རྡོར་སེམས་བསྒོམ་བཟླས་ཀྱི་ཁྲིད་ལས་དྲངས་པའི་ཡིག་བརྒྱའི་འགྲེལ་པ་བཞུགས།
Page no: 1 ཐུན་མོང་མ་ཡིན་པར་བཤད་དོ། །ཡང་སྡིག་སྒྲིབ་ཐམས་ཅད་དུད་ཁུ་དང་སོལ་ཁུའི་རྣམ་པར་ཐོན་པ་དབང་ཆེན་གསེར་གྱི་ས་གཞིའི་འོག་ཏུ་སོང་། དེར་སྐྱེས་འགྲོའི་སྲོག་ལ་རྔམས་པའི་འཆི་བདག་ལས་ཀྱི་གཤིན་རྗེ་ ཁ་གདངས་ནས་ཡོད་པའི་ནང་དུ་དཔལ་ལྡན་བླ་མ་དམ་པའི་སྐུ་གླུད་དང་། རང་དང་སྐྱེས་འགྲོ་སེམས་ཅན་ཀྱི་ཚེ་དང་སྲོག་གི་གླུད་བཏང་པས་འབྲང་སྟེ་ངོམས་ཤིང་ཚིམ་ནས་ལན་ཆགས་སུ་ལོན་ཤ་འཁོན་ཐམས་ཅད་བྱང་ཞིང་དག། གནོད་ འཚོའི་བསམ་སྦྱོང་ངན་པ་ཞི་ནས་བྱམས་སྙིང་རྗེ་བྱང་ཆུབ་ཀྱི་སེམས་དང་ལྡན་པར་བསམ་པས་ཚེ་སྒྲུབ་དང་འཆི་བླུ་སོགས་སུ་འགྱུར་གསུངས། སྔགས་དོན་ཨོཾ་སྐུ་རྡོ་རྗེ་མཚོན་བྱེད། བཛྲ་ས་ཏྭ་རྡོ་རྗེ་སེམས་དཔའ་ཞེས་མཚན་ནས་བོས་ཏེ། ས་མ་ཡ་དམ་ ཚིག་སྟེ། སྔོན་ཐུགས་བསྐྱེད་པའི་དུས་སངས་རྒྱས་ནས་སེམས་ཅན་ཐམས་ཅད་གོ་འཕང་དེར་འགོད་པར་དམ་བཅས་ཤིང་། ད་ལྟ་སངས་རྒྱས་ནས་མཛད་པ་ལྷུན་གྲུབ་ལ་མངའ་བརྙེས་པས་སྔོན་གྱི་དམ་བཅའ་དེ་དྲན་པར་མཛོད་ཅེས་བསྐུལ་བའོ། མ་ནུ་པྰ་ལ་ཡ་རྗེས་སུ་ཟུང་ངམ། རྗེས་སུ་སྐྱོང་བའི་ཆེད་དུ་ཞེས་པའོ། ། བཛྲ་སཏྭ་སྔར་ལྟར། ཏྭེ་ནོ་པ་ཏིཥྛ་ནི་ཉེ་བར་མནོས་ཤིག་གམ་གནས་པའོ། ཌོ་ཌྷོ་མེ་བྷ་ཝ་བདག་གི་ཆེད་དུ་འམ་བདག་ལ་བརྟན་པའི་དངོས་པོའམ་རང་བཞིན་དུ་མཛོད། སུ་ཏོ་ཥྱོ་མེ་བྷ་ཝ་བདག་ལ་ལེགས་པར་དགྱེས་པའི་རང་བཞིན་དུམཛོད། སུ་པོཥྱོ་མེ་བྷ་ཝ་བདག་ལ་ཤིནཏུ་རྒྱས་པའི་རང་བཞིན་དུམཛོད། ཨ་ནུ་རཀྟོ་མེ་བྷ་ཝ་བདག་ལ་རྗེས་སུ་ཆགས་པའི་རང་བཞིན་དུ་མཛོད། ཅེས་པ་སྟེ་རིམ་པ་བཞིན་དུ་བདག་
Page no: 2 གི་དགེ་བའི་རྩ་བ་རྣམས་བརྟན་པར་མཛོད། བདག་ཉོན་མོངས་པའི་དབང་དུ་སོང་བ་ལ་མི་དགྱེས་པ་མེད་པར་རྗེས་སུ་ཟུངས། བདག་གི་ལུང་དང་རྟོགས་པའི་ཡོན་ཏན་རྒྱས་པར་མཛོད། བྱང་ཆུབ་མ་ཐོབ་བར་བདག་རྗེས་སུ་ཆགས་པའམ་བརྩེ་བས་མ་འདོར་ཞིང་། ཅེས་པོའོ། སརྦ་སི་དྷི་མྨེ་པྲ་ཡ་ཙྪ་བདག་ལ་དངོས་གྲུབ་ཐམས་ཅད་རབ་ཏུ་སྩོལ། སརྦ་ཀརྨ་སུ་ཙ་མེ་བདག་གི་ལས་ཐམས་ཅད་ལ་ཡང་། ཙིཏྟཾ་ཤྲཱི་ཡ་་་་དཔལ་དུ་མཛོད། དངོས་གྲུབ་དང་དཔལ་གང་ཞེ་ན། ཧ་བཞི་དང་ཉོ་སྟེ་ཡེ་ཤེས་ལྔ་ དང་། དེ་ཐམས་ཅད་གཅིག་ཏུ་འདུས་པ་ཐུགས་རྡོ་རྗེ་བདེ་སྟོང་དབྱེར་མེད་གྱི་ས་བོན་བྷཱུཾ་མོ། བྷ་ག་ཝན་བཅོམ་ལྡན་འདས། སརྦ་ཏ་ཐྰ་ག་ཏ་དེ་བཞིན་གཤེགས་པ་ཐམས་ཅད། བཛྲ་མཱ་མེ་མུཉྩ་རྡོ་རྗེས་བདག་མ་བཏང་ཞིག་བཀྲོལ་བའོ།། བཛྲཱི་བྷ་ཝ་རྡོ་རྗེ་ཅན་ གྱི་རང་བཞིན། མ་ཧཱ་ས་མ་ཡ་དམ་ཚིག་ཆེན་པོ། སཏྭ་སེམས་དཔལ་སྟེ། བསྡུས་ན་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་རྡོ་རྗེ་ཅན་གྱི་རང་བཞིན་གྱི་སེམས་དཔལ་ཆེན་པོས་བདག་དམ་ཚིག་བཞིན་དུ་མ་འདང་པར་བྲོལ་བར་མཛེས་ཅེས་ པའོ།། ཨཱཿགསུང་རྡོ་རྗེ་དང་སྟོང་ཉིད་རྟོགས་པའི་ཡེ་ཤེས། ཧྰུཾ་བདེ་ཆེན་གྱི་ཡེ་ཤེས། ཕཊ་གྱིས་དེ་གཉིས་དབྱེར་མེད་པ་མཚོན་པར་གསུངས་ཏེ་སྔགས་དོན་བསྐྱེད་རིམ་རྣམས་སུ་མང་ཡང་དོན་ཐེབ་གོ་བ་གལ་ཆེ་གསུངས། དེ་ལྟར་རྡོར་སེམས་བསྒོམ་ནས་
དམིགས་པ་རྣམས་རེས་མོས་ཀྱི་ཚུལ་དུ་སེམས་སྐད་ཅིག་ཀྱང་མ་ཡེངས་པར་བཟླས་པའི་སྐྱོན་བརྒྱད་དང་བྲལ་བའི་སྒོ་ནས་སྔགས་དོན་དྲན་བཞིན་ཡིག་བརྒྱ་ཐུན་རེ་ལ་བརྒྱ་སྟོང་སོགས་སྡིག་པ་དག་པའི་མཚན་མ་བརྟན་པོ་མ་བྱང་གི་བར་དུ་བཟླ་བ་ནི་གཉེན་པོ་ཀུན་
Page no: 3 ཏུ་སྤྱོད་པའི་སྟོབས་ཏེ་སྟོབས་བཞི་ཚང་ན་བྱས་བསགས་ཚང་བའི་མྱོང་ངེས་ཀྱི་ལས་ཀྱང་ཟིལ་གྱིས་གནོན་པར་ཆོས་བཞི་བསྟན་པའི་མདོ་ལས་གསུངས་སོ།། རང་རེས་མཆོག་གསུམ་གྱི་ཐུགས་རྗེ་ལ་བརྟེན་ནས་ཉེས་ ལྟུང་ཅུང་ཟད་རེ་དག་ཀྱང་གླང་པོ་ཆེའི་ཁྲུས་ལྟར་སོང་ནས་སེམས་རྒྱུད་ཇེ་བཟང་དུ་འགྲོ་རྒྱུ་མེད་པ་ཉེས་ལྟུང་ལ་འགྱོད་སྡོམ་མི་ཡོང་བས་ལན་པ་རེད། སྡིག་སྒྲིབ་ཟེར་དུས་ཆེ་བ་མི་བསད་པ་དང་། ཆུང་བ་འབུ་སྲིན་བསད་པ་ལྟ་བུ་ལས་མི་འཆར་ཀྱང་། སྡིག ་པ་ནི་འབྲས་བུ་སྡུག་བསྡལ། རྒྱུ་མི་དགེ་བའི་ལས། དེའི་རྒྱུ་ཉོན་མོངས་པ་ཕྲ་རགས། རྩ་བ་མ་རིག་པ་ས་བོན་དང་བཅས་པ་དང་། སྒྲིབ་པ་ཉོན་སྒྲིབ་དང་ཤེས་སྒྲིབ་གཉིས་ཏེ་གཞུང་ཆེན་མོའི་བརྡ་འདི་གལ་ཆེ། ཐོག་མེད་ནས་སྡིག་པ་ རྒྱལ་པོ་ཆེན་པོའི་གན་མཛོད་ལྟར་བསགས་ཡོད། རྒྱལ་པོ་ཆེན་པོའི་མཛོད་དུ་གསེར་དངུལ་སོགས་རིན་པོ་ཆེ། ནས་འབྲས་སོགས་འབྲུ། གོས་གར།་རྟ་ནོར་སོགས་ཆ་གང་ནས་བལྟས་ཀྱང་འདིའི་མི་རབས་ཐམས་ཅད་དུ་འདི་ཁོ་ན་བསགས་སྙམ་པའི་ ཚོད་དུ་ཡོད་པ་ལྟར་རང་རེའི་རྒྱུད་ཀྱི་སྲོག་གཅོད་ཀྱི་ལས་ལྟ་བུ་སྡིག་པ་སྣ་རེ་རེ་ལ་བསགས་ཀྱང་ཐོག་མེད་ནས་ད་ལྟའི་བར་སྲོག་གཅོད་ཁོ་ན་བྱས་པ་ལྟ་བུར་ཡོད། འབུ་སྲིན་ཤིན་ཏུ་ཕྲ་མོ་ཚུན་ཆད་ཀྱི་རྒྱུད་ན་ཉོན་མོངས་པ་བརྒྱད་ཁྲི་བཞི་སྟོང་དང་། དེས་མཚོན་པའི་
ཉོན་མོངས་པའི་སྤྱོད་པ་སེམས་ཅན་གྱི་ཁམས་བཟིན་དུ་མཐའ་མེད་པར་མདོ་དང་ཡིག་ཆ་ལས་གསུང་དང་། དེས་བསྐྱེད་པའི་ལས་བག་ལ་ཞ་བའི་ཚུལ་དུ་ཡོད་པས་དེ་དག་གི་བྱེརད་ལས་གཟུགས་སུ་གྲུབ་ན་མཐའ་མེད། ད་ལྟ་རང་ཅག་བཟའ་བཏུང་སྐབས་