡང་གསང་དེ་བཞིན་ཉིད་སྒྲུབ་ལས་མཐའ་རྒྱས་དང་བཅས་པ་ལ་དུས་རྟགས་གྲངས་ཀྱི་བསྙེན་པ་སྔོན་ཏུ་སོང་ནས། ཐབས་ ལམ་གཏུམ་མོའི་རྣལ་འབྱོར་གྱིས་རླུང་སེམས་རང་དབང་ཐོབ་པར་བྱས་ནས། གཟོད་རྫོགས་ཆེན་གྱི་སྔོན་འགྲོ་ཐུན་མོང་མ་ཡིན་པ་རྟགས་ཐོན་ཏུ་སྦྱངས་ནས་ཁྲེགས་ཆོད་ ཀྱི་རིག་པའི་ངོ་བོ་རྗེན་པར་མཐོང་བ་དང་། ཐོད་རྒལ་ལ་རྩེ་གཅིག་ཏུ་དྲིལ་ཏེ་དེའང་འགྲུབ་ཏུ་རུང་ན་གཙོ་བོར་མུན་པའི་རྣལ་འབྱོར་ལ་བརྩོན། ཞར་བྱུང་རྣ་བའི་སྒྲ་སྦྱོང་བླ་ མ་དགོངས་འདུས་སོགས་རྫོགས་ཆེན་གཞན་ལས་འབྱུང་བའང་སྦྱར། དབྱིངས་སྣང་སྨིན་མཚམས་ལས་བྲལ་ཞིང་ཉིན་མཚན་ཁྱད་མེད་དུ་གྱུར་པའི་ཚེ་སྣང་མུན་སོགས་

ལ་ཆེད་དུ་མི་ལྟོས་པར་རྡོ་རྗེ་ལུ་གུ་རྒྱུད་ཨར་ལ་གཏད་དེ་འཕོ་བ་ཆེན་པོའི་སྐུ་བསྒྲུབ་པར་བྱའོ། །དད་པ་ཡོད་ལ་ཤེར་བརྩོན་དམན་པ་དག་གིས་ལམ་རིམ་དུམ་བུ་བ་ཉམས་སུ་
[ 569 ]
༄༅། །ལན་ན། དེའང་བསྐྱེད་རིམ་ཁོ་ནར་མོས་ན་བསྙེན་བསྒྲུབ་ཀྱི་རིམ་པ་ཁོ་བོས་བྱས་པའི་བསྙེན་ཡིག་པདྨའི་ཞལ་ལུང་ལྟར་བྱ། གཏུམ་མོ་བསྒོམ་པར་འདོད་ན་སྔོན་

འགྲོ་བསྐྱེད་རིམ་རྒྱས་བསྡུས་གང་རུང་སྔོན་ཏུ་སོང་ནས་གཏུམ་མོ་བདེ་དྲོད་འོད་འབར་ལ་འཇུག །རྫོགས་ཆེན་ཁོ་ན་བསྒོམ་པར་འདོད་ན་སྔོན་འགྲོ་བཞི་སྐོར་གྲངས་ ཐེམས་དང་། བསྐྱེད་བཟླས་གང་འགྲུབ་སྔོན་ཏུ་བཏང་ནས་རྫོགས་ཆེན་ཉིད་ཀྱི་ཐུན་མོང་མ་ཡིན་པའི་སྔོན་འགྲོ་རུ་ཤན་དབྱེ་བ་སོགས་ལེགས་པར་བཏང་ནས་ཁྲེགས་ ཆོད་དང་ཐོད་རྒལ་གྱི་གདམས་པ་སྟོན། བློ་ནུས་ཆེར་དམན་པས་དེ་ཙམ་མི་ནུས་ན། སྔོན་འགྲོ་རྒྱས་པ་བཞག་ལ་ནང་གི་རུ་ཤན་དབྱེ་བ། རིགས་དྲུག་གནས་སྦྱོང་གི་ དམིགས་བཟླས་རྟགས་ཐོན་བྱར་གཞུག་ལ་དངོས་གཞིའི་ཁྲིད་འཆད་དོ། །གཞུང་འདི་ཤིན་ཏུ་བསྡུས་པའི་དབང་གི་རྩ་ཐོ་ཙམ་ལས་མ་གསུངས་པར་རྫོགས་ཆེན་གཞན་ཏུ་ཁ་

འཕངས་པར་མཛད་པ་དང་། དོམ་ཚང་གཏེར་བྱོན་ཆོས་འདིའི་ཆ་ལག་རྫོགས་ཆེན་ཁྲིད་གཞུང་མ་གཟིགས་པ་སོགས་ཀྱིས་ཁ་ཅིག་གིས་ཐུན་མིན་སྔོན་འགྲོ་གལ་ཆུང་དུ་བཞག་པ་
[ 570 ]
དང་། ཁྲེགས་ཆོད་ཀྱི་ཁྲིད་ཞི་ལྷག་ཐུན་མོང་བ་དང་བསྟུན་པ་སོགས་སྣང་ཡང་། རྫོགས་པ་ཆེན་པོའི་ལམ་ནས་ཕུང་པོ་འོད་ལུས་སུ་དེངས་པའི་གནད་ནི་ཐུན་མོང་མ་ཡིན་པའི་སྔོན་

འགྲོའི་རིམ་པ་རྣམས་ལ་ཡོད་ཅིང་། བསྐྱེད་རིམ་དང་གཏུམ་མོ་སོགས་ནི་དབང་བཞིའི་ལམ་རིམ་ཆ་ཚང་བའི་རྐང་བསྒྲིགས་པ་ཡིན་གྱི་རྫོགས་ཆེན་བསྒོམ་པ་ལ་མེད་ཀ་མེད་ཀྱི་གོ་ རིམ་ཁྲིགས་ཆགས་མིན་པ་གོ་བར་གྱིས་ཤིག །ཁྲིད་ཀྱི་མཇུག་སྡུད་པའང་། སྐལ་བ་དང་ལྡན་པ་ལ་རྩ་གསུམ་ཆོས་སྲུང་དཔང་དུ་བཀོད་དེ་གཏད་རྒྱ་བྱ་བ་དང་། དེས་ཀྱང་ རབ་ཚེ་གཅིག །མ་མཐས་ལོ་ཟླས་མཐའ་བརྟེན་པའི་ཉམས་ལེན་དམ་བཅའ་བྱ་བ་དང་། དེ་ལྟར་སྐྱེ་བ་ཀུན་ཏུ་མཚན་ཙམ་ཐོས་པར་དཀའ་བ་ཐེག་དགུའི་རྩེ་རྒྱལ་ཨ་ཏི་ གསང་བ་བླ་མེད་ཀྱི་ཁྲིད་གྲོལ་བ་བཞི་ལྡན་འཆད་ཅིང་ཉན་པའི་དགེ་བའང་འོད་གསལ་རྡོ་རྗེ་སྙིང་པོའི་ལམ་ལས་གདོད་མའི་སངས་རྒྱས་འོད་མི་འགྱུར་བ་མཚོ་སྐྱེས་རྡོ་

རྗེའི་གོ་འཕང་ཚེ་གཅིག་གིས་མངོན་ཏུ་བྱེད་པའི་རྒྱུར་བསྔོ་བར་བྱའོ། །དེ་དག་གིས་ཁྲིད་ཀྱི་མཇུག་དོན་རྒྱས་པར་བཤད་ཟིན་ཏོ།། །།དེ་ལྟར་བླ་སྒྲུབ་ཀུན་གྱི་
[ 571 ]
༄༅། །ཡང་སྙིང་རྫོགས་ཆེན་དཀོན་མཆོག་སྤྱི་འདུས་ཀྱི་བསྐྱེད་རྫོགས་ཁྲིད་ཚུལ་སྔར་དུས་ཤིན་ཏུ་དར་རྒྱས་སུ་བྱུང་ཡོད་འདུག་ཀྱང་། དེང་

སང་དུས་ཀྱི་དབང་གིས་དབང་དང་གཏེར་གཞུང་གི་བཀླག་ལུང་ཙམ་ལས་སྨིན་ཁྲིད་ཀྱི་རྒྱུན་དཀོན་པར་གྱུར་ཅིང་། དེ་ལས་ཀྱང་བསྐྱེད་རིམ་ལྷ་ཁྲིད་རྗེ་རིག་པ་འཛིན་ པའི་ཡིག་ཆ་ལས་ཁྲིད་ལུང་གི་རྒྱུན་ཙམ་འདུག་མོད། རྫོགས་རིམ་གྱི་ཁྲིད་ཚུལ་ངེས་འདྲོངས་དཀོན་པར་མ་ཟད། འདི་ཉིད་གཞུང་ཆུང་བས་གྲ་གཤོག་ པའི་འཆད་ཉན་ཏུ་མི་འགྱུར་བའི་སྟབས་དོན་གཉེར་མཁན་ཀྱང་དཀོན་པར་སྣང་བ་དང་། ལྷག་པར་རྗེ་རིག་པ་འཛིན་པའི་ཁྲིད་ཡིག་ལེ་ཚན་གཉིས་པོ་ཁྱད་པར་ དུ་འཕགས་ཀྱང་། རྫོགས་རིམ་ཡིག་ཆ་དགོངས་པ་ལ་མ་ལུས་སུ་གྱུར་པ་མ་ཟད། ཕྱིས་སུ་རྗེ་བླ་མས་མཛད་པར་གྲགས་པ་འདིའང་གཞན་ངོར་དང་གཞན་མཐུ་ལ་

བརྟེན་པའི་དགོངས་གཞི་དང་དགོས་པའི་དབང་གིས། རྗེ་ཉིད་ཀྱི་རང་བཞིན་མཐིལ་ཕྱིན་པ་མ་ཡིན་པར་རྟོགས་པའི་སྐྱེས་ཆེན་འགའ་ཞིག་གིས་ཡིག་ཆ་གསར་
[ 572 ]
དུ་བསྐྲུན་པར་ཡང་ནས་ཡང་དུ་བསྐུལ་བ་ལས། ཁོ་བོས་ཆོས་འདིར་ཐོས་བསམ་སྒོམ་པ་མཁོས་ལྕོགས་བགྱིས་ཤིང་དབང་ལུང་གི་རྒྱུན་ཁྱད་པར་འཕགས་པ་

འང་འགའ་ནོས། ལྷག་པར་རྫོགས་རིམ་ཡོངས་རྫོགས་ཀྱི་ཁྲིད་ཡིག་ཡེ་ཤེས་རྒྱ་མཚོ་ཀུན་ཁྱབ་ཀྱིས་མཛད་པའི་སྟེང་ནས་ནོས་པའི་བརྒྱུད་པ་ནི། རིག་འཛིན་ཚེ་ དབང་ནོར་བུ། རྟ་ནག་པ་པདྨ་འོད་གསལ། དཔའ་བོ་གཙུག་ལག་དགའ་བ། ཀུན་མཁྱེན་ཆོས་ཀྱི་འབྱུང་གནས། ཀརྨ་ཚེ་དབང་ཀུན་ཁྱབ། མཆོག་སྤྲུལ་ ཀརྨ་རཏྣ། མཆོག་གཟིགས་ནཱ་ཐའི་མཚན་ཅན། རྗེ་བླ་མ་འགྱུར་མེད་ཀྱིས་བཀའ་དྲིན་ཏུ་བསྩལ། སྔོན་འགྲོ་བསྐྱེད་རིམ་རྫོགས་ཆེན་ཁྲེགས་ཐོད་ཀྱི་ལམ་ ཚང་བའི་ཁྲིད་ཡིག་མན་ངག་གསལ་སྒྲོན་རྗེ་བཙུན་མ་མི་འགྱུར་དཔལ་སྒྲོན་གྱིས་མཛད་པ་ལས་ནོས་པའི་བརྒྱུད་པ་ནི། འཇའ་ཚོན་སྙིང་པོ། ཁྲག་འཐུང་ནམ་

མཁའ་འཇིགས་མེད། གསང་བདག་ཕྲིན་ལས་ལྷུན་གྲུབ། ཨོ་རྒྱན་གཏེར་བདག་གླིང་པ། ལྷ་བཙུན་འཇིགས་མེད་དཔའ་བོ། རྗེ་བཙུན་མི་
[ 573 ]
༄༅། །འགྱུར་དཔལ་སྒྲོན། མཁན་ཆེན་ཨཽ་ཌཱི་ཡ་ན། ཁྲི་ཆེན་ཕྲིན་ལས་རྣམ་རྒྱལ། རྗེ་བཙུན་ཕྲིན་ལས་ཆོས་སྒྲོན། ཀུན་མཁྱེན་

མཉྫུ་གྷོ་ཥའི་ཞལ་སྔ་ནས་ཐུགས་རྗེས་གཟིགས་ཏེ་བསྩལ་བ་དང་། ལྷག་པར་ཆོས་འདིའི་རྫོགས་རིམ་གྱི་ཁྲིད་གཞུང་སྙིང་ཐིག་ཆོས་དབྱིངས་རང་གསལ་ དུས་རྟགས་མ་འགྲིགས་པས་སྤེལ་བར་མ་གནང་ཡང་། དེའི་སྙིང་པོ་ལྟ་བུ་ཁྲེགས་ཐོད་སྔོན་འགྲོ་དངོས་གཞི་རྗེས་ཀྱི་ཁྲིད་ཡིག་གསལ་ལ་ཚང་བ་མོན་སྟག་སྒོ་ དོམ་ཚང་ཤེལ་གྱི་ཕུག་པ་ནས་གསང་གཏེར་དུ་བཞེས་ཏེ་བཀའ་བབ་བསྟན་པ་དར་རྒྱས་ལ་གནང་བ་ཉིད་རིམ་པར་བརྒྱུད་དེ། དགེ་སློང་རྡོ་རྗེ་འཛིན་པ་ངག་དབང་བློ་ གྲོས་ལས་ལུང་ཁྲིད་ཀྱི་ཚུལ་དུ་ཐོས་པའི་ཡི་གེ་དེ་དག་གི་དགོངས་དོན་རྩ་བར་བཟུང་། རྟ་ནགས་པ་པདྨ་འོད་གསལ་གྱི་ཟིན་བྲིས་ཡིན་ནམ་སྙམ། གང་ལྟར་

རིག་འཛིན་ཆེན་པོའི་ཞལ་སློབ་རྫོགས་པ་ཆེན་པོ་ལ་མཁས་ཤིང་གྲུབ་པ་བརྙེས་པ་ཞིག་གིས་མཛད་པར་ངེས་པའི་དཀོན་མཆོག་སྤྱི་འདུས་ཀྱི་རྫོགས་ཁྲིད་གཤམ་
[ 574 ]
མ་ཚང་བའི་དཔེ་ཞིག་འབྱོར་བ་དང་ཡང་སྒོ་བསྟུན་ནས། ཡིག་ཚོགས་ལ་མ་འཛེམ་པར་འདུས་གསལ་གྱི་ཚུལ་དུ་བྲིས་པའོ། །ཉི་ཟླ་བྱེ་བ་ཕྲག་བརྒྱའི་འོག་རོལ་

ན༑ །རྡུལ་སྙེད་སྐྱེ་བས་རིན་ཐང་མེད་པའི་ནོར། །བཙལ་བའི་རིན་ཏུ་མི་ཁུག་ཐེག་དགུའི་རྩེ། །གདོད་མའི་མགོན་པོའི་བསྟན་པ་འདི་རྨད་དོ། །ཡང་ ཏིའི་མཁའ་འདིར་གསང་བ་འཛིན་རྣམས་ཀྱང་། །བློ་གྲོས་གཉིས་སྐྱེས་བཞིན་ཏུ་རྩལ་ཆུང་ན། །བྱིས་པ་སྦྲང་བུ་ལས་ཀྱང་ཉམ་ཆུང་བས། །དཔྱོད་ཉེས་གང་ མཆིས་སྲས་བཅས་རྒྱལ་ལ་བཤགས། །དཀར་པོ་རྣམ་པར་འཕེལ་བ་ཕྲ་མོའི་ཆས། །ཆོས་འདིའི་སྣང་བ་ཞིང་ཀུན་ཁྱབ་པ་དང་། །དེས་ཀྱང་གདོད་མའི་གྲོལ་ སར་སྐྱེ་བོ་ཀུན། །རང་གྲོལ་འཁོར་བ་དོང་ནས་སྤྲུགས་གྱུར་ཅིག། །།ཅེས་པ་འདིའང་རང་སློབ་ཤེས་བྱ་ལ་བློ་ཡངས་ཤིང་དད་དམ་ལྷག་བསམ་གསེར་བཟང་གི་

རང་བཞིན་མི་འགྱུར་བ་ཀརྨ་འགྱུར་མེད་ནས་ཐུགས་རྗེ་ཆེན་པོའི་ཞལ་ཐང་སྤུས་ལེགས་དང་སྒྲུབ་པའི་མཎྜལ་བཅས་ནན་ཏན་ཆེན་པོས་བསྐུལ་ཞིང་ཡི་གེའི་མཐུན་རྐྱེན་སྦྱར་
[ 575 ]
༄༅། །བ་དང་། ཆོས་འདིར་མོས་པའི་ལས་འཕྲོ་ཅན་པདྨ་རྣམ་རྒྱལ་སོགས་དོན་གཉེར་གཞན་གྱིས་ཀྱང་སྔ་རྗེས་བསྐུལ་བའི་ངག་མི་གཅོག་པའི་སླད་དུ།

པདྨའི་ཞལ་ཚབ་པདྨ་དབང་ཆེན་སོགས་རྡོ་རྗེ་འཛིན་པ་རྣམས་ཀྱི་འབངས་སུ་གྱུར་པའི་རྒྱལ་ཁམས་པ་པདྨ་གར་གྱི་དབང་ཕྱུག་རྩལ་གྱིས་དཔལ་སྤུང་སྒྲུབ་ཁང་ཆེན་མོར་

བྲིས་པ་དག་ལེགས་འཕེལ།། །།
[ 576 ]
 
[ 577 ]
ཏ༽ () དམ་ཆོས་སྤྲུལ་སྐུ་སྙིང་ཐིག་ལས༔ ཟབ་གསང་བླ་ན་མེད་པ་འོད་གསལ་རྡོ་རྗེ་སྙིང་པོའི་ ཁྲིད་ཡིག་ཀུན་བཟང་འཇའ་སྐུ་ཞེས་བྱ་བ་བཞུགས་སོ། །།
[ 578 ]
() ན་མོ་གུ་རུ་པདྨ་སིདྡྷི་ཧཱུཾ་ཧྲཱིཿ གསང་བ་བས་ཀྱང་ཆེར་གསང་བ༔ ཟབ་གསང་འོད་གསལ་རྡོ་རྗེ་

སྙིང་པོའི་བཅུད༔ ཡང་གསང་ཁྱབ་གདལ་ཨ་ཏི་བླ་མེད་ཀྱི༔ ཁྲིད་ཡིག་ཆོས་ཉིད་རང་གྲོལ་ཞེས་བྱ་བ༔ ཁྱབ་ གདལ་རྒྱལ་བ་ཀུན་བཟང་ཡབ་དང་ཡུམ༔ ཟླ་བྲལ་རྒྱལ་ཀུན་རྒྱལ་ཚབས་རིགས་བདག་པ༔ རིག་འཛིན་ཆེན་པོ་པད་

འབྱུང་ཡབ་ཡུམ་ལ༔ རྣམ་ཀུན་ཕྱག་འཚལ་སྐྱབས་མཆི་སྤྱི་བོར་མཆོད༔ ཀ་དག་གདོད་ནས་རྣམས་དག་ཆོས་
[ 579 ]
() སྐུའི་མཁའ༔ རང་བཞིན་འོད་གསལ་སྐུ་ལྔའི་དཀྱིལ་འཁོར་རྒྱས༔ མཛད་པའི་ཟེར་

གྱིས་གདུལ་བྱའི་ཁམས་ཀུན་ཁྱབ༔ དགུ་ལྡན་བླ་མའི་ཚོགས་རྣམས་སྤྱི་བོར་མཆོད༔ རྒྱལ་བ་དམ་པ་རིག་འཛིན་ མཆོག་རྣམས་སོགས༔ བརྒྱུད་པའི་བླ་མ་འཇའ་སྐུར་གཤེགས་རྣམས་ཀྱི༔ རྗེས་སུ་འཇུག་འདོད་སྐལ་ལྡན་

ལས་ཅན་གྱིས༔ སྔོན་སྦྱངས་ལས་འཕྲོ་སད་རྣམས་དོན་ཆེད་དུ༔ ཁྲིད་ཡིག་རྡོ་རྗེའི་འཇའ་སྐུ་གསང་
[ 580 ]
གསུམ་བྲི༔ () ༔འོན་སྐབས་འདིར་ཐེག་མཆོག་བླ་ན་མེད་པ་རྣམས་ཀྱི་སྙིང་བཅུད་བསྡུས་པའི་གདམས་ངག༔

ཟབ་གསང་བླ་ན་མེད་པ་འོད་གསལ་རྡོ་རྗེ་སྙིང་པོ་ཨ་ཏི་ཁྱབ་བརྡལ་ཆེན་པོའི་གནད་རང་ཐོག་ཏུ་ཕེབ་པར་བྱེད་པ་ལ༔ གཉིས་ཏེ༔ བླ་ མ་བ᫙᫕རྒྱུད་པའི་སྒོ་ནས་ཡིད་ཆེས་བསྐྱེད་པར་བྱེད་པ་དང་༔ མན་ངག་ཟབ་མོའི་སྒོ་ནས་ཉམས་སུ་ལེན་པ་རྣམས་སོ༔ () དང་པོ་ནི༔ རང་བྱུང་ལྷུན་གྱིས་གྲུབ་པའི་གནས་མཆོག༔ དུར་ཁྲོད་ཆེན་པོ་བསིལ་ཚལ་གནས་སུ༔ རང་བྱུང་སྟོན་པ་ཨུ་རྒྱན་རྒྱལ་པོ་ནི༔ རིག་འཛིན་ ཆེན་པོ་པདྨ་འབྱུང་གནས་དེ་ཉིད་མཆོད་རྟེན་ཆེན་པོ་བདེ་བྱེད་བརྩེགས་པ་ལ༔ སྐུ་རྒྱབ་གཏད་ནས་བཞུགས་པའི་ཚེ༔ མ་ཚོགས་མཁའ་

འགྲོ་རྣམས་ལ་ཆོས་འཁོར་བསྐོར་བའི་དུས༔ ནམ་གྱི་སྲོད་ལ་བབ་པའི་ཚེ༔ དཔལ་ཆོས་སྐུའི་སྟོན་པ་ཀུན་བཟང་ཡབ་ཡུམ་ཉིད༔
[ 581 ]
() མངོན་སུམ་བྱོན་ནས་རིན་ཆེན་སྣ་ཚོགས་ཀྱི༔ སྒྲོམ་བུ་འོད་ལྔས་གདམས་པ་གཅིག༔ ཕྱག་ཏུ་གཏད་ནས་འདི་

སྐད་གསུངས༔ ཨེ་མ་འཇིག་མེད་སྟོན་པ་ནམ་མཁའ་འཇིག་མེད་ཁྱོད༔ མཁའ་སྤྱོད་གཞོམ་མེད་འཇའ་སྐུར་གྲོལ་འདོད་ན༔ འདི་ལ་ ལྟོས་ཤིག་གསུངས་ནས་མཁའ་ལ་ཡར༔ དེར་བལྟས་ཟབ་གསང་བླ་མེད་རྡོ་རྗེ་སྙིང་པོའི་ཆོས༔ ཨ་ཏི་ཆོས་ཉིད་རང་གྲོལ་སྐོར་རྣམས་སྣང་༔ དེ་ནས་ཨུ་རྒྱན་ཉིད་ཀྱིས་གསོལ་བཏབ་པས༔ ཐོ་རངས་ཀ་དག་འཇིག་བྲལ་གྱི་ཕོ་བྲང་དུ༔ དཔལ་ཆོས་སྐུའི་སྟོན་པ་རྒྱལ་བ་ཀུན་བཟང་ ཡབ་ཡུམ་ཉིད༔ མཚན་དང་དཔེ་བྱད་ལྡན་པར་ཞལ་ཕྱག་གི་རྣམ་པར་བཞེངས་ནས༔ ཆོས་དབྱིངས་སྤྲོས་པ་དང་བྲལ་བའི་ངང་ནས༔

རིག་འཛིན་ཆེན་པོ་པདྨ་འབྱུང་གནས་ལ༔ རང་བཞིན་ལྷུན་གྲུབ་ཀྱིས་བྱིན་གྱིས་བརླབས་ནས་བཤད༔ རིང་རྒྱུད་ལྟར་ན༔ འོག་
[ 582 ]
མིན་ཆོས་ཀྱི་དབྱིངས་ཀྱི་ཕོ་བྲང་དུ༔ དཔལ་རྡོ་རྗེ་འཆང་ཆེན་པོས༔ རྒྱལ་བ་ཐུབ་པ་ཆེན་པོའི་སྤྲུལ་པ་སྟོན་པ་རྡོ་རྗེ་སེམས་དཔའ་ལ་ངོ་

བོས་བཤད༔ དེས་འོག་མིན་ཐིག་ལེའི་ཞིང་དུ་སྤྲུལ་པའི་སྐུ་དགའ་རབ་རྡོ་རྗེ་ལ་འགྱུར་མེད་རྡོ་རྗེའི་ཚིག་ཙམ་དུ་བཤད༔ དེས་སིང་ ག་ལའི་ནགས་ཚལ་དུ༔ རིག་འཛིན་ཆེན་པོ་ཤྲཱི་སིང་ཧ་ལ་བཤད༔ དེས་རིག་འཛིན་གྲུབ་པའི་སྐྱེད་ཚལ་འོད་འབར་དུ༔ འཇིག་བྲལ་རྡོ་ རྗེའི་སྐུ་བརྙེས་པདྨ་འབྱུང་གནས་ལ་རང་གྲོལ་བདེ་བ་ཆེན་པོས་བཤད༔ དེས་བོད་ཡུལ་གངས་ཅན་གྱི་ཡུལ་དབུས༔ དཔལ་སྟག་ ཚངས་སེང་གེའི་བསམ་འགྲུབ་ཀྱི་སྐྱེད་ཚང་དུ༔ རྒྱལ་བའི་ཡུམ་གྱུར་ཡེ་ཤེས་མཚོ་རྒྱལ་དང་༔ ཆོས་རྒྱལ་ཁྲི་སྲོང་ལྡེའུ་བཙན་དང་༔

གྲུབ་པའི་དབང་ཕྱུག་ཆེན་པོ་འབྲོག་བན་ལོ་ཙ་རྣམས་ལ་མངོན་སུམ་རང་ཐོག་ཏུ་གཏན་ལ་ཕབ་ནས་བཤད༔ ཉེ་རྒྱུད༔ གོང་གི་པད་
[ 583 ]
() འབྱུང་ནས༔ དེས་འོག་མིན་མཁའ་སྤྱོད་བདེ་ཆེན་དག་པའི་ཞིང་༔ འགྱུར་མེད་པདྨ་འོད་ཀྱི་གཞལ་ཡས་

སུ༔ རིག་འཛིན་ཆེན་པོ་བདུད་འདུལ་རྡོ་རྗེ་ལ༔ ཡིད་དཔྱོད་བློ་བྲལ་ལྷུན་གྲུབ་ཆེན་པོར་གཏན་ལ་ཕབ་ནས་བཤད༔ དེས་འགྱུར་ མེད་རྟག་བརྟན་རྡོ་རྗེ་གདན་གྱི་ཕོ་བྲང་དུ༔ རྒྱལ་སྲས་མ་ཎི་ཀྭཏྟ་དང་༔ སྐལ་ལྡན་ལས་ཅན་གྱི་སྐྱེས་བུ་རྣམས་ལ་དགེ་སྡིག་ལ་སོགས་ ཕན་ཡོན་གནད་དང་ཕྲལ་ནས་ངོ་བོ་རྗེན་པར་བཤད༔ {འདིར་སྐལ་ལྡན་རྣམས་ཀྱི་རང་རང་གི་བརྒྱུད་པ་བྲི༔ གྲུབ་ཐོབ་ཀུན་དགའ་བརྒྱ་མཚོ་བྱ་བཏང་ཏྲ་ ཡ་སིང་ཧ་མཚན་ལྡན་གུ་རུ་སིང་ཧ་༝ ས་གསུམ་འདྲེན་བྲལ་མང་ག་ལི་ཨཱ་ཡུ་རྗེ་༝ སང་ག་སེང་ཧ་མཁས་གྲུབ་ཨོ་རྒྱན་བསྟན་འཛིན༔ སྔགས་འཆང་ཨོ་རྒྱན་རིག་འཛིན།

གུ་རུ་རཏྣ་བསྟན་འཛིན། གཏེར་སྟོན་འཇའ་ཚོན་སྙིང་པོ། རིག་འཛིན་བདུད་འདུལ་རྡོ་རྗེ། རྒྱལ་སྲས་ནོར་བུ་ཡོངས་གྲགས་ཞེས་བརྒྱུད་པ་དང་༔} འོ་ན་འཁོར་
[ 584 ]
འདས་ལམ་ཀུན་སྣང་བ་ཇི་སྙེད་ཀྱང་༔ རང་རིག་རྟོག་པས་གདོད་མའི་སྐད་ཅིག་རྫོགས༔ ཀུན་མཁྱེན་ངང་རྟོགས་ཡོན་ཏན་བརྗོད་མི་ལངས༔

རང་རིག་ངང་བརྟེན་གུ་རུ་མཚན་བརྒྱད་མཁྱེནཿ གཞོམ་མེད་རྣམ་དག་བྷུདྡྷ་རང་རིག་དངོས༔ གསེར་འགྱུར་གཡའ་བཞིན་བློ་བུར་དྲི་མས་བསྒྲིབ༔ དེ་ཉིད་དབྱེ་བྱེད་ལམ་བཟང་དམ་པའི་སྲོལ༔ ཐེག་ཀུན་གདམས་ངག་བཅུད་ཀུན་དེང་འདིར་སྤྲོས༔ ཆོས་ནི་བཀའ་རྫོགས་པ་ཆེན་པོ་ཐེག་པ་ ཆེན་པོ་མཐའ་དག་གི་སྙིང་པོའི་བཅུད་ཕྱོགས་གཅིག་ཏུ་བསྡུས་པའི་ཡང་རྩེ༔ ཨ་ཏི་བླ་ན་མེད་པ་ཟབ་གསང་འོད་གསལ་རྡོ་རྗེ་སྙིང་པོའི་ཡང་ བཅུད༔ བྱས་ཆོས་ཀྱིས་མ་བསླད་པའི་བློ་འདས༔ ཡེ་ཤེས་ཀྱི་སྤྱོད་ཡུལ༔ རང་ཤར་རང་བབ་ཁྱབ་བརྡལ་ལྷུག་པར་ཡོངས་སུ་འཇོག་

པའི་གནད་དོན་དུས་གསུམ་རྒྱལ་བ་རྣམས་ཀྱི་དགོངས་བཅུད༔ རིག་འཛིན་འོད་སྐུར་གཤེགས་པ་རྣམས་ཀྱི་ཐུགས་ཐིག༔ ཡེ་ཤེས་ཀྱི་
[ 585 ]
() དྷཱ་ཀི་མ་རྣམས་ཀྱི་སྙིང་ཁྲག༔ ཡེ་ཤེས་དང་ལས་ལས་གྲུབ་པའི་དཔལ་མགོན་དམ་པ་རྣམས་ཀྱི་སྲོག་རྩ༔ རྩོལ་

བྲལ་ཀློང་ཡངས་ཀྱི་གནད་འགག༔ རྒྱུ་དང་འབྲས་བུའི་གཞུང་ལམ་མ་ནོར་བ༔ དབང་པོའི་རིགས་ཐམས་ཅད་གོང་འཕེལ་དུ་ཁྲིད་པ༔ ལམ་གྱི་འཇུག་སྒོ་རྣམས་གཞན་ལ་མ་ལྟོས་པ༔ ཐོས་པ་ཙམ་གྱིས་མ་རིག་པའི་མུན་པ་སངས་པ༔ བསམ་པས་རང་བབ་གནས་ལུགས་ཀྱི་ དགོངས་པ་རྟོགས་པ༔ བསྒོམ་པས་ཆོས་དབྱིངས་ཆེན་པོའི་ཀློང་དུ་ཡེ་ཡིན་ངང་རྫོགས་སུ་གྲོལ་བ༔ བཤད་པས་རང་གཞན་ཐམས་ཅད་ ཀྱི་ཤེས་རབ་འཕེལ་པ༔ ཉན་པས་བློ་གྲོས་གཏིང་གསལ་གྱི་པད་ཚལ་རྒྱས་པ༔ བལྟས་པས་ཉོན་མོངས་པའི་སྡིག་སྒྲིབ་ཟད་པ༔ སྤྱད་པས་

ཐར་ལམ་གྱི་བྱང་ཆུབ་རིན་པོ་ཆེ་རྙེད་པ༔ ཡོན་ཏན་དཔག་ཏུ་མེད་ཅིང་ཚོགས་ཆེན་པོ་རྣམས་ཀྱི་ལེགས་པར་བརྒྱན་པའི་གངས་ཅན་གྱི་མཚོ༔ འོད་
[ 586 ]
གསལ་རྡོ་རྗེ་སྙིང་པོའི་ཁྲིད་ཟབ་མོ་འདི་ཉིད་འཆད་པར་བྱེད་པ་ལ༔ དེ་ནས་མན་ངག་གི་སྒོ་ནས་ཉམས་སུ་ལེན་པ་ནི༔ མན་ངག་གི༔ གང་ཟག་

ཅི་ལྟ་བུའི་ཉམས་སུ་ལེན་པ་དང་༔ ཉམས་སུ་བླངས་བྱའི་མན་ངག་དངོས་སོ༔ () དང་པོ་བྱ་བ་དགུ་ཕྲུགས་སུ་བཏང་ཞིང་དལ་བ་ བརྟེན་པ་ཞིག་གིས་བསྒྲུབ་དགོས་ཏེ༔ ཇི་སྐད་དུ་གསང་རྒྱུད་ལས༔ ལུས་ངག་ཡིད་ཀྱིས་བྱ་བ་དགུ་ཕྲུགས་བཏང་༔ དལ་བ་བརྟེན་ཅིང་དབེན་ པར་བསྒྲུབ༔ ཅེས་གསུངས་པས༔ དེ་ནས་ལུས་ཀྱི་བྱ་བ་གསུམ་ནི༔ དང་པོ་ལུས་ཕྱིའི་བྱ་བ་སོ་ནམ་དང་འཁྲུགས་རྩོད་འཇིག་རྟེན་པའི་ བྱ་བ་ཐ་དག་སྤངས༔ ནང་གི་བྱ་བ་ཕྱག་སྐོར་དང་ཆོས་སྤྱོད་རྣམས་ཀྱི་བྱ་བ་ཐམས་ཅད་བཏང་༔ ལུས་གསང་བའི་བྱ་བ་གླུ་གར་ལ་སོགས་པའི་

བྱ་བ་ཐམས་ཅད་བཏང་༔ མདོར་ན་གྲོགས་མེད་པར་གཅིག་པུར་གནས་པར་བྱའོ༔ དེ་ནས་ངག་གི་བྱ་བ་གསུམ་ནི༔ ངག་ཕྱིའི་བྱ་བ་ཐ་མལ་
[ 587 ]
() པའི་འཁྲུལ་གཏམས་ཐམས་ཅད་སྤང་༔ ངག་ནང་གི་བྱ་བ་རོལ་མོ་དང་མཆོད་བསྟོད་ལ་སོགས་པ་ཐམས་ཅད་སྤངས༔

ངག་གསང་བའི་བྱ་བ་བསྙེན་བསྒྲུབ་བཟླས་བརྗོད་ཀྱི་རིམ་པ་ཐམས་ཅད་སྤངས༔ དཔེར་ན་ལྐུགས་པ་ལྟ་བུར་གནས་པར་བྱའོ༔ དེ་ནས་ཡིད་ཀྱི་བྱ་ བ་གསུམ་ནི༔ ཡིད་ཕྱིའི་བྱ་བ་ཐ་མལ་པའི་འཁྲུལ་རྟོགས་ཐམས་ཅད་སྤངས༔ ཡིད་ནང་གི་བྱ་བ་བསྐྱེད་རིམ་ལྷ་བསྒོམ་པའི་རིམ་པ་ཐམས་ཅད་ སྤངས༔ ཡིད་གསང་བའི་བྱ་བ་རྫོགས་རིམ་སེམས་འཛིན་གྱི་སྐོར་ཐམས་ཅད་སྤངས༔ དེ་ལྟར་དགོས་ཆེད་ཀྱང་གནས་སྐབས་དང་མཐར་ཐུག་ གཉིས་ལས༔ གནས་སྐབས་སུ༔ ལུས་ངག་ཡིད་གསུམ་གྱི་བྱ་བ་བློས་ཐོང་ཞིང་༔ འཁོར་བ་ལ་ཞེན་པ་ལོག་པའི་དགོས་པ་ཡོད་དོ༔

མཐུར་ཐུག་ཀྱང་བླ་མ་ལ་སངས་རྒྱས་དངོས་སུ་མཐོང་ཞིང་ཟག་མེད་ཡེ་ཤེས་རྒྱུད་ལ་སྐྱེ་བའི་དགོས་པ་ཡོད་དོ༔ () གཉིས་པ་ཉམས་སུ་ལེན་
[ 588 ]
པའི་མན་ངག་ལ་གཉིས་ལས༔ མ་སྨིན་པ་སྨིན་པར་བྱེད་པའི་དབང་ལེགས་པར་ཐོབ་ནས༔ སྨིན་པ་གྲོལ་བར་བྱེད་པའི་གདམས་ངག་ནི༔

གཞི་ཁྲེག་ཆོད་དང་ལམ་ཐོད་རྒལ་གཉིས་ལས༔ ཁྲེག་ཆོད་ནི༔ གང་ཤར་ལ་ལྟོས་མེད་ཀྱི་སྟེང་དུ༔ གཉེན་པོའི་བློ་དང་བྲལ་ནས་མ་བཅོས་པར་ འཇོག་པ་དེ་ཡིན་ལ༔ ཐོད་རྒལ་ནི་ལྷུན་གྲུབ་ལུས་ཀྱི་དབྱིངས་ནས་གསང་སྒོ་ཕྱེས་ཏེ༔ ཕྱིའི་དབྱིངས་ནམ་མཁའ་སྟོང་པ་ལ༔ ནང་གི་དབྱིངས་ རང་རིག་རྡོ་རྗེ་ལུ་གུ་རྒྱུད་མངོན་སུམ་དུ་འཆར་བར་བྱེད་པས༔ འདིར་གང་ཟག་གཅིག་གིས་ཉམས་སུ་ལེན་པས་སངས་རྒྱ་བར་བྱེད་པ་ལ༔ དེ་ གཉིས་གཅིག་ཏུ་དྲིལ་ནས་རྩེ་གཅིག་ཏུ་ཉམས་སུ་བླངས་པས༔ བརྩོན་འགྲུས་རབ་རྣམས་ནི་ཟག་བཅས་ཀྱི་ཕུང་པོ་མི་སྣང་བར༔ ཆོས་

དབྱིངས་ཀྱི་འཇའ་སྐུར་གཤེགས་པའི་གདམས་ངག༔ འབྲིང་ཆོས་ཉིད་ཀྱི་བར་དོར་ཆོས་ཉིད་ཀྱི་སྟོབས་སུ་གྱུར་ནས་ལོངས་སྤྱོད་རྫོགས་
[ 589 ]
() སྐུར་སངས་རྒྱས་པའི་གདམས་ངག༔ ཐ་མ་སྤྲུལ་སྐུའི་ཞིང་ཁམས་སུ་དབུགས་དབྱུང་ནས་མངལ་གྱི་གྲོང་ཁྱེར་དུ་མི་འཇུག་པའི་

གདམས་ངག་གོ༔ དང་པོ་ཚེ་འདི་ཉིད་ལ་སངས་རྒྱས་འདོད་པའི་གང་ཟག་གཅིག་ལ་གདམས་ངག་འདེབས་ལུགས་གསུམ་ལས༔ ཁྲིད་ཀྱི་ལུགས་སུ་ གདབ་པ་དང་༔ ཚངས་ཕྲུགས་སུ་གདབ་པ་དང་༔ ངོ་སྤྲོད་ཀྱི་ལུགས་སུ་གདབ་པ་དང་གསུམ་ལས༔ འདིར་ཁྲིད་ཀྱི་ལུགས་སུ་གདབ་པར་བྱ་སྟེ༔ དེ་ཡང་སྔོན་དུ་འགྲོ་བ་དང་༔ དངོས་གཞི་ངོ་སྤྲོད་པ་དང་༔ དེ་རྣལ་འབྱོར་པའི་རྒྱུད་ལ་བརྟེན་པར་བྱེད་པའོ༔ () དེ་ནས་སྔོན་འགྲོ་ལའང་སྐུ་གསུམ་ གྱི་སྣ་འཁྲིད་པར་བྱེད་པ་འབྱུང་བཞིའི་རྣལ་འབྱོར་ལ་བསླབ་ཅིང་༔ རིག་པའི་སྣ་ཁྲིད་པར་བྱེད་པ་འཁོར་འདས་རུ་ཤན་ཕྱི་ནང་གསང་གསུམ་དུ་དབྱེ་བ་དང་༔

སེམས་ཀྱི་སྣ་ཁྲིད་པ་སྒོ་གསུམ་གྱི་སྔོན་འགྲོ་ལ་བསླབ་པ་དང་གསུམ་ལས༔ དང་པོ་ལུས་ཕྱིའི་སྤྱོད་པ་འཁོར་བའི་ཆ་རུ་ཤན་དབྱེ་བར༔ ཅེས་གསུངས་པས༔
[ 590 ]
ཇི་སྐད་དུ་ཐལ་འགྱུར་ལས༔ འཁོར་འདས་རུ་ཤན་མ་ཕྱེས་ན༔ ཁམས་གསུམ་ལུས་ངག་ཡིད་ཀྱིས་ཀྱང་༔ འབྲེལ་པ་ཆོད་པར་མི་འགྱུར་བས༔ འཁོར་

འདས་རུ་ཤན་དབྱེ་བར་བཤད༔ ཅེས་གསུངས་པས༔ འཁོར་བའི་ཆ་རུ་ཤན་དབྱེ་བ་ནི། སེམས་ཅན་གྱི་དོན་དུ་འཁོར་བ་དང་རུ་ཤན་དབྱེ༔ ད་ ཕན་ཆད་ལུས་འདི་འཁོར་བར་མི་འཁྱམས་པའི་སེམས་བསྐྱེད་དང་ལྡན་པའི་ངང་ནས༔ ལུས་གཅེར་བུར་བུད་ལ་འགྲོ་བ་རིགས་དྲུག་སོ་སོའི་སྤྱོད་པ་སྤྱད༔ ངག་ནས་སོ་སོའི་སྒྲ་སྐད་སྣ་ཚོགས་བརྗོད༔ ཡིད་དུ་དེ་དག་རྣམས་ཀྱིས་སྡུག་བསྔལ་ཐམས་ཅད་རང་གི་རྒྱུད་ཐོག་ཏུ་དམིགས༔ འདུས་བྱས་གྱི་དགེ་རྩ་དྲན་ ཚད་བྱེད་པར་བསམ༔ སྐབས་སུ་ངལ་བསོ་ཞིང་ནན་ཏན་དུ་སྦྱངས༔ དྲོད་རྟགས་ནི༔ རང་གི་ལུས་ལ་ཆགས་ཞེན་དང་བཀྲེས་སྐོམ་མེད་སྙམ་འབྱུང་༔

དེ་ལྟར་དགོས་པའི་རྒྱུ་མཚན་ནི༔ ཇི་སྐད་དུ་འདས་རྗེས་ལས༔ ལུས་ཀྱི་སྔོན་འགྲོ་བྱ་བའི་ཕྱིར༔ རིགས་དྲུག་སྤྱོད་པ་སྣ་ཚོགས་སྤྱད༔ ཅེས་གསུངས་
[ 591 ]
() པས༔ སང་ཉི་མ་མ་ཤར་གྱི་བར་དུ་ཉམས་སུ་ལེན་པར་ཞུ༔ () དེ་ནས་མྱང་འདས་ཀྱི་རུ་ཤན་དབྱེ་བ་ནི༔ ཇི་

སྐད་དུ་ཐལ་འགྱུར་ལས༔ རྡོ་རྗེའི་སྐྱིལ་ཀྲུང་ལེགས་བཅས་ཏེ༔ ལུས་སྦྱངས་སེམས་ལ་ཕན་པའོ༔ ཞེས་གསུངས་པས༔ ལུས་ཀྱི་ཆ་བསྲང་ རྐང་མཐིལ་གཉིས་སྤྲད་ཐལ་མོ་སྤྱི་བོར་སྦྱར་ལ༔ འབྱུང་བའི་ཁམས་དང་བསྟུན་པའི་རྡོ་རྗེ་རྩེ་གསུམ་པ་དཀར་དམར་མཐིང་གསུམ་གང་རུང་ཅིག་ལ་སེམས་ གཟུང་ཞིང་ཞག་གསུམ་བར་དུ་སྒོམས་ཤིག༔ དེས་སློང་ཚད་ནི༔ ལུས་ཀྱི་ཤ་རུས་འགྱུར་ཞིང་ན་བ་སོགས་འབྱུང་༔ དྲོད་ཚད་ནི༔ ལུས་ ཁང་རུལ་ཞིག་པ་ལྟ་བུའི་འདར་ཤིགས་ཤིག་པ་དང་༔ འབོལ་ལིང་ལིང་མི་འབྱུང་མི་སྲིད་དོ༔ དགོས་ཆེད་ནི༔ གཉིས་ལས༔ ཐུན་མོང་ནི༔ ཐ་

མལ་པའི་ལུས་ལ་མངོན་ཞེན་མ་འཇུག་པ་དང་༔ བར་ཆད་མི་འབྱུང་ངོ་༔ དེ་གཉིས་ཀྱི་ཐུན་མོང་དུ༔ ལུས་ཀྱི་སྡིག་སྒྲིབ་མ་ལུས་པ་དག་པར་འགྱུར་རོ༔
[ 592 ]
མཆོག་གི་དགོས་པ་ནི༔ ད་ཕན་ཆད་ལུས་མངལ་གྱི་གྲོང་ཁྱེར་དུ་མི་འཇུག་པ་དང་༔ ལུས་སྤྲུལ་པའི་སྐུར་གྲོལ་ནས་སངས་རྒྱས་ཀྱི་སྐུ་དང་གཉིས་

སུ་མེད་པའི་དགོས་པ་ཡོད་པས་དེ་ལྟར་ཉམས་སུ་ལེན་པར་ཞུ༔ () དེ་ནས་ངག་རུ་ཤན་དབྱེ་བ་ལ་འཁོར་འདས་གཉིས་ ལས༔ དང་པོ་འཁོར་བའི་ཆ་ནི༔ ཇི་སྐད་དུ་འདས་རྗེས་ལས༔ ཞི་ཁྲོའི་སྒྲ་དང་འབྱུང་བའི་སྒྲ༔ རྣམ་པ་སྣ་ཚོགས་ཉིད་ལ་བསླབ༔ ཅེས་ གསུངས་པས༔ དེ་ཡང་སེམས་མ་རིག་པ་ལས་གྲུབ་པའི་ལུས་ངག་ཡིད་ཅེས་པའི་སྒྲ་འདི་ལ་བརྟེན་ནས་འཁོར་བར་འཁྱམས་པ་ཡིན་ནོ༔ ད་ནི་སེམས་ཅན་ཐམས་ཅད་སངས་རྒྱས་ཐོབ་པའི་ཆེད་དུ༔ ངག་འཁོར་འདས་རུ་ཤན་ཕྱེས་ནས་འཁོར་བར་མི་འཁྱམས་པར་བྱ་སྙམ་དུ་སེམས་

བསྐྱེད་ལ༔ ངག་ཏུ་ཞི་བའི་གསུང་དབྱངས་དང་ཁྲོ་བོའི་གད་རྒྱང་འབྱུང་བའི་སྒྲ་སྐད་སྣ་ཚོག་དྲན་ཚད་བརྗོད་ལ༔ ངལ་བསོ་ཞིང་ཤེས་པ་མ་
[ 593 ]
() ཡེངས་པར་འཇོག་གོ༔ དྲོད་ཚད་ནི༔ བླ་མའི་གདམས་ངག་ལ་ངེས་ཤེས་ཀྱི་གོ་བ་སྐྱེ་ཞིང་མ་བསླབ་པའི་ཆོས་ཀྱི་ཚིག་དོན་

རྣམས་རང་རྡོལ་དུ་འོང་ངོ་༔ () དེ་ནས་མྱང་འདས་ཀྱི་རུ་ཤན་དབྱེ་བ་ནི༔ ཇི་སྐད་དུ་རྩ་རྒྱུད་ལས༔ ངག་ནི་ཧཱུཾ་ཞེས་གནས་པ་ལས༔ རྒྱས་གདབ་པ་དང་རྩལ་སྦྱོང་ཞིང་༔ གཉེན་བཙལ་ལམ་དུ་གཞུག་པ་ཡིས༔ ངག་སྦྱོང་སེམས་ལ་ཕན་པ་ཡིན༔ ཞེས་གསུངས་པས༔ རྒྱས་གདབ་པ་དང་༔ རྩལ་སྦྱོང་བ་དང་༔ གཉེན་བཙལ་བ་དང་༔ རིག་པ་ལམ་དུ་ཞུགས་པ་དང་བཞི་ལས༔ དང་པོ་ཕྱི་སྣང་བ་ལ་རྒྱས་གདབ་པ་དང་༔ ནང་ཕུང་ཁམས་ལ་རྒྱས་གདབ་པ་གཉིས་ལས༔ དང་པོ་ནི༔ ལུས་སྐྱིལ་ཀྲུང་བཅའ་ཞིང་དར་ཅིག་ཀློད་ལ་ཁ་ཅུང་ཟད་ཙམ་གཙུམ་ཞིང་༔ ངག་ཏུ་ཧཱུཾ་གླུ་

ཧ་ཅང་མི་ཆེ་བ་མི་ཆུང་བ༔ སྙན་ལ་རིང་བ་དི་རི་རི་བླངས་ཤིང་༔ རང་གི་ཁོག་པ་ནས་རྣམ་ཤེས་ཧཱུཾ་གི་རྣམ་པར་ཐོལ་ཐོལ༔ གཅིག་ཐོན་གཉིས་
[ 594 ]
ཐོན་དུ་བྱུང་ནས༔ ཕྱིའི་སྣང་བ་ཐམས་ཅད་ཧཱུྃ་གིས་ཐེམ་མེ་ནེམ་མེར་ཁེངས་པར་བསམ་མོ༔ ཤེས་པ་རླུང་ལ་གཏད་ཅིང་རླུང་གནད་དལ་བར་བྱའོ༔

དྲོད་ཚད་ནི༔ སྣང་སྲིད་ཐམས་ཅད་ཧཱུཾ་གི་ཁེངས་སྙམ་བྱེད་པ་དང་༔ སྣང་བ་བན་བུན་དུ་འབྱུང་ངོ་༔ དགོས་ཆེད་ནི༔ དངོས་གཞི་ཉམས་ལེན་ གྱི་དུས་སུ་ཕྱི་སྣང་བའི་ཡུལ་དུ་རིག་པ་ཞེན་ཆགས་མི་འགྲོ་བའི་དགོས་པ་ཡོད་པས༔ དེ་ལྟར་ཉམས་སུ་ལེན་པར་ཞུ༔ () དེ་ནས་ ནང་ཕུང་ཁམས་ལ་རྒྱས་གདབ་པ་ནི༔ ལུས་གོང་ལྟར་བྱས་ལ༔ ཧཱུྃ་གླུ་གོང་མ་བས་ཅུང་ཟད་ཐུང་བར་བརྗོད༔ ཕྱིའི་ཧཱུཾ་ཐམས་ཅད་དལ་བུའི་ རྔུབ་པ་དང་༔ ནང་དུ་བྱུང་ནས་ཧཱུཾ་གིས་ལྟོ་བ་མེར་མེར་ཁེངས་པར་བསམ་མོ༔ དྲོད་ཚད་ནི༔ ལུས་ཧཱུྃ་གིས་ཁེངས་སྙམ་བྱེད་པ་དང་ལྟོ་བ་འགྲང་

ཏེ་བསྒྲེག་པ་འོང་ངོ་༔ མི་བདེ་བའི་སྙམ་བྱེད༔ འདིའི་དུས་སུ་སོ་ཚགས་དང་མཆུ་བསྡམས་པ་གནད་ཡིན་ནོ༔ དགོས་ཆེད་ནི༔ སྔར་ཕན་ཆད་
[ 595 ]
() སྒྱུ་ལུས་ཀྱི་རིག་པ་འཆིངས་སྒྲོགས་གིས་བཅིངས་པ་ཡིན་གྱི༔ དངོས་གཞི་ཉམས་᫥ལེན་པའི་ཚེ་འཆིངས་སྒྲོག་གི་

བཅིངས་པ་ལས་གྲོལ་བའི་དགོས་པ་ཡོད་པས་དེ་ལྟར་ཉམས་སུ་ལེན་པར་ཞུ༔ () དེ་ནས་རྩལ་སྦྱོང་བ་ལ་གཉིས་ཏེ༔ དང་པོ་ཕྱི་སྣང་ བ་ལ་རྩལ་སྦྱོང་བ་ནི༔ མདུན་དུ་ཤིང་བུའམ་རྡེའུ་གང་འཚམ་ཞིག་འཇུག་ཅིང་༔ ཧཱུཾ་ཞེས་ངར་དང་ལྡན་པར་བརྗོད་ཅིང་༔ རང་རིག་གི་ངོ་བོ་ཧཱུྃ་ མཐིང་ནག་དེས༔ ཕར་ཐལ་ཚུར་ཐལ་ཡར་ཐར་མར་ཐལ་དུ་འབིགས་པར་བསམ༔ དེ་ནས་རང་གི་གནས་ཁང་དང་ནགས་ཚལ་ཤིང་སྡོང་རི་བྲག་ཐམས་ ཅད་ལ་ཐོགས་པ་མེད་པར་བསམ༔ དྲོད་ཚད་ནི༔ སྣང་བ་ཚ་ཟིང་ཟིང་༔ ཁྲལ་ཁྲོལ་བ་དང་འཇའ་ཚོན་ལྟ་བུའི་སྙམ་བྱེད༔ དགོས་ཆད་ནི༔

སྔར་ཕན་ཆད་སྣང་བ་འདི་བདེན་བདེན་རྟག་རྟག་ཏུ་བཟུང་ནས་རང་བཞིན་མེད་པར་མ་ཤེས༔ ཕྱིན་ཆད་ན་སྣང་བ་ལ་རང་བཞན་མེད་པར་འབྱོངས་ཤིང་༔ དངོས་
[ 596 ]
གཞིའི་དུས་སུ་སྣང་བ་ལ་བདེན་ཞེན་མི་སྐྱེ་བའི་དགོས་པ་ཡོད་པར་ཡིན་གྱི༔ དེ་ལྟར་ཉམས་སུ་ལེན་པར་ཞུ༔ () གཉིས་པ་ནང་ཕུང་ཁམས་

ལ་རྩལ་སྦྱོང་བ་ནི༔ ངག་ཏུ་ཧཱུཾ་གླུ་གོང་ལྟར་བླངས་པས༔ རིག་པའི་ངོ་བོ་ཧཱུྃ་མཐིང་དེ་ཁོང་ནས་སྤྱི་གཙུག་ཏུ་ཐོལ་གྱིས་ཐོན༔ སྤྱི་གཙུག་ནས་རྐང་མཐིལ་ དུ་ཐོན་ཅིང་༔ ལུས་ཀྱི་ཕྱི་ནང་ཐམས་ཅད་ཕར་ཐལ་ཚུར་ཐལ་དུ་བྲ་ཚག་ལྟ་བུར་གྱུར་ཅིང་༔ ཀོ་ལེ་མེད་པར་བསམ་མོ༔ དྲོད་ཚད་ནི༔ ལུས་ཀྱི་ཤ་ཁོལ་ ཚེར་འཕར་བ་དང་ཁྲལ་ཁྲོལ་སངས་སིངས་དུ་སོང་ཞིང་༔ རང་བཞིན་མེད་པར་ཉམས་འབྱུང་༔ དགོས་ཆེད་ནི༔ ཕྱིན་ཆད་ལུས་ལ་རང་བཞིན་མེད་པར་ འབྱོངས་ཤིང་༔ དངོས་གཞིའི་དུས་སུ༔ ན་ཚ་སྡུག་བསྔལ་ཅི་བྱུང་ཡང་༔ བདག་འཛིན་གྱི་ཞེན་ཆགས་བློས་ཐིང་ནས༔ ནད་གདོན་གྱིས་མི་

ཚུགས་པའི་དགོས་པ་ཡོད་པ་ཡིན་གྱིས༔ དེ་ལྟར་ཉམས་སུ་ལེན་པར་ཞུ༔ () དེ་ནས་གཉེན་བཙལ་བ་ནི༔ མདུན་དུ་ཤིང་བུའམ་རྡེའུ་
[ 597 ]
() བཙུག་ལ༔ རང་རིག་གི་ངོ་བོ་ཧཱུྃ་མཐིང་དེ་དམིགས་རྟེན་དེ་ལ་ཧྲིལ་གྱིས་དཀྲིས་པར་བསམ་ཞིང་༔ སླར་ཡང་ཧཱུྃ་གླུ་དྲག་ལ་དལ་བར་ལེན་

ཅིང་༔ ཕྱིར་བཀྲོལ་བར་བསམ་ཞིང་བློ་ཀློང་ངེ་དར་ཅིག་ལ་བཞག་གོ༔ ཡང་ཁང་ཁྱིམ་དང་རི་མཐོ་ཤིང་སྡོང་རྣམས་ལ་ཡང་དེ་བཞིན་བྱས་ལ་བཞག་གོ༔ དྲོད་ཚད་ནི༔ ལུས་ངག་ཡིད་གསུམ་སྐྱི་ལིང་ལིང་པ་དང་༔ འཁོར་བ་ལ་ཞེན་པ་ལོག་པ་དང་སྨྲ་བརྗོད་དང་བྲལ་བའི་ཉམས་འབྱུང་༔ དགོས་ ཆེད་ནི༔ སྔར་ཕན་ཆད་རིག་པ་ལ་རང་དབང་མ་ཐོབ༔ ཕྱིན་ཆད་རིག་པ་ལ་རང་དབང་ཐོབ་པས༔ དངོས་གཞིའི་དུས་སུ་རིག་པ་གང་དུ་ཡང་ བསྒྱུར་གཏུག་པའི་དགོས་པ་ཡོད་པས་དེ་ལྟར་ཉམས་སུ་ལེན་པར་ཞུ༔ () དེ་ནས་ལམ་དུ་གཞུག་པ་ནི༔ མདུན་དུ་རི་མོ་སྲིན་མོའི་

འགྲོས་ལྟར་བྲིས་ལ༔ ཧཱུྃ་གླུ་སྔར་བཞིན་བླངས་ཤིང་༔ རང་རིག་ཧཱུྃ་མཐིང་དེ་རི་མོའི་ལམ་དེ་ལ་ཞུགས་ནས་ཕར་སོང་ཞིང་ཚུར་ལོག་པ་
[ 598 ]
ལ་སྦྱོང་བ་དང་༔ ལུང་པའི་རི་སུལ་རྣམས་དང་༔ སྔར་ཕྱིན་པའི་གནས་ཡུལ་རྣམས་དང་༔ ལུང་པ་ནུབ་བྱང་དུ་ཁ་བལྟས་པ་ཤིན་ཏུ་རིང་ཞིང་ཁོག་དོག་

པ་འབབ་ཆུ་དལ་གྱི་འབབ་པའི་བྲག་རོང་ཟབ་ཅིང་ནགས་ཚལ་འཐུག་པའི་ཆུ་འགྲམ་རྣམས་སུ༔ ཁྲུས་ཀྱི་རྫིང་བུ་དང་༔ ལྗོན་ཤིང་དང་༔ ནེའུ་གསེང་ མེ་ཏོག་སྣ་ཚོགས་ཡོད་པ༔ བྱ་རིགས་མང་པོའི་སྐད་ཀྱུ་རུ་རུ་སྒྲོག་པ་རྣམས་སུ༔ གྲོགས་མེད་པར་རང་ཉིད་གཅིག་པུར་སོང་ནས་ཧཱུྃ་གླུ་སྙན་ཏི་རི་རི་ ལེན་པར་བསམ༔ ངལ་བསོ་ལ་གློད་དེ་བཞག༔ དྲོད་ཚད་ནི༔ འཁོར་བའི་ཆ་ལ་ཞེན་པ་དྲག་པོ་གདིང་ནས་ལོག་པ་དང་༔ ཤེས་པ་འབོལ་ལེ་ཤིག་གེ་ བ་འབྱུང་ཞིང་༔ ཆོས་རྣམས་མི་རྟག་པའི་ཏིང་ངེ་འཛིན་རྒྱུད་ལ་སྐྱེ་བར་འབྱུང་ངོ་༔ དགོས་ཆེད་ནི༔ དངོས་གཞིའི་དུས་སུ་རིག་པ་ཚད་ལ་ཕེབ་པའི་དགོས་

པ་ཡོད་པ་ཡིན་གྱིས༔ དེ་ལྟར་ཉམས་སུ་ལེན་པར་ཞུ༔ () དེ་ནས་རྣལ་དུ་ཕབ་པ་ནི༔ ཇི་སྐད་དུ་ཐལ་འགྱུར་ལས༔ འདི་དུས་
[ 599 ]
() ལུས་ངག་ཡིད་གསུམ་གནད༔ རྣལ་འབྱོར་ལྡན་པས་རྣལ་དབབ་བྱ༔ ཞེས་པས༔ དེ་ལྟར་གོང་གི་སྔོན་འགྲོ་རྣམས་ཀྱི་རྩ་

དང་འབྱུང་ཁམས་རྣམས་ཅུང་ཟད་འཁྲུག་པས༔ དེ་ཉིད་ཀྱི་དོན་མི་མཐོང་བས༔ དེ་ཉིད་བསལ་བའི་ཕྱིར༔ རྣལ་ཕབ་ཀྱི་རིམ་པ་ལ་འཇུག་པ་ནི༔ ལུས་བདེ་བའི་གདན་ལ་འགུལ་བསྐྱོད་དང་བྲལ་བར་ལམ་མེར་ལྷོད་ཀྱི་ཀློད་ལ་བཞག་གོ༔ དེ་ལྟར་བཞག་པས་དྲོད་ཚད་ནི༔ ལུས་འགུལ་སྙིང་མི་འདོད་ ཅིང་༔ གཅིག་པུར་གནས་སྙིང་འདོད་པ་འབྱུང་༔ དགོས་ཆེད་ནི༔ ལུས་ཕུང་ཁམས་སྐྱེ་མཆེད་ཀྱི་བྱང་སེམས་རྒྱས་པར་འགྱུར་རོ༔ ཇི་སྐད་དུ་གསུང་ རྒྱུད་ལས༔ ལས་ནི་རྣལ་དུ་ཕབ་པ་ཡིས༔ སྤྲུལ་པའི་སྐུ་རུ་རེག་པར་འགྱུར༔ ཞེས་གསུངས་པས་དེ་ལྟར་ཉམས་སུ་ལེན་པར་ཞུ༔ ()

དེ་ནས་ངག་རྣལ་དུ་ཕབ་པ་ནི༔ ངག་ཅི་ཡང་མི་སྨྲ་བར་གཅིག་པུར་གནས་ཤིང་ཚིག་སྐུགས་པ་ལྟར་དུ་གནས་པར་བྱའོ༔ དེ་ལྟར་བྱས་པས་དྲོད་ཚད་ནི༔
[ 600 ]
ངག་བརྗོད་པ་ཐམས་ཅད་མ་བཅོས་པར་བརྗོད་མེད་ཀྱི་དོན་ལ་གནས་ཤིང་༔ ཚིག་གི་རྟོག་དཔྱོད་ཐམས་ཅད་ཟད་པ་དང་༔ ངག་གི་ཞེན་པ་ཐམས་ཅད་ཡུལ་

ལྡོག་པར་འགྱུར་རོ༔ ཇི་སྐད་དུ་གསུང་རྒྱུད་ལས༔ ངག་ནི་རྣལ་དུ་ཕབ་པ་ཡིས༔ ལོངས་སྤྱོད་རྫོགས་པའི་སྐུ་རུ་འགྱུར༔ ཞེས་གསུངས་པས༔ དེ་ ལྟར་ཉམས་སུ་ལེན་པར་ཞུ༔ དེ་ནས་ཡིད་རྣལ་དུ་ཕབ་པ་ནི༔ སེམས་ཀྱི་འཕྲོ་འདུ་རྣམ་རྟོག་གི་རྒྱུན་ཐག་ཐམས་ཅད་བཅད་ལ་གཡོ་མེད་ཀྱི་ངང་ དུ་བཞག་གོ༔ དེ་ལྟར་བཞག་པས༔ དྲོད་ཚད་ནི༔ སེམས་མི་རྟོག་པའི་དོན་ལ་གོམས་ཤིང་༔ ལྷན་ནེར་གནས་པར་འགྱུར་རོ༔ དགོས་ཆེད་ནི༔ ཇི་སྐད་ དུ་གསང་རྒྱུད་ལས༔ ཡིད་ནི་རྣལ་དུ་ཕབ་པ་ཡིས༔ ཆོས་ཀྱི་སྐུ་རུ་རེག་པར་འགྱུར༔ ཞེས་གསུངས་པས༔ དེ་ལྟར་ཉམས་སུ་ལེན་པར་ཞུ༔

དེ་ནས་དངོས་གཞིའི་ཁྲེགས་ཆོད་ཀྱི་གདམས་པ་གཏན་ལ་ཕེབ་པར་བྱེད་པ་ནི༔ རང་གི་རིག་པ་འདི་ཉིད་ཡེ་ཡིན་ལྷུན་གྱིས་གྲུབ་པས༔ སྐུ་བཞི་ཡེ་ཤེས་ལྔ་ཡི་
[ 601 ]
ངོ་བོར་ཡེ་ནས་བཞུགས་ཀྱང་༔ ཕ་རོལ་ཡུལ་སྣང་ལ་ཨ་འཐས་ཤིང་རང་སེམས་འཁྲུལ་པ་གློ་བུར་གྱི་དྲི་མས་བསྒྲིབ་པས༔ དེ་མ་

མཐོང་བ་ཡིན་གྱིས༔ དེ་མཐོང་བའི་ཐབས་ནི༔ ཡེ་གཞི་གདོད་མའི་གནས་ལུགས་དེ་ཉིད་མ་སྐྱེས་པ་སྐྱེ་བར་བྱེད་པའི་ཐབས་དང་༔ སྐྱེས་པ་དེ་ཉིད་ བརྟན་པར་བྱེད་པའི་ཐབས་དང་༔ བརྟན་པ་དེ་ཉིད་འབྲས་བུ་ཆོས་ཉིད་འུབ་ཆུབ་བློ་ལས་འདས་པས༔ གཞོམ་མེད་བདེ་བ་ཆེན་པོ་འོག་མིན་མཁའ་སྤྱོད་རྡོ་རྗེའི་ དབྱིངས་ཀློང་དུ་སྐྱེལ་ཐབས་རྣམས་སོ༔ དེ་ནས་གདོད་མའི་གཞི་གནས་དེ་རང་རྒྱུད་ལ་སྐྱེ་བའི་ཐབས་ནི༔ ལུས་རྣམ་སྣང་གི་ཆོས་བདུན་དང་ ལྡན་པའི་ངང་ནས༔ རང་གི་སེམས་འདས་པའི་རྗེས་མི་བཅད༔ མ་འོངས་པའི་མདུན་མི་བསུ༔ ད་ལྟའི་ཤེས་པ་ལ་བཟོ་བཅོས་མ་ཞུགས་པར་ལུས་

ངག་ཡིད་གསུམ་ལྷོད་ཀྱིས་གློད་པར་ཞོག་ལ༔ དེ་ལྟར་ཉམས་སུ་ལེན་པར་ཞུ༔ དེ་ཚེ་སེམས་སང་སང་དུ་སྡོད་ཅིང་སྐབས་སུ་ཚབ་ཚུབ་རེས་བསྐྱོད་པའོ༔
[ 602 ]
གཉིས་པ་ལུས་ངག་ཡིད་གསུམ་གོང་བཞིན་ལ༔ མདུན་དུ་ཤིང་བུ་རྡེའུ་གང་རུང་ཞིག་བཞག་ཅིང་༔ སེམས་འཕྲོ་བཞིན་སྤྱི་བོར་ཡི་གེ་ཨོཾ་དཀར་པོ་ལ་ཤེས་

པ་ཡེངས་མེད་དུ་གཏད་ཅིང་དེ་ལྟར་ཉམས་སུ་ལེན་པར་ཞུ༔ དེ་ཚེ་གཡེང་གཡེང་དུ་འཕྲོ་བར་འགྱུར་རོ༔ གསུམ་པ་མགྲིན་པར་ཡི་གེ་ཨཱ༔ དམར་པོ་ལ་སེམས་གཏད་ཅིང་༔ དེ་ལ་ཡེངས་མེད་རྩེ་གཅིག་ཏུ་ཉམས་སུ་ལེན་པར་ཞུ༔ དེ་ཚེ་སེམས་སྐད་ཅིག་ཙམ་ཡང་མི་སྡོད་ཅིང་༔ རི་གཟར་ བློའི་འབབ་ཆུ་ལྟ་བུ་སྐད་ཅིག་ཙམ་ཡང་མི་སྡོད་ཅིང་ཚབ་ཚབ་ཚུབ་ཚུབ་འཕྱོ་བར་འགྱུར་རོ༔ དེ་ལ་གཡོ་བའི་ཉམས་ཟེར་རོ༔ ༔ བཞི་པ་སེམས་ཇི་ལྟར་འཕྲོ་ཡང་ཡེངས་མེད་དུ་སྙིང་ཀར་ཧཱུྃ་སྔོན་ལ་ཤེས་པ་གཏད་ཅིང་༔ སེམས་རྩེ་གཅིག་ཏུ་མ་ཡེངས་པར་དེ་ལྟར་ཉམས་སུ་ལེན་པར་ཞུ༔

དེ་ཚེ་རྣམས་རྟོག་ཤིན་ཏུ་ནས་མང་ཞིང་སེམས་ཤིན་ཏུ་འཕྲོ་བས་བསྒོམ་ཡེ་ནས་མ་འོང་བར་འདུག་སྙམ་པ་འབྱུང་༔ དེ་ནི་སྔར་ཕན་ཆད་བག་ལ་ཉལ་བ་ཐམས་ཅད་
[ 603 ]
མ་ཚོར་ཞིང་༔ ད་ལྟ་བག་ལ་ཉལ་བ་ཐམས་ཅད་ཚོར་ཞིང་ངོས་ཟིན་པས་དེ་ལ་རྐུན་བུ་རྩད་ཆོད་ཀྱི་ཉམས་ཟེར་བ་ཡིན༔ ()

ལྔ་པ་བྱིང་རྨུག་འཐིབ་གསུམ་གྱི་དབང་དུ་མ་སོང་བར་ཐིག་ལེ་དཀར་གསལ་སྲན་མ་ཙམ་ལ་ཤེས་པ་གཏད་ཅིང་༔ སྟོང་གསལ་ནམ་མཁའ་ལྟ་བུའི་ངང་ལ་ བཞག་ཅིང་༔ དེ་ལྟར་ཉམས་སུ་ལེན་པར་ཞུ༔ དེ་ཚེ་སེམས་ཀྱི་འཕྲོ་འདུ་ཉུང་དུ་སོང་༔ ལུས་ཡང་སེང་ངེར་སོང་བའི་ཉམས་བྱེད༔ དེ་ལ་ཐོབ་པའི་ ཉམས་ཟེར༔ དེ་ནས་དྲུག་པ་མིག་ཐད་ཀར་བལྟ་ཞིང་དཔྲལ་བའི་ཐིག་ལེ་ལྗང་གུ་སྲན་མ་ཙམ་ལ་ཤེས་པ་གཏད་ཅིང་ཕྱམ་མེར་ བཞག་ཅིང་ལུས་མ་བསྒྲིམ་པར་དེ་ལྟར་ཉམས་སུ་ལེན་པར་ཞུ༔ དེ་ཚེ་འཕྲོ་རྒོད་ཐམས་ཅད་དལ་བུ་རེ་ཀར་ཀར་འཕྲོ་ཞིང་༔ ཆུའོ་དལ་བུར་འབབ་པ་

ལྟ་བུ་འབྱུང་༔ ལུས་ཡང་ཞིང་སྟོང་ལྷང་ངེ་བ༔ ངག་བརྗོད་མེད་དུ་སང་ངེ་བ༔ ཡིད་བདེ་ཕྲིལ་ལེར་གནས༔ དེ་ལ་འཕྲོ་རྒོད་ཐམས་ཅད་ཞི་བར་གནས་
[ 604 ]
པས་ཞི་གནས་ཟེར༔ བདུན་པ་ཡེ་ཡིན་གྱི་ཏིང་ངེ་འཛིན་རྒྱུད་ལ་སྐྱེས་པ་དེ་ཉིད་བརྟན་པར་བྱེད་པ་ནི༔ ལུས་ངག་ཡིད་

གསུམ་ཐམས་ཅད་ལྷོད་ཀྱིས་གློད་ལ༔ སེམས་སྣ་ཚོགས་འཕྲོ་བྱེད་ཀྱི་མཁན་པོ་དེ་ལ་ཅེར་གྱིས་ལྟ་ཞིང་༔ དེ་ལྟར་ཉམས་སུ་ལེན་པར་ཞུར༔ དེ་ལྟར་ ཉམས་སུ་བླངས་པས་ལུས་བལ་འདབ་ལྟར་དུ་ཡང་ཞིང་༔ ལུས་བདེ་ལྷང་ངེར༔ ངག་ལྷམ་མེར༔ ཡིད་བརྗོད་མེད་དུ་ལྷན་ནེ་གནས་སོང་ནས་རྣམ་ རྟོག་སྐྱེས་ཚད་ཐམས་ཅད་དེར་མཐོང་ཞིང་གནས་ཐོག་ཏུ་འདུག་པ་ཞིག་འོང་༔ གནས་པའི་མདངས་དབང་དུ་མ་སོང་བར་གནས་འགྱུ་བར་འབྱེད༔ དེ་ལ བདེ་གསལ་མི་རྟོག་ཟེར༔ ཞི་གནས་ཅུང་ཞིག་དྭངས་པ་ཡིན༔ བརྒྱད་པ་ཉམས་ཕྲན་བུ་སྐྱེས་པ་དེ་བརྟན་ཅིང་བོགས་ཐོན་པར་བྱེད་པ་ནི༔

གང་ཤར་ཐམས་ཅད་བཟོ་མེད་དུ་འཇོག་ཅིང་༔ དེ་མ་ཡིན་པའི་བསྒོམ་རྩོལ་མེད་པར་ཡེངས་མེད་ཀྱི་ངང་དུ་སྐྱོང་ཞིང་༔ དེ་ལྟར་ཉམས་སུ་ལེན་པར་ཞུ༔
[ 605 ]
རྣམ་རྟོག་གི་འགྱུ་འཕྲོ་ཆད་ཅིང་གནས་འགྱུའི་བར་ལག་འབྱེད༔ དཔེར་ན་མཚོ་ལ་ཉ་མོ་འཕྱོ་བ་འམ༔ རྦ་རླབས་རྒྱ་མཚོ་

ལ་ཐིམ་པ་ལྟ་བུར་གཡོ་འགུལ་མེད་པ་རྒྱུན་དུ་གནས་པ་ཞིག་འབྱུང་གནས་འགྱུ་གཉིས་དབྱེར་མེད་དུ་ངོ་འཕྲོད༔ འདི་ལ་བསྒོམ་པའི་ཉམས་ཟེར༔ དགུ་ པ་དེ་ལ་གཉུག་བསྲིང་ཞིང་བསྒོམ་པས་རྒྱ་མཚོ་རླུང་གིས་མ་བསྐྱོད་པ་ལྟ་བུ་གཡོ་འགུལ་མེད་པ་རྒྱུན་དུ་གནས་པ་ཞིག་འབྱུང་༔ དེ་ལ་བརྟེན་པའི་ཉམས་ཟེར༔ དེ་གཡོ་མེད་བདེ་ཁྱིལ་ལེ་བ་དེ་བསྒོམ་མ་ཡིན་སྟོང་པ་དེ་མདངས་གཤིས་སུ་མ་སོང་བར༔ བརྗོད་མེད་སེང་ངེ་བ་དེ་ལ་བསྒོམ་གྱི་ཐི་ལ་བཅའ་དགོས་པ་ཡིན་ ནོ༔ ཇི་སྐད་དུ་ཕྱོགས་ཀྱི་གླང་པོས༔ རྣམ་རྟོག་མ་རིག་ཆེན་པོ་སྟེ༔ འཁོར་བའི་རྒྱ་མཚོར་ལྟུང་བྱེད་ཡིན༔ རྣམ་རྟོག་དེ་དང་བྲལ་བས་ན༔ ཁྱོད་

ནི་རྟག་ཏུ་མྱ་ངན་འདས༔ ཞེས་གསུངས་པས༔ དེ་ལྟར་ཉམས་སུ་ལེན་པར་ཞུ༔ རྣམ་རྟོག་ཐམས་ཅད་རང་གྲོལ་དུ་དག་ནས་བརྗོད་མེད་དུ་གསལ་
[ 606 ]
ལམ་མེར་གནས་པ་ན༔ རྩེ་གཅིག་ངོ་བོ་མཐོང་༔ དེ་ཚེ་བདེ་གསལ་ལ་ཞེན་འཛིན་གྱི་མཁན་པོ་ལམ་མེ་བ་དེ་ལ་བསྒོམ་གྱི་མཐིལ་བཅའོ༔ བཅུ་

པ་གནས་ཆ་བདེ་གསལ་ལ་མི་ཆགས་འཕྲོ་རྒོད་ལ་སྡང་སེམས་མི་སྐྱེ༔ དྲན་པ་ཧ་ཅང་ཆེད་དུ་ཡང་མི་དགག༔ སྒོ་གསུམ་གྱི་ཡུལ་དུ་རྒྱ་ཡན་དུ་ མི་བཏང་ལ༔ རྟོག་མེད་དུ་བཞག་གོ༔ རྣམ་རྟོག་བསྒོམ་དུ་བསྐྱལ་བའི་སྐྱོན་ནི༔ ཇི་སྐད་དུ་དཀོན་མཆོག་བརྩེགས་པ་ལས༔ རྟོག་པའི་ འཁོར་ལོས་སྲིད་པའི་དགོན་པར་འཁྱམས༔ རྟག་ཏུ་ལས་ངན་ཉོན་མོངས་འདུ་བྱེད་ཅིང་༔ སྡུག་བསྔལ་བརྒྱ་ཕྲག་མང་པོ་སྒྲུབ་པར་བྱེད༔ ཅེས་གསུངས་པས༔ བརྗོད་བྲལ་སྤངས་བླངས་འཛིན་ཞེན་མེད་པའི་ངང་ནས་དེ་ལྟར་ཉམས་སུ་ལེན་པར་ཞུ༔ རྩེ་གཅིག་དངོས་ནི་བདེ་

གསལ་མི་རྟོག་པའི་བདེ་ཉམས༔ ཡུལ་དེ་དང་ཡུལ་ཅན་དངོས་པོ་གང་གི་ཆ་ལ་ཚོར་བར་མི་འཇུག་ཅིང་༔ སྣང་སྟོང་འགོག་པའི་ཉམས་སྒྲིབ་སྒྱུ་མ་ལྟ་བུའི་ངང་ལ་
[ 607 ]
རྩེ་གཅིག་ཏུ་གནས། གསལ་ཉམས་ནི་ཚོགས་དྲུག་མ་འགགས་པར་བདེན་འཛིན་དང་བྲལ་ཞིང་༔ ཕྱི་ནང་ཡུལ་མེད་

གསལ་སྟོང་གོ་མི་འབྱེད་པར་གནས༔ མི་རྟོག་པའི་ཉམས་ནི༔ ཕྱི་ནང་གི་འཆར་སྒོ་ཐམས་ཅད་རྟོག་མེད་ཀྱི་ཤེས་པའི་ངང་དུ་རྩེ་ གཅིག་ཏུ་གནས་སོ༔ ཞི་གནས་བདེ་གསལ་མི་རྟོག་པ་གོལ་ས་ཡིན་ནོ༔ མཉམ་བཞག་ལ་གནས་ཞེན་གཏི་མུག་གི་དྲི་མ་ཡོད༔ སྣང་སྟོང་གི་ཉམས་རྗེས་ ཐོབ་དང་འཁྲུལ་ཞེན་གྱི་དབང་དུ་མ་སོང་བ་གལ་པོ་ཆེའོ༔ བཅུ་གཅིག་པ་ལྷག་མཐོང་གི་ཉམས་བཙལ་བ་ནི༔ དབང་གི་རྒྱལ་པོ་པདྨ་ འབྱུང་གནས་ཀྱི་ཞལ་ནས༔ རྗེས་ཤེས་མ་ཟད་བར་དག་ཏུ༔ ལུས་གནད་དག་དང་བྲལ་མི་བྱ༔ ཞེས་གསུངས་པས༔ ལུས་གནད་དང་ལྡན་པས་

ངག་སྨྲ་བསམ་བརྗོད་མེད་ཀྱི་ངང་ནས༔ ཡིད་མ་བཅོས་པར་རྣམ་རྟོག་སྔ་ཕྱིའི་རྗེས་སུ་མི་འབྲང་བར་ད་ལྟའི་ཤེས་པ་གང་ཤར་གྱི་ངོ་བོ་དེ་ལ་བཟོ་བཅོས་མ་བྱེད་
[ 608 ]
པར་ཁོ་རང་དེ་ཀའི་སྟེང་དུ་ཞོག༔ ཇི་སྐད་དུ་བང་མཛད་ལས༔ ཆུ་མ་རྙོགས་ན་དངས༔ སེམས་མ་བཅོས་ན་གསལ༔ ཞེས་གསུངས་པས༔

དེ་ལྟར་ཉམས་སུ་ལེན་པར་ཞུ༔ དེ་ཚེ་གསལ་རིག་སྟོང་གསུམ་དབྱེར་མི་ཕྱེད་པ་ཅིག་འཆར་བའི་ཚེ༔ ཕཊ༔ དྲག་པོ་བརྗོད་ལ་བཟང་ངན་གྱི་རྟོག་པ་ཅི་ཤར་ ཡང་༔ གཟོ་གཏད་དང་བྲལ་བར་རང་ཐོག་ཏུ་བཞག་པས༔ འགྱུ་མཁན་ཁོ་རང་གི་ངོ་བོ་རྗེན་ནེ་བར་བསྒོམས་གསལ་ན་གསལ་མཁན་ཁོ་རང་གི་ངོ་བོ་གསལ་ སྟོང་དུ་ས་ལེ་བ་དེ་བསྒོམ༔ སྟོང་ན་སྟོང་མཁན་ཁོ་རང་གི་ངོ་བོ་སེང་ངེ་བ་བསྒོམ༔ ཉམས་ཞེན་གྱི་བདེ་གསལ་མི་རྟོག་པའི་མདངས་དབང་དུ་མ་སོང་བར༔ མཉམ་ཉིད་ངོ་བོ་བློ་ཡུལ་དུ་ཧྲིག་ཧྲིག་ཤར་བ་དེ་ཆོས་སྐུ་ཡིན༔ རང་རིག་རང་གསལ་དུ་ས་ལེ་སིང་ངེར་གསལ་བ་དེ་ལོངས་སྐུ་ཡིན༔ བརྗོད་མེད་རིག་པ་ཟང་ཐལ་

རྗེན་ཧྲིག་ཧྲིག་ཏུ་ཤར་བ་དེ་ཐུགས་རྗེ་སྤྲུལ་པའི་སྐུ་ཡིན་རུང་༔ འདི་ལ་ཞེན་ན་ཡུལ་ཞེན་གྱི་དྲི་མ་ཡིན༔ དོན་ལ་སྔར་མ་མཐོང་བའི་རིག་པ་རྗེན་པར་ལྷག་གིས་མཐོང་
[ 609 ]
བས་ལྷག་མཐོང་ཟེར་བ་ཡིན༔ ཇི་སྐད་དུ་ཀློང་གསལ་ལས༔ ངོ་བོ་སྟོང་པ་ཆོས་ཀྱི་སྐུ༔ རྣམ་པ་གསལ་བ་ལོངས་སྤྱོད་རྫོགས༔

འགགས་མེད་ཤར་བ་སྤྲུལ་པའི་སྐུ༔ ཞེས་གསུངས་སོ༔ བཅུ་གཉིས་པ་དེ་ལས་ཡར་སྤར་ནས་ཞི་ལྷག་ཟུང་འཇུག་ཏུ་བསྒོམ་པ་ནི༔ ཤེས་རིག་གི་ངོ་བོ་ལྷག་གེ་བ་དེ་ཉོན་མོངས་པའི་རྟོག་པས་མ་བསླད་པར༔ ཕྱི་ཡི་སྣང་ཡུལ་ལ་དེར་འཛིན་མེད་པ་ཆུ་ཟླ་ལྟ་བུ༔ ནང་སེམས་ལ་འཛིན་མེད་ཁྱབ་ གདལ་ལྟ་བུའི་ངང་ནས༔ ཟབ་ཞི་སྤྲོས་མཐའ་དང་བྲལ་བའི་ངང་ནས་བདུད་རྩི་བཏུང་བ་ལྟ་བུའི་ཉམས་མྱོང་ཁོང་ནས་འཆར་ཏེ༔ ཇི་སྐད་དུ་མངོན་རྟོགས་རྒྱན་ལས༔ ཚུར་རོལ་ཕ་རོལ་མཐའ་ལ་མིན༔ དེ་དག་བར་ལ་མི་གནས་པ༔ དུས་རྣམས་མཉམ་པ་ཉིད་ཤེས་ཕྱིར༔ ཤེས་རབ་ཕ་རོལ་ཕྱིན་པར་འདོད༔ ཅེས་གསུངས་

པས༔ སྲིད་པའི་རྒྱ་མཚོ་ཆེན་པོ་ལས་བརྒལ་ཏེ་རང་བཞིན་རྫོགས་པ་ཆེན་པོའི་དགོངས་ཀློང་མངོན་དུ་གྱུར་པའི་ལམ་སྣེ་ཕྲན་བུར་མཐོང་བ་ཡིན་ཏེ༔ དེ་ཚེ་ཧྲིག་གེ་བ་
[ 610 ]
དེ་མ་ཡིན་པར་ཉམས་གསུམ་ལ་ཞེན་ན༔ དོན་ལ་བདེ་ཉམས་ནི༔ ཡུལ་ཅན་དངོས་པོ་དང་བཅས་པའི་ཚོར་བ་ལ་མི་འཇུག་པར༔ སྣང་སྟོང་བརྗོད་མེད་སྒྱུ་

མ་ལྟ་བུའི་ཉམས་ཀྱི་མདངས་དབང་དུ་གནས་པ་ནི་འགོག་པའི་བདེན་པ་སྟེ༔ འདོད་ཁམས་ཀྱི་གོལ་ས་ཡིན༔ གསལ་བ་ནི༔ ཚོགས་དྲུག་གི་ཡུལ་དུ་མ་ འགགས་པར་བདེན་འཛིན་དང་བྲལ་བ་ཕྱི་ནང་ཡུལ་མེད་གོ་མ་འགགས་པར་གནས་པའི་གསལ་མདངས་ལ་འཛིན་ཞེན་དུ་སོང་ན་གཟུགས་ཁམས་སུ་གོལ༔ མི་རྟོག་པ་ནི༔ ཕྱི་ནང་གི་འཆར་སྒོ་ཐམས་ཅད་རྟོག་མེད་ཀྱི་ཤེས་པའི་ངང་དུ་དྲིལ་ཏེ་བརྗོད་མེད་ཀྱི་ངང་དུ་རྩེ་གཅིག་ཏུ་གནས་པའི་ཚེ༔ བློས་བྱས་ཀྱི་འདི་ ཡིན་འདི་མིན་གྱི་དེར་འཛིན་ཞུགས་ན་གཟུགས་མེད་ཀྱི་ཁམས་སུ་གོལ་བས༔ དེ་ཚེ་གསལ་ཧྲིག་རྗེན་ཧྲིག་གེ་བ་དེ་མ་ཡེངས་པར་བསྒོམ་རྩོལ་བ་དང་བྲལ་

བར་ཉམས་སུ་ལེན་པར་ཞུ༔ སྐབས་སུ་ཕྱག་རྒྱ་ཆེན་པོའི་ཁྲེགས་ཆོད་ཡང་དག་ལ༔ ས་ལམ་བསྒྲོད་པ་རྨོངས་ཤིང་གཞན་ཞིག་ན་མེད་དེ༔ མདོ་རྒྱུད་མན་
[ 611 ]
དག་ཐམས་ཅད་ཀྱི་ས་ལམ་གྱི་དགོངས་དོན་རང་རིག་ཐོལ་སྐྱེས་ཀྱི་ཤེས་པ་སྐད་ཅིག་མ་འདི་ལ་རྫོགས་པ་ཡིན་གྱི༔ བཅོས་མེད་

ཀྱི་ཤེས་པ་བཟོ་གཏད་དང་བྲལ་བ་འདི་ལས་ལྷག་པ་སྟེ༔ ཚོགས་བརྒྱད་ཀྱི་སྣང་བ་རང་གྲོལ་དུ་ལྷུག་པ་ལས་བཟོ་མ་བཙེས་པ༔ གཉིས་འཛིན་ཐེར་ ཟུག་པ་ས་ལམ་གྱིས་མ་བསླད་ཅིང་༔ སྒྲོ་མ་བཏགས་ཤིང་སྤངས་བླངས་དགག་བསྒྲུབ་གང་ཡང་མེད་པ་ཡེ་རེ་བ་ལས༔ ཆད་ལྟ་ཡུག་འབྱམས་མཐའ་ བརྒྱད་རང་གྲོལ༔ གང་ཤར་བཟོ་མེད་ཟང་ཐལ་ཚིག་གི་བརྗོད་པ་དང་བྲལ་བས་བློས་བསྒོམ་ཟད་པ༔ གང་ཤར་རང་སྣང་ཐམས་ཅད་བསྒོམ་གྱི་རང་ བཞིན་ལས་མཉམ་རྗེས་ཐམས་ཅད་དབྱེ་མཁན་དང་བྲལ་བ་འདི་ལ༔ ཐུན་མོང་ལྟར་དུ་ས་ལམ་དང་སྦྱར་ན༔ སེམས་ཀྱི་རང་བཞིན་དུ་འཛིན་པས་མ་

བཅིངས་ཤིང་ཀུན་ཏུ་མི་གཡོ་བ་ནི༔ ཚོགས་ལམ་ཆུང་ངུ་ཡིན༔ མཉམ་བཞག་ལ་འཛིན་པ་མེད་པས་རྗེས་ཐོབ་ཀྱི་ཡོན་ཏན་ཐམས་ཅད་གྲོགས་སུ་
[ 612 ]
འཆར་བ་ནི་ཚོགས་ལམ་འབྲིང་པོ་ཡིན༔ མཉམ་རྗེས་ཐམས་ཅད་དབྱེར་མེད་དུ་རྟོགས་ནས༔ འཁོར་འདས་གང་ལའང་སྤངས་བླངས་མེད་པ་ནི་ཚོགས་ལམ་

ཆེན་པོའོ༔ བྱང་ཆུབ་ཀྱི་ཆོས་སོ་བདུན་དང་སྦྱར་ན༔ གང་ཤར་རང་ངོ་ཤེས་ཤིང་འགྲོ་འོང་གི་དྲན་པ་ཐམས་ཅད་རྦད་ཀྱི་བཅད་པ་ནི༔ ཚོར་བ་དྲན་པ་ཉེ་བར་ བཞག་པ་ཡིན༔ ལུས་གཤེད་མ་བརྒྱས་བསྐོར་ཀྱང་༔ འགུལ་སྤྱོད་དང་བྲལ་བ་ཆོས་བདུན་གྱི་ངང་དུ་གནས་པ་ནི༔ ལུས་དྲན་པ་ཉེ་བར་བཞག་པ་ཡིན་སེམས་ མ་བཅོས་པར་རང་མལ་དུ་རྩེ་གཅིག་ཏུ་གནས་པ་ནི༔ ཆོས་དྲན་པ་ཉེ་བར་བཞག་པ་ཡིན༔ རྟོག་མེད་ཀྱི་ཏིང་ངེ་འཛིན་ལ་ངེས་ཤེས་ཐོབ་སྟེ་གཡོ་མེད་དུ་གནས་པ་ ནི༔ སེམས་དྲན་པ་ཉེ་བར་བཞག་པ་ཡིན༔ འབྲིང་དུ་ཡང་དག་པར་སྤངས་པ་བཞི་ནི༔ རང་སེམས་བློ་བྲལ་ཆེན་པོར་རྟོག་མེད་དུ་གནས་ཤིང་༔ དགེ་

བའི་ཆོས་མ་སྐྱེས་པ་སྐྱེས་པར་བྱེད་པས་ན་ཡང་དག་པའོ༔ དེ་ལ་ཡེངས་པ་མེད་པར་འཁོར་འདས་ཆོས་ཐམས་ཅད་རང་བཞིན་ཡོངས་སུ་དག་པས་ན་ཡང་
[ 613 ]
དག་པའོ༔ སྐྱེས་པ་དེ་གོ་མ་ལོག་པར་གོང་ནས་གོང་དུ་འཕེལ་བར་བྱེད་པས་ན་ཡང་དག་པའོ༔ རྣམ་རྟོག་གཟུང་འཛིན་གྱི་བག་

ཆགས་ཐམས་ཅད་མ་མཆིས་པས༔ མི་དགེ་བའི་ཆོས་ཐམས་ཅད་མི་དམིགས་པར་བྱེད་པས་ན༔ ཡང་དག་པར་སྤོང་བར་བྱེད་པ་ཞེས་བྱའོ༔ ཆེན་ པོར་རྫུ་འཕྲུལ་གྱི་རྐང་པ་བཞི་ནི༔ ཞི་གནས་ཀྱི་ཏིང་ངེ་འཛིན་རྒྱ་མཚོ་ཆེན་པོའི་ཆུ་བོ་དངས་ཤིང་མི་གཡོ་བ་ནི༔ འདུན་པའི་རྫུ་འཕྲུལ་གྱི་རྐང་པ་ཡིན༔ རང་མདངས་ཡུལ་སྣང་ཐམས་ཅད་སྒྱུ་མ་དང་ཆུ་ཟླ་ལྟ་བུར་རྟོགས་པས༔ ལྷག་མཐོང་རྣམ་པར་མི་རྟོག་པའི་ཡེ་ཤེས་ལ་གནས་པ་ནི་སྤྱོད་པའི་རྫུ་འཕྲུལ་གྱི་རྐང་ པ་ཡིན༔ དེའི་རང་གཤིས་ཡེ་གདོད་མ་ནས་སྐྱེ་འགག་གནས་གསུམ་གྱི་མཐའ་དང་བྲལ་སྟེ་རང་བྱུང་ལྷུན་གྱིས་གྲུབ་པ་ནི༔ སེམས་ཀྱི་རྫུ་འཕྲུལ་གྱི་རྐང་

པ་ཡིན༔ བསྒོམ་བྱ་བསྒོམ་བྱེད་ཡུལ་རྐྱེན་གྱི་མཚན་མ་མེད་པར་རྟོགས་པ་ནི༔ ཤེས་རབ་ཀྱི་རྫུ་འཕྲུལ་གྱི་རྐང་པ་ཡང་དག་པའོ༔ དེ་
[ 614 ]
ནས་བཅུ་གསུམ་པ་སྤྲོས་བྲལ་དུ་ཡར་ལ་སྦར་བ་ནི༔ ཇི་སྐད་དུ་སློབ་དཔོན་ཧཱུཾ་ཆེན་ཀ་རའི་ཞལ་ནས༔ ཁྲེགས་ཆོད་སྟོང་ཉིད་རྣམ་དག་བསྒོམ་པ་ལ༔

བསྒོམ་ཞེས་བསྒོམ་རྒྱུ་ཅི་ཡང་མེད་མོད་ཀྱི༔ ཐ་མལ་ཤེས་པ་འདི་རང་ཅི་བདེར་ཞོག༔ བཞག་པས་མི་སྡོད་ཕྱོགས་བཅུར་འཕྲོ་གྱུར་ན༔ དེ་ཡང་ རང་སོར་ཀློད་ཀྱིས་གློད་ལ་ཞོག༔ ཅེས་གསུངས་པས༔ རྣམ་རྟོག་ཇི་ལྟར་འཕྲོ་ཡང་དགའ་སྡུག་སྤངས་བླངས་གཟའ་གཏད་དང་བྲལ་བར་སྐྱོང་༔ དཔེར་ན་རྒྱ་མཚོ་ལ་རླབས་ཇི་ལྟར་ཤར་ཡང་༔ རྒྱ་མཚོ་ཉིད་ཀྱང་རླབས༔ རླབས་ཉིད་ཀྱང་རྒྱ་མཚོ་ཡིན་པར་ཀུན་གྱིས་གོ་མོད༔ དཔེ་དེ་བཞིན་དུ་སེམས་ སྟོང་ཉིད་དུ་གནས་པའི་དུས་ནའང་བསྒོམ་ཡིན༔ མི་གནས་ཤིང་སྣ་ཚོགས་སུ་འཕྲོ་ཡང་བསྒོམ་ཡིན༔ འགྲོ་འོང་གནས་ཆ་ཐམས་ཅད་བསྒོམ་ཡིན་རུང་༔

འདི་ལ་རང་བབ་ཏུ་འཇོག་པ་མ་གཏོགས་ཅི་ཡང་བྱ་རྒྱུ་མེད་པས་ཇི་སྐད་དུ་སློབ་དཔོན་ཆེན་པོ་པྲ་ཧ་ཏིའི་ཞལ་ནས༔ སྟོང་ཉིད་རང་ངོ་ཤེས་པའི་རྣལ་འབྱོར་པ༔
[ 615 ]
ཅི་ལྟར་བྱས་ཀྱང་བསྒོམ་པའི་ཀློང་༔ རྫོགས་ཆེན་འབྲས་བུ་གཞི་ལ་རྫོགས༔ ཞེས་གསུངས་པས༔ དེ་ལྟར་ཉམས་སུ་ལེན་

པར་ཞུ༔ འདི་དུས་གསལ་སྟོང་ནམ་མཁའི་དཀྱིལ་ལྟ་བུའི་ཉམས་སྐྱེ༔ རྣམ་རྟོག་རགས་པ་མ་གཏོགས་རྐུན་བུ་མི་ཚོར༔ དེ་ཚེ་ སྟོང་གསལ་དུ་གནས་པའི་སེམས་དག་བྱ་ཡིན་པས་བསྒོམ་དུ་མི་འདོད༔ སྣ་ཚོགས་སུ་འཕྲོ་ཡང་དྲན་པའི་ངོ་བོ་ཏུར་ཏུར་བ་དེ་རིག་པ་ཡིན་པས་བསྒོམ་གྱི་ ཐིག་དེ་ལ་བཅའ་དགོས༔ སྟོང་གསལ་བདེ་ལྷང་ངེ་བ་དེ་ལ་བསྒོམ་གྱི་ཐིལ་མི་བཅའ་ཞིང་༔ དེའི་མདངས་ཡེ་རེ་བ་ཆུ་ནང་གི་ཟླ་བ་ལྟ་བུར་སྤྲོས་མཐའ་ ཐམས་ཅད་དང་བྲལ་བ་དེ་ལ་བསྒོམ་གྱི་ཐིལ་བཅས་པས༔ བདེ་བ་ལ་ཆགས་པའི་འདོད་ཁམས་ཀྱི་གོལ་ས་ཆོད༔ ཚོགས་དྲུག་གི་ཡུལ་དུ་སྒྱུ་མ་ལྟ་བུར་

སྤྲོས་མཐའ་དང་བྲལ་ཞིང་༔ སེང་ངེ་བ་དེ་ལ་བསྒོམ་གྱི་ཐིལ་བྱས་ནས༔ གཟུགས་ཁམས་ཀྱི་གོལ་ས་ཆོད༔ གོལ་ས་ནི་སྟོང་གསལ་བདེ་ལྷང་ངེ་བ་དེ་
[ 616 ]
བསྒོམ་པའི་ཐིལ་བྱས་ན༔ བསམ་གཏན་དང་པོའི་གོལ་ས་ཡིན༔ འགྱུ་རྟོག་གསལ་ལམ་པ་དེ་ལ་བསྒོམ་གྱི་ཐིལ་བྱས་ན༔ བསམ་གཏན་གཉིས་

པའི་གོལ་ས་ཡིན༔ བདེ་བ་ཞེན་མེད་ཙམ་གྱི་གོལ་ས་མི་ཆོད་པས༔ བསམ་གཏན་གསུམ་པར་གོལ༔ སྟོང་པ་ཅི་ཡང་མ་གྲུབ་པའི་གཤིས་ལ་བཞག་ པས༔ བསམ་གཏན་བཞི་པར་གོལ༔ སྟོང་ཉིད་དབྱེར་མེད་དུ་བསྒོམ་པས་གོལ་ས་ཆོད་སྙམས་ན་ག་ནས་ཆོད་པས༔ ནམ་མཁའ་མཐའ་ ཡས་ནི་གཟུགས་ཅིར་ཡང་མ་གྲུབ་པ༔ བསྒོམ་པ་མངོན་དུ་གྱུར་ཀྱང་༔ འཁོར་བའི་ཆོས་ལས་མ་འདས་སོ༔ དེང་སོང་གི་བསྒོམ་ཆེན་ཐམས་ཅད་འདི་ ན་ཐུགས་བཞུགས་སྤྲོ་ལ་ཆེ་འདུག༔ དེ་ནི་དྲི་མ་དང་བཅས་པའི་བློས་བསྒོམ་པ་ཞེས་བྱ་སྟེ༔ དཔེར་ན་ཀེང་རུས་བསྒོམ་པས་ལུས་ཀེང་རུས་སུ་འཆར་

བ་དང་༔ སྔོན་ཡངས་པ་ཅན་དུ་རྒན་མོས་སྟག་བསྒོམ་པས་མངོན་དུ་གྱུར་ནས༔ གྲོང་ཁྱེར་ཐམས་ཅད་སྟོང་པས་འབྲས་བུ་དེ་བཞིན་ནོ༔ འདི་གོང་གི་
[ 617 ]
བསྒོམ་པ་མནོར་བར་མངོན་དུ་གྱུར་ན༔ ཉོན་མོངས་པ་ཤས་ཆེ་ཤོས་ཡེ་ཤེས་དང་སྦྱོར་ནུས་པས་ན་སྦྱོར་ལམ་སྟེ༔ རང་སེམས་

གསལ་སྟོང་དུ་ཤེས་ཤིང་མི་གཡོ་བའི་ངང་ནས༔ སྣང་སྲིད་ཀུན་དེའི་རང་བཞིན་ལས་མ་གཡོས་པས་རྟོགས་པ་ནི་དྲོད༔ ཀུན་བརྟགས་ཀྱི་རྟོག་པ་ཐམས་ ཅད་དང་བྲལ་ཞིང་རང་བཞིན་གྱིས་ཉེ་བར་ཞི་སྟེ༔ ཡེ་ནས་འཁོར་འདས་རང་སར་དག་ཅིང་མཚན་མ་མེད་པའི་ངོ་བོ་མཐོང་བ་ནི་རྩེ་མོ་ཡིན་ལ༔ དབང་པོ་ ལྔ་ནི༔ གནས་ལུགས་ཀྱི་དོན་ལ་ངེས་ཤེས་ཡང་དག་པར་སྐྱེ་བ་ནི་དད་པའི་དབང་པོ་ཡིན༔ དེ་ལ་སེམས་འཛིན་མཚན་མ་མེད་པར་ཡང་དག་པར་གནས་ པ་ནི༔ དྲན་པའི་དབང་པོ་ཡིན༔ དེ་ལ་རང་བཞིན་ལྷན་ཅིག་སྐྱེས་པས་ཆོས་སྐུའི་དགོངས་པར་མི་གཡོ་བར་རྒྱུན་མི་ཆད་པར་གནས་པ་ནི༔ ཏིང་

ངེ་འཛིན་གྱི་དབང་པོ་ཡིན༔ དེ་ལ་གསལ་བཞག་འགྲོ་འོང་ཐམས་ཅད་དང་བྲལ་བ་ཆུ་བོའི་རྒྱུན་ལྟར་གནས་པ་ནི༔ བརྩོན་འགྲུས་ཀྱི་དབང་པོ་ཡིན༔
[ 618 ]
དེའི་རང་བཞིན་བཟོ་བཅོས་ཐམས་ཅད་དང་བྲལ་བ་ཐ་མལ་གྱི་ཤེས་པ་ཐག་ཆོད་པ་ནི༔ ཤེས་རབ་ཀྱི་དབང་པོ་ཡིན༔ དེ་

ནས་བཅུ་བཞི་པ་དེའི་རང་ངོ་ལ་བལྟ་བ་ནི༔ འདི་དུས་རིག་པ་འཕྲོ་འདུ་མེད་པར་སྟོང་སེང་ངེར་གནས་པའི་དུས་ན༔ གནས་ཆའི་མི་རྟོག་པ་དེ་བསྒོམ་ དུ་བཞེད་པ་མ་ཡིན༔ འདིའི་དུས་སུ་རང་རིག་ཧྲིག་གེ་སེང་ངེ་བའི་གསལ་མདངས་ཀྱི་རིག་པ་རྗེན་པ་དེ་མ་ཡེངས་པར་སྐྱོང་དགོས་པ་ཡིན༔ རིག་པ་ ཡུལ་དུ་ཆར་ཆར་དུ་འཆར་དུས༔ རྣམ་རྟོག་གང་ཤར་ལ་བལྟ་བ་དེ་བསྒོམ་དུ་འདོད་པ་མ་ཡིན༔ ཇི་སྐད་དུ་པདྨ་བཛྲར་གྱི་ཞལ་ནས༔ རྟག་ཏུ་རྣམ་པར་ རྟོག་པ་བསྒོམ་བྱེད་པ༔ དེ་ནི་བདེ་མེད་འཁོར་བའི་རྒྱུ༔ ཞེས་གསུངས་པས༔ འདི་དུས་ཀྱི་རིག་པ་གསལ་རྗེན་རྗེན་བ་དེ་ཡེངས་མེད་དུ་སྐྱོང་ངོ་༔ བསྒོམ་

ཐིལ་གྱི་གནད་འདི་མ་གོ་ནས༔ གནས་པ་དང་འགྱུ་བ་གཉིས་རེས་མོས་བལྟ་ཞིང་༔ བསྒོམ་གྱི་ངོ་བོར་འདོད་པ་ནི༔ འཁྲུལ་པའི་རྒྱུ་ཁོ་ནའོ༔ དཔེར་
[ 619 ]
() ན་སེམས་གནས་པ་ཙམ་ནི༔ བསམ་གཏན་གྱི་ལྷ་དང་འདྲ་ལ༔ འཕྲོ་བ་ཙམ་གྱིས་ཐ་མལ་གྱི་རྟོག་པ་དང་འདྲ་བས༔ འདི་ལ་ལོ་

བརྒྱ་བསྒོམ་པས་ཀྱང་སངས་རྒྱས་ཐོབ་རེ་ན་ར་ཀན༔ ཨུ་རྒྱན་ཀློང་ཆེན་པས་བཞེད་དོ᫷༔ འདི་དུས་གོང་གི་རིག་པ་རྗེན་པ་ཟང་ཐལ་ཤེས་སྒོང་འདྲ་བ་དེ་ཀློང་ དུ་མ་གྱུར་གྱི་རིང་ལ་སྐྱོང་ངོ་༔ དེ་ལ་གོམས་པས་དེ་དང་མི་འདྲ་བར་འགྱུར་རོ༔ ཁྲེགས་ཆོད་ཀྱི་དོན་ཡང་དག་པ་རིག་པ་རྗེན་པར་ཟང་ཐལ་ས་ལེར་ཕུད་པ་ གནད་ཡིན་གྱི༔ ཇི་སྐད་དུ་ཡི་གེ་མེད་པ་ལས༔᫷ སེམས་འཛིན་ལྟ་བསྒོམ་མེད་ན་ཆོས་སྐུ་ཡིན༔ ལྟ་བའི་རྩལ་གསུམ་རྫོགས་ན་སྣང་བ་ཆོས་སྐུའི་ཀློང་༔ ཞེས་གསུངས་པས༔ དེ་ལྟར་ཉམས་སུ་ལེན་པར་ཞུ༔ () འདི་ལ་སྟོང་ཟིལ་ཆེ་བས་སྟོང་པ་ཉིད་ཡིན་སྙམ་ཞིང་བསྒོམ་པས་ཕུབ་

མའི་ཆུ་ལྟ་བུར་སྟོང་ཉིད་ངོ་མི་ཤེས་ཤིང་སྟོང་ཉིད་རྒྱས་འདེབས་སུ་ཤོར་ནས་ཡུལ་ཐམས་ཅད་སྟོང་ཉིད་དུ་གོལ༔ ལྷག་མཐོང་ཡུལ་སྣང་གི་དྲི་མ་དག་
[ 620 ]
པས་ཡུལ་སྣང་སོ་སོར་འཛིན་པས་གོལ༔ སྟོང་པ་ཉིད་ཀྱིས་སྟོང་ཉིད་གོལ་ཞིང་᫷༔ ཡོད་མིན་མེད་མིན་གྱི་ཏིང་ངེ་འཛིན་ནི་མི་རྟོག་པའི་གོལ་ས་ཡིན་པས༔

ཉམས་ལེན་མི་འོང་བས་སྤྲོས་བྲལ་དངོས་མ་ཡིན་ནོ༔ ཇི་སྐད་དུ་ཡུམ་བར་མ་ལས༔ རྟོག་པ་དང་བཅས་ཤིང་དཔྱོད་པ་དང་བཅས་པ་ནི་བསམ་གཏན་ དང་པོའོ༔ རྟོག་པ་མེད་ལ་དཔྱོད་པ་ཙམ་དང་བཅས་པ་ནི་བསམ་གཏན་གཉིས་པའོ༔ རྟོག་པའང་མེད་པ་དཔྱོད་པ་ཡང་མེད་པ་ཡིད་ལ་བྱེད་པ་ནི་བསམ་ གཏན་གསུམ་པའོ༔ དགའ་བ་སྡུད་པ་ཡིད་ལ་བྱེད་པ་ནི་བསམ་གཏན་བཞི་པའོ༔ ཞེས་གསུངས་སོ༔᫷ ནམ་མཁའ་ལྟ་བུར་དག་པར་སེམས་པ་ནི་ནམ་ མཁའ་མཐའ་ཡས་ཀྱི་སྐྱེ་མཆེད་ཡིན༔ སེམས་ཉིད་སྤྲོས་པ་མེད་པ་ནི་རྣམས་ཤེས་མཐའ་ཡས་ཀྱི་སྐྱེ་མཆེད༔ དེ་ལས་སྤྲོས་པ་དང་བྲལ་བར་ཅི་ཡང་

མེད་པར་སེམས་པ་ནི་ཅི་ཡང་མེད་པའི་སྐྱེ་མཆེད༔ དེ་ལ་ཡོད་མེད་སྤྲོས་པ་ཀུན་དང་བྲལ་བར་སེམས་པ་ནི༔ ཡོད་མིན་མེད་མིན་གྱི་སྐྱེ་མཆེད༔
[ 621 ]
() མདོར་ན་མི་རྟོག་པའི་གཤིས་ནམ་མཁའ་ལྟ་བུར༔ ཧུར་རེ་བ་ལས་སྤྲོས་པ་དང་བྲལ་བ་ནི༔ གཟུགས་མེད་དུ་སྐྱེ་བའི་གོལ་ས་

ཆོད༔ སྤྲོས་བཅས་ཀྱི་ཤེས་སྒྲིབ་ཐམས་ཅད་དག་ནས་རིག་པ་ལྷུན་གྲུབ་ཏུ་ཧུར་རེ་ཟང་ཐལ་ལེ་བ་དེ་སྐྱོམ་མེད་དུ་བཞེད་དོ༔ ཇི་སྐད་དུ་འཇམ་དཔལ་ མཚན་བརྗོད་ལས᫷༔ རྣམ་པར་རྟོག་མེད་ལྷུན་གྱིས་གྲུབ༔ ཅེས་གསུངས་སོ༔ འདི་ལ་སྣང་སྲིད་ཐམས་ཅད་རོ་གཅིག་པར་རྟོགས་ཤིང་᫷༔ ཅིར་སྣང་ ཐམས་ཅད་ཆོས་ཉིད་དུ་ཆར་བ་ནི་བཟོད་པ༔ དེ་ལ་མི་གཡོ་ཞིང་འགྱུར་བ་མེད་པ་ནི་ཆོས་མཆོག་ཡིན༔ དེ་ལྟར་མ་ཡིན་པར་འདིའི་སྐབས་སུ་སྟོང་ཉིད་ གཅིག་པུས་གོ་ཆོད༔ ཡོད་མིན་མེད་མིན་གྱི་ཆོས་གཏམ་བབ་ཆོལ་དུ་སྨྲ་བ་ནི། མུ་སྟེགས་པ་རྣམས་ཀྱིས་དེ་ལྟར་སྨྲ་བ་ཡིན་མོད༔ ཇི་སྐད་དུ་རིག་

འཛིན་ཆེན་པོ་པདྨ་འབྱུང་གནས་ཀྱི་ཞལ་ནས༔ མེད་དགག་སྟོང་གསུམ་མུ་སྟེགས་ལྟ་བ་ཡིས༔ འགྲོ་འོང་སྟོང་ཉིད་གཤིས་ཤོར་དེ་བཞིན་ནོ༔ ཞེས་
[ 622 ]
གསུངས་སོ༔ དེ་ལྟར་ཡིན་ན་ཞང་ཞུང་གི་བོན་པོ་རྣམས་ཀྱང་༔ ཕྱི་ནང་སྟོང་པ་ཉིད་དང་སྣང་ལ་རང་བཞིན་མེད་པ་དང་᫷༔ གསལ་ལ་འཛིན་པ་མེད་པ་

དང་᫷༔ བདེ་ལ་རྟོག་པ་མེད་པ་དང་༔᫷ གཤིས་ཅིར་ཡང་མ་གྲུབ་པ༔ མདངས་འགག་མེད་དུ་སྣང་བ་སོགས་ཆོས་སྐད་འཆལ་འཆོལ་དུ་སྨྲ་འདུག་པས་ བློའི་འཇུག་ཚུལ་གནད་གཅིག་པ་དང་༔᫷ ཆོས་དང་མུ་སྟེགས་བོན་རྣམས་ལ་ཁྱད་ཅུང་ཟད་མེད་པར་གོ་བའོ༔ དེ་ལྟར་ཡིན་ན་དེ་དག་རྣམས་ཀྱང་ལམ་ དངོས་གཞི་ལྟ་བ་རྣམ་དག་ཡིན་ཅིང་᫷༔ ཐར་པ་ཁྱད་པར་ཅན་འགྲུབ་པར་འགྱུར་རོ༔ དེ་ལྟར་མི་བཞེད་པས༔ ཇི་སྐད་དུ༔ མགོན་པོ་ཀླུ་སྒྲུབ་སྙིང་པོའི་ ཞལ་ནས༔ ཚུལ་ཁྲིམས་ཀྱིས་ནི་ཉམས་སླ་ཡི᫷༔ ལྟ་ལས་ཅིས་ཀྱང་མ་ཡིན་ནོ༔ ཚུལ་ཁྲིམས་ཀྱིས་ནི་བདེ་སྒོ་ཉིད༔ ལྟ་བས་གོ་འཕང་མཆོག་

འགྱུར་རོ༔ ཞེས་གསུངས་པས༔ ལྟ་བའི་གནད་འགག་མ་ཁྲོལ་བའི་ཉེས་སྐྱོན་རྣམས༔ ཚུལ་ཁྲིམས་ངན་པ་ཚར་གཅོད་ཀྱི་མདོ་ལ་གཟིགས་དང་༔
[ 623 ]
() གང་ཟག་གི་ལྟ་བ་བཟང་ངན་རྣམས་དེར་གསལ་མོད༔ དེས་སངས་གི་གང་ཟག་འགའ་ཞིག་གིས་ཤེས་པ་ཅི་ཡང་ཡིད་ལ་

མི་བྱེད་པར་བཟོ་མེད་དུ་འཇོག་པས་སོ་མ་དང་᫷༔ མ་བཅོས་པ་དང་༔᫷ ལྷུག་པ་དང་᫷༔ སྤྲོས་བྲལ་དང་ཕྱག་རྒྱ་ཆེན་པོ་བཞེད་པ་རྣམས༔ ཏིང་ངེ་ འཛིན་དང་འདུ་ཤེས་ཡོད་མིན་མེད་མིན་གྱི་ཁྱད་པར་མི་འབྱེད་ཅིང་ཆོས་གཏམ་འུར་ལྡིར་དུ་སྒྲོགས་ཤིང་᫷༔ ཐུགས་དམ་རྩེ་གཅིག་དྲིལ་ནས་མངོན་དུ་གྱུར་ ཀྱང་᫷༔ འདི་དག་གི་འབྲས་བུ་ལེགས་པ་རྣམས་ལྷ་ཚེ་རིང་པོར་བསྐལ་ཆེན་བརྒྱད་ཁྲིར་མི་འཆི་བའི་ལྷར་སྐྱེ་བ་ཙམ་ཡིན་ནོ༔ དིང་སོང་གི་གང་ཟག་ འགའ་ཞིག་གིས་འདི་ཙམ་རྟོགས་པ་ཡང་ཤིན་ཏུ་ནས་ཉུང་᫷༔ འདིའི་དོན་ཡང་དག་རྟོགས་ཚུལ་ནི༔ དེ་ཡང་རྣམ་པར་རྟོག་པ་དག་པས་སྤྲོས་བྲལ་

དུ་བཞེད་པ་ནི༔ ངོ་བོ་ཆོས་དབྱིངས་ནམ་མཁའ་ལྟ་བུ་སྟོང་ཞིང་རང་བཞིན་ལྷུན་གྱིས་གྲུབ་པས་འབད་རྩོལ་དང་བྲལ་ལ༔ གཉིས་འཛིན་སྤྲོས་བྲལ་
[ 624 ]
གྱི་ཡེ་ཤེས་སྨྲ་བསམ་བརྗོད་མེད་ཀྱི་ཡུལ་ལས་འདས་པ་འདི་ལ༔ སངས་རྒྱས་སྟོང་འབྱོན་ཀྱང་ལྟ་བ་བསྒྱུར་དུ་མི་གཏུག༔ མུ་སྟེགས་སྟོང་གིས་བརྒལ་

ཀྱང་ཀླེན་ཀ་མི་ཚགས་སོ༔ ཇི་སྐད་དུ་ཕར་ཕྱིན་ལས༔ སྨྲ་བསམ་བརྗོད་མེད་ཤེས་རབ་ཕ་རོལ་ཕྱིན༔ ཞེས་གསུངས་སོ༔ འཇུག་པ་ལས༔ ཐ་དང་དུ་མིན་དོན་གཅིག་མིན༔ ཞེས་གསུངས་སོ༔ ཕྱི་ནང་གི་སྣང་ཡུལ་ལ་དེར་འཛིན་མ་ཞུགས་པའི་ངོས་ནས༔ བློས་བྱས་མ་ཡིན་པར་ སྟོང་སྙིང་རྗེ་ཆེན་པོར་ཟུང་དུ་འཇུག་པའི་ཁྱབ་གདལ་ཆེན་པོར་དེ་ཡིན་གྱི༔ འདིའི་གནད་གོ་བ་ཤིན་ཏུ་གལ་པོ་ཆེ་བས་དེ་ལྟར་ཉམས་སུ་ལོན་པར་ ཞུ༔ བསྒོམ་གྱི་གནད་མཐིལ་གོལ་ཤོར་གྱི་ས་མཚམ་རྣམས་ཡེ་ནས་ཏིལ་འབྲུ་ཙམ་ཡང་མ་གོ་བའི་སྟོང་ཉིད་ཀྱི་ཧ་སྒྲ་སྒྲོགས་པ་ནི༔ ངན་འགྲོའི་ས་

བོན་ཁོ་ནའོ༔ མདོར་ན་རྩེ་གཅིག་ལ་སྣང་སྟོང་གིས་ཉམས་དང་རྗེན་ཐོབ་འཁྲུལ་པ་ཁོ་ན་ཡིན༔ སྤྲོས་བྲལ་ལ་གསལ་སྟོང་གི་ཉམས་དང་᫷༔ རྗེས་
[ 625 ]
() ཐོབ་སྒྱུ་མ་དང་རྨི་ལམ་ལྟ་བུར་གཤིས་ཤོར་གྱི་དྲི་མ་ཁོ་ནའོ༔᫷ འདིར་ཡང་དག་གི་དོན་སྟོབས་ལྔ་དང་སྦྱར་ན༔ གནས་

ལུགས་ཀྱི་དོན་ལ་རང་ངོ་རང་གིས་ཤེས་ཤིང་འཁོར་འདས་ཀྱི་བློས་མ་རེག་ཅིང་᫷༔ སྣང་སྲིད་དག་པ་རབ་འབྱམས་སུ་ཤར་བ་ནི᫷༔ དད་པའི་སྟོབས་ ཡིན༔ དེ་ཉིད་ལས་འགྱུར་བ་མེད་པར་རོ་གཅིག་ཏུ་རྟོགས་པ་ནི༔ དྲན་པའི་སྟོབས་ཡིན༔ ང་བདག་གི་སྤྲོས་མཐའ་དང་བྲལ་ཞིང་ལྷུན་གྱིས་གྲུབ་ པ་ནི་ཏིང་ངེ་འཛིན་གྱི་སྟོབས་ཡིན༔ དེ་ལ་རེས་འཇོག་དང་འཕོ་འགྱུར་མེད་པ་ནི༔ བརྩོན་འགྲུས་ཀྱི་སྟོབས་ཡིན༔ རང་བྱུང་གི་རྟོགས་པ་ཡེ་ཤེས་སུ་ ངོ་ཤེས་པ་ནི༔ ཤེས་རབ་ཀྱི་སྟོབས་ཡིན༔ སྣང་གྲགས་ཐམས་ཅད་སྒྱུ་མ་རྨི་ལམ་ལྟ་བུར་རྟོགས་ཤིང་᫷༔ རང་རིག་རྗེན་ནེར་མཐོང་བས༔ བུམ་པའི་

དབང་ཡིན༔ སྟོང་ཉིད་སྙིང་རྗེ་ཆེན་པོར་ཡ་མ་བྲལ་བར་གདལ་བ་ནི་དགའ་བའི་ཡེ་ཤེས་ཡིན༔ སྣང་ཡུལ་དེར་འཛིན་ཕྲ་མོ་ཙམ་ཡང་མེད་ངོས་
[ 626 ]
ནས༔ རང་རིག་སྟོང་གསལ་གྱི་རིག་པ་རྗེན་ཐལ་ལེ་བ་དེའི་ངང་ལས་གཉིས་བསྡུས་ཀྱི་ཆོས་ཐམས་ཅད་རང་རིག་ལྷུན་གྲུབ་ཏུ་སྒྱུ་མ་ལྟ་བུར་རྟོགས་པས༔

དེ་མ་ཡིན་པའི་ཆོས་འགའ་མེད་པས༔ སྒྱུ་མ་ལྟ་བུའི་ཏིང་ངེ་འཛིན་ཞེས་བྱ་བ་ཡིན་གྱི༔ ཇི་སྐད་དུ༔ རིག་འཛིན་ནཱ་ག་རྫུ་ནའི་ཞལ་ནས᫷༔ རྟེན་ཅིང་ འབྲེལ་འབྱུང་མ་གཏོགས་པའི༔ ཆོས་འགའ་ཡོད་པ་མ་ཡིན་ནོ᫷༔ དེ་བཞིན་སྟོང་ཉིད་མ་གཏོགས་པའི༔ ཆོས་འགའ་ཡོད་པ་མ་ཡིན་ནོ༔ ཞེས་གསུངས་པ་དང་༔ མདོ་ལས༔ ཆོས་རྣམས་རྟེན་ཅིང་འབྲེལ་ལས་འབྱུང་༔᫷ ཐེར་ཟུག་མ་ཡིན་རྐྱེན་ལས་བྱུང་᫷༔ མ་སྐྱེས་པ་ ཡི་དོན་བསྒོམ་པ༔ དེ་ནི་ཏིང་ངེ་འཛིན་ཞེས་བྱ༔ ཞེས་གསུངས་སོ༔ () བཅོ་ལྔ་པ་རོ་གཅིག་ཏུ་སྤར་བ་ནི༔ སྤྲོས་

བྲལ་གྱི་ལམ་སྟེགས་སུ་རྩེ་གཅིག་དང་᫷༔ རོ་གཅིག་གི་ལམ་སྟེགས་སུ་སྤྲོས་བྲལ་བཤད་པ་ཡིན་རུང་᫷༔ མཐར་ཐུག་ཡང་དག་གི་ལམ་ནི་མ་
[ 627 ]
() ཡིན་ནོ༔ ཅི་ཕྱིར་སེམས་དང་རྣམ་རྟོག་དང་༔᫷ བག་ཆགས་དང་᫷༔ ཀུན་གཞིའི་དྲི་མ་ཆ་ཤས་དང་བཅས་པ་མ་དག་པས᫷༔

མཉམ་བཞག་ལ་གནས་ཞེན་གྱི་དྲི་མ᫷༔ རྩེ་གཅིག་ལ་གཏི་མུག་གི་དྲི་མ᫷༔ ལྷག་མཐོང་ལ་ཡུལ་ཞེན་གྱི་དྲི་མ᫷༔ དེ་རྣམས་རིམ་བཞིན་དག་དགོས་པའི་ ཕྱིར༔᫷ ཇི་སྐད་དུ᫷༔ སྤྲུལ་པའི་སྐུ་དགའ་རབ་རྡོ་རྗེ་དེ་ཉིད་ཀྱི་ཞལ་ནས᫷༔ ཡིན་པ་གྲུབ་པ་མེད་པའི་རིག་པ་འདི༔᫷ རང་སྣང་འཆར་ཚུལ་ཅིར་ཡང་ མ་འགགས་པས༔᫷ སྣང་སྲིད་ཐམས་ཅད་ཆོས་སྐུའི་ཞིང་དུ་ཤར༔᫷ ཤར་བ་དེ་ཉིད་རང་གི་ཐོག་ཏུ་གྲོལ᫷༔ ཞེས་གསུངས་པས᫷༔ ངོ་རང་ཐོག་ཏུ་ སྤྲད༔᫷ ཐག་གཅིག་ཏུ་བཅད᫷༔ གདིང་གྲོལ་ཐོག་ཏུ་བཅའ་དགོས་པས᫷༔ ད་ལྟའི་ཤེས་པ་སྣང་ཡུལ་དུ་འགྲོ་འོང་གི་རྒྱས་མ་བཅིངས་པར་རང་ཡན་ཏུ་

ལྷུག་པར་འཇོག་པར་ཞུ᫷༔ དེ་ཚེ་རང་སེམས་ཀྱི་ངོ་བོ་སྟོང་གསལ་བསྒྲུབ་ཏུ་མེད་པར་སྣང་ཡུལ་ལ་སྣ་ཚོགས་སུ་ཤིན་ཏུ་ཕྲ་བ་མཐོང་བར་དཀའ་བས᫷༔
[ 628 ]
ལྷུན་གྱིས་གྲུབ་པའི་ངང་དུ་བཞག་པ་གལ་ཆེའོ༔᫷ སྣང་སྟོང་དབྱེར་མི་ཕྱེད་པའི་ཉམས་འཁྲུངས᫷༔ དེ་ལ་ངེས་ཤེས་ཡོད་པས་སྟོང་ཉམས་ཡེ་ཤེས་ཀྱི་དྲི་

མ་ཡིན༔᫷ དེ་ལ་གོམས་པས་རྩོལ་མེད་ཀྱི་རང་རིག་ཐལ་ཐལ་བ་དེ᫷༔ རང་ངོ་མཐོང་བས་མཐོང་བའི་ལམ་ཡིན᫷༔ མཉམ་བཞག་རིག་སྟོང་གི་ཉམས་ ཡིན༔᫷ རྗེས་ཐོབ་འོད་གསལ་དང་རྗེས་སྣང་གིས་སྤྲུལ་སྐུར་དགའ་བྲོད་དང་བཅས་ནས་མཐོང་བས༔᫷ ས་དང་པོ་རབ་ཏུ་དགའ་བ་ཡིན་རུང་᫷༔ སེར་ སྣའི་སྒྲིབ་པ་ཡོད᫷༔ () བཅུ་དྲུག་ཟང་ཐལ་རྗེན་པ་དེ་ལ་འཛིན་པ་མེད་པར་སྐྱོང་བས༔ མཉམ་རྗེས་དབྱེར་མེད་དུ་འདྲེས་རུང་᫷༔ དེ་ འདྲེས་པས་ངེས་ཤེས་ཀྱི་དགའ་བློ་ཡོད᫷༔ དེ་ལ་གོང་གི་ཟང་ཐལ་དེ་གོམས་པས༔᫷ ངེས་སྒྲིབ་ཆ་ཕྲ་དག༔᫷ སྣང་སེམས་དབྱེར་མེད་དུ་གྱུ᫷ར༔ ས་

གཉིས་པ་ཡིན་རུང་༔᫷ འདྲེས་བྱ་འདྲེས་བྱེད་དམ་ཁྲིམ་འཆལ་གྱི་སྒྲིབ་པ་ཡོད༔᫷ () བཅུ་བདུན་པ་རང་གྲོལ་ངང་དུ་ཤིགས་སེར་བཞག་
[ 629 ]
() པས᫷༔ རང་རིག་ཟང་ཐལ་རྗེན་པ་དེ་ལ་འཁོར་འདས་ཀྱི་ཆོས་ཐམས་ཅད་རོ་གཅིག་པར་རྟོགས་པས་རོ་གཅིག་ཅེས་སོ᫷༔ འདི་ས་

གསུམ་པ་ཡིན་རུང་᫷༔ མ་རིག་པ་ཁོང་ཁྲོའི་སྒྲིབ་པ་ཡོད᫷༔ དེ་ཙམ་ཉམས་སུ་ལེན་པར་ཞུ᫷༔ () བཅོ་བརྒྱད་པ་ད་དུང་ཡིད་སྒྲིབ་ ཡོད་པས་གང་གོམས་པ་དེ་དང་མ་བྲལ་བར་སྐྱོང་བས᫷༔ བསྒོམ་དེ་དང་མ་བྲལ་བ་མེད་རུང་᫷༔ ཤིན་ཏུ་ཆ་ཕྲ་མ་རིག་པའི་དྲི་མ་ཡོད་པས᫷༔ ཟང་ ཐལ་རྗེན་པ་དེ་རྒྱང་སོའི་འཛིན་ཕུར་དང་མ་བྲལ་བར་སྐྱོང་ཞིང་᫷༔ རིག་པ་ཤེལ་སྒོང་གཡའ་བྲལ་ལྟ་བུར་བརྟེན᫷༔ ས་བཞི་པ་ཡིན་རུང་᫷༔ འདིར་ལེ་ལོའི་ སྒྲུབ་པ་ཡོད᫷༔ () བཅུ་དགུ་པ་རྩོལ་མེད་ཤུགས་འབྱུང་བརྩོན་འགྲུས་དྲག་པོས་སྐྱོང་བས᫷༔ སྤྲོས་བྲལ་གྱི་སྐབས་སུ་ངོ་བོའི་ཆ་

སྟོང་པ་དེ᫷༔ འདིར་རོ་གཅིག་གི་དུས་སུ་ཆོས་ཀྱི་སྐུར་ཤར་ཞིང་᫷༔ རྟོགས་པའི་མདངས་འགག་མེད་དེ་ལོངས་སྤྱོད་རྫོགས་པའི་སྐུར་ཤར᫷༔ དེ་ཉིད་
[ 630 ]
ཀྱི་ངོ་བོ་ཀུན་ཁྱབ་ཏུ་ཕྱམ་མེ་བ་དེ་སྤྲུལ་པའི་སྐུར་ཤར᫷༔ སྤྲོས་བྲལ་གྱི་གསལ་སྟོང་དབྱེར་མེད་གསུམ་དང་སྐུ་གསུམ་དབྱེར་མེད་གཅིག་ཏུ་ཤར་བས་ན᫷༔ རོ་

གཅིག་ཅེས་སོ᫷༔ འཁོར་འདས་དབྱེར་མེད་དུ་དག་ཅིང་མི་ཟད་པ་རྒྱན་གྱི་འཁོར་ལོའི་ཏིང་ངེ་འཛིན་ལས᫷༔ སེམས་དང་བག་ཆགས་རྣམས་སངས་ཤིང་ རིག་པ་རྗེན་པ་ལས་གཞན་གཡོ་བ་མེད་པས༔ རོ་གཅིག་དུ་མའམ᫷༔ དུ་མ་རོ་གཅིག་ཏུ་བཞེད་དོ᫷༔ ཇི་སྐད་དུ་ཡེ་ཤེས་ནམ་མཁའ་དང་མཉམ་པའི་ རྒྱུད་ལས᫷༔ དུས་གསུམ་སངས་རྒྱས་སེམས་དང་བྲལ༔ རང་བྱུང་སྙིང་པོ་ཆོས་ཀྱི་སྐུ᫷༔ སེམས་ལས་མ་བྱུང་སངས་རྒྱས་ཡིན᫷༔ ཞེས་གསུངས་ པས᫷༔ འདིར་རང་བྱུང་ཀ་དག་གི་གཞི་དེ་བླ་མས་ངོ་སྤྲད་པའི་རིག་པ་གཉིས་དབྱེར་མེད་དུ་རྟོགས་པས་རོ་གཅིག᫷༔ དྲི་མ་དང་བཅས་པའི་དུས་ན་གཞི᫷༔

དྲི་མ་དེ་སྦྱངས་པའི་དུས་ན་ལམ᫷༔ དྲི་མ་ཐ་དག་དང་བྲལ་བའི་དུས་ན༔ འབྲས་བུ་རོ་གཅིག་པར་བཞེད་དོ᫷༔ དོན་འདི་ལ་མ་གོ་ན᫷༔ གཟུང་འཛིན་གྱི་
[ 631 ]
() རྣམ་རྟོག་མེད་ཀྱང་བསྒོམ་བྱེད་ཀྱི་ཞེན་པ་ཡོད་ན་གོལ᫷༔ གོང་བཞིན་སྟོང་བཏགས་འགྲོ་གསུམ་ལ་བསྒོམ་བྱས་ན᫷༔ བསམ་

གཏན་བཞི་པ་འཇིག་རྟེན་པའི་བསམ་གཏན་རྣམས་སུ་གོལ᫷༔ འདིར་ཡང་དག་པའི་ས་ལྔ་པ་ཡིན་རུང་᫷༔ རྣམ་པར་གཡེངས་པའི་སྒྲིབ་པ་ཡོད་ དོ᫷༔ དེ་ནས་ཡང་དག་ཏུ་རྟོགས་པས་བྱང་ཆུབ་ཀྱི་ཡན་ལག་བདུན་ནི᫷༔ སེམས་སྤྲོས་པ་མེད་པས་རང་རིག་ཟང་ཐལ་གྱི་ཏིང་ངེ་འཛིན་ཡང་དག་པ་དེ་ནི᫷ བྱང་ཆུབ་ཀྱི་ཡན་ལག་དང་པོ་ཡིན༔ རྟོག་མེད་དུ་རང་བཞིན་གྱི་འོད་གསལ་བ་དེ༔ དགའ་བ་ཡང་དག་པ་བྱང་ཆུབ་ཀྱི་ཡན་ལག་གཉིས་པ་ཡིན᫷༔ མདོ་རྒྱུད་མན་ངག་ཐམས་ཅད་ཀྱི་དགོངས་དོན་རང་རིག་གི་ངོ་བོར་རྟོགས་པ་ནི᫷༔ ཡང་དག་པ་བྱང་ཆུབ་ཀྱི་ཡན་ལག་གསུམ་པ་ཡིན᫷༔ འཁོར་འདས་

སམ་བཟང་ངན་གྱི་སྤངས་བླང་དང་བྲལ་བ་ནི᫷༔ བརྩོན་འགྲུས་ཡང་དག་པ་བྱང་ཆུབ་ཀྱི་ཡན་ལག་བཞི་པ་ཡིན᫷༔ དེ་ཁོ་ནའི་ངང་ནས་ས་ལམ་དང་འཁོར་
[ 632 ]
འདས་ཀྱི་སྤུ་རིས་འབྱེད་པ་ནི᫷༔ ཡང་དག་པ་བྱང་ཆུབ་ཀྱི་ཡན་ལག་ལྔ་པ་ཡིན᫷༔ བཟང་ངན་ནམ་ཕྱོགས་ལྷུང་གཟུང་འཛིན་གྱི་ཞེན་ཆགས་དང་བྲལ་བ་

ནི᫷༔ བཏང་སྙོམས་ཡང་དག་པ་བྱང་ཆུབ་ཀྱི་ཡན་ལག་དྲུག་པ་ཡིན᫷༔ དེ་ལས་འཕོ་འགྱུར་མེད་པ་ཀ་དག་གི་ངོ་བོ་ཧུར་རེ་བ་དེ་ནི᫷༔ དྲན་པ་ཡང་ དག་བྱང་ཆུབ་ཀྱི་ཡན་ལག་བདུན་པ་ཡིན་ནོ᫷༔ ཡང་དག་པའི་དྲན་པ་སྣང་སྟོང་ཟུང་དུ་འཇུག་ཅིང་རང་རིག་ཀ་དག་དེ་ལས་འཕོ་འགྱུར་མེད་པ་ནི᫷༔ ཤེས་རབ་ཡེ་ཤེས་ཀྱི་དབང་རྫོགས་པ་ཡིན᫷༔ རང་རིག་ཆོས་དབྱིངས་ཡེ་ཤེས་ལྔ་ཡི་ཟག་མེད་བདེ་བ་ཆེ་ལ་ལོངས་སྤྱོད་པ་ནི᫷༔ དགའ་བྲལ་གྱི་ཡེ་ཤེས་ ཡང་དག་པའོ᫷༔ ཏིང་ངེ་འཛིན་དང་སྦྱར་ན᫷༔ རང་བྱུང་ལྷུན་གྲུབ་ཀྱི་རིག་པ་བཟོ་གཏད་དང་བྲལ་བ་ཧུར་རེ་བ་དེ་ལས་མ་གཡོས་ཤིང་᫷༔ ཉོན་མོངས་

པ་ཐམས་ཅད་རང་དབྱིངས་སུ་འཛོམས་པའི་དཔའ་བོ་ལྟ་བུ་དང་འདྲ་བས་ན᫷༔ དཔའ་བར་འགྲོ་བའི་ཏིང་ངེ་འཛིན་ཡིན་ལ᫷༔ ཇི་སྐད་དུ᫷༔
[ 633 ]
() ཏིང་འཛིན་རྒྱལ་པོའི་མདོ་ལས᫷༔ སེམས་ཅན་ཐམས་ཅད་སེམས་གཅིག་སྟེ༔ འོད་གསལ་སྐྱེ་བ་མེད་པའི་དོན᫷༔ ཉོན་མོངས་འཇོམས་

པའི་དཔའ་བོ་སྟེ᫷༔ དེ་ཕྱིར་ཏིང་ངེ་འཛིན་ཞེས་བྱ᫷༔ ཞེས་གསུངས་པས་དེ་ལྟར་ཉམས་སུ་ལེན་པར་ཞུ᫷༔ () ཉི་ཤུ་པ་འུབ་ཆུབ་བློ་ འདས་ཆེན་པོར་བསྐྱལ་བ་ནི᫷༔ ཡེ་རྫོགས་ཆེན་པོའི་རིག་པ་མངོན་སུམ་རྗེན་པར་ཉམས་སུ་ལེན་དགོས་པས᫷༔ མདོར་ན་ཚོགས་དྲུག་གི་ཡུལ་དུ་ཕར་ འཆར་རམ་རང་བབ་དུ་ཤེས་པ་ནང་དུ་གནས་རུང་᫷༔ རང་རིག་རང་གསལ་རྗེན་པ་གསལ་རིག་ཏུ་ཧུ་རེ་བ᫷༔ ངན་རྟོག་ཏུ་ཤར་ཡང་རང་སང་དུ་རྗེན་སང་ངེ་བ᫷ བཟང་རྟོག་ཏུ་ཤར་ཡང་མཐའ་གྲོལ་དུ་ཧྲིག་གེ་ཧུ་རེ་བ་རང་བབ་ཏུ་གནས་ཀྱང་ཧ་རེ་བ་ཡུལ་གྱི་རྒྱར་འཛིན་པས་མ་བསླད་པ᫷༔ སྤངས་ལེན་མ་འཇུག་

པར་སལ་ལེ་སིང་ངེ་ཧྲིག་གེ་ཧུར་རེ་བའི་རིག་པ་ཟང་ཐལ་ཆོས་སྐུར་ངོས་བཟུང་ཞིང་᫷༔ རང་རིག་རང་བྱུང་གི་ཡེ་ཤེས᫷༔ ཡིན་ལུགས་ཆོས་སྐུ་རང་མལ་གྱི᫷་
[ 634 ]
རང་ངོ་ཤེས་པས་དབྱིངས་རིག་མ་བུ་འདྲེས᫷༔ དོན་ལ་རང་གནས་ཆོས་ཟད་ཀྱི་དགོངས་པ་ངོས་ཟིན᫷༔ ས་དྲུག་པ་ཐོབ་རུང་ཤེས་རབ་འཆལ་བའི་སྒྲིབ་པ་

ཡོང་᫷༔ འཁོར་བ་ཆོས་སྐུར་སོང་བ་ཞེས་བཞེད᫷༔ ཇི་སྐད་དུ་མུ་ཏིག་ཕྲེང་བ་ལས༔ རང་བཞིན་དག་པའི་ཆོས་རྣམས་ལ᫷༔ དྲི་མ་མེད་པས་ཕྲ་རགས་ ལོག༔ གཟུང་འཛིན་མེད་པས་འཁྲུལ་པ་ལོག᫷༔ འགྱུ་བ་མེད་པས་ལས་རླུང་ལོག᫷༔ ཟང་ཐལ་ཡིན་པས་ངོ་བོར་ལོག᫷༔ ཅེས་པ་ལ་སོགས་ལུང་ ཤིན་ཏུ་མང་བས་དེ་ལྟར་ཉམས་སུ་ལེན་པར་ཞུ༔ () ཉེར་གཅིག་པ་རང་རིག་རྗེན་པ་དེ་འཆར་རམ་གནས་ཀྱང་བཅོས་བསླད་མེད་པར་ གསལ་བར་དང་ལྡན་པར་རྗེན་ཡེ་རེར་ངོས་བཟུང་ཡང་རིག་པ་རྗེན་ཧུར་རེ་བ་དེ༔ དུས་གསུམ་རྟོག་བྲལ་གྱི་སྟེང་དུ་བཞག་པས᫷༔ ཆོས་སྐུ་རང་

ཞལ་རང་བཞིན་བར་མེད་ཀྱི་བསམ་གཏན་ཞེས་བྱ་བ་ཡིན་གྱི༔ ཇི་སྐད་དུ᫷༔ ཁྱུང་ཆེན་ལས᫷༔ སྣང་མེད་སྟོང་དང་བྲལ་བའི་ཡེ་ཤེས་དེ᫷༔ མ་
[ 635 ]
() གཟུང་མ་བསླད་མ་བཏང་རང་སོ་སྟེ༔ གཅིག་གིས་གསུམ་ལས་སུ་ཡིས་ཕོག་པ་ཉིད༔ རྫུན་མིན་བདེན་མིན་གནས་

ཐབས་ལྷང་ངེ་བའོ᫷༔ ཞེས་གསུངས་པས᫷༔ འདི་ལ་རྟོག་སྣང་ཡང་རང་ངོ་མི་ཤེས་པའི་ཡེ་ཤེས་རྗེན་ལ་བུད་ཅིང་᫷༔ གཟུང་འཛིན་དང་དུས་གསུམ་ འབྲེལ་ཐག་ཆོད་པའི་རིག་པ་ཟང་ཐལ་རྗེན་ཧུ་རེ་བ་དེ་ཉམས་སུ་ལེན་དགོས་པ་ཡིན༔ ཇི་སྐད་དུ་སེང་གེ་རྩལ་རྫོགས་ལས᫷༔ ཡེ་ཤེས་རང་སྣང་ངོ་བོ་ ནི᫷༔ ལུས་ངག་ཡིད་རྣམས་རྟོག་མེད་དེ᫷༔ འདས་པའི་ཡུལ་དང་མ་འོངས་ཡུལ༔ སྣང་བ་ཐད་ཀར་གཅོད་པའོ༔ ཞེས་གསུངས་པས᫷༔ ཤེས་པ་ རྐྱེན་དྲག་པོས་དུག་ལྔ་བསླང་ཞིང་རྣམ་རྟོག་ཇི་ལྟར་སྐྱེས་ཀྱང་དེ་ཀ་ནས་རིག་པ་རྟོག་མེད་དུ་ངོས་རྗེན་པར་བཟུངས་བས་ཡེ་ཤེས་ཁྱད་དུ་གསལ་ཚེ་དགའ་བ་དང་

མི་དགའ་བའི་བཟང་རྟོག་ངན་རྟོག་ཅི་ལྟར་ཤར་ཡང་རང་རིག་མ་གཏོགས་པར་མི་འཆར᫷༔ ངོས་ནམ་ཟིན་ཚེ་རིག་པ་ཟང་ཐལ་རྗེན་ཧུ་རེ་བ་དེ་ཆོས་སྐུ་ཡིན་པས་
[ 636 ]
ས་བདུན་པའོ᫷༔ འདིར་ཐབས་ལ་མི་མཁས་པའི་སྒྲིབ་པ་ཡོད༔ ཆོས་སྐུར་ཐོབ་པ་ནི᫷༔ ཇི་སྐད་དུ་རྒྱུད་རིན་ཆེན་སྤུངས་པ་ལས᫷༔ གཟུགས་སྐུ་ཡུལ

དུ་སྣང་བའི་ཚེ᫷༔ ང་ཡི་སྐུ་ཡི་རོལ་པ་ཡིན᫷༔ འདི་ལ་ང་མེད་པ་ཡི་མི᫷༔ ང་ཡི་སྐུ་ལ་འདི་ཡི་རིག᫷༔ ཅེས་གསུངས་པས᫷༔ དེ་ལྟར་ཉམས་སུ་ ལེན་པར་ཞུ᫷༔ () ཉེར་གཉིས་པ་རང་གི་རིག་པ་ཟང་ཐལ་རྗེན་ཧུ་རེ་བ་ལས་བཅིངས་གྲོལ་མེད་པའི་ངོ་བོ་དེ་གྲོལ་ཞེས་ཐ་སྙད་ ཙམ་ཡིན་མོད᫷༔ རིག་པ་ཟང་ཐལ་རྗེན་ཧུ་རེ་བ་དེ་ཡེ་གྲོལ་ཆོས་ཀྱི་སྐུ་ཡིན་ལ᫷༔ ཡེ་གྲོལ་ཞེས་པ་ནི་བློ་བུར་གྱིས་གྲོལ་བ་མ་ཡིན་གྱི༔ ཐོག་མར་གྲོལ་ ཟིན་ནས་ད་བསྐྱར་ནས་གྲོལ་རྒྱུ་མེད་པས་ན་ཡེ་གྲོལ་ཞེས་སོ᫷༔ རིག་པ་ཡེ་ནས་འཁྲུལ་མ་མྱོང་བའི་ཕྱིར᫷༔ གྲོལ་རྒྱུ་མེད་ཅེས་བྱའོ᫷༔ རིག་པ་ཟང་ཐལ་

རྗེན་ཧུ་རེ་བ་ལས་གཞན་ཕ་རོལ་དུ་སངས་རྒྱས་རྒྱུ་མེད་པས་གྲོལ་ཞེས་ཐ་སྙད་ཙམ་དུ་ཡིན་མོད᫷༔ ས་བརྒྱད་པ་ནོན་རུང་སྟོབས་ལ་མི་མཁས་པའི་སྒྲིབ་པ་
[ 637 ]
() ཡོད༔ () ཉེར་གསུམ་པ་སྣང་གྲགས་ཀྱི་ཆོས་ཐམས་ཅད་བྱུང་ཡང་རང་ལས་བྱུང་᫷༔ གྲོལ་ཡང་

རང་རིག་བདེ་བ་ཆེན་པོར་གྲོལ་བར་རྟོགས་པས་ལྟ་བསྒོམ་སྤྱོད་པ་ཐམས་ཅད་ཡུལ་ཞེན་ལ་བརྟེན་པའི་སྒོམ་སྐྱོན་ཅན་ལྟ་བུ་ནི་མ་ཡིན་གྱི᫷༔ དོན་ལ་རང་ རིག་བློ་ཟད་ཆོས་ཟད་འུབ་ཆུབ་བློ་འདས་ཆེན་པོའི་ངང་དུ་བསྐྱལ་བ་ཡིན་མོད᫷༔ ཤེས་བྱའི་སྒྲིབ་པ་ཆ་ཕྲ་རྣམས་དག᫷༔ ཉིན་མཚན་དབྱེ་བསལ་མི་འབྱེད་ པའི་ཉམས་བྱེད᫷༔ ས་དགུ་པ་ཡིན་རུང་སྨོན་ལམ་མ་དག་པའི་སྒྲིབ་པ᫷༔ རང་རིག་ཟང་ཐལ་རྗེན་ཧུ་རེ་བའི་ཆོས་སྐུ་དེ་བདེ་བ་ཆེན་པོའི་ངང་དུ་ ཉམས་སུ་ལེན་པར་ཞུ᫷༔ () ཉེར་བཞི་པ་སྟོང་གསལ་གྱི་རྩལ་གཞིའི་ཐོག་ཏུ་རྫོགས᫷༔ ཆོས་ཐམས་ཅད་རང་རང་གིས་སྒྲིབ་པ་སྤངས་

ཤིང་᫷༔ འཁོར་འདས་ཕྱམ་གྲོལ་དུ་དག་པས་བསྒོམ་མེད་ཅེས་རྣམས་ཀུན་མཆོག་ལྡན་གྱི་རྣལ་འབྱོར་པ་ཞེས་ཟེར་ཏེ᫷༔ གཞི་གསུམ་ལས་ཐོག་མའི་ཡེ་
[ 638 ]
གཞི་ལ་བག་ཆགས་མ་རིག་པའི་ཆ་ཤས་ཡོད་པས་ཡེ་གཞི་ཡིན᫷༔ ལམ་གྱི་སྐབས་སུ་སྒྲིབ་པ་ཐམས་ཅད་སྦྱོངས་ཤིང་ཡོན་ཏན་སྐྱེ་བའི་གཞི་ཡིན᫷༔

འདི་གཉིས་ནི་འཁོར་བའི་ཆ་དང་འདྲེས་པའི་ལམ་མོ᫷༔ ཡེ་ནས་སྤྲོས་བྲལ་གྱི་མདངས་རྩལ་ལས᫷༔ རྣམ་རྟོག་མ་རིག་པའི་ཆ་ཤས་དག་སྟེ᫷༔ རང་རིག་ ཟང་ཐལ་རྗེན་ཧུ་རེ་བ་ལས་གཡོ་བ་མེད་པ་ནི᫷༔ གཞི་འབྲས་དབྱེར་མེད་རང་རིག་ཀ་དག་གདོད་མའི་སངས་རྒྱས་ཆོས་སྐུ་ཡེ་ཤེས་ཀྱི་དགོངས་པ་མངོན་དུ་ གྱུར་པར་བཞེད་ལ᫷༔ ཇི་སྐད་དུ᫷༔ སྐུ་གསུམ་འཇུག་པའི་མདོ་ལས᫷༔ ཀུན་གཞི་དབྱིངས་སུ་ནུབ་པ་ནི᫷༔ མེ་ལོང་ལྟ་བུའི་ཡེ་ཤེས་སོ᫷༔ ཡིད་ ཀྱི་རྣམ་པར་ཤེས་པ་དབྱིངས་སུ་ནུབ་པ་ནི᫷༔ མཉམ་པ་ཉིད་ཀྱི་ཡེ་ཤེས་སོ᫷༔ ཉོན་མོངས་ཅན་གྱི་ཡིད་དབྱིངས་སུ་ནུབ་པ་ནི᫷༔ སོ་སོར་རྟོགས་

པའི་ཡེ་ཤེས་སོ᫷༔ སྒོ་ལྔའི་རྣམ་པར་ཤེས་པ་དབྱིངས་སུ་ནུབ་པ་ནི᫷༔ བྱ་བ་གྲུབ་པའི་ཡེ་ཤེས་སོ᫷༔ ཞེས་པས᫷༔ འདི་དག་ནི་ཉོན་མོངས་ཀྱི་ཆ་གློ་
[ 639 ]
() བུར་གྱི་དྲི་མ་དག་པས༔ ཡེ་ཤེས་ཀྱི་ངོ་བོ་ལས་འཕོ་འགྱུར་མེད་པས་བསྒོམ་བྱེད་ཀྱི་ཉམས་ཐམས་ཅད་དང་བྲལ་ཞིང་རྟོག་

པ་ཟང་ཐལ་རྗེན་ཧུ་རེ་ཤར༔ རྗེས་ཤེས་དབྱིངས་སུ་དག་པ་ཡིན་ནོ༔ དིང་སོང་གི་བསྒོམ་ཆེན་འགའ་ཞིག་གིས་སེམས་སངས་རྒྱས་སུ་བཞེད་རུང་༔ རྒྱལ་བ་གོང་མ་རྣམས་དང་ཐ་ན་ཁོ་བོས་ཀྱང་སེམས་སངས་རྒྱས་སུ་མི་འདོད༔ རྣམ་རྟོག་ནི་མ་རིག་པ་ཡིན༔ ལས་དང་ཉོན་མོངས་པ་བག་ཆགས་ ངན་པའི་རྟེན་ཐམས་ཅད་སེམས་ཡིན༔ རྣམ་རྟོག་ཐོལ་གྱི་སྐྱེས་ཚེ་ཅེར་གྱིས་ལྟས་པས༔ རྗེན་ནེར་གནས་པ་དེ་བསྒོམ་ཡང་དག་ཆོས་སྐུར་བཞད་པ་ ནི༔ སེམས་སམ་རྣམ་རྟོག་དང་རིག་པ་ཡེ་ནས་མ་ཕྱེད་པ་ཡིན༔ རིག་པའི་ངོ་བོ་ནི་རྟེན་མེད་ཡུལ་བྲལ་ལས༔ རྣམ་རྟོག་གི་དྲི་མས་མ་གོས་པ༔

ངོ་བོ་རང་བཞིན་ཐུགས་རྗེའི་རང་རྩལ་ལྷུན་གྲུབ་ཏུ་ཟང་ཐལ་རྗེན་ཧུ་རེ་བ་དེ་ལས་གཡོ་བ་མེད་པ་དེ་ཡིན་མོད༔ སེམས་རིག་གི་རྣམ་དབྱེ་ནི༔ ཇི་སྐད་དུ༔
[ 640 ]
རྫོགས་པ་ཆེན་པོ་གནད་རྒྱུད་ཀློང་ཡངས་ལས༔ འཁོར་བའི་ཆོས་ཐམས་ཅད་སེམས་ལ་བརྟེན་ན༔ སེམས་ཀྱི་ཉན་མོངས་པ་དག་དུས་འཁོར་བ་དག༔

འདས་པའི་ཆོས་ཐམས་ཅད་རིག་པ་ལ་བརྟེན༔ རིག་པ་ཡིན་ཐོག་ཏུ་བཞག་པས་སངས་རྒྱས་རང་ཆས་སུ་འཆར༔ ཞེས་གསུངས་པས༔ སེམས་ ཀྱི་ངོ་བོ་ནི་མ་རིག་པ་ཡིན༔ མ་རིག་པའི་ངོ་བོ་རིག་པ་ནི་སངས་རྒྱས་ཡིན༔ སེམས་ཀྱི་ངོ་བོ་ནི་ལས་དང་བག་ཆགས་ཀྱི་རྟེན་ཡིན༔ རིག་པའི་ ངོ་བོ་ནི་ལས་དང་བག་ཆགས་ཀྱི་རྟེན་མ་ཡིན་ནོ༔ སེམས་ཀྱི་ངོ་བོ་ནི་གཟུང་འཛིན་འཁྲུལ་པ་ཡིན༔ རིག་པའི་ངོ་བོ་ནི་གཟུང་འཛིན་དང་བྲལ་ཞིང་ མ་འཁྲུལ་པའི་རང་བཞིན་ནོ༔ སེམས་ཀྱི་ངོ་བོ་ནི་སྤྲོས་མཐའ་དང་མ་བྲལ༔ རིག་པའི་ངོ་བོ་ནི་སྤྲོས་མཐའ་དང་བྲལ་བའོ༔ སེམས་ཀྱི་ངོ་བོ་ནི༔

ཀུན་གཞི་ཚོགས་བརྒྱད༔ རིག་པའི་ངོ་བོ་ནི་ཀུན་གཞི་ཚོགས་བརྒྱད་ལས་འདས་པ་ཡིན༔ སེམས་ཀྱི་ངོ་བོ་ནི་རླུང་ཞོན་གྱི་གདངས༔ རིག་པའི་
[ 641 ]
() ངོ་བོ་ནི་རླུང་མེད་རང་གསལ་ཡིན་ནོ༔ སེམས་ཀྱི་ངོ་བོ་ནི་འདུས་བྱས་ཀྱི་རྐྱེན་དབང་༔ རིག་པའི་ངོ་བོ་ནི་འདུས་མ་བྱས་པའི་རྐྱེན་དང་བྲལ་

བ་ཡིན་ནོ༔ སེམས་ཀྱི་ངོ་བོ་ནི་རིག་པ་ལ་ལྟོས་པ༔ རིག་པའི་ངོི་བོ་ནི་སེམས་ལ་མ་ལྟོས་སོ༔ སེམས་ཀྱི་ངོ་བོ་ནི་སྐྱེ་འགགས་གནས་གསུམ རིག་པའི་ངོ་བོ་ནི་འཕོ་འགྱུར་མེད་པ་ཡིན་ནོ༔ སེམས་ཀྱི་ངོ་བོ་ནི་སྤངས་བྱའི་སྒྲིབ་པ༔ རིག་པའི་ངོ་བོ་ནི་ཐོབ་བྱའི་ཡེ་ཤེས་ཡིན་ནོ༔ སེམས་ཀྱི་ངོ་བོ་ ནི་བློ་བུར་འཁྲུལ་རྟོག༔ རིག་པའི་ངོ་བོ་ནི་ཡེ་ནས་ཆོས་ཀྱི་སྐུ་ཡིན་ནོ༔ ཞེས་པས་སེམས་སངས་རྒྱས་སུ་འདོད་པས་ན་ལས་དང་ཉོན་མོངས་པ་ཟད་ པའི་ཚེ་ན༔ འབྲས་བུ་སངས་རྒྱས་པ་ཡང་ཟད་པས༔ གཉིས་མེད་སེང་གེ་ཡིན་མོད༔ ཇི་སྐད་དུ༔ ཡེ་ཤེས་ནམ་མཁའ་དང་མཉམ་པའི་རྒྱུད་ལས་

དུས་གསུམ་སངས་རྒྱས་སེམས་དང་བྲལ༔ རང་བྱུང་སྙིང་པོ་ཆོས་ཀྱི་སྐུ༔ སེམས་ལས་མ་བྱུང་སངས་རྒྱས་ཡིན༔ ཞེས་གསུངས་པ་དང་༔
[ 642 ]
ཡང་རྒྱུད་དེ་ཉིད་ལས༔ སེམས་ལ་སངས་རྒྱས་འདོད་པ་ནི༔ མོ་གཤམ་བུ་དང་གཉེན་བྱེད་འདྲ༔ ཞེས་དང་༔ རིག་པ་རང་གསལ་གྱི་

དུས་ན་རྣམ་རྟོག་ཐོལ་བྱུང་གི་ངོ་བོ་ལ་བསྒོམ་ཟེར༔ བསྒོམ་ཐིལ་བྱས་ཀྱང་༔ དེ་ལ་བལྟས་པས་ཡེ་ཤེས་སུ་འཆར་བ་མ་ཡིན༔ རྣམ་རྟོག་ གློ་བུར་དེ་རྟག་མི་ཐུབ་པ་ཁོ་རང་གི་མཚན་ཉིད་ཡིན་མོད༔ དེ་མི་གཅིག་པས་འགྱུ་བ་རང་ཞི་རང་དག་ཏུ་སོང་༔ གང་ཟག་གི་རིག་པའི་ངོ་བོ་ཟང་ ཐལ་རྗེན་ཧུ་རེ་བ་དྲི་མ་མེད་པ་ཆོས་སྐུ་དེ་ངོ་ཤེས་པས༔ རྣམ་རྟོག་གིས་ཕན་ཀྱང་མ་བཏགས་གནོད་ཀྱང་མ་བསྐྱལ་ལོ༔ དཔེར་ན་ནམ་མཁའ་ ནས་སྤྲིན་དང་ན་བུན་ཇི་ལྟར་བྱུང་ཡང་ནམ་མཁའ་རང་ལས་བྱུང་ཞིང་ཐིམ་ཀྱང་ནམ་མཁའ་རང་གི་དབྱིངས་སུ་ཡལ་བ་བཞིན༔ ནམ་མཁའི་རང་གི་ངོ་

བོ་ལ་སྐྱེ་འགགས་མེད་ཀྱང་རྩལ་མ་འགགས་པར་སྤྲིན་དང་ན་བུན་བྱུང་བ་དང་འདྲ་མོད༔ ཇི་སྐད་དུ༔ དབང་གི་རྒྱལ་པོ་པདྨ་འབྱུང་གནས་ཀྱི་ཞལ་
[ 643 ]
() ནས༔ ནམ་མཁའི་ངོ་བོ་མ་གཡོས་ཀྱང་༔ སྤྲིན་དང་ན་བུན་ཁུ་རླངས་གསུམ༔ བྱུང་ཡང་ནམ་མཁའི་རྩལ་ལས་བྱུང་༔

ཐིམ་ཀྱང་ནམ་མཁའི་དབྱིངས་སུ་ཐིམ༔ ཞེས་གསུངས་པས༔ རྣལ་འབྱོར་པས་རིག་པའི་ངོ་བོ་ལ་གཡོ་བ་མེད་ཀྱང་༔ འགགས་མེད་ཀྱི་ རྩལ་ལས་རྣམ་རྟོག་འགྱུ་དྲན་ཅི་ལྟར་ཤར་ཞིང་༔ རིག་པའི་ངོ་བོ་གཡོ་བ་མེད་པར་ཟང་ཐལ་རྗེན་ཧུ་རེ་བའི་དུས་ན༔ རྣམ་ཏོག་གི་ངོ་བོ་ཆོས་སྐུར་ཤར་ བ་ཡིན་སྙམས་ན་དེ་ལྟར་མ་ཡིན༔ རྣམ་རྟོག་གི་འགྱུ་ཆ་དག་བྱ་སངས་བྱ་འགག་བྱ་མེད་པའི་ཚུལ་གྱིས་ཟད༔ རང་བྱུང་ཡེ་ཤེས་ཀྱི་རླུང་དེ་དག་གིས་སྟོབས་ སུ་རྒྱས་པས༔ རང་རིག་ཟང་ཐལ་རྗེན་ཧུ་རེ་བ་དེ་ནི་སྐུ་བཞི་ཡེ་ཤེས་ལྔའི་ངོ་བོར་སངས་རྒྱས་པ་ཡིན་མོད༔ དེ་ལྟར་སེམས་རིག་མ་ཕྱེད་པའི་སྐྱོན་ནི༔

ཇི་སྐད་དུ༔ རྫོགས་ཆེན་རིན་ཆེན་བཅུད་ཐིག་སངས་རྒྱས་ཐམས་ཅད་ཀྱི་དགོངས་པ་འདུས་པའི་རྒྱུད་ལས༔ ཀུན་གཞི་ཆོས་སྐུ་མ་ཕྱེད་ན༔ ཆུ་དང་འོ་མ་
[ 644 ]
འདྲེས་པ་འདྲ༔ གནས་ལུགས་གཏན་ལ་མ་ཕེབ་ན༔ བྱ་སྒྲོ་རླུང་གིས་ཁྱེར་བ་འདྲ༔ སེམས་དང་རིག་པ་མ་ཕྱེད་ན༔ བུ་རམ་སྦྲང་རྩི་འདྲེས་པ་འདྲ༔

མ་རིག་ཡེ་ཤེས་མ་ཕྱེད་ན༔ གསེར་དང་ར་གན་འདྲེས་པ་འདྲ༔ སེམས་དང་བག་ཆགས་མ་ཕྱེད་ན༔ དུག་དང་སྨན་གཉིས་འདྲེས་པ་འདྲ༔ ཞེས་ གསུངས་པས༔ འདིའི་དགོངས་དོན་ཆ་ཙམ་མ་ཕྱེད་པར༔ དེང་སོང་གི་ཁྲིད་སྟོན་པའི་གང་ཟག་རྣམས་ཀྱིས་ཐེག་པ་ཐམས་ཅད་ཀྱི་དགོངས་དོན་ ལྟ་སྒོམ་སྤྱོད་འབྲས་གཅིག་ཡིན་ཁྱད་མེད་སྨྲ་བ་རྣམས་ནི༔ ལྟ་བསྒོམ་སྤྱོད་འབྲས་ཀྱི་གནད་དོན་ཕྱོགས་ཆ་ཙམ་ཡང་མ་ཁྲོལ་ཞིང་ཡེ་ནས་ཏིར་རྒན་ཅིང་ཐེག་ པ་ཐམས་ཅད་ཁྱུ་དེད་དུ་བྱེད་པ་རྣམས་ནི༔ སྟོན་པ་རྣམས་གསུམ་གྱི་བཀའ་དང་མི་འགལ་ལམ༔ འདིར་ཕྱིན་ཅི་མ་ལོག་ན་འཕགས་ལམ་བརྒྱད་

ནི༔ འཁོར་འདས་ཀྱི་ཆོས་ཐམས་ཅད་སྨྲ་བསམ་བརྗོད་མེད་ནམ་མཁའ་གཡའ་དག་གི་དབྱིངས་ལྟ་བུར་རྟོག་པ་ནི་ཡང་དག་པའི་ལྟ་བ༔ ལྷག་
[ 645 ]
() མཐོང་རྣམ་པར་མི་རྟོག་པའི་ཡེ་ཤེས་འོད་གསལ་ཆེན་པོའི་རང་གཟུགས་ཁོང་ནས་འཆར་བ་ནི་ཡང་དག་པའི་རྟོགས་པ༔ གཤིས་དེ་

ལས་གྲོལ་འཁྲུལ་ཡེ་ནས་བྲལ་བ་ནི་ཡང་དག་པའི་མན་ངག༔ སྤངས་པ་དང་རྟོགས་པའི་ཡོན་ཏན་ཐམས་ཅད་རང་བཞིན་གྱིས་རྫོགས་པ་ནི༔ ཡང་ དག་པའི་རྩོལ་བ༔ ལྷན་ཅིག་སྐྱེས་པའི་ཡེ་ཤེས་དགའ་བ་དེའི་རོས་ཟག་བཅས་ཀྱི་འཚོ་བ་ཡིད་ལ་མི་བྱེད་པ་ནི་ཡང་དག་པའི་འཚོ་བ༔ དེ་ལ་ མཉམ་རྗེས་མི་མངོན་པའི་སྟོང་གསལ་ཆུ་རྒྱུན་ལྟ་བུར་མ་འགགས་པ་ནི༔ ཡང་དག་པའི་ཏིང་ངེ་འཛིན༔ དེ་ལས་འཕོ་འགྱུར་མེད་པ་ཆོས་ དབྱིངས་བྱང་ཆུབ་སེམས་ཀྱི་རང་བཞིན་ནི་ཡང་དག་པའི་དྲན་པ༔ རེ་དོགས་གཟུང་འཛིན་གྱི་མཐའ་ཐམས་ཅད་ཟད་སར་སྐྱོལ་བ་ནི༔ རང་བྱུང་གི་འོད་

གསལ་མངོན་དུ་གྱུར་པ་ནི༔ ཡང་དག་པའི་ལས་ཀྱི་མཐའོ༔ འདིར་མི་སློབ་པའི་མཐའ་ཡིན༔ བརྗོད་བྱའི་ཚིག་དོན་ཐམས་ཅད་ཕྱིན་ཅི་མ་ལོག་
[ 646 ]
པར་ཁོང་དུ་ཆུད་པ་ནི༔ ཚིག་དབང་རང་རིག་ཟང་ཐལ་རྗེན་ཧུ་རེ་བ་ལས་རིག་སྟོང་དབྱེར་མེད་དུ་ཟུང་འཇུག་ཆེན་པོར་བརྡལ་བ་ནི༔ ལྷན་ཅིག་སྐྱེས་པའི་

ཡེ་ཤེས་ཡིན༔ འུབ་ཆུབ་བློ་ལས་འདས་ཤིང་རིག་སྟོང་དབྱེར་མེད་སྣང་སྲིད་ཐམས་ཅད་ཆོས་སྐུའི་ཡོ་ལང་རང་རིག་ཧུ་རེ་བ་ལ་རྩལ་རྫོགས་པ་ནི ས་བཅུ་པ་ཆོས་ཀྱི་སྤྲིན་ཡིན་ཏེ༔ མཁྱེན་རྩལ་མ་རྫོགས་པའི་སྒྲིབ་པ་ཡོད༔ སྒྲིབ་པ་འདི་རྣམས་ནི་འོག་མིན་ཆོས་ཀྱི་དབྱིངས་ཀྱི་ཕོ་བྲང་དུ་སངས་རྒྱས་ ལོངས་སྤྱོད་རྫོགས་སྐུའི་འཁོར་དུས་བཅུའི་བྱང་ཆུབ་སེམས་དཔའ་རྣམས་ལ་ཡང་མངའ་བར་གསུངས་སོ༔ ཇི་སྐད་དུ་རྒྱུད་གསང་སྙིང་ལས༔ འོག་མིན་བླ་མེད་གནས་མཆོག་ཏུ༔ སྐུ་ནི་རྣམ་པར་སྣང་མཛད་ཚུལ༔ བྱང་ཆུབ་སེམས་དཔའི་འཁོར་རྣམས་ལ༔ དེ་བཞིན་གསུངས་མཆོག་མི་སྨྲ་

སྟེ༔ སྐུ་ཡི་ཆོས་རྣམས་གསལ་བར་སྟོན༔ མེ་ལོངས་བསྟན་ཚུལ་བཞིན་བསྟན་པས༔ ངོས་ཀྱི་མདོག་ངན་ཐམས་ཅད་བསལ༔ འཁོར་གྱི་དེ་
[ 647 ]
() བཞིན་སྐུར་བལྟས་ན༔ བྱང་ཆུབ་སྒྲིབ་སྟེ་གཏིང་དཔག་མེད༔ མེ་ལོངས་བཞིན་དུ་སྐུ་ལ་སྣང་༔ དེ་ཕྱིར་ས་བཅུ་རིམ་གྱིས་

བསྒྲོད༔ བླ་མེད་བྱང་ཆུབ་ཡང་དག་ཐོབ༔ ཅེས་གསུངས་པས༔ ས་ལམ་ཕྲ་མོའི་སྒྲིབ་པ་ཡོད་པས་དེ་རྣམས་སྦྱངས་དགོས་པའི་ཕྱིར༔ ས་ ལམ་གྱི་རིམ་པ་རྣམས་གསུངས་པ་ཡིན་གྱི༔ སེམས་དང་རྣམ་རྟོག་བག་ཆགས་ཀྱི་ཞེན་པ་ཤེས་བྱའི་སྒྲིབ་པ་ཤིན་ཏུ་ཕྲ་བ་རྣམས་དག་དགོས་པའི་ལུང་ནི༔ ཇི་སྐད་དུ༔ རྒྱུད་ཀློང་ཆེན་རབ་འབྱམས་ལས༔ ཉི་མའི་དཀྱིལ་ན་མུན་མེད་བཞིན༔ ཡེ་ཤེས་ཀློང་ན་མ་རིག་མེད༔ ཆོས་སྐུའི་ཀློང་ན་རྣམ་རྟོག་མེད༔ ཅེས་གསུངས་སོ༔ རང་བཞིན་ཟང་ཐལ་རྗེན་ཧུ་རེ་བ་ཆོས་སྐུ་ཀུན་ཁྱབ་ཁྱབ་གདལ་ཆེན་པོར་འཕོ་འགྱུར་མེད་པ་ནི༔ རྡོ་རྗེ་ལྟ་བུའི་ཏིང་ངེ་འཛིན་ཡིན་ལ༔

དཔེར་ན་རྡོ་རྗེ་ཕ་ལམ་ལ་གང་གིས་ཀྱང་གཅོད་མི་ནུས་པ་བཞིན༔ རང་རིག་རིག་སྟོང་དབྱེར་མེད་རིག་པ་ཟང་ཐལ་རྗེན་ཧུ་རེ་བ་དེ་ལ་རྣམ་རྟོག་གང་གིས་ཀྱང་
[ 648 ]
བསྐྱོད་པར་མི་ནུས་པས༔ རིག་སྟོང་དབྱེར་མེད་དོན་དམ་གྱི་རྡོ་རྗེ་དེ་ལ་འཕོ་གཞོམ་མི་མངའ་བས་ན༔ རྡོ་རྗེ་ལྟ་བུའི་ཏིང་ངེ་འཛིན་ཅེས་བྱའོ༔ ཇི་སྐད་

དུ༔ ཏིང་ངེ་འཛིན་རྒྱལ་པོའི་མདོ་ལས༔ སངས་རྒྱས་རྣམས་གྱི་གསང་བའི་ཏིང་འཛིན་ནི༔ མཆོག་ཏུ་གང་འདོད་རྣལ་འབྱོར་རྟག་བསྒྲུབ་པ༔ རྡོ་ རྗེ་ལྟ་བུའི་མིག་གཉིས་ལམ་མཐོང་བ༔ དེ་ནི་ཏིང་ངེ་འཛིན་ཞེས་བསྟན་པ་ཡིན༔ ཞེས་གསུངས་པས༔ དེ་ལྟར་ཉམས་སུ་ལེན་པར་ཞུ༔ () དེ་ནས་ཀུན་གྱི་ཐུན་མོང་མ་ཡིན་པ༔ ཡང་གསང་ཨ་ཏི་བླ་ན་མེད་པ་འོད་གསལ་རྡོ་རྗེའི་སྙིང་པོར་བསྟན་པས༔ བརྩོན་འགྲུས་ཅན་ལམ་ཐོག་མ་ནས་ གྲོལ་བའི་གདམས་པ་ཁྱད་པར་ཅན་ཐོད་རྒལ་ཟབ་མོ་ལ་རྟེན་པས༔ དབང་པོ་རབ་ཚེ་གཅིག་ལུས་གཅིག་ལ་ཀུན་བཟང་འཇའ་སྐུར་གཤེགས་པའི་

གདམས་པ༔ ཁྲེགས་ཆོད་ལས་ཁྱད་པར་དུ་འཕགས་ཚུལ་ནི༔ ཁྲེགས་ཆོད་ནི་ཡིད་དཔྱོད་དང་རྟོག་དཔྱོད་ཀྱི་ཤེས་རབ་བློས་བྱས་ལས་མ་
[ 649 ]
() འདས༔ འདི་ནི་དབྱིངས་སྟོངས་པའི་སྒྲོན་མ་ལས༔ ཐིག་ལེ་སྟོངས་པའི་སྒྲོན་མ་རིག་པ་དང་རྡོ་རྗེ་ལུ་གུ་རྒྱུད་མངོན་སུམ་དུ་བལྟ་

རྒྱུ་ཡོད་པས་ཁྱད་པར་དུ་འཕགས་ཏེ༔ ཇི་སྐད་དུ༔ ཡི་གེ་མེད་པ་ལས༔ རིག་པའི་རང་བཞིན་ཀུན་ལ་ཁྱབ་ཀྱང་ཆོས་ཀྱི་སྐུའི་གདམས་ངག་ལ་ ཐུག་གོ༔ ཞེས་གསུངས་སོ༔ ཁྲེགས་ཆོད་བློས་བྱས་ཀྱི་སེམས་ཆོས་སྐུ་ཡིན་པ་ཡིད་སྨོན་དུ་བྱེད་པ་མ་གཏོགས༔ མཐོང་བའི་གནད་མེད༔ འདི་ལ་ ཡིད་དཔྱོད་དུ་མ་ལྟོས་པས་མངོན་སུམ་དུ་མཐོང་བས་ཁྱད་པར་དུ་འཕགས་ཏེ༔ ཇི་སྐད་དུ༔ ཐལ་འགྱུར་ལས༔ ཡུལ་གནད་དབང་ལ་དབང་གནད་ སེམས༔ སེམས་གནད་མིག་ལ་མིག་གནད་རྩ༔ དེས་ན་ལུས་ཀྱི་འདུག་སྟངས་ལས༔ བག་ཆགས་ལུས་ཀྱི་འབྲེལ་ཆོད་དང་༔ སངས་རྒྱས་

དགོངས་པ་རྫོགས་པའོ༔ ཞེས་གསུངས་པས༔ རང་རིག་མི་རྟོག་པར་གནས་པ་ཁྲེགས་ཆོད་པས་ཡིད་ཀྱི་གོ་རྟོགས་ཀྱི་མདངས་ལ་ཡེ་ཤེས་ཚོལ་བ་ལས་
[ 650 ]
མ་འདས༔ འདིར་རིག་པ་རྟོག་མེད་འོད་གསལ་གྱི་རང་མདངས་མིག་ནས་འཆར་བ་ལྷུན་གྱིས་གྲུབ་པས་ཁྱད་པར་དུ་འཕགས་ཏེ༔ ཇི་སྐད་དུ༔ ཐལ་

འགྱུར་ལས༔ ཡེ་ཤེས་གནད་ནི་མིག་ནས་འབྱུང་༔ མིག་གི་གཟིགས་སྟངས་ཤེས་པ་ཡིས༔ ཆོས་ཀྱི་དབྱིངས་དང་ལྷན་ཅིག་སྤྱོད༔ ཅེས་གསུངས་སོ༔ ཁྲེགས་ཆོད་ལས་ལྷ་དང་བླ་མ་ཐམས་ཅད་ཡིད་སྨོན་གྱི་རྟོག་དཔྱོད་ལས་མ་འདས༔ འདིར་ཡིད་དཔྱོད་ལས་མ་ལྟོས་པར་ལྷ་དང་བླ་མ་སྣང་སྲིད་ཐམས་ ཅད་རྒྱལ་བའི་ཞིང་ཁམས་སུ་མངོན་སུམ་དུ་མཐོང་བས་ཁྱད་པར་དུ་འཕགས་ཏེ༔ ཇི་སྐད་དུ༔ རྒྱུད་དེ་ཉིད་ལས༔ ཙཏྟ་རིན་ཆེན་གཞལ་ཡས་ན ངོ་བོ་ཀ་ནས་དག་པའི་ཆ༔ སྟོང་གསལ་འདུས་པ་སྐུ་ཡི་མདངས༔ ཞལ་ཕྱག་རྫོགས་པ་བུམ་པའི་ཚུལ༔ ལྷུན་གྲུབ་འོད་ཀྱི་གོང་བུར་གནས༔

ཐུགས་རྗེའི་ཁ་དོག་སོ་སོར་གསལ༔ ཞེས་གསུངས་སོ༔ ཁྲེགས་ཆོད་ལས་རང་ལུས་རྒྱལ་བའི་དཀྱིལ་འཁོར་ཡིན་ཟེར་ནས་ཡིད་སྨོན་ལས་མ་འདས༔
[ 651 ]
() འདིར་རང་ལུས་འཁོར་ལོ་བདུན་གྱི་ལྷ་ཚོགས་ཐམས་ཅད་མངོན་སུམ་དུ་གསལ་བས་ཁྱད་པར་དུ་འཕགས་ཏེ༔ ཇི་སྐད་དུ༔

གསང་རྒྱུད་ལས༔ ཁྲེགས་ཆོད་ལྷ་སྐུ་ཡིད་དཔྱོད་སེམས་འཛིན་རྫོངས༔ འདི་ནི་འཁོར་བདུན་ལྷ་ཚོགས་རྣམས༔ སྒྲིབ་མེད་སྟོང་གསལ་འོད་ སྐུར་འཆར༔ ཡིད་དཔྱོད་ཞེན་འཛིན་དབྱིངས་སུ་དག༔ འདི་གོམས་ཀུན་བཟང་འཇའ་སྐུར་ཡལ༔ ཞེས་གསུངས་སོ༔ ཁྲེགས་ཆོད་ལ་བར་དོ་ ཡོད་ཟེར་ནས་སྡིགས་དེ་ལས་མ་འདས༔ འདིར་བར་དོ་ལ་སོགས་སྲིད་གསུམ་དབང་པོའི་སྒོར་མངོན་སུམ་དུ་གསལ་བས་ཁྱེད་པར་དུ་འཕགས་ཏེ༔ ཇི་སྐད་དུ༔ རྒྱུད་དེ་ཉིད་ལས༔ དམ་ཆོས་གཞན་ལ་བར་དོ་ཡིད་དཔྱོད་ལུལ༔ འདི་ནི་བར་དོ་མེད་པས་མངོན་རྫོགས་འགྲུབ༔ ཅེས་གསུངས་

སོ༔ ཁྲེགས་ཆོད་ལས་ཚོགས་དྲུག་གི་སྣང་བ་སེམས་འཛིན་དབང་པོས་མཐོངས་བས་རྟོག་པ་སྣ་ཚོགས་སུ་འཆར་བ་ལས་མ་འདས༔ འདི་ནི་
[ 652 ]
འོད་རྩ་དང་དྭངས་མའི་དབང་པོས་རིག་པ་ལུ་གུ་རྒྱུད་མཐོང་དུས་རྟོག་པ་ཐམས་ཅད་དུས་གཅིག་ལ་འགག་ཅིང་༔ ཡེ་ཤེས་ཀྱི་སྣང་བའི་ཆ་དཔག་ཏུ་མེད་

པ་མཐོང་བས་ཁྱད་པར་དུ་འཕགས་ཏེ༔ ཇི་སྐད་དུ༔ ཐལ་འགྱུར་ལས༔ ལུ་གུ་རྒྱུད་དུ་ཅེར་མཐོང་བས༔ རྣམ་རྟོག་འགྱུ་བའི་དྲན་པ་འགག༔ བྱ་ལོང་ནམ་མཁར་འགྲོ་བ་བཞིན༔ ཆོས་ཀྱི་དབྱིངས་ལས་འགྲོ་ས་མེད༔ ཞེན་མེད་རིག་སྣང་ཉམས་དག་པས༔ འཁྲུལ་པར་སྣང་བའི་རྒྱུ་རྐྱེན་ཟད༔ ཅེས་གསུངས་སོ༔ དེ་ལྟ་བུའི་གནད་ཁྱད་པར་ཅན་ཀུན་དང་ཐུན་མོངས་མ་ཡིན་པའི་ཐོད་རྒལ་གྱི་གདམས་ངག་ཟབ་རྒྱ་ཅན་ཉམས་སུ་ལེན་པ་ལ༔ () ཐོག་མར་གནད་གསུམ་གྱིས་གཏན་ལ་བབ་ཅིང་མངོན་སུམ་རང་ཐོག་ཏུ་ཉམས་སུ་ལེན་པ་ནི༔ ཇི་སྐད་དུ༔ གསང་རྒྱུད་ལས༔ སྐུ་གསུམ་

སེང་གེའི་འདུག་སྟངས་ཀྱིས༔ རང་བཞིན་རྗེན་པའི་གསལ་སྟོང་ཤར༔ ཞེས་གསུངས་པས༔ རས་དཀར་དྲི་མེད་ཀྱིས་མགོ་ཐུམ་ལ༔ ལུས་གནད་
[ 653 ]
() སེང་གེའི་འདུག་སྟངས་དང་ལྡན་པས༔ ཡུལ་གནད་ནམ་མཁའ་གཡའ་དག་སུརྱའི་འོག་ཏུ་གཏད་ཅིང་མིག་ཟིམ་བུར་བལྟ་

བ་གནད་དོ༔ ཇི་སྐད་དུ༔ གསང་བ་སྤྱོད་པ་ས་བོན་གི་རྒྱུད་ལས༔ དབྱིངས་དང་རིག་པའི་བལྟ་སྟངས་ནི༔ སྒྲིབ་བྱེད་བྲལ་བའི་མཁའ་ལ་ བལྟ༔ ཞེས་གསུངས་པས་དེ་ལྟར་ཉམས་སུ་ལེན་པར་ཞུ༔ () དེ་ཚེ་འོད་དཀར་གྱ་གྱུ་ལང་ལིང་འཇའ་འོད་གྱེན་འགྲེངས་དང་རྩིབས་ ཤར་དང་ལང་ལིང་རྣམས་ཀྱི་ནང་ནས་ཐིག་ལེ་ཉུངས་འབྲུ་ཙམ་ཉ་མིག་དྲ་བ་རྣམས་དང་༔ སྐར་མ་ལྟ་བུའི་ཚབ་ཚུབ་དང་༔ སྐྲ་ལ་སྲོ་མ་འབྲེལ་པ་ལྟ་བུ་ དང་༔ གསེར་སྐུད་ལྟ་བུའི་ཁྲ་ཟིང་ཟིང་རྣམས་འཆར༔ དེ་ནི་རྡོ་རྗེ་ལུ་གུ་རྒྱུད་མཐོང་བ་ཡིན་གྱི༔ ཐལ་འགྱུར་ལས༔ རྡོ་རྗེའི་མིག་གིས་མཐོང་བར་

འགྱུར༔ ཞེས་གསུངས་པས༔ རང་གི་རིག་པ་རྡོ་རྗེ་ལུ་གུ་རྒྱུད་དབྱིངས་རིག་ཡེ་ཤེས་འདུ་འབྲལ་མེད་པའི་རང་བཞིན༔ ཁྱབ་གདལ་གདོད་མའི་མགོན་
[ 654 ]
པོ་ཀུན་ཏུ་བཟང་པོའི་བདག་ཉིད༔ སྐྱེ་མཆི་དང་འཕོ་འགྱུར་མེད་པའི་ཡོན་ཏན་དུ་མ་དང་ལྡན་པ༔ སྒྲ་ཙམ་ཐོས་པས་དགའ་བདེ་དང་ལྡན་ཞིང་དབང་

པོ་གསལ་བས་ཚོགས་ཀྱི་ལམ༔ འཁོར་འདས་ཀྱི་ཆོས་ཐམས་ཅད་སྤྲོས་མཐའ་དང་བྲལ་ཞིང་ཆོས་ཉིད་མངོན་སུམ་གྱི་སྣང་བ་ལས་མ་འདས་པ༔ དོན་དམ་པའི་གནས་ལུགས་རང་གསལ་གྱི་ཤེས་པ་རྗེན་པ༔ རང་རིག་གི་ངོ་བོ་རྡོ་རྗེ་ལུ་གུ་རྒྱུད་མངོན་སུམ་དུ་ཟང་ཐལ་ལེར་མངོན་པ་དེ་བླ་མས་ངོ་སྤྲད་ པས༔ གང་ཟག་དེས་དེ་ལ་བདེན་པ་མཐོང་ཞིང་དགའ་བ་སྐྱེས་པས༔ ས་དང་པོ་རབ་ཏུ་དགའ་བ་ཞེས་བྱ་བ་ཡིན་ནོ༔ ལམ་ལྔ་ས་བཅུ་དྲུག་བགྲང་ ཡང་གཞན་དུ་ཡོད་པ་མ་ཡིན༔ བླ་མས་ངོ་སྤྲད་པའི་གང་ཟག་གཅིག་ལ་རང་རིག་བདེན་པ་མཐོང་ཞིང་མངོན་དུ་གྱུར་ཚེ༔ ས་ལམ་ཕ་རོལ་ཏུ་ཕྱིན་པ་

ཐམས་ཅད་རྫོགས་པ་ཡིན་མོད༔ འཆར་ཚུལ་གྱི་དྲི་མ་དང་བཅས་ཤིང་སེམས་ཅན་ལ་དམིགས་པ་མེད་པའི་སྙིང་རྗེ་སྐྱེས་པས་སྦྱིན་པའི་ཕ་རོལ་ཏུ་ཕྱིན་
[ 655 ]
() པ་ཡིན་ནོ༔ () གཉིས་པ་ནི་འདི་དུས་བཞུགས་སྟངས་གསུམ་ལས༔ སྤྲུལ་སྐུའི་བཞུགས་

སྟངས་བྱས་ལ༔ རླུང་གནད་ནི་དལ་བར་བྱས་ལ་འགྲོ་འོང་ཆ་སྙོམས་པར་བྱ༔ དགོས་ཆེད་ནི་ལས་རླུང་སེམས་ཀྱི་རྟ་ཡིན་པས༔ ཕྱིར་འཕོ་དུས་རྟ་ ཕར་ཆད༔ མི་ཚུར་ཆད་པས་རིག་པའི་མདངས་སྙིང་ཀར་ཐིམ༔ རིག་པ་ཀ་དག་རང་ངོ་ལ་གསལ་ཞིང་བརྟན་པ་ཆོས་སྐུའི་དགོངས་པ་རང་གསལ་ རང་བབ་ཏུ་འཇོག་པའི་དགོས་པ་ཡོད་དོ༔ ཇི་སྐད་དུ༔ རྒྱུད་མུ་ཏིག་ཕྲེང་བ་ལས༔ རླུང་ནི་ཅི་ནས་དལ་བྱས་ཏེ༔ རབ་ཏུ་འཕངས་པས་ལས་ འབྱུང་བས༔ ལུས་དང་སེམས་ཀྱི་འབྲེལ་ཐག་ཆད༔ ཁམས་གསུམ་དུ་ཡང་ལྡོག་པ་མིན༔ ཞེས་གསུངས་པས༔ དེ་ལྟར་ཉམས་

སུ་ལེན་པར་ཞུ༔ དེ་ཚེ་དཀར་པོ་ཟ་ཟི་དང་༔ འོད་དཀར་ལོང་ལོང་དང་༔ དཀར་ཕྲ་ཕྲོ་བ་གནམ་ལ་སྤུ་གཏོར་བ་ལྟ་བུ་དང་༔ ཆུ་གོར་མོ་ལ་རྡོ་བརྒྱབ་པ་
[ 656 ]
ལྟ་བུ་དང་༔ སྦ་ཕུབ་ཀྱི་འཁོར་འཁྱིལ་བ་ལྟ་བུ་དང་༔ ཐིག་ལེ་ཉུངས་འབྲུ་ཙམ་དང་སྲན་མ་ཙམ་གྱིས་བརྒྱན་པ་རྣམས་ཐར་ཐར་དུ་འཆར༔ དེ་རྣམས་ཀྱི་

ནང་དུ་རྡོ་རྗེ་ལུ་གུ་རྒྱུད་ཅེས་བྱ་བ་ཕྲ་ཞིང་ཕྲ་བ་རྟ་རྔ་ལ་མདུད་པ་བྱས་པ་ལྟ་བུ་དང་༔ ཐིག་ལེ་གཉིས་འབྲེལ་སུམ་འབྲེལ་དང་ལྕགས་ཐག་གི་དབྱིབས་ལྟ་བུ་རྣམས་ འཆར་རོ༔ དེ་ནི་རང་རིག་ངོ་བོ་ཐིག་ལེ་ཉག་གཅིག་ཅེས་བྱ་བ་དེ་ཡིན༔ བག་ཆགས་ཀྱི་དྲི་མས་མ་གོས་ཤིང་ཆུ་ཟླ་ལྟ་བུའི་འོད་གསལ་གྱི་མདངས་དྭངས་པར་ རང་རིག་རྗེན་ཐལ་ལེ་བ་དེ་ལས་གཞན་རྩོལ་མེད་ཀྱི་ངེས་ཤེས་སྐྱེས་པས་ས་གཉིས་པ་དྲི་མ་དེད་པ་ནོན༔ འདི་དུས་རང་བྱུང་གི་ཤེས་རབ་རྩོལ་མེད་དུ་རྒྱུད་ ལ་སྐྱེས་པས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡིན་ནོ༔ () གསུམ་པ་གཟིགས་སྟངས་གསུམ་ལས་ཐུར་དུ་ཕབ་ལ༔ འོད་དཀར་ལང་

ལིང་ལས་ཐིག་ལེ་མ་མཐོང་ན་མིག་གཉིས་ཟིལ་བུར་མཉམ་པར་བལྟ༔ མཐིིང་ཤས་ཆེ་ན་དབུས་སུ་བསྒྲིལ༔ དཀར་ཤས་ཆེ་ན་གྱེན་དུ་བཟློག༔ སེར་
[ 657 ]
() ཤས་ཆེ་ན་གཡས་སུ་བལྟ༔ དམར་ཤས་ཆེ་ན་མཐུར་དུ་ཕབ༔ ལྗངས་ཤས་ཆེ་ན་གཡོན་དུ་བལྟ༔ དབྱིངས་མ་

གསལ་ན་ཟུར་དུ་བལྟ༔ ལྔ་ལྡན་མཉམ་པོར་གསལ་ན་གཟིགས་སྟངས་གང་ཡིན་དེ་དང་མ་བྲལ་བ་གནད་ཡིན༔ འདིར་རིག་པའི་གནད་ནི༔ མིག་ མི་འགུལ་སེམས་མ་ཡེངས་པར་དབྱིངས་སྣང་གི་ལུ་གུ་རྒྱུད་ཤར་དུས་དབྱིངས་ཀྱི་རི་བར་རིག་པ་རྡོ་རྗེ་ལུ་གུ་རྒྱུད་འགུལ་འཕྲིག་མེད་པར་འཛིན་པ་གནད་དོ༔ ཇི་སྐད་དུ༔ སངས་རྒྱས་སྲས་གཅིག་ལས༔ དབྱིངས་ཀྱི་ནང་དུ་ལུ་གུ་རྒྱུད༔ རྣམ་པར་བཞག་ཅིང་བྲལ་མི་བྱ༔ ཞེས་པས༔ དེ་ལྟར་ཉམས་ སུ་ལེན་པར་ཞུ༔ དེ་ཚེ་དབྱིངས་དང་རིག་པ་འདུ་འབྲལ་མེད་པར་ཉི་མ་དང་འོད་ཟེར་གྱི་ཚུལ་དུ་འཆར་བ་ཡིན་གྱི༔ དེ་ཡང་དབྱིངས་ཀྱི་རྟགས་སུ་

འོད་ཁྱིམ༔ ཡེ་ཤེས་ཀྱི་རྟགས་སུ་ཐིག་ལེ༔ སྐུ་ཡི་རྟགས་སུ་ལུ་གུ་རྒྱུད༔ དེ་རྣམས་མཐོང་བའི་ཡོན་ཏན་ནི༔ ཡེ་ཤེས་ཀྱི་སྣང་བ་ལ་རང་དབང་
[ 658 ]
ཐོབ་པ་དང་༔ རང་མདངས་ཀྱི་འོད་ཟེར་དུ་མ་དང་ལྡན་ཞིང་༔ རྣམ་པར་དག་པའི་ཐིག་ལེ་ལ་ལུ་གུ་རྒྱུད་ལྷུན་གྲུབ་ཏུ་བརྒྱན་པ༔ དེ་ལ་གོམས་པ་ནི་གསུམ་

པ་འོད་འཕྲོ་བའི་ས་ནོན༔ དེ་ལ་གོམས་པས་ཕ་རོལ་པས་རྒོལ་ཀྱང་གནོད་སེམས་མི་སྐྱེ་བས་བཟོད་པའི་ཕ་རོལ་ཏུ་ཕྱིན་པ་ཡིན་ནོ༔ () བཞི་པ་རླུང་ཆ་སྙོམས་ལ་དལ་བར་བསླབ་ཅིང་རྡོ་རྗེ་ལུ་གུ་རྒྱུད་འཛིན་མེད་ཀྱི་བཙོན་དུ་བཟུང་བས༔ འོད་སྣང་སྟོང་གཟུགས་ཀྱི་ཆ་ཐམས་ཅད་ཁམས་ བདེ་གཤེགས་སྙིང་པོའི་རང་མདངས་ཡིན་གྱི༔ དཔེར་ན་ཤེལ་གྱི་མདངས་ཕྱིར་ཤར་བ་དང་མཚུངས་ལ༔ མགུལ་འཕྲིག་འགྲོ་འོང་འཕེལ་འགྲིབ་སོགས་ ཡུལ་སྣངས་གི་ནུས་པའི་ཆ་ཐམས་ཅད་རླུང་ལྔས་བྱེད་པས༔ ཤེལ་ལ་ཉི་ཟེར་ཕོག་པའི་འོད་ཀྱིས་རྐྱེན་བྱས་པ་བཞིན་ནོ༔ དེས་ན་བལྟ་སྟངས་དང་

གཟིགས་སྟངས་ཀྱིས་གཅུན་པས༔ གཡོ་བྱེད་ཀྱི་ལས་རླུང་ནང་དུ་འཇུག་དུས་སེམས་དང་སེམས་བྱུང་གི་རྟོག་པའི་འཕྲོ་ཆད་པས༔ འོད་སྣང་འགུལ་
[ 659 ]
() འཕྲིག་མེད་པར་སྡོད༔ སེམས་ཀྱི་རྟ་དང་འོད་སྣང་འཆར་བའི་རྐྱེན་གཉིས་རླུང་གཅིག་པུའི་བྱེད་ལས་སོ༔ མཐར་

འོད་སྣང་ཟད་པའི་དུས་སུ་ལྔ་ལྡན་དབྱིངས་སུ་དག་པས་དེའི་རྒྱུ་རྐྱེན་གྱི་འཁྲུལ་སྣང་དང་གཟིགས་སྣང་འོད་ཀྱི་ཞིང་ཁམས་ཐམས་ཅད་དབྱིངས་ཀ་དག་ ལ་ཐིམ༔ ལྷུན་གྲུབ་ཀྱི་འཆར་སྒོ་ཐམས་ཅད་དབྱིངས་སུ་ཡལ་ནས༔ ལྷུན་གྲུབ་གཏིང་གསལ་ཕྲ་བའི་ཆ་ཙམ་དུ་གནས་པས་དངོས་སྣང་གྲུབ་པ་མེད་ པས་ཆོས་སྣང་མེད་པས་རོ་གཅིག་ཅེས་བྱ་བ་ཡིན་གྱི༔ རླུང་ལྔའི་གཡོ་བྱེད་ཟད་པས༔ དབྱིངས་ནམ་ཡང་མི་འཁྲུལ་ཞིང་༔ གཞི་ཉིད་འབྲས་ བུས་སྨིན་པས་རང་ས་ཟིན་པ་ཡིན་ནོ༔ དེའི་ཕྱིར་ཐོད་རྒལ་གྱི་སྣང་བ་ཐམས་ཅད་དང་པོ་འཆར་ཐབས་ལ་འབད༔ འཆར་དུས་ཆགས་ཞེན་མེད་པ་

གཅེས༔ སླར་ཟད་དགོས་པ་ནི༔ རིག་པ་རླུང་དང་སྦྲག་ནས་རང་ས་ཟིན་དགོས་པ་ཡིན་མོད༔ ལས་རླུང་གི་ཆ་ཐམས་ཅད་དག་ཅིང་༔ རིག་མདངས་
[ 660 ]
ཀྱི་ཆ་ཐམས་ཅད་འཕེལ་ནས་ལྷར་ཡང་ནང་དབྱིངས་སུ་ཐིམ་དགོས་པ་ཡིན༔ འདི་ལྟ་བུའི་གནད་ཤིན་ཏུ་ནས་རྟོགས་པར་དཀའ་བས༔ ཁོ་བོ་

ཅག་ཡུན་རིང་པོ་ཞིག་ནས་རྗེ་གྲུབ་པའི་དབང་ཕྱུག་ཆེན་པོ་མང་ག་ཨཱ་ཡུ་དེ་ཉིད་བརྟེན་པས་རྟོགས་པ་ཡིན་གྱི༔ དེ་ལྟར་ཉམས་སུ་ལེན་པར་ཞུ༔ འདི་ དག་འཆར་བའི་གནད་ནི་སྒྲོན་མ་དྲུག་གི་སྒོ་ནས་གཏན་ལ་ཕབ་པ་ནི༔ ཐོག་མར་ཤེས་རབ་རང་བྱུང་སྒྲོན་མ་ཡིས༔ ཐེག་པ་རྣམས་ཀྱི་ཐེ་ཚོམ་གཅོད༔ རྒྱང་ཞག་ཆུ་ཡི་སྒྲོན་མ་ཡིས༔ གཟུགས་སོགས་ངོ་བོ་ཉིད་ཀྱིས་རྒྱུད༔ དག་པ་དབྱིངས་ཀྱི་སྒྲོན་མ་ཡིས༔ རྣལ་འབྱོར་ཉམས་ཀྱི་ས་བོན་ཐེབ༔ ཐིག་ལེ་སྟོང་པའི་སྒྲོན་མ་ཡིས༔ འཁོར་འདས་བསྲེ་བའི་མཚམས་སྦྱོར་བྱེད༔ ཙིཏྟ་ཤ་ཡི་སྒྲོན་མ་ཡིས༔ གཞོན་ནུ་བུམ་སྐུའི་ཚུལ་དུ་གསལ༔

དཀར་འཇམ་རྩ་ཡི་སྒྲོན་མ་ཡིས༔ དབང་པོའི་སྒོ་རུ་མངོན་སུམ་གསལ་ཞིང་༔ མ་རིག་པ་སངས་ནས་དག་པ་སྐུ་དང་ཡེ་ཤེས་འདུ་འབྲལ་
[ 661 ]
() མེད་པར་གནས་ཚུལ་ནི༔ རང་གི་ཙིཏྟ་རིན་པོ་ཆེ་ཟུར་བརྒྱད་པ་མཆོང་གུར་སྨུག་པོའི་དབུས་ན༔ རྩ་ཐམས་ཅད་འདུས་པའི་

དངས་མ་རྒྱ་མཚོ་གསེར་གྱི་ཉི་མ་ཞེས་བྱ་བ་དྭངས་མ་ལྔའི་དབུས་ན༔ རང་གི་རིག་པ་རྡོ་རྗེ་ལུ་གུ་རྒྱུད་གསེར་གྱི་སྐུད་པ་ལྟ་བུ་ལ་ཐིག་ལེས་བརྒྱན་པ་འགྲོ་འོང་ ཉིད་དུ་སྣང་བ་འདི་ཉིད༔ དབྱིངས་དང་ཡེ་ཤེས་འདུ་འབྲལ་མེད་པར་རང་རིག་ཟང་ཐལ་དུ་མཐོང་བ་འདི་ཉིད༔ ཐོག་མའི་སངས་རྒྱས་རྒྱལ་པོ་ཆོས་ ཀྱི་སྐུ་ཀུན་ཏུ་བཟང་པོ་དང་ཞལ་མཇལ་ཞིང་ཡེ་ཤེས་དག་པའི་རང་སྣང་མཐོང་བ་ཡིན་གྱི༔ དེ་རིང་ནས་དཔལ་རྡོ་རྗེ་སེམས་དཔའ་དང་སྐལ་བ་མཉམ་ པ་ཡིན་མོད༔ ཇི་སྐད་དུ༔ ཐལ་འགྱུར་ལས༔ ལུ་གུ་རྒྱུད་ཀྱི་རང་བཞིན་ནི༔ རྣམ་པར་རྟོག་པ་ཀུན་དག་པས༔ མ་འཁྲུལ་པ་ཡི་སངས་

རྒྱས་ཡིན༔ ཞེས་གསུངས་པས༔ ཐོག་མའི་སངས་རྒྱས་ཀུན་ཏུ་བཟང་པོ་དང་༔ སྐལ་བ་མཉམ་པར་བཞེད་དོ༔ དེ་ཡང་དབྱིངས་རྣམ་དག་
[ 662 ]
གི་སྒྲོན་མ་འཇའ་འམ་རྨ་བྱའི་མདངས་ལྟ་བུའི་ཀློང་ནས༔ ཐིག་ལེ་སྟོང་པའི་སྒྲོན་མ་ལྔ་ལྡན་རྦ་འཁོར་ལྟ་བུའི་ནང་དུ་མུ་ཏིག་རྩར་ལ་བརྒྱུས་པ་ལྟ་བུ་དང་༔

ལྕགས་ཐག་བརྒྱད་པ་ལྟ་བུ་དང་༔ མེ་ཏོག་དྲྭ་བ་དྲྭ་ཕྱེད་རླུང་གིས་གཡེངས་པ་ལྟ་བུར་གཅིག་འབྲེལ་གཉིས་འབྲེལ་སུམ་འབྲེལ་རྣམས་འཆར༔ དེ་ཚེ་ལུས་རུས་སྦལ་མཁར་གཞོང་དུ་ཚུད་པ་ལྟ་བུར་འགྲོ་སྙིང་མི་འདོད་པ་དང་༔ ངག་ལྐུགས་པ་ལྟ་བུའི་སྨྲ་བ་ཉུང་བ་དང་༔ སེམས་མཁའ་འགྲོ་ སྙི་ལ་ཟིན་པ་ལྟ་བུར་འཕྲོ་བར་འདྲ་ཡང་རང་བབ་ཏུ་སྡོད་པ་དང་༔ ལུས་ངག་ཡིད་གསུམ་བདེན་མེད་དུ་རྟོགས་ནས་དགེ་སྦྱོར་ལ་འབྲལ་སྙིང་མི་ཕོད་པའི་ རྟགས་རྣམས་འབྱུང་ངོ་༔ འདི་དུས་སངས་རྒྱས་རང་རིག་ལས་མེད་པར་གོ༔ () ལྔ་པ་ཉམས་གོང་འཕེལ་ནི༔ ལུས་གནད་

ལོངས་སྐུ་གླང་ཆེན་གྱི་འདུག་སྟངས་དང་ལྡན་པའི་ངང་ནས༔ མིག་འབྲས་ཅུང་ཟད་ཀློད་ལ་གཞོག་གཡོན་དུ་བལྟས་པས༔ ཤེས་ཉམས་དང་
[ 663 ]
() སྣང་ཉམས་གཉིས་ལས༔ ཤེས་པ་དགའ་བདེ་འཕེལ་འགྲིབ་བདེ་གསལ་མི་རྟོག་པའི་འཕེལ་འགྲིབ་དང་༔ ཤེས་

པ་མཐའ་འགྱུར་གྱི་ཉམས་སྲིན་བུ་མེ་ཁྱེར་ལྟ་བུ་དང་༔ སྤྲིན་ལྟ་བུ་དང་༔ སྨུག་ཟིལ་ལྟ་བུ་དང་༔ སྨིག་རྒྱུ་ལྟ་བུ་དང་༔ སྐར་མདའ་ལྟ་བུ་དང་༔ ཟླ་འོད་ལྟ་བུ་དང་༔ མར་མེ་ལྟ་བུ་སྟེ་ཤེས་ཉམས་ནི་མི་བསྟན་ཅིང་ཚུན་ཆུང་བས་འདིར་མི་བསྟན་ནོ༔ སྣང་ཉམས་ནི༔ ཇི་སྐད་དུ༔ སྒྲ་ ཐལ་འགྱུར་རྩ་བའི་རྒྱུད་ལས༔ འཕེལ་སྟོབས་ཟླ་བ་ཡར་ངོ་བཞིན༔ ཞེས་གསུངས་པས༔ རྩོལ་མེད་ཀྱི་ངང་ལས་དབྱིངས་རྣམ་དག་གི་ སྒྲོན་མ་འོད་མུ་ཁྱུད་ལྔ་ལྡན་གྱི་དབུས་སུ༔ དཀར་པོ་དང་༔ མཐིང་ག་དང་༔ སེར་པོ་དང་༔ དམར་པོ་དང་༔ ལྗང་ཀུ་དང་༔ དེ་རྣམས་

ཀྱི་དབུས་ན་ཐིག་ལེ་སྟོང་པའི་སྒྲོན་མ་བྱ་རྩོལ་མེད་པར་འཆར༔ ཐིག་ལེའི་དབུས་ན་པདྨ་འདབ་བཞིའི་རྣམ་པ་ཁ་དོག་མི་འདྲ་བ་དུ་མས་བརྒྱན་པ༔
[ 664 ]
དྲྭ་བ་དང་དྲྭ་ཕྱེད་མིག་མང་རིས་རྣམས་འཆར༔ དེ་ཚེ་རིག་པ་ནི༔ འདབ་ཆགས་འཕུར་སྐྱེན་ཙམ་དུ་འགྲོ༔ དོན་དམ་པར་དབྱིངས་རིག་འདུ་

འབྲལ་མེད་པར་ཡེ་ནས་ལྷུན་གྲུབ་ཏུ་གནས་པ་ནི་སྦྱོར་བའི་ལམ༔ དབྱིངས་རིག་སྐུ་དང་ཡེ་ཤེས་འདུ་འབྲལ་མེད་པའི་ངང་དུ་རྫོགས་ནས༔ ཉམས་ གོང་དུ་འཕེལ་བ་དེ་ལ་གོམས་པས་འོད་ཀྱི་སྣང་བ་མཐོང་བ་ནི་ས་བཞི་པ་འོད་བྱེད་པ་གནོན༔ དེ་ཉིད་འབད་རྩོལ་མེད་པར་སྡོད་པ་ནི་བརྩོན་འགྲུས་ཀྱི་ ཕ་རོལ་ཏུ་ཕྱིན་པ་ཡིན་གྱི༔ དེ་ལྟར་ཉམས་སུ་ལེན་པར་ཞུ༔ () དྲུག་པ་ཉི་ཤར་ཆོས་སྐུའི་གཟིགས་སྟངས་ཆོས་ཉིད་ ཀྱི་སྤྱན་ཡོད་པས་གྱེན་ལ་བལྟས་པས༔ དབྱིངས་རིག་སྨིན་མཚམས་སུ་འབྲེལ་པ་དང་༔ འོད་ཁ་དོག་ལྔ་ལྡན་བཀྲག་མདངས་དང་ལྡན་པར་སྣང་

ཞིང་༔ འོད་ཟེར་གྱེན་འགྲེངས་རྩིབས་ཤར་དང་༔ མདུང་རྩེ་གཤིབ་པ་ལྟ་བུ་དང་༔ རེ་ལྡེ་དང་༔ པདྨ་སྟོང་ལྡན་མདངས་ལྟ་བུ་དང་༔
[ 665 ]
() ཡེ་ཤེས་མཁར་ཐབ་ལྟ་བུ་དང་༔ གྲུ་ཆད་ཀྱི་རྣམ་པ་ལྟ་བུ་རྣམས་ནི་སྒྲིབ་གཡོགས་དང་བྲལ་བར་དབང་པོའི་

སྒོར་མངོན་སུམ་དུ་མཐོང་བའི་ལམ་མོ༔ ཟབ་མོ་རྒྱ་ཆེ་བའི་ཆོས་ཉིད་ཀྱི་གཏིང་དཔག་གཞལ་གྱིས་མི་ལང་ཞིང་ཉོན་མོངས་པ་རང་ བཞིན་གྱིས་སྦྱངས་ཤིང་༔ རང་བྱུང་གི་ཡེ་ཤེས་ཐོབ་པ་ནི་ས་ལྔ་པ་སྦྱངས་དཀའ་བ་ནོན༔ ལུ་གུ་རྒྱུད་དེ་ཉིད་ལས་གཡོ་བ་མེད་པ་ནི་བསམ་ གཏན་གྱི་ཕ་རོལ་ཏུ་ཕྱིན་པ་ཡིན་པས་དེ་ལྟར་ཉམས་སུ་ལེན་པར་ཞུ༔ () བདུན་པ་རིག་པ་འཛིན་པ་ལ་ཤེས་རབ་ཀྱི་སྤྱན་མངའ་ བས་ཐད་ཀར་ཅེར་གྱིས་བལྟས་པས༔ དབྱིངས་རེ་ལྡེ་ཙམ་དུ་མཆེད༔ གྱེན་འགྲེངས་རྩིབས་ཤར་མདུན་དུ་འབྲེལ༔ ཐིག་ལེ་མེ་ལོང་ཙམ་

དུ་འཆར༔ རིག་པ་ནི་རི་དྭགས་སྤངས་རྩིབས་ལ་རྒྱུག་པ་ཙམ་དུ་འཆར༔ དེ་ཚེ་གྱེན་འབྲེངས་ལ་མཐུར་དུ་ཕབ༔ ཟླུམ་པོ་གཡོན་དང་༔ གྲུབ་བཞི་
[ 666 ]
གཡས་དང་༔ ཟླ་གམ་སྟེང་དང་༔ གྲུ་གསུམ་མདུན་དུ་བལྟ༔ ཡེ་ཤེས་ལྔ་ཡི་སྣང་བ་མཁར་ཐབ་ལ་སོགས་པ་ལ་མཉམ་པར་ལྟ་བ་གནད་

ཡིན༔ རང་རིག་རྡོ་རྗེ་ལུ་གུ་རྒྱུད་འདུས་མ་བྱས་པ་མ་ཡེངས་པར་བསྒོམ་རྒྱུ་ཡོད་པ་ནི་བསྒོམ་པའི་ལམ་ཡིན༔ རང་རིག་རྗེན་པར་གཅེར་མཐོང་ དུ་ཤར་ཞིང་༔ མངོན་སུམ་དུ་བལྟ་རྒྱུ་ཡོད་པས་ས་དྲུག་པ་མངོན་དུ་གྱུར་པ་ནོན༔ ཆོས་ཉིད་ཡང་དག་གི་རྟེན་འབྲེལ་གྱི་ཐབས་དང་ལྡན་པས༔ ཐབས་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡིན་གྱི༔ དེ་ལྟར་ཉམས་སུ་ལེན་པར་ཞུ༔ () བརྒྱད་པ་ལོངས་སྐུ་ལ་ཡེ་ཤེས་ཀྱི་སྤྱན་ཡོད་ པས་ཟུར་དུ་བལྟས་པས༔ དབྱིངས་རྣམ་པར་དག་པའི་འོད་ཀྱིས་ཡུལ་དང་ལུང་པ་ཁེངས༔ ཐིག་ལེ་སྟོང་པའི་སྒྲོན་མ་སྦ་ཕུབ་ཙམ་དུ་

འཆར༔ རིག་པ་ནི་བུང་བ་རྩི་ལ་རྒྱུ་བ་ཙམ་དུ་འགྲོ༔ དེ་ལ་རྩལ་སྦྱངས་པས་འོད་ཀྱིས་གར་བལྟས་ལ་ཁྱབ་པ་དང་༔ དབྱིངས་རིག་ལ་ཉིན་མཚན་
[ 667 ]
() མེད༔ ཐིག་ལེའི་ནང་དུ་རིགས་ལྔའི་ཕྱག་མཚན་དང་༔ རྒྱ་ཡིག་བོད་ཡིག་ལ་སོགས་ཡི་གེའི་རིགས་བྱེད་རྣམས་

དང་༔ མིག་ཚགས་ལྟ་བུ་དང་༔ མདའ་དང་མདུང་རྩེ་ལྟ་བུ་དང་༔ མཆོད་རྟེན་བཙེགས་པ་ལྟ་བུ་དང་༔ ཟ་འོག་གི་གུར་ཁྱིམ་ལྟ་ བུ་དང་༔ ཉི་ཟླ་དང་མཁར་ཐབས་ལྟ་བུ་དང་༔ ཐིག་ལེ་རྣམས་ཀྱི་ནང་དུ་སྐུ་རྐྱང་རེ་སྣང་ཞིང་༔ རིག་པ་ནི་མགུལ་འཁྲིག་མེད་པར་ གནས་སོ༔ ཏིང་ངེ་འཛིན་གསལ་ཞིང་ལོངས་སྐུ་ལ་པདྨའི་སྤྱན་གྱིས་མཐོང་༔ ལས་རླུང་འཁྲུལ་སྣང་ཐམས་ཅད་ཇེ་ནུས་ཏུ་སོང་ནས་ ཡེ་ཤེས་ཀྱི་རྩལ་འཕྲུལ་ཐམས་ཅད་ཇེ་རྒྱས་སུ་འཕེལ་བས་ཉམས་གོང་འཕེལ་ཞེས་བྱའོ༔ དོན་ལ་འདིར་སྤྲུལ་སྐུའི་ཞིང་ཁམས་ཐམས་

ཅད་མཐོང་༔ བར་དོའི་སྣང་བ་ཚེ་འདིར་གཏན་ལ་ཕེབ་པས་བར་དོ་མེད་པར་སངས་རྒྱའོ༔ ཇི་སྐད་དུ༔ ཐལ་འགྱུར་ལས༔ ཉམས་
[ 668 ]
ཀྱི་སྣང་བ་གོང་འཕེལ་གྱི༔ ཡེ་ཤེས་སྣང་བ་ཕྱིར་འབྱུང་བས༔ གྱེན་འགྲེངས་དང་ནི་ཙིབས་ཤར་དང་༔ ཐིག་ལེ་སྣ་ཚོགས་སྐུ་ཉིད་དང་༔ རིག་པ་སྣང་

བ་ཡུལ་དུ་གསལ༔ ཞེས་གསུངས་སོ༔ འདས་རྗེས་ལས༔ ཉམས་སྣང་གོང་དུ་འཕེལ་བ་ཡི༔ བར་དོའི་སྣང་བ་མངོན་དུ་བྱེད༔ ཅེས་ གསུངས་པས༔ དེ་ལྟར་ཉམས་སུ་ལེན་པར་ཞུ༔ () དགུ་པ་རིག་པ་ཚད་ཕེབས་ནི་ཆོས་སྐུའི་འདུག་སྟངས་ཀྱིས་བལྟའོ༔ ཆོས་སྐུ་ལ་ཆོས་ཉིད་ཀྱི་མིག་གིས་མཐོང་བ་ཡིན་གྱི༔ དེ་ཡང་རིག་པའི་དབྱེ་བ་ནི༔ གཞི་འཛིན་པའི་རིག་པ་སྙིང་ཁར་གནས༔ གཞི་གནས་ཀྱི་རིག་པ་ ངོ་བོ་རང་བཞིན་ཐུགས་རྗེ་གསུམ་ཡིན༔ ཡུལ་སྣང་གི་རིག་པ་ནི་སྟོང་ཉིད་གང་ཡང་མ་ཕྱེས་པ་ལྷག་མཐོང་གི་རིག་པ་རྡོ་རྗེ་ལུ་གུ་རྒྱུད་དེ་ཡིན༔ ད་

ལེན་འདིར་རྡོ་རྗེ་ལུ་གུ་རྒྱུད་གཙོ་ཆེ་བ་ཡིན་པས༔ ཀ་དག་ལྷུན་གྲུབ་ཀྱི་རང་མདངས་རིག་པ་ཞེས་མིང་བཏགས་པའི་རྒྱུ་ནི་རང་རིག་གི་མིང་རང་རིག་ལྷུན་
[ 669 ]
() གྲུབ་ལ་འབྲས་བུར་བཏགས་པ་ནི་འོད་ལ་ཉི་མ་ཞེས་བཏགས་པ་དང་མཚུངས་མོད༔ དེ་ཉིད་ལུས་ཀྱི་གནད་ལ་གོམས་

པས་དབྱིངས་སྒྲོན་གྱི་སྣང་བ་ནམ་མཁས་གར་ཁྱབ་ཏུ་སྣང་ཞིང་༔ གོང་གི་ཐིག་ལེ་རེ་རེའི་ནང་དུ་པདྨ་རྣམས་ཀྱི་ལྟེ་བར་ཞི་བའི་སྐུ་རྐྱང་བཞེངས་བཞུགས་ ཀྱི་རྣམས་པ་ཅན་དཔག་ཏུ་མེད་པར་ལམ་ལམ་དུ་འཆར༔ དེ་ནི་རང་རིག་ཆོས་སྐུ་འགྱུར་མེད་ཆེན་པོར་མངོན་དུ་གྱུར་པ་ནི༔ འོད་གསལ་རྡོ་རྗེ་སྙིང་པོའི་ ལམ་མོ༔ གོང་གི་ཡོན་ཏན་རྣམས་ལ་བརྟན་པ་ཐོབ་ཅིང་༔ ཟག་བཅས་ཀྱི་ཕུང་པོ་ཡལ་ནས་ཆོས་ཀྱི་དབྱིངས་ལས་ཕྱིར་མི་ལྡོག་པ་ནི༔ བདུན་ པ་རིག་དུ་སོང་བའི་ས་གནོན༔ རང་རིག་བཅིངས་གྲོལ་དང་བྲལ་ཞིང་ལོངས་སྤྱོད་རྫོགས་སྐུ་ལས་གཡོ་བ་མེད་པ་ཉིད༔ ཐབས་ཀྱི་ཕ་རོལ་ཏུ་ཕྱིན་པ་

ཡིན༔ དོན་ལ་ལོངས་སྐུའི་ཞིང་ཁམས་གཏན་ལ་ཕེབས་པ་ཡིན་གྱི༔ ཇི་སྐད་དུ༔ འདས་རྗེས་ལས༔ རིག་པ་ཚད་ཕེབ་སྣང་བ་ཡིས༔
[ 670 ]
ལོངས་སྤྱོད་རྫོག་པའི་སྒྱུ་ངོས་ཟིན༔ ཞེས་གསུངས་པས་དེ་ལྟར་ཉམས་སུ་ལེན་པར་ཞུ༔ () བཅུ་པ་སྤྲུལ་སྐུ་ལ་ཤེས་རབ་ཀྱི་

སྤྱན་ཡོད་པས༔ ཐུར་དུ་ཕབ་ཅིང་དབྱིངས་ལ་གཟིར་པས༔ ཤེས་རབ་ཀྱི་སྒྲ་ཚིག་དང་ཐོས་བསམ་བསྒོམ་གསུམ་གྱི་བྱེད་ལས་ལ་རགས་མ་ ལུས་པའི་བྱིན་བརླབས་མངོན་སུམ་དུ་འབྱུང་བ་ནི༔ གོང་གི་ཐིག་ལེ་དེ་རྣམས་ཀྱི་ནང་དུ་ཐིག་ལེ་ལྔ་ཚོམ་དུ་འབྲེལ་ཞིང་༔ རིག་པ་སྐུ་རུ་སྨིན་ པས་ཞི་ཁྲོ་ཡབ་ཡུམ་གྱི་སྐུ་ལྔ་ཚོམ་དཔག་ཏུ་མེད་པ་འཆར་རོ༔ ཐིག་ལེ་ཐམས་ཅད་བསེ་ཕུབ་ཙམ་གྱི་ཀློང་ན་རྒྱལ་བའི་དཀྱིལ་འཁོར་གྱི་ལྷ་ ཚོགས་གཙོ་འཁོར་གྲངས་མེད་པའི་ཐུགས་ཀར་ཟེར་ཐག་འོད་ལྔའི་ཚོམ་བུར་འབྲེལ་ཞིང་རང་གི་སྙིང་ཀར་འཆར༔ རང་ལུས་ཀྱི་འོད་སྣང་ཐིག་ལེ་

དགུ་བརྩེགས་ཀྱི་རྣམ་པར་འཁྱིལ་ཞིང་༔ རང་ལུས་གདོས་བཅས་ཀྱི་སྣང་བ་ཇེ་ནུབ་ཏུ་འགྲོ༔ འདི་དུས་ལུས་གླང་པོ་ཆེ་འདམ་ནས་ཕྱིན་པ་ལྟར་རི་
[ 671 ]
() བྲག་ལ་ཐོགས་མེད་དུ་འགྲོ༔ ངག་གྲུལ་བུམ་གྱི་ཕྲུ་གུའི་དབྱངས་ལྟར་ཅི་སྨྲ་ཐམས་ཅད་ཆོས་ཚིག་རང་རྡོལ་དུ་འོང་༔

སེམས་སྐྱེས་བུ་རིམས་ནད་ཀྱིས་བྱུང་བ་ལྟར་བག་ཆགས་བཟང་ངན་གང་ཡང་ཡིད་ལ་མི་འགྱུའོ༔ ཕྱི་ནང་གི་རླུང་རགས་པ་ཐམས་ཅད་ཟད་ དུས༔ ནང་གི་ཡེ་ཤེས་ཀྱི་རླུང་སེམས་ཚད་ལ་ཕེབས་པས་ཡེ་ཤེས་ངང་གིས་རྫོགས་པའི་ཡོན་ཏན་ནི༔ རིག་པ་གང་ལ་འཇུག་པ་དེ་ལ་སྐད་ འབྱིན་པ་དང་འགུལ་བ་དང་༔ ཕྱིའི་ཡུལ་སྣང་ཐམས་ཅད་ཡེ་ཤེས་སུ་འཆར༔ ནང་རང་གི་སྒྱུ་ལུས་འོད་གསལ་དུ་གྲོལ༔ གསང་བ་རིག་པ་ སྐུ་ལྔར་སྨིན༔ བསྒོམ་པའི་རྩོལ་བ་དང་བྲལ༔ འདི་དུས་རྫུ་འཕྲུལ་དུ་མ་དང་ལྡན་ཀྱང་མི་འགྱེད་པ་དཔེར་ན་བུམ་ནང་གི་མར་མེ་དང་མཚུངས༔

ཆོས་ཉིད་རྣམ་པར་དག་པའི་དོན་བདེན་པ་དེ་ལ་རྣམ་ཀུན་འཕོ་འགྱུར་མེད་པ་ནི༔ བརྒྱད་པ་མི་གཡོ་བའི་ས་གནོན༔ ཉོན་མོངས་པའི་ལས་
[ 672 ]
ཐམས་ཅད་ཟད་ཅིང་རང་རིག་ཡེ་ཤེས་མངོན་དུ་གྱུར་པ་ནི་སྟོབས་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡིན༔ སྣང་བའི་ཆ་ཐམས་ཅད་དངོས་པོར་མ་གྲུབ་ཅིང་ལོངས་

སྤྱོད་རྫོགས་སྐུར་གྲོལ་བས༔ སྐུའི་འཛིན་ཆ་ཐམས་ཅད་རང་སར་གྲོལ་བ་ཡིན་གྱི༔ ཇི་སྐད་དུ༔ ཐལ་འགྱུར་ལས༔ རིག་པ་ཚད་ཕེབས་ སྣང་བ་ཡིས༔ ལོངས་སྐུ་མཚན་དཔེར་གསལ་བ་ནི༔ མ་ངེས་ཁ་དོག་འཇའ་ཚོན་ལ༔ རིགས་ལྔ་ཡབ་དང་ཡུམ་དུ་སྣང་༔ དེ་རྣམས་ལྔ་ལྔ་ ཟུང་དང་བཅས༔ རབ་ཏུ་གསལ་བའི་ཐིག་ལེར་འབྲེལ༔ ཡབ་ཡུམ་སྐུ་ཡི་སྣང་བ་ཅན༔ འཁྲུལ་སྣང་དག་ནས་ཞིང་ཁམས་གསལ༔ ཞེས་ གསུངས་པས་དེ་ལྟར་ཉམས་སུ་ལེན་པར་ཞུ༔ () བཅུ་གཅིག་པ་ཆོས་ཉིད་ཟད་པའི་སྣང་བ་ནི༔ རང་སྣང་གི་ལྟ་བ་དེ་གཞི་

དང་ལམ་དང་འབྲས་བུའི་ཡོན་ཏན་ཐམས་ཅད་ཀ་དག་གཞི་ཐོག་ཏུ་རྫོགས་པར་འདོད་ན་ལུ་གུ་རྒྱུད་ཀྱི་གནད་ལ་གོམས་པ་ཁོ་ན་ཡིན་གྱི༔ ཇི་སྐད་དུ་ནོར་
[ 673 ]
() བུ་ཕྲ་བཀོད་ལས༔ སྐྱེ་ཤི་མེད་པའི་སྲོག་འཛིན་པར་འདོད་ན༔ ལུ་གུ་རྒྱུད་ཀྱི་ལྟ་སྟངས་ལ་ཐུག་གོ༔ འགགས་པ་མེད་

པར་རང་སར་གྲོལ་བར་འདོད་ན་ལུ་གུ་རྒྱུད་ཀྱི་སྣང་བ་ལ་ཐུག་གོ༔ དམིགས་པ་མེད་པའི་མཚན་མའི་ཆོས་ཐམས་ཅད་ཟིལ་གྱིས་གནོན་པར་འདོད་ན་ ལུ་གུ་རྒྱུད་ཀྱི་ཡེ་ཤེས་ལ་ལྟོས་ཤིག༔ དུ་མ་མེད་པར་གཅིག་ཏུ་བལྟ་བར་འདོད་ན་ལུ་གུ་རྒྱུད་ཀྱི་སྣང་བ་ལ་ལྟོས་ཤིག༔ ཅེས་གསུངས་པས༔ འདིའི་གནད་ལ་གོམས་པས་ཆོས་ཟད་འབྲས་བུའི་གཞི་ཀློང་དུ་མྱ་ངན་ལས་འདས་པས༔ གཟུང་འཛིན་གྱི་བག་ཆགས་ཐམས་ཅད་རང་སར་ཟད་ཅིང་ ཅིའི་ངོ་བོར་མ་གྲུབ་པར་རང་མདངས་སུ་འཇུག་པ་ཡིན་ནོ༔ དཔེར་ན་ཟླ་བ་མར་འགྲིབ་ནས་གནམ་སྟོང་ལ་ཅི་ཡང་མེད་དུས་ཟླ་བའི་སྣང་བ་དང་པོར་

ཆེར་སོང་བ་དང་༔ ཆུང་ངུར་སོང་བ་ཡང་མེད་པ་བཞིན༔ རང་རིག་གི་སྣང་བ་ཆེ་རུ་ཡང་མ་སོང་༔ མར་ཟད་དུས་ཆུང་དུ་ཡང་མ་སོང་༔
[ 674 ]
དོན་རང་མདངས་རང་དབྱིངས་སུ་རང་ཐིམ་ལ་སོང་བ་ཡིན༔ ཇི་སྐད་དུ་ལུང་ལས༔ གང་བ་མེད་ཅིང་བྲི་མེད་པ༔ ཞེས་གསུངས་སོ༔ དོན་

ལ་ཕྱིའི་སྣང་བ་དབྱིངས་སུ་ཐིམས་པས༔ སྣང་བ་དེ་ཆོས་ཅན་ཉིད་ལ་ཐིམ༔ ཆོས་ཉིད་གང་དུ་བསམ་བརྗོད་བྲལ་བས་ཆོས་ཉིད་ཟད་ཅེས་ བརྗོད་ལ༔ རང་རིག་ཀ་དག་གི་དབྱིངས་གཞིར་གཏན་ལ་ཕབ་ཅིང་༔ འོད་གསལ་གྱི་སྣང་བ་རྒྱ་ཆེ་བས་མངོན་པར་ཤེས་པ་དུ་མ་དང་ལྡན་ཅིང་༔ ཡོན་ཏན་དེ་ལུས་གཡོ་བ་མེད་པ་ནི་དགུ་པ་མི་གཡོ་བའམ༔ ལེགས་པའི་བློ་གྲོས་ཀྱི་ས་གནོན༔ ཡང་དག་གི་དོན་ལ་གཡོ་བ་མེད་པས་ཆོས་ ཉིད་གཡོ་བ་མེད་པས་ཆོས་ཉིད་གཡོ་མེད་ཀྱི་བདེན་པ་མཐོང་བ་ནི༔ སྨོན་ལམ་གྱི་ཕ་རོལ་ཏུ་ཕྱིན་པ་ཡིན་ནོ༔ དེ་ལྟར་ཉམས་སུ་ལེན་པར་ཞུ༔

() བཅུ་གཉིས་པ་ཟག་པ་དང་བཅས་པའི་ཕུང་པོ་མི་སྣང་བར་རྟོག་ཚོགས་ཐམས་ཅད་ཟད་ཅིང་སངས་རྒྱས་ཀྱི་དགོངས་པ་ལ་ལོངས་སྤྱོད་
[ 675 ]
() ཅིང་གོང་གི་ཉམས་སྣང་ཐམས་ཅད་ཟད་པས་ན་ཆོས་ཉིད་ཟད་ཅེས་མིང་དུ་བཞེད་པ་ཡིན་ལ༔ ཅི་ཡང་མེད་པའི་

མེད་བགགས་སྟོང་གསུམ་ནི་མ་ཡིན༔ མཁྱེན་བརྩེ་དང་ཐུགས་རྗེ་ཡེ་ཤེས་ཀྱི་ཡོན་ཏན་ནི་གཞལ་དུ་མི་ནུས་སོ༔ འདིར་ཆོས་ཉིད་ཟད་པའི་ཡོན་ ཏན་དང་མདོ་ལུགས་ཀྱི་ལམ་ལྔ་ས་བཅུའི་ཡོན་ཏན་རྣམས་མཉམ་སྙམ་ན༔ དེ་གཏན་ནས་མི་མཉམ༔ མདོ་ལུགས་ཁོ་རང་གི་ལམ་ལྔ་ས་བཅུའི་ཡོན་ ཏན་དྲུག་ཅུ་རྩ་བཞི་རྣམས་རྩལ་རྫོགས་རུང་༔ ད་རུང་གསང་སྔགས་ཀྱི་ཡོན་ཏན་གཏན་ནས་མ་མཐོང་བས་གསང་སྔགས་ཀྱི་ཐོས་བསམ་བསྒོམ་གསུམ་ ལ་བློ་སྦྱངས་དགོས་པས་ཁྱད་པར་ཤིན་ཏུ་ཆེའོ༔ ཆོས་ཉིད་ཟད་སར་སྐྱོལ་བས་འཁོར་འདས་ཀྱི་ཆོས་ཐམས་ཅད་སྐུ་གསུམ་མཉམ་ཉིད་ཆེན་པོའི་

ཀློང་དུ་རོ་གཅིག་པར་མྱ་ངན་ལས་འདའ་ཞིང་༔ གདོས་བཅས་ཀྱི་ཡུལ་སྣང་དག་ནས་སངས་རྒྱས་ཚུལ་ནི༔ ཇི་སྐད་དུ༔ དཔལ་གསང་བ་
[ 676 ]
འདུས་པའི་བཤད་རྒྱུད་གཉིས་མེད་རྣམ་རྒྱལ་ལས༔ རང་འོད་ཡེ་ཤེས་ལྡན་པའི་སྐུ༔ འཇའ་འོད་བཞིན་དུ་གསལ་བའི་བདག༔ སྟོངས་

པ་གསུམ་ལས་འདས་པའོ༔ རྟོག་མེད་ཡེ་ཤེས་འཕྲོ་བར་འགྱུར༔ ཞེས་གསུངས་པས༔ དངོས་པོར་མ་གྲུབ་ཀྱང་མེད་པའི་སྟོང་པ་མ་ ཡིན་པ༔ ཡེ་ཤེས་རང་འོད་དུ་གསལ་བ༔ དཔེར་ན་སེམས་ཅན་དུ་འཛིན་པའི་རྟོགས་པ་མི་མངའ་ཡང་༔ གཞོན་དོན་འབའ་ཞིག་ཏུ་ འབྱུང་བ་དེ་ལ་སངས་རྒྱས་ཞེས་བཞེད་དོ༔ དོན་ལ་ཐོབ་བྱ་དང་ཐོབ་བྱེད་མེད༔ རང་རིག་ཀ་དག་གི་ངོ་བོ་འདི་ཀ་རང་ཡིན་མོད༔ གང་ཟག་ དབང་པོ་འབྲིང་མན་ཆད་རྩོལ་བ་ཆུང་ཞིང་ཉམས་ལེན་ལ་རབ་ཏུ་བརྩོན་པ་རྣམས་ཀྱང་༔ བླ་མའི་ཐུགས་རྗེ་དང་གདམས་ངག་ཟབ་མོའི་བྱིན་

བརླབས་ཀྱིས༔ རིག་པ་འཛིན་པ་ཆེན་པོ་བཞི་ལ་མངའ་བརྙེས་ཤིང་༔ ནང་ལྟར་རྒྱལ་བ་ཀུན་ཏུ་བཟང་པོ་དང་དགོངས་པ་མཉམ་ལ༔
[ 677 ]
() ཇི་སྐད་དུ༔ སློབ་དཔོན་སངས་རྒྱས་ཡེ་ཤེས་ཞབས་ཀྱི་འཇམ་དཔལ་ཞལ་ལུང་ལས༔ གལ་ཏེ་སྐུ་གསུམ་

མ་གྲུབ་ན༔ རིག་པ་འཛིན་པའི་གཙོ་བོར་འགྱུར༔ རིམ་གྱིས་ཕྱག་རྒྱ་ཆེན་པོའོ༔ ཞེས་གསུངས་པས༔ རྣམ་པར་སྨིན་པའི་རིག་ འཛིན་ནི་ད་ལྟ་རང་རིག་ལ་བྱན་ཚུད་པའི་སྐྱེས་བུ་དམ་པ་ཞིག་ལ༔ གདོས་བཅས་ཤ་ཁྲག་ཏུ་འདུག་རུང་༔ སེམས་སངས་རྒྱས་དང་ མཉམ་མོ༔ ཕྱི་ལྟར་ཚེ་ལ་དབང་བའི་རིག་འཛིན་ནི༔ རིག་པའི་རྩལ་འབྱོངས་པའི་རྟགས་ལུས་ལ་ཤར་བས༔ འཁོར་བ་མ་སྟོངས་ཀྱི་ བར་དུ་གཞོམ་གཞིག་མི་མངའ་བས་འཇའ་ལུས་རྡོ་རྗེའི་སྐུར་འགྲུབ་བོ༔ རིག་འཛིན་ཆེན་པོ་པདྨ་འབྱུང་གནས་ལྟ་བུར་འགྱུར་རོ༔ ཕྱག་རྒྱ་

ཆེན་པོའི་རིག་འཛིན་ནི༔ ས་བཅུའི་བྱང་ཆུབ་སེམས་དཔའ་དང་སྐལ་པ་མཉམ་པར་གསུངས་སོ༔ ཇི་སྐད་དུ༔ རྒྱུད་དེ་ཉིད་འདུས་
[ 678 ]
པ་ལས༔ ཕྱག་རྒྱ་ཆེན་པོའི་རིག་འཛིན་ནི༔ འདོད་པ་ཐམས་ཅད་ལ་ལོངས་སྤྱོད་པ་ནི༔ སངས་རྒྱས་ཀྱི་ཞིང་ཁམས་ཐམས་ཅད་ལ་

སྐད་ཅིག་གིས་གྲོལ་བ་དང་༔ ལོ་བཅོ་བརྒྱད་ལོན་པའི་ན་ཚོད་དང་ལྡན་པས༔ ལོངས་སྤྱོད་རྫོགས་པའི་སངས་རྒྱས་ཀྱི་ཞིང་ཁམས་ཉུལ་ ཞིང་༔ ཚེ་བསྐལ་པའི་བར་དུ་གནས་པའོ༔ ཞེས་གསུངས་སོ༔ ལྷུན་གྱིས་གྲུབ་པའི་རིག་འཛིན་ནི༔ མཉམ་བཞག་ལ་བོགས་ དབྱུང་རྒྱུ་ཡོད་ཙམ་མ་གཏོགས༔ སངས་རྒྱས་དང་ཡོན་ཏན་མཉམ༔ ཇི་སྐད་དུ་རྒྱུད་གསང་བ་སྙིང་པོ་ལས༔ ས་རབ་ནི་རིག་པ་འཛིན་ པའི་སའོ༔ ཞེས་གསུངས་པའི་དོན་འདི་ཡིན་ལ༔ སྣང་བ་བཞི་མཐར་ཕྱིན་ནས་བྱ་བྲལ་རྫོགས་པ་ཆེན་པོའི་འབྲས་བུ་མཐར་ཕྱིན་པ་ནི༔

བླ་ན་མེད་པ་མཐར་ཕྱིན་པའི་ལམ་མོ༔ རང་རིག་ཆོས་ཀྱི་དབྱིངས་ལས་ཟག་པ་མེད་ཀྱང་༔ རྫོགས་པའི་སངས་རྒྱས་ཀྱི་སྐུ་དང་སྤྲུལ་
[ 679 ]
() པའི་སྐུ་གཉིས་ལས་ལྷག་པར་ཤར་ནས་ངོ་བོ་ཉིད་སྐུར་ལྷུན་གྱིས་གྲུབ་པ་ནི༔ བཅུ་པ་ཆོས་ཀྱི་སྤྲིན་གྱི་ས་གནོན༔ ཡེ་ཤེས་

ཀྱི་སྣང་བ་ལ་རང་གི་ཤེས་པ་ཟིན་ཅིང་༔ སྣང་བ་བཞི་མཐར་ཕྱིན་ནས་འོག་མིན་མཁའ་སྤྱོད་འགྱུར་མེད་རྡོ་རྗེའི་དབྱིངས་ཀློང་དུ་རང་རིག་ཀ་དག་ གདོད་མའི་ཀུན་ཏུ་བཟང་པོར་འཚང་རྒྱ་བས་ན༔ ཡེ་ཤེས་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡིན་ནོ༔ ཇི་སྐད་དུ༔ ཐལ་འགྱུར་ལས༔ ཆོས་ཉིད་ ཟད་པའི་སྣང་བ་ཡིས༔ ཉམས་ཀྱི་སྣང་བ་སྟོང་པ་ཡིན༔ ལུས་ཟད་དབང་པོའི་ཡུལ་ཡང་ཟད༔ རྟོག་ཚོགས་འཁྲུལ་པ་རང་གྲོལ་ནས བརྗོད་བྱའི་ཚིག་དང་བྲལ་བ་ཡིན༔ ཞེས་གསུངས་པ་དང་༔ འདས་རྗེས་ལས༔ ཆོས་ཉིད་ཟད་པའི་སྣང་བ་ཡིས༔ རྫོགས་ཆེན་

བྱ་བྲལ་འབྲས་བུ་ཐོབ༔ འདི་ལྟར་གཞི་ལམ་མཐར་ཕྱིན་ནས༔ མྱང་འདས་གཞན་ལ་བཙལ་དུ་མེད༔ ཅེས་པ་དང་༔ འཇམ་དཔལ་
[ 680 ]
མཚན་བརྗོད་ལས༔ སྒྲིབ་པ་ཀུན་ལས་ངེས་པར་གྲོལ༔ མཁའ་ལྟར་མཉམ་པ་ཉིད་ལ་གནས༔ ཉོན་མོངས་དྲི་མ་ཀུན་ལས་འདས༔

དུས་གསུམ་དུས་མེད་རྟོགས་པ་པོ༔ ཞེས་གསུངས་པ་དང་༔ ཀློང་གསལ་ལས༔ མངོན་སུམ་མཐའ་ལ་གང་གོམས་པ༔ འདི་ནི་སྐྱེས་ བུས་མདའ་འཕེན་བཞིན༔ སླར་ལ་ལྡོག་པ་མ་ཡིན་ནོ༔ ཞེས་པ་དང་༔ མཚན་བརྗོད་ལས༔ སངས་རྒྱས་ཐོག་མ་ཐ་མ་མེད༔ དང་པོའི་ སངས་རྒྱས་རྒྱུ་མེད་པ༔ ཡེ་ཤེས་མིག་གཅིག་དྲི་མ་མེད༔ ཕུང་པོ་ལྔ་དག་དུས་གསུམ་དུ༔ སྐད་ཅིག་གཅིག་གིས་བྱེ་བྲག་ཕྱེད༔ སྐད་ཅིག་ གཅིག་གི་རྫོགས་སངས་རྒྱས༔ ཞེས་དང་༔ སྐུ་གདུང་འབར་བ་ལས༔ སྐྱེས་བུ་བློ་རྩལ་ཅན་གྱིས་ནི༔ འཁྲུལ་པའི་སྣང་བ་འདི་ཉིད་ལས༔

འབྱུང་བ་རང་སར་དངེས་ནས་ནི༔ ངོ་བོ་ཉིད་ཀྱི་འབྲས་བུ་ལ༔ ཟག་བཅས་ཕུང་པོ་མི་སྣང་བར༔ འབྲས་བུ་རང་ས་ཉིད་དུ་འགྱུར༔ ཞེས་གསུངས་
[ 681 ]
() པས༔ འཁོར་འདས་གཉིས་བསྡུས་ཀྱི་ཆོས་ཐམས་ཅད་དང་༔ རང་རིག་ལས་སངས་རྒྱས་གཞན་ལ་བཙལ་དུ་མེད་

པས་དེ་ལྟར་ཉམས་སུ་ལེན་པར་ཞུ༔ () དེ་ལྟར་མངོན་སུམ་གོང་འཕེལ་རྣམས་ཀྱི་དུས་སུ་ཉིན་མོ་དང་མཚན་མོ་ལོངས་སྐུའི་ རྟེན་ཟླ་བའི་དཀྱིལ་དུ་ཡེངས་མེད་དུ་སེམས་བཟུང་བས་ཉམས་སྣང་གོང་དུ་མཆེད་པ་དང་༔ ཉིན་མོ་མེའི་མིག་ཚ་ཤས་སེལ་ཞིང་ཚ་གྲང་ཆ་སྙོམས་ ཤིང་དབྱིངས་སྣང་རབ་ཏུ་འཕེལ་བའི་གནད་ཤིན་ཏུ་ཟབ་བོ༔ ལོངས་སྐུའི་རྟེན་སྒྲོན་མེ་མར་མེ་ལ་གཏད་ནས་ཟུར་དུ་ཁྲིད་པ་དང་༔ མེ་ཤེལ་དྲི་མེད་ ལ་བསླབ་པས་ཉིན་མོའི་འཁྲུལ་སྣང་མྱ་ངན་ལས་འདས་ཤིང་རང་སར་ཟིན་པའི་གནད་ཟབ་བོ༔ མཚན་མོའི་ཟླ་ཟེར་ཆུ་ཤེལ་དྲི་མེད་ལ་གཏད་པས་

འོད་གསལ་སྒྲོན་མ་ལྔ་ལྡན་རབ་ཏུ་མཆེད་ནས་མཚན་མོའི་འཁྲུལ་སྣང་ཐམས་ཅད་གཟུགས་སྐུ་གཉིས་སུ་དག་ནས་གདོད་མའི་གཞི་ལ་འཇའ་སྐུའི་
[ 682 ]
ཀློང་དུ་གྲོལ་བའི་གནད་ཁྱད་པར་ཅན་དུ་ཟབ་བོ༔ དབྱིངས་རིག་གི་གནད་ནི༔ ཇི་སྐད་དུ༔ ཀློང་གསལ་ལས༔ སངས་རྒྱས་མཁའ་{བུདྡྷཱའི་ཡེ་གཞིའི་དོན་ཡིན་པ་འདྲ༔}

འགྲོའི་ཞིང་ཁམས་སུ༔ རྡོ་རྗེའི་{སྙིང་པོའི་ལུ་གུ་རྒྱུད་༔}མཁའ་འགྲོའི་མེ་ལོང་ལ༔ རིན་ཆེན་མཁའ་{མིག་གི་ནམ་མཁའ་ལ་བལྟས་པས་དབྱིངས་༔} འགྲོའི་མེ་ལོང་ཕྱེས༔ སྒོ་ལ་ལས་ཀྱི་མཁའ་འགྲོ་{རང་རིག་རྡོ་རྗེ་ལུ་གུ་རྒྱུད་ཅིར་གྱིས་མཐོང་༔}བྱོན༔ པདྨ་མཁའ་འགྲོས་{སྣང་བཞིའི་དོན་རང་ཐོག་ཏུ་མངོན་སུམ་དུ༔} མངོན་སུམ་སྟོན༔ ཞེས་ གསུངས་པས༔ སྔ་དྲོ་ཤར་ཕྱོགས་སུ་གཏད་ལ་འོད་དཀར་བྱུང་༔ ཚེ་ལྷོར་ཁྲིད་ལ་ཅི་གནས་སུ་བཞག༔ དེ་བཞིན་དུ་ནུབ་ཀྱི་འོད་ལ་གཏད་པ་དང་༔ ཕྱི་དྲོ་ནུབ་ཏུ་གཏད་པས་ཟ་འོག་གི་རིས་ལྟ་བུར་འཆར་ཚེ་བྱང་དུ་ཁྲིད༔

ཅུང་ཞིག་ཁྲིད་མ་ནུས་ན་ཡུན་ཇེ་རིང་ཇེ་རིང་དུ་བསླབ་ཅིང་༔ འོད་སྣང་ལས་ལུ་གུ་རྒྱུད་བརྩོན་དུ་འཛིན་པ་གནད་དོ༔ དེ་ལྟར་བརྩོན་པས་ཆོས་ཟད་
[ 683 ]
() འབྲས་བུ་གཞི་ཀློང་དུ་མྱུར་དུ་ཕྱིན་པའི་གནད་འདི་ལྟ་བུ་ནི༔ ཁོ་བོ་ཡུན་རིང་པོ་ནས་སྲིད་གསུམ་འགྲན་ཟླ་བྲལ་བའི་གྲུབ་ཐོབ་

མང་ག་ཨཱ་ཡུ་ལ་བརྟེན་པའི་དྲིན་ལས་བྱུང་ཞིང་རང་གིས་ཀྱང་གནད་དུ་བསྣུན་པ་ཡིན་གྱི་གལ་པོ་ཆེའོ༔ () དེ་ནས་རྗེས་ཀྱི་བྱ་བ་ནི༔ ཆོས་ཟད་འབྲས་བུའི་རིག་པ་གཞི་ཐོག་ཏུ་ཕེབ་ནས་སྐྱེ་བ་ལ་རང་དབང་ཐོབ་པས༔ རྡོ་རྗེ་ལྟ་བུའི་སྐུར་གྲུབ་པས་བར་དོའི་སེམས་ཅན་ཁྲི་ཕྲག་མང་ པོ་ལ་རང་རིག་གི་ཡེ་ཤེས་བཅུག་པས་སངས་རྒྱས་ནུས་པ་དང་༔ འཇུག་པ་ལ་རང་དབང་ཐོབ་པས༔ བེམ་པོ་ལ་རིག་པ་བཅུག་པས༔ མགུལ་བ་དང་སྐད་འབྱིན་པ་དང་པདྨ་དང་དཔག་བསམ་གྱི་ལྗོན་ཤིང་ལ་རིག་པ་བཅུག་པས་ཆོས་སྒྲ་སྒྲོགས་པ་དང་༔ འོད་འགྱེད་པས་འགྲོ་བ་མང་

པོ་འདུལ་བའི་རྫུ་འཕྲུལ་ཡོན་ཏན་དུ་མ་དང་ལྡན་ཀྱང་མི་སྟོན་པ་ནི༔ དཔེར་ན་བུམ་ནང་གི་མར་མེ་དང་འདྲའོ༔ འདི་ནི་རང་རིག་ཡེ་ཤེས་ཀྱི་རང་མདངས་
[ 684 ]
ལས་གྲུབ་པས་འཕོ་བ་ཆེན་པོ་རྡོ་རྗེའི་སྐུར་བརྙེས་སོ༔ འདི་དུས་སླར་ལུས་དེས་འགྲོ་དོན་མི་འབྱུང་ན་སླར་དེ་ལ་ལྟ་བ་སྤངས་ཏེ༔ འོད་གསལ་དེའི་

ངང་ལ་གཡོ་བ་མེད་པས་ལག་སོར་ཡང་འོད་དུ་ཡལ་ནས༔ ཕྱི་སྣང་བའི་འོད་སྣང་ཕུང་པོ་གསང་བ་རིག་པའི་འོད་གསལ་གསུམ་ཀ་དག་ནང་གསལ་ གདོད་མའི་ངང་༔ གཞོན་ནུ་བུམ་པའི་སྐུར་ཆོས་སྐུ་འགྱུར་མེད་ལོངས་སྐུ༔ སྤྲུལ་སྐུ་འཆར་གཞི་མ་འགགས་པ་ལམ་དུ་ཞུགས་ནས་སྐུ་དང་ ཡེ་ཤེས་འདུ་འབྲལ་མི་གཡོ་བའི་ངང་ནས༔ འཇིག་རྟེན་དུ་ནང་གསལ་ཕྱིར་གསལ་ལྷུན་གྲུབ་སྡུག་པོ་བཀོད་པར་རང་རིག་ཀུན་ཏུ་བཟང་པོའི་ རང་རྩལ་ལས༔ ཡེ་སྣང་ཤར་བཞིན་དུ་རང་སྣང་གི་རྒྱལ་བ་རིགས་ལྔ་སེམས་དཔའ་ལྕམ་དྲལ་སོགས་སྣང་ཞིང་༔ དེའི་རྩལ་ཤར་བ་ནི་སྤྲུལ་

སྐུ་ཐུབ་པ་དྲུག་སོགས་རིག་འཛིན་ཆེན་པོ་པདྨ་འབྱུང་གནས་ལྟ་བུ་དང་༔ གཞན་ཡང་མཆོག་དང་བཟོ་དང་སྐྱེ་བ་སྤྲུལ་པ་ལ་སོགས་ཀྱིས་འགྲོ་
[ 685 ]
() བ་སེམས་ཅན་གི་དོན་ཇི་སྲིད་བསྐལ་པ་མ་སྟོངས་ཀྱི་བར་དུ་འབད་མེད་ལྷུན་གྲུབ་ཏུ་རྒྱུན་མི་ཆད་དོ༔ དོན་ལ་རྒྱུ་བདེ་

གཤེགས་སྙིང་པོའི་རང་མདངས་ཡིན་པས་མ་འཁྲུལ༔ རིག་པའི་མདངས་ཕྱིར་ཤར་དུས་གཟུགས་བརྙན་ཙམ་ལས་དོན་དམ་དུ་མི་བཞེད༔ འདིར་སྙིང་པོ་ཙམ་ཡིན་ཀྱང་ལས་རླུང་དང་སྦྲག་པས་གཡོ་བྱེད་དེ་ཟད་པས་རང་རིག་ཀ་དག་གི་ངོ་བོ་ནང་དབྱིངས་གཞི་ཐོག་དེར་བཙན་ས་ཟིན་པ་ ནི༔ ཁྱི་རྐུན་སྒོར་ཐོན་ནས་རྒྱལ་པོས་གདན་ས་ཟིན་པ་དང་མཚུངས་མོད༔ དོན་རང་རིག་གཞི་ཐོག་ཕེབས་པ་འདི་མིན་པ༔ སངས་རྒྱས་ གཞན་གང་ནས་ཚོལ༔ དོན་ལ་མངོན་སུམ་གོང་འཕེལ་གྱི་དུས་རིག་མདངས་གཉིས་ཀྱིས་སྤྲུལ་སྐུའི་ལམ་བྱེད༔ སྤྲུལ་སྐུ་སྤངས་བླངས་

དང་བཅས་པས་སྡེ་སྣོད་གསུམ༔ ཚད་ཕེབས་ཀྱི་ཚོམ་བུའི་སྣང་བ་ལོངས་སྤྱོད་པས་ལོངས་སྐུའི་ལམ་བྱེད༔ ལོངས་སྐུ་རོ་སྙོམས་
[ 686 ]
སུ་སྤྱོད་པས་གསང་སྔགས་ནང་པ་གསུམ༔ ཆོས་ཉིད་ཟད་པའི་ཚེ་སྟོང་ཉིད་བསམ་བརྗོད་དང་བྲལ་བས་ཆོས་སྐུའི་ལམ་བྱེད༔ ལམ་དེ་

རྣམས་བྱང་ཆུབ་ཏུ་སོང་བས་གསང་སྔགས་འབྲས་བུའི་ལམ་ཁོ་ནའོ༔ དེས་ན་ཆོས་སྐུའི་རྟེན་སྐུ་གསུམ་ད་ལྟ་ཉིད་ནས་རང་ཆས་སུ་ཡོད་ པས་འོད་གསལ་ཡེ་ཤེས་ཀྱི་ལམ་བསྒོམ་པས༔ ཡིན་ལུགས་དྲི་བྲལ་དུ་ཕྱིན་པས༔ འབྲས་བུ་དབྱིངས་དང་ཡེ་ཤེས་དབྱེར་མེད་པ་ནི༔ འོད་གསལ་རྡོ་རྗེ་སྙིང་པོའི་ཐེག་པ་ཀུན་ལས་ཁྱབ་པར་དུ་འཕགས་པའོ༔ དེ་ནས་མི་འགུལ་བ་གསུམ་ནི༔ ལུས་མི་འགུལ་བ་སྡོད་ སྟངས་གསུམ་ལས་མི་འདའ་བའི་ངང་ནས༔ མིག་མི་འགུལ་བ་གཟིགས་སྟངས་གསུམ་ལས་མི་འདའ་བར་བལྟ༔ རླུང་མི་འགུལ་བ་

བཅོས་བསླད་མེད་པའི་ངང་དུ་བསླབ༔ གཉིས་པ་སྡོད་པ་གསུམ་གྱིས་ཚད་བཟུང་བ་ནི༔ ཕྱི་སྣང་བ་སྡོད་པས་རྐྱེན་ངན་གྲོགས་སུ་འཆར༔
[ 687 ]
() ནང་སྒྱུ་ལུས་སྡོད་པས་འཁྲུལ་པའི་བྱ་བ་དང་བྲལ༔ གསང་བ་རླུང་སེམས་སྡོད་པས་རྣམ་རྟོག་ཡེ་ནས་མི་སྐྱེ༔

འདི་དུས་རྨི་ལམ་གྱི་ཚད་བཟུང་ཞིང་ནང་རྟགས་ཕྱི་ལ་འཆར༔ བརྩོན་འགྲུས་རབ་རྨི་ལམ་གཏན་ནས་འགག༔ འབྲིང་གིས་རྨི་ལམ་ངོས་ ཟིན་ཐ་མས་ངན་རྟོག་ནུབ་པས་རྨི་ལམ་བཟང་པོར་འགྱུར་རོ༔ དེ་ནས་གསུམ་པ་ཐོབ་པ་གསུམ་གྱིས་གཟེར་གདབ་པ་ནི༔ ཕྱི་སྣང་བ་ ལ་རང་དབང་ཐོབ་པས་རྐྱེན་སྣང་ཐམས་ཅད་ཞིང་ཁམས་སུ་འཆར༔ ནང་སྒྱུ་ལུས་ལ་རང་དབང་ཐོབ་པས་གདོས་བཅས་འོད་དུ་ཡལ༔ གསང་བ་རིག་པ་ལ་རང་དབང་ཐོབ་པས་འཁྲུལ་རྟོག་དབྱིངས་སུ་དག༔ བཞི་པ་གདིང་བཞིའི་གྲོལ་ཚད་བསྟན་པ་ནི༔ རིག་པ་ཡར་གྱི་

སངས་རྒྱས་ཀྱི་ཡོན་ཏན་མཐོང་ཡང་ཐོབ་ཏུ་རེ་བ་དང་མ་ཐོབ་ཀྱི་དོགས་པ་དང་བྲལ་བས༔ རང་རིག་ལས་སངས་རྒྱས་གཞན་མེད་པར་ཐག་ཆོད༔
[ 688 ]
སེམས་ཀྱི་འཁྲུལ་རྟོག་དབྱིངས་སུ་དག་པས་མར་འཁོར་བར་འཁྱམས་ནས་སྡུག་བསྔལ་དུ་མས་མནར་བའི་དོགས་པ་དང་བྲལ་བའོ༔ བརྩོན་

འགྲུས་རབ་རྣམས་བླ་མས་ངོ་སྤྲད་ཅིང་ཉམས་ལེན་དངོས་གཞི་ལ་ཞུགས་ནས༔ ལོ་གསུམ་དང་ཟླ་བ་གཅིག༔ འབྲིང་ལོ་བཞི་ཟླ་བ་ལྔ་དང་ ཞག་དྲུག༔ ཐ་མ་རྣམས་ཀྱང་ལོ་བདུན་དང་ཟླ་བ་བཅུ་གཅིག་ནས་གདོས་བཅས་ཤ་ཁྲག་གིས་འབྱུང་བ་རང་སར་དག་ཅིང་༔ འོད་གསལ་ འཇའ་ཚོན་དུ་གྲོལ་ནས་ནང་དབྱིངས་ཀ་དག་ཀུན་བཟང་འཇའ་སྐུར་གྲོལ་བར་ཐེ་ཚོམ་མེད་པར་གསུངས་སོ༔ () དེ་ནས་ ཉམས་ལེན་ལ་རབ་དུ་ཆོད་པ་དང་༔ དབང་པོ་ཐ་མའི་ཐ་མ་རྣམས་ལ་བར་དོའི་གདམས་པ་ནི༔ བར་དོ་བར་དོ་ཟེར་ཡང་རང་སྣང་གིས་བཅོས་པ་

ཡིན༔ གཞན་ཕ་རོལ་ག་ནས་ཡོད༔ ད་ལྟ་རང་རིག་སྐུ་གང་ལ་བརྟེན་པ་ཐོབ་པ་དེ་ལ་ལོངས་སྤྱོད་པ་ཡིན་གྱི༔ དོན་ལ་འཆི་བ་འཆི་བ་ཟེར་
[ 689 ]
() ཡང་བསྐྱེད་པའི་རིམ་པ་བསྡུ་བ་ཙམ་ཡིན་མོད༔ འོག་མིན་མཁའ་སྤྱོད་གཞོམ་མེད་ཀྱི་ཕོ་བྲང་དུ་འགྲོ་བ་ལས་དཀའ་བ་

ཅི་ཡོད༔ རྟེན་བྱིན་རླབས་ཅན་གྱི་མདུན་དུ་ཚོགས་བསགས་མཆོད་ཚོགས་ལེགས་པར་བཤམས༔ གྲོགས་ཁྱད་པར་ཅན་གྱིས་གསོལ་འདེབས་ བྱེད༔ དང་པོར་རང་བཞིན་གྱི་བར་དོ་ལ་བླ་མའི་གདམས་ངག་དང་མདོ་རྒྱུད་ཀྱི་ཐོས་བསམ་བསྒོམ་གསུམ་ལ་བློ་སྦྱངས༔ བར་དུ་དེའི་དོན་ལ་ བསམ་ཞིང་ཚིག་དོན་གྱི་སྒྲོ་འདོགས་བཅད༔ ཐ་མ་གསང་སྔགས་ཀྱི་ལྟ་བསྒོམ་རང་ཐོག་ཏུ་ཕབ༔ ཡིན་མིན་བརྗོད་གཞི་ཆོས་ཉིད་ཀྱི་ངང་དུ་ ལ་བཟླ༔ ཐེ་ཚོམ་མེད་པར་རང་བཞིན་བར་དོ་ལ་ཤིན་ཏུ་ནས་འབྱོངས་པར་གཅེས་སོ༔ གཉིན་པ་འཆི་ཁའི་བར་དོ་ལ༔ མི་གསལ་བ་གསལ་

གདབ་པ་སྒེགས་མོས་མེ་ལོང་ལ་བལྟས་པ་ལྟ་བུའི་གནད་ལ་གོམས་པར་བྱའོ༔ དེ་ནས་ཕྱི་ནང་གི་འཆི་རྟགས་རྣམས་ནི་ཁོ་བོས་བཟོས་པའི་
[ 690 ]
གདམས་པ་ཚ་བ་རྨར་ཐག་ལས་གསལ༔ གསང་བའི་འཆི་རྟགས་ནི༔ ས་ས་ལ་ཐིམ་པས་ལུས་ཀྱི་བག་གཞི་ལྷུང་༔ ནང་གི་ཤེས་པ་

བན་བུན་དུ་འགྲོ༔ ཆུ་ཆུ་ལ་ཐིམ་པས་ཁ་སྣ་དང་མིག་ནས་གློ་བུར་དུ་ཆུ་འབྱུང་༔ ཁ་སྐེམ་ཞིང་ཡན་ལག་འཆགས༔ ནང་གི་ཤེས་པ་ལང་ ལིང་དུ་འགྲོ༔ མེ་མེ་ལ་ཐིམ་པས་རྐང་ལག་གི་དྲོད་འཆོར༔ མིག་མདངས་ཀྱི་བཀྲག་ཡལ༔ ནང་གི་ཤེས་པ་ནག་ཐིབ་ཐིབ་ཏུ་འགྲོ༔ རླུང་ རླུང་ལ་ཐིམ་པས་དབུགས་རྒོད་ཅིང་ངར་ངར་བྱེད༔ ནང་གི་ཤེས་པ་མི་གསལ༔ རླུང་རྣམ་ཕར་ཤེས་པ་ལ་ཐིམ་པའི་རྟགས་སུ་ཕྱི་དབུགས་ ཁྲོག་གིས་ཆད༔ ནང་དབུགས་ལུས་པ་དེ་དུས་ངོ་སྤྲད་ལ་འབད༔ ཨེ་མ་འཇིག་རྟེན་འདི་ན་ཞེན་ཆགས་མ་བྱེད་ཅིག༔ ཀྱཻ་མ་རིགས་ཀྱི་བུ་ཁྱོད་

རང་གི་རིག་པ་དག་པའི་སྣང་བ་དེ་ཆོས་ཉིད་ཀྱི་བར་དོར་འོད་དང་ཐིག་ལེའི་སྐུའི་རྣམ་པ་ཅན་འབའ་ཞིག་ཏུ་འཆར་རོ༔ དེ་ཁྱོད་རང་གི་རིག་མདངས་
[ 691 ]
() ཡིན་པས་ངོ་ཤེས་པར་གྱིས་ཤིག༔ ནན་ཏུ་གསལ་གདབ་ཆོས་ཉིད་བར་དོའི་རང་སྣང་ལ་ཡིད་ཆེས་པ་མ་པང་དུ་བུ་འཇུག་པ་

ལྟ་བུའི་གདམས་ངག་གཅེས་པ༔ རྣམ་ཤེས་ནམ་མཁའ་ལ་ཐིམ་ཚེ་གྲོགས་གསུམ་དང་འབྲེལ་པ་གལ་ཆེ་བས༔ སྒྱུ་ལུས་གདོས་བཅས་ཀྱི་ བེམ་པོར་ལིང་གིས་སོང་༔ རླུང་བར་སྣང་ལ་བུན་གྱིས་ཡལ་བས་དབུགས་ཆད༔ རིག་པ་མེ་སྟག་འཕར་བ་བཞིན་ཆོས་ཉིད་ཀྱི་བར་དོར་རང་གི་ སྣང་བར་ཤར༔ ནམ་མཁའ་འོད་གསལ་ལ་ཐིམ་པས་སྣང་བ་འོད་ལྔའི་རྣམ་པར་ཤར༔ འོད་གསལ་ཟུང་འཇུག་ལ་ཐིམ་པས་རང་གི་ལུས་ཀྱང་ འོད་དུ་གསལ༔ སྣང་བ་ཐམས་ཅད་འོད་ཀྱི་སྐུ་རིགས་ལྔའི་ཚོམ་བུར་འབྲེལ་བ་འཆར༔ འདི་དུས་འཇུག་པའི་གནད་གལ་ཆེ་བས༔ རིག་

པ་འོད་ལ་ཕར་འཇུག་པ་དང་༔ འོད་ཀྱིས་ཚུར་འཇུག་པ་ལས༔ དང་པོ་རང་གི་སྙིང་ག་ནས་འོད་ཀྱི་ཟེར་ཐག་ཚོམ་བུའི་ཐུགས་ཀར་འབྲེལ་བས༔
[ 692 ]
ཚོམ་བུའི་སྣང་བ་ལ་རིག་པ་གཏད་པས་ཟིན་ཅིང་༔ འདི་ངང་ལ་ཞག་གནས་གསུངས་པ་ནི་གང་ཟག་གཞན་གྱིས་ཞག་དངོས་བཞེད་རུང་༔ ཁོ་

བོའི་བླ་མ་མང་ག་ཨཱ་ཡུ་ནི་ཞག་དངོས་ལ་མི་བཞེད་དེ༔ དོན་རང་བཞིན་བར་དོའི་བསམ་གཏན་ཇི་ཙམ་བརྟན་ཆ་ཡོད་པ་དེ་ཞག་ཏུ་བཞེད་པ་ ཡིན་མོད༔ འོད་རིག་པ་ལ་ཚུར་འཇུག་དུས༔ རིག་པས་རང་ལུས་རྙེད་པའི་དུས་ན་ཚོམ་བུའི་ཐུགས་ཀ་ནས་རང་གི་སྙིང་གར་ཟེར་ཐག་ཟུག་ པ་རྣམས་རང་ལ་འདུག་པའི་ཚེ༔ རང་ངོ་ཤེས་པས་གདམས་ངག་དྲན་པ་ཙམ་གྱིས་ལུས་འོད་གསལ་དུ་གནས་པས་མཚན་མའི་བག་ཆགས་ རང་སར་གྲོལ་བ་དང་༔ རང་གིས་རིག་པ་ངོ་ཤེས་པས་མངོན་པར་ཤེས་པ་དང་ལྡན་ཞིང་ཕྱིར་མི་ལྡོག་པ་ནི༔ འཁྲུལ་སྣང་འགགས་ནས་ཡེ་

ཤེས་ཀྱི་སྣང་བ་འོད་དུ་འབར་ཞིང་ཚོམ་བུ་ལྔ་ཤར་བ་དེ་ངོས་ཟིན་ནས་རང་རིག་ཏུ་ལྷུན་གྱིས་གྲུབ་པ་ནི༔ བཅུ་གཅིག་པ་ཀུན་ཏུ་འོད་ཀྱི་ས་གནོན་པའོ༔
[ 693 ]
() ཇི་སྐད་དུ་ཉི་ཟླ་ཁ་སྦྱོར་ལས༔ དབྱིངས་དང་རིག་པ་མ་འགྱུར་ན༔ མི་དེ་བར་དོ་མེད་པར་ནི༔ སངས་རྒྱས་ས་ལ་ཐེ་

ཚོམ་མེད༔ ཅེས་གསུངས་སོ༔ དེར་མ་ཟིན་ན་རིག་པ་རྒྱ་དང་བྲལ་བས་རང་མདངས་གཞི་སྣང་དུ་ཤར་བ་ནི་ཤེལ་འོད་ཕྱིར་གསལ་བའམ༔ བུམ་པ་ཆག་པའི་མར་མེ་སྣང་བ་བཞིན་གསལ་ཏེ་རང་སྣང་དུ་ངོ་ཤེས་པས༔ ནམ་མཁའ་འོད་གསལ་ལ་ཐིམ་པས༔ རང་གི་མིག་གཉིས་ ནས་འོད་ཟེར་དཀར་དམར་མཐིང་གསུམ་ཀ་བ་བརྩུག་པ་ལྟ་བུའམ༔ ཟེར་ཐག་བརྐྱང་པ་ལྟ་བུ་དེ་རང་གི་རིག་མདངས་སུ་ངོ་ཤེས་པ་ཙམ་གྱིས་མངོན་ པར་རྫོགས་པར་སངས་རྒྱས་པ་ནི༔ བཅུ་གཉིས་པ་མ་ཆགས་པདྨའི་སྦྱན་གྱི་ས་གནོན༔ དེ་ལ་རང་ངོ་མ་ཤེས་ན་ཆོས་ཉིད་བར་དོ་ནི

སྣང་བ་ཐམས་ཅད་འོད་ལྔའི་རྣམ་པས་སོས་ཀའི་སྨིག་རྒྱུ་ལྟར་བཀྲ་ལམ་མེ་བ་འོད་ཀྱི་ནང་ནས་ཟེར་མཚོན་ཆའི་ཆར་བབ་པ་ལྟ་བུ་དང་༔ ཁྲོ་
[ 694 ]
བོའི་སྐུས་ནམ་མཁའ་གང་ཞིང་ཆོས་ཉིད་གྱི་རང་སྒྲ་སྒྲོགས་པ་འབྲུག་སྟོང་ལྡིར་བ་དེ་ངོ་ཤེས་པ་ཙམ་གྱིས་གཉིས་སུ་མེད་པར་ལོངས་སྤྱོད་རྫོགས་སྐུར་

སངས་རྒྱས་པ་ཡིན་གྱི༔ ཡེ་ཤེས་ཆེན་པོའི་སྣང་བ་མཐར་ཕྱིན་པ་ནི༔ བཅུ་གསུམ་པ་འཁོར་ལོ་རྫོགས་པ་ཆེན་པོའི་ས་གནོན༔ འོད་ཟེར་ འདི་རྣམས་རང་གི་སྙིང་ཁ་ནས་ཕར་ཟེར་ཐག་འབྲེལ་ཞིང་རིག་པ་འོད་ལ་འཇུག་དུས་རང་སྣང་དུ་ངོ་ཤེས་པ་དང་ཤེས་ཐོག་ཏུ་འཇོག་པ་གནད་ཡིན་ ལ༔ རིག་པ་རང་ས་ཟིན་པས་རང་རིག་ཡེ་ཤེས་ཀྱི་སྣང་བ་ལས་གཡོ་བ་མེད་པ་ནི༔ བཅུ་བཞི་པ་བདེ་བ་ཆེན་པོའི་ས་གནོན༔ དོན་ལ་རང་ ལུས་འོད་ཀྱི་སྦུ་གུར་སྣང་བས་རང་མདངས་ལ་བཞག་པས༔ དཔེར་ན་ཤེལ་འོད་ནང་དུ་ཐིམ་པ་ལྟར་འོད་ཀྱི་སྦུ་གུ་ནང་གི་རིག་པ་ལ་ཐིམ་

མོ༔ དེ་རང་མདངས་སུ་ངོ་ཤེས༔ ཤེས་ཐོག་ཏུ་འཇོག༔ འཇོག་ཐོག་ཏུ་ཐིམ་པས༔ གང་དུ་ཡང་གསལ་འགྲིབ་མེད་པའི་རིག་
[ 695 ]
() པ་སྟོང་གསལ་སྤྲོས་མཐའ་ཐམས་ཅད་དང་བྲལ་བའི་ངང་ལ་གནས་པ་ནི༔ གདོད་མའི་ཟད་སར་མཐར་ཕྱིན་ཅིང་

ཀ་དག་ཆེན་པོའི་ཀློང་དུ་གྲོལ་ནས་སངས་རྒྱས་ཤིང་༔ ལྷུན་གྲུབ་ཀྱི་ས་ལ་ངེས་པ་རྙེད་པ་ནི༔ བཅྭོ་ལྔ་པ་ཏིང་ངེ་འཛིན་གྱི་ས་གནོན༔ དེ་ལ་ བརྟེན་པ་མ་ཐོབ་ན་ཡེ་ཤེས་བཞི་སྦྱོར་ནི༔ ཟུང་འཇུག་གི་སྣང་བ་རང་ལ་འདུས་པའི་སྐད་ཅིག་མ་ལ༔ རང་གི་སྙིང་ཀ་ནས་འོད་ཟེར་གྱི་སྣམ་བུ་ ཤིན་ཏུ་མཆེད་པ་དཀར་གསལ་གྱི་དཀྱིལ་དུ༔ ཡེ་ཤེས་ལྔ་ཡི་ཐིག་ལེ་འོད་ཁ་དོག་ལྔ་ལྡན་དབུས་མ་ཤེལ་གྱི་མེ་ལོང་གིས་བརྒྱན་པ་ལྟ་བུ་དང་༔ དེའི་སྟེང་དུ་འོད་སེར་གྱི་སྣམ་བུ་གྲུ་བཞི་པའི་སྟེང་དུ་འོད་ཁ་དོག་ལྔའི་ཚོམ་བུའི་དབུས་མ་གསེར་གྱི་མེ་ལོང་ལྟ་བུས་བརྒྱན་པ་དང་༔ འོད་དམར་

གྱི་སྣམ་བུའི་དཀྱིལ་དུ་ཡེ་ཤེས་ལྔའི་ཚོམ་བུ་དབུས་མ་པདྨ་ར་གའི་མེ་ལོང་ལྟ་བུས་བརྒྱན་པ་དང་༔ འོད་མཐིང་གའི་སྣམ་བུའི་སྟེང་དུ་ཡེ་
[ 696 ]
ཤེས་ལྔའི་ཚོམ་བུ་དབུས་མ་བཻཌཱུར་ཡའི་མེ་ལོང་གི་ཤེས་བརྒྱན་པ་ལྟ་བུ་དང་༔ ལྗང་གུ་མི་སྣང་བ་ནི༔ རྒྱུད་ཉི་ཟླ་ཁ་སྦྱོར་ལས༔ ལྗང་གུ་མི་སྣང་བ་

ནི་བྱ་བ་གྲུབ་པའི་ཡེ་ཤེས་རྩལ་མ་རྫོགས་སོ༔ ཞེས་གསུངས་སོ༔ འདིར་འཇུག་པ་གོང་གི་གདམས་ངག་དྲན་པར་བྱའོ༔ ལྷུན་གྲུབ་རིན་པོ་ཆེའི་ སྣང་བ་ཀ་དག་ལ་ཐིམ་པས་གྲོལ་གཞི་མཐར་སོན་པ་ཡིན་གྱི༔ གཞི་སྣང་གི་དབྱིངས་ཀ་དག་གི་ངང་ནས་ངོ་བོ་རང་བཞིན་ཐུགས་རྗེ་གསུམ་དབྱེར་ མེད་པར་གཞི་སྣང་ཐུགས་རྗེ་འོད་གསལ་ལ་ཐིམ༔ ཕྱིར་གསལ་དུ་མེད་པ་ནི༔ དཔེར་ན་ཤེལ་འོད་ནང་དུ་གསལ་བ་ལྟ་བུའོ༔ ཕྱིར་ གསལ་མ་དག་པ་འཁྲུལ་པའི་སྣང་བ་ལ་གདུལ་བྱ་ལྟར་སྣང་ལ་ཐུགས་རྗེ་བཞུགས་པ་ཉིད་དག་པ་ཡེ་ཤེས་ཀྱི་སྒོ་དང་༔ ནང་གི་ཐུགས་རྗེ་

ལ་ཐིམ་དུས་འཁྲུལ་སྣང་དང་དེ་ལ་འཇུག་པའི་ཐུགས་རྗེར་སྣང་བ་གང་ཡང་མེད་པས་གདུལ་བྱ་གདུལ་བྱེད་རྣམ་པར་དག་པས་རྒྱལ་བ་ཀུན་
[ 697 ]
() ཏུ་བཟང་པོ་དང་དབྱེར་མེད་པར་མངོན་པར་རྫོགས་པར་སངས་རྒྱས་པས་ཀ་དག་གདོད་མའི་ས་ལ་ངེས་པ་རྙེད་པ་ནི༔

བཅུ་དྲུག་པ་ཡེ་ཤེས་བླ་མའི་ས་གནོན་པ་ཡིན་མོད༔ () དེ་ནས་བཞི་པ་སྲིད་པ་བར་དོ་ལ་ཆགས་ཀྱི་མཚམས་སྦྱོར་ཡུར་ བ་རྐང་ཆག་ལ་ཝ་འཛུག་པ་ལྟ་བུའི་གདམས་ངག་ནི༔ འདི་དུས་བག་ཆགས་སྔོན་གྱི་ལུས་དེ་མེད་རུང་ཡོད་སྙམ་ནས་ཕྱིས་ལུས་སྣང་བའི་རྐྱེན་ལས་ བསྐྱོད༔ ཤེས་པ་བདུན་འགྱུར་གྱིས་གསལ་ལ་རྡོ་རྗེ་གདན་དང་བྱ་རྒོད་སྤུངས་རི་དང་༔ མའི་མངལ་དང་གསུམ་ལ་མ་གཏོགས་ཀུན་ ཏུ་འགྲོ་ཞིང་༔ ལས་ཀྱི་རྫུ་འཕྲུལ་ཤུགས་དང་ལྡན་པས་དེ་ཚེ་འོད་དཀར་གྱི་ལམ་བྱས་ནས་ལྷ་ཁང་མཆོད་ཁང་མེ་ཏོག་གི་ཚལ་དུ་ཕྱིན་སྙམ་

བྱས་ན་ལྷ་རུ་སྐྱེ༔ ཕྲག་དོག་གི་འོད་ལྗང་ཀུ་བཀྲག་མེད་དེ་ལམ་བྱས་ནས་བྲག་རི་རྩེ་ནོན་ཟང་ཟིང་ཅོང་རོང་ཚེར་དོང་དུ་ཕྱིན་སྙམ་བྱས་ན་
[ 698 ]
ལྷ་མ་ཡིན་དུ་སྐྱེ༔ འདོད་ཆགས་ཀྱི་འོད་སེར་པོ་ལ་ལམ་བྱས་ནས་མཁར་དང་ལྷ་ཁང་ནང་དུ་ཕྱིན་སྙམ་བྱས་ན་མི་རུ་སྐྱེ༔ གཏི་མུག་གི་

འོད་སྨུག་པོས་སྣ་ཁྲིད་ནས་ས་ཕུག་གད་པ་ཕུག་རིང་དུ་ཕྱིན་སྙམ་བྱས་ན་དུད་འགྲོར་སྐྱེ༔ སེར་སྣའི་འོད་དམར་འོད་ཀྱིས་སྣ་ཁྲིད་ནས་ཐང་རྩ་མེད་ ཆུ་མེད་ལུང་སྐམ་རྣམས་སུ་ཕྱིན་སྙམ་བྱས་ན་ཡི་དྭགས་སུ་སྐྱེ༔ ཞེ་སྡང་གི་འོད་སྨུག་ནག་གིས་སྣ་ཁྲིད་ནས་རྫ་རོང་ཆུ་རོང་བྲག་ཆུ་འཐབ་རྣམས་ སུ་ཕྱིན་སྙམ་བྱས་ན་དམྱལ་བར་སྐྱེ༔ འདིའི་སྐབས་སུ་ཡི་དམ་ལྷའི་བསྐྱེད་རིམ་དང་༔ བླ་མ་ལ་མོས་གུས་དང་༔ དཀོན་མཆོག་ལ་སྐྱབས་ འགྲོ༔ ཁྱད་པར་དུ་འཕོ་བ་གུ་རུ་སིདྡྷི་རྣམས་ཀྱིས་ངེས་པར་ཁེག༔ འདི་དུས་བླ་མས་རྣམ་ཤེས་བཀུག་ནས་ངོ་སྤྲོད་པས་གྲོལ་བར་ཐེ་ཚོམ་

མེད༔ གལ་སྲིད་མིར་སྐྱེས་ཀྱང་ཕ་མ་ཆོས་ལྡན་གྱི་པང་དུ་སྐྱེས་ནས་ལོ་ཉི་ཤུ་རྩ་ལྔའམ་སུམ་ཅུ་རྩ་ལྔ་ནས་དམ་པའི་ཆོས་དང་འཕྲད་ནས་འཚང་
[ 699 ]
() རྒྱ་བར་ཐེ་ཚོམ་མེད༔ བརྩོན་འགྲུས་ཐ་མ་རྣམས་ཀྱང་བླ་མས་ངོ་སྤྲད་པའི་ཆོས་ཉིད་མངོན་སུམ་ལ་གོམས་ཤིང་དེ་དོན་ལ་ཅུང་

ཟད་སྦྱངས་ཤིང་བདེན་པའི་བྱིན་བརླབས་ཀྱིས༔ སྤྲུལ་པའི་ཞིང་དེར་དྲན་པ་ཙམ་གྱིས་གོང་གི་བག་ཆགས་ཟད་པའི་སྟོབས་ཀྱིས་སྲིད་པ་བར་དོ་ལ་ རྨི་ལམ་སད་པ་བཞིན་དུ་ཤར་ཕྱོགས་མངོན་པར་དགའ་བའི་ཞིང་དུ་པདྨའི་སྙིང་པོ་ལས་བརྫུས་ཏེ་སྐྱེ་བའོ༔ རྡོ་རྗེ་མི་བསྐྱོད་པའི་ཞིང་ཁམས་རྣམ་ པར་དག་པ་དེ་ནི༔ ས་གཞི་ཐམས་ཅད་རིན་པོ་ཆེ་ལས་གྲུབ་པ༔ བཏེགས་ན་འཕར་སྙམ་བྱེད་ཅིང་མ་ནན་ན་ནེམ་པ་ཡན་ལག་བརྒྱད་ལྡན་གྱི་རྒྱ་ མཚོ་དང་གདེངས་ཀས་བརྒྱན་པ༔ རིན་པོ་ཆེ་སྣ་ཚོགས་ཀྱི་ལྗོན་ཤིང་ལས་སྤྲུལ་པའི་བྱ་རྣམས་ཀྱིས་རྩེ་ལིང་ལིང་དང་ཆོས་སྒྲ་སྒྲོགས་པ༔ ཐ་

གྲུ་ཤིན་ཏུ་ཆེ་ཞིང་རེག་ན་འཇམ་པ༔ ལྗོན་ཤིང་ཁང་བརྩེགས་རྣམས་ལ་རིན་པོ་ཆེའི་དྲིལ་གཡེར་རྣམས་རླུང་གིས་བསྐྱོད་པས་དམ་པ་ཆོས་ཀྱི་སྒྲ་ལྡིར་
[ 700 ]
བ༔ རིན་པོ་ཆེ་ཤེལ་ལས་གྲུབ་པའི་གཞལ་མེད་ཁང་བརྒྱ་སྟོང་དུ་མས་བསྐོར་བ་ཐམས་ཅད་སྒོ་གྲུ་བཞི་པ་གདུགས་དང་རྒྱལ་མཚན་བ་དན་སྣ་ཚོགས་

བསྒྲེངས་ཤིང་༔ ཟུར་བཞི་མཆོད་རྟེན་རིན་པོ་ཆེའི་ཕྲེང་བས་འབྲེལ་པ༔ སྙན་པའི་རང་སྒྲ་སྒྲོགས་པ་རིན་པོ་ཆེ་ཆོས་འཆད་པའི་ལྕགས་རི་བ་དན་ དང་བཅས་པ་ལ༔ བཅོམ་ལྡན་འདས་རྡོ་རྗེ་སེམས་དཔའ་ལ་འཁོར་བྱང་ཆུབ་སེམས་དཔའ་བྱེ་བ་ཁྲག་ཁྲིད་མང་པོས་བསྐོར་ཞིང་༔ ཆོས་ སྟོན་པས་འཁོར་གྱི་རྒྱུད་སྨིན་པ་ཐམས་ཅད་ཀྱང་ཁ་དོག་དཀར་པོ་ཤ་སྟག་གོ༔ དེ་བཞིན་དུ་ལྷོ་དཔལ་ལྡན་མཛེས་པའི་ཞིང་ཁམས་ན༔ སངས་ རྒྱས་རིན་ཆེན་འབྱུང་གནས་དང་༔ ནུབ་ཕྱོགས་པདྨ་བརྩེགས་སུ་སངས་རྒྱས་སྣང་བ་མཐའ་ཡས་དང་༔ བྱང་ཕྱོགས་ལས་རབ་རྫོགས་སུ་སངས་

རྒྱས་དོན་གྲུབ་རྒྱལ་པོ་རྣམས་ལ་གོང་བཞིན་ཆོས་ཉན་སྤྲུལ་པ་སྐུའི་ཞིང་ཁམས༔ ཞི་བའི་དཀྱིལ་འཁོར་དེ་དག་ཏུ་དམ་པའི་ཆོས་ཉན་ཅིང་ཉོན་
[ 701 ]Page:སྙན་བརྒྱུད་ཁྲིད་ཆེན་བཅུ་གསུམ་གྱི་སྐོར། པོད་དགུ་བ།.pdf/701 [ 702 ]Page:སྙན་བརྒྱུད་ཁྲིད་ཆེན་བཅུ་གསུམ་གྱི་སྐོར། པོད་དགུ་བ།.pdf/702 [ 703 ]
() མོངས་པ་སྤངས་བའི་ཐ་མར༔ བར་དོ་མེད་པར་མདུན་གྱི་ནམ་མཁར་མི་མཆེད་བརྩེགས་པ་ཞེས༔ འཇིགས་པའི་

དུར་ཁྲོད་མེ་རི་འབར་བ་དེར་ཁྲོ་བའི་དཀྱིལ་འཁོར་གྱི་ཚོམ་བུ་དེ་མཐོང་བ་ཙམ་གྱིས་མངོན་པར་རྫོགས་པར་འཚང་རྒྱ་བར་འགྱུར་རོ༔ འདི་དག་རྣམས་ ཀྱི་གྲོལ་ཚུལ་རྒྱས་པ་ནིི༔ རྒྱུད་ཉི་ཟླ་ཁ་སྦྱོར་དང་༔ རིག་པ་རང་ཤར་གྱི་རྒྱུད་དང་༔ སྐུ་གདུང་འབར་བའི་རྒྱུད་རྣམས་ལས་གསལ་ལོ༔ ༒ཨེ་མ་གང་ཞིག་སྲིད་པའི་རྒྱ་མཚོ་བརྒལ་འདོད་ཅིང་༔ གཞོམ་མེད་བདེ་ཆེན་ཐར་གླིང་བསྒྲོད་འདོད་པས༔ མདོ་རྒྱུད་ མན་ངག་སྙིང་པའི་བཅུད་བསྡུད་པ༔ སྙིང་པོའི་ཡང་ཞུན་ཐེག་པ་ཀུན་གྱི་རྩེ༔ ཨ་ཏི་བླ་མེད་བྱ་བྲལ་རྫོགས་པ་ཆེ༔ ཟབ་མོའི་ལེགས་བཤད་

བདེ་ཆེན་པད་ཚལ་རྒྱས༔ སྐལ་ལྡན་བསྟན་འཛིན་བུང་བ་འདུས་པའི་རྟེན༔ རང་རིག་ཆོས་སྐུ་བྱར་མེད་རྗེན་པའི་གཤིས༔ རྒྱུ་འབྲས་མ་
[ 704 ]
རིག་མཐའ་གྲོལ་རྫོགས་པ་ཆེ༔ འོད་ཀློང་ཆོས་ཉིད་ཟད་དོ་ཀ་དག་ཀློང་༔ ཟབ་དོན་འདི་ལ་ཡིད་ཆེས་གང་ཟག་རྣམས༔ ཚེ་འདི་ཉིད་གྲོལ་དོན་

དུ་མི་གཉེར་རམ༔ བར་དོར་རང་རིག་སངས་རྒྱས་འདོད་པ་དང་༔ སྤྲུལ་པ་སྐུ་ཡི་ཞིང་དུ་འགྲོ་འདོད་ཀུན༔ ལམ་མཆོག་འདིར་ཞུགས་ཅི་འདོད་ དོན་ཀུན་འགྲུབ༔ མི་ཟད་གཏེར་འདི་གཏད་དོ་མི་སྤྱོད་དམ༔ རང་བྱུང་རྣམ་དག་འཇའ་ཚོན་འོད་ལྔའི་ཀློང་༔ རང་རིག་ངོ་བོ་རྡོ་རྗེ་ལུ་གུ་རྒྱུད༔ གསལ་ སྟོང་འཛིན་མེད་སྐུ་ཐིག་ལམ་མེར་འཆར༔ གང་ཤར་ཐམས་ཅད་ལྷུན་རྫོགས་ངང་ལ་རོལ༔ ཞེན་འཛིན་རྩོལ་བསྒྲུབ་ཐམས་ཅད་སྒྲིབ་བྱེད་ཡིན༔ རེ་དོགས་ རྟག་ཆད་འཆིངས་པའི་རྒྱ་ཁྲོལ་ཅིག༔ བཟང་ངན་བླང་དོར་ཐམས་ཅད་སེམས་འཛིན་ཡིན༔ བྱས་ཆོས་བློ་ཟད་བསྒོམ་རྒྱུ་རྡུལ་ཙམ་མེད༔ ཁྲེགས་

ཆོད་རིག་དོན་མཐོང་བས་གཉེན་པ་བྲལ༔ ཐོད་རྒལ་དོན་རྟོགས་སེམས་འཛིན་མཁན་པོ་མེད༔ རྣམ་རྟོག་གོང་བྱུང་རང་ཤར་ཀློང་གྲོལ་ཡིན༔
[ 705 ]
() རྩོལ་བསྒྲུབ་སྤྲོ་བསྡུ་བྲལ་བ་ལྷུན་གྲུབ་ཡིན༔ མ་བཅོས་མ་སྤངས་ཅིར་སྣང་ཟང་ཐལ་ཀློང་༔ ཡེ་ཡིན་

ངང་རྫོགས་སྣང་སྲིད་ཆོས་སྐུར་འཆར༔ སྐུ་དང་ཡེ་ཤེས་ཡེ་ནས་འདུ་འབྲལ་མེད༔ དོན་གཉིས་ལྷུན་གྲུབ་ཆོས་ཀྱི་རྒྱལ་པོར་འགྱུར༔ ཀུན་བཟང་པད་འབྱུང་མང་ག་ཨཱ་ཡུ་ཡི༔ དགོངས་བཅུད་མཁའ་འགྲོའི་སྙིང་ཁྲག་དངས་མ་འདི༔ ཤར་ཕྱོགས་མི་དབང་ ནོར་འཛིན་བསྟན་པའི་བདག༔ ཀུན་གྱི་གཙུག་རྒྱན་རིག་འཛིན་རྒྱལ་བའི་དབང་༔ མཁས་གྲུབ་ཀུན་དགའ་རྒྱ་མཚོའི་ བཀས་བསྐུལ་ངོར༔ དགུ་ལྡན་བླ་མ་འོད་སྐུར་གཤེགས་རྣམས་ཀྱི༔ ཐུགས་བཅུད་དམ་པ་ཁོ་བོའི་པད་འཁྱིལ་འདི༔

མདོ་ཁམས་ཤར་ཕྱོགས་ཡུལ་གྱི་དབུས༔ རང་བྱུང་ལྷུན་གྲུབ་བསམ་ཡས་པད་བརྩེགས་ཀྱི༔ ཕོ་བྲང་བདེ་ཆེན་མངོན་དགའ་རུ༔
[ 706 ]
རིག་འཛིན་བདུད་འདུལ་རྡོ་རྗེ་བདག་གིས་བཀོད༔ དམ་ཆོས་འདི་ལ་གཞན་གྱིས་མིང་བཏགས་པ༔ ང་ཡི་དགོངས་ཉམས་ཡིན་སྨྲ་དང་༔

བཀའ་ལུང་མ་ཐོབ་གཞན་ལ་འཆད་བྱེད་དང་༔ གཟུ་ལུམ་རས་ཆོད་མཁན་གྱི་དམ་ཉམས་ལ༔ དཔལ་ལྡན་བདུད་ཀྱི་མགོན་པོ་ཡབ་ཡུམ་ དང་༔ སྔགས་ཀྱི་སྲུང་མ་ཨཻ་ཀ་ཙ་ཏི་དང་༔ དྲེགས་པ་མིང་སྲིང་དྲང་སྲོང་གཟའ་བདུད་དང་༔ སྐྱེས་བུ་ཆེན་པོ་རྡོ་རྗེ་ལེགས་པ་ཡི༔ སྲོག་རྩ་ཆོད་ལ་སྙིང་ཁྲག་མྱུར་དུ་ཕོས༔ འཆི་ནས་མནར་མེད་དམྱལ་བར་སྐྱོལ་ཅིག་ས་མ་ཡཱ༔ ཆོས་འདི་ཇི་སྲིད་བསྐལ་པ་མ་སྟོངས་ཀྱི་

བར་དུ་མ་རྫོགས་སོ༔ བཀྲ་ཤིས་དཔལ་འབར་འཛམ་གླིང་ཀུན་ཁྱབ་ཤོག༔ མངྒ་ལམ༔ མངྒ་ལམ༔ མངྒ་ལམ༔ ༔